ཟླ་འདིའི་སྤྱི་ཚེས་༡༧་ཉིན་དེང་སང་རྒྱ་ནག་གིས་བརྗོད་བཞིན་པའི་ཟི་ཁྲོན་ཞིང་ཆེན་ཁོངས་གཏོགས་དཀར་མཛེས་ཁུལ་དཔལ་ཡུལ་རྫོང་ཁྲོམ་ཐར་ཕྱོགས་ཀྱི་རྒྱ་ཤོད་འབྲོག་སྡེ་བའི་ས་གནས་བོད་མི་དང་ས་གནས་རྒྱ་ནག་གི་ཉེན་རྟོག་པ་དང་སྤྱི་བདེ་དམག་གི་བར་གསེར་གྱི་གཏེར་ཁ་སྔོག་འདོན་ལ་བཀག་བསྡོམས་ཆེད་ཕན་ཚུན་མི་མཐུན་པའི་འགལ་ཟླ་བྱུང་ཡོད་པ་དང་། རྒྱ་དམག་གིས་ཞི་བའི་བོད་མིའི་ཐོག་དྲག་གཉོན་བྱས་ནས་ཉུང་མཐར་བོད་མི་གསུམ་མེ་མདའ་རྒྱབ་ནས་བསད་པ་དང་མི་གྲངས་སུམ་ཅུ་ལྷག་ལ་རྨས་སྐྱོན་ཕོག་འདུག ཞིབ་ཕྲའི་གནས་ཚུལ་མཇུག་གི་ཉོན་ཞེས་བ་གནོན་དང་གསན་ཐུབ་>>> ཉོན
ང་ནི་བོད་མི་ཁྱད་མཚར་ཅིག་ཡིན་པ་དྲྭ་གྲོགས་ཚོས་ཤེས་ངེས། བོད་ཀྱི་བསྟན་པ་ཆབ་སྲིད་ཀྱི་དོན་དུ། རྡུང་རྡེག་གཟེད། འཛིན་དུ་ཆུགས། བཙོན་ཁང་རྒྱུགས། འོན་ཀྱང་རང་གཞན་གྱི་སྲོག་ལ་མ་གནོད་པ་གྱིས་ཞེས། དྲྭ་རྒྱས་བརྒྱུད་ན་འཕྲིན་ལོན་དང་། རྨས་མ་རྣམས་བདེ་བ་དང་། འཆི་བ་རྣམས་མཐོ་བར་སྐྱེ་བའི་སྨོན་འདུན་ཞུ།
མདོ་ཁམས་སྡེ་དགེའི་མངའ་ཁོངས་འབྲོག་སྡེའི་ཁག་ལྔའི་ཡ་གྱལ་ཁྲོམ་ཐར་འབྲོག་པའི་ས་གནས་སུ་ས་ཆ་གཞན་ལ་མེད་པའི་གསེར་མང་པོ་སྟོན་ཡ་ཡོད་ལ། སྔར་ཡང་རྒྱ་མིས་གསེར་བསྔོགས་སྐབས་ཡུལ་མིས་ངོ་རྒོལ་ཤུགས་ཆེར་བྱས་ཀྱང་མ་ཉན་པར་བརྟེན་ཡུལ་མི་དག་འུ་ཐུག་ནས་འཁྲུག་འཛིན་བྱུང་ནས་མི་༡༢བསད་པའི་ལོ་རྒྱུས་ཀྱང་ཡོད། ད་ཡང་ཁོ་ཚོར་སྙིང་རྗེ། གདུང་སེམས་མཉམ་སྐྱེ་ཡོད།
གནམ་སྔོན་པོ་འདིའི་བོད་མི་དག་དངོས་ནས་གཉིད་སད་རན་རེད། ད་དངོས་ནས་འདུག་གི་མ་འཆུགས་པ་རེད། ཨ་་ ཤུ་རེ་གོ སྙིང་རེ་རྗེ། རང་ས་ནས་རང་ཁུལ་སྲུང་བའི་སྐོར་ལ་སྐད་ཆ་བཤད་དབང་ཡང་མེད་པའི་སྐབས་འདིར། དངོས་ནས་བོད་མི་གང་ན་སུ་ཡོད་པ་དག་གིས་ཁ་བདེ་བོ་ཙམ་རེ་བཤད་དེ་ཉིན་མ་འཕུད་དེ་བསྡོད་རན་མ་རེད། བོད་ཀྱི་སྤུན་ཟླ་འཛམ་གླིང་ཤར་ནུབ་གང་སར་གནས་པ་ཚོ། ང་ཚོ་བོད་རེད། བོད་ཀྱི་བདག་དབང་བོད་མིར་ཡོད་པ་ལས་རྒྱ་དམར་གཞུང་ལ་དུས་དང་བསྐལ་བའི་བར་དུ་མེད་པ་ངེས་རན་རེད།
ད་བོད་མི་དག་དངོས་ནས་གཉིད་སད་རན་རེད། གལ་སྲིད་གཉིད་མ་སད་ན་བོད་མི་ཚང་མ་ས་འགུལ་གྱི་སྟོང་ཕྲག་འགའ་བསད་སོང་། ཆུ་ལོགས་གིས་བརྒྱ་ཕྲག་བསད་ད་དུང་གདུག་་ཚུབ་དཔོན་ངན་སྤྱོད་ངན་གྱིས་བཅུ་ཕྲག་བསད་སོང་། ད་དངོས་ནས་སེམས་སྐྱོ་བ་ལ་བྱ་ཐབས་ཤིག་ཡོད་རེད་བས། དཀོན་མཆོག་གིས་མཁྱེན།