རང་ཤར་རིག་གྲོལ་རྩལ།
ཉེ་ཆར་ཕྱི་ཟླ་དགུ་བའི་ནང་དུ་གཡུང་དྲུང་བོན་མཉམ་འབྲེལ་འཛིན་སྐྱོང་ཚོགས་པའི་བཀོད་སྒྲིག་འོག མདོ་དབུས་ཁམས་གསུམ་གྱི་གཡུང་དྲུང་བོན་གྱི་དགོན་སྡེ་མི་སྣ་ཚོ། ཨ་མདོ་ཤར་ཁོག་དགའ་་མལ་དགོན་དུ་འདུས་ཏེ་ཚོགས་འདུ་གལ་ཆེན་ཞིག་རྒྱལ་ཁའི་ངང་ཚོགས་གྲུབ་པ། ཚོགས་མགོན་དུ། ས་གསུམ་ན་འགྲན་པའི་ཟླ་དང་བྲལ་བ། རེབ་ཀོང་སྔགས་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་དབུ་བླ། ལུང་དང་རྟོགས་པ་གཉིས་ཀྱིས་ཕྱུག་པ། བོན་བརྒྱ་བ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་དང་། སྣང་ཞིག་སྐྱབས་མགོན་སྐལ་བཟང་བློ་གྲོས་སོགས་མི་སྣ་གལ་ཆེན་དུ་མ་ཞིག་ཚོགས་འདུ་དེར་ཕེབས་ཡོད་ཚོད་འདུག
གནས་ཚུལ་རྒྱས་པར་གཟིགས་འདོད་མཆིས་ཚེ། ཧི་མ་ལ་ཡའི་བོན་གྱི་དྲ་རྒྱར་གཟིགས་རོགས་ཞུ། www.himalayabon.com
http://www.himalayabon.com/history/story/2013-08-04/252.html
འདྲ་མཉམ་དང་། འགྲོ་བ་མི་རྣམས་ལ་ཆེས་དགོས་གལ་ཆེ་བའི་རང་དབང་གི་འདུ་འཛོམས་དང་། དད་མོས་དང་སྨྲ་བརྗོད་སོགས་སྲིད་གཞུང་དང་གཅིག་སྤྱོད་པས་འགལ་རྐྱེན་མེད་པར་རབ་ཏུ་སྟེ་རྟག་པར་ཁ་བ་གངས་ཅན་གྱི་ཡུལ་དུ་འབྱུང་གྱུར་ཅིག
བོད་སྤྱི་དང་ཁྱད་པར་དུ་གཡུང་དྲུང་བོན་གྱི་བསྟན་པ་རྒྱས་པའི་ཆེད་དུ་གལ་ཆེ་ཚོགས་འདུ་ལ་འཛོམས་པར་དགའ་བསུ་ཞུ། ཚོགས་འདུའི་གྲོས་མོལ་ག་རེ་ཡིན་ནམ། གསལ་བཤད་ཅུང་རྒྱས་པ་ཞིག་བྱེད་ཐུབ་ན་ལེགས་སོ། གཡུང་དྲུང་གི་བོན་ནི་བོད་ཀྱི་ཆོས་ལུགས་རྙིང་ཤོས་ཡིན་པས། ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་དུ་གཏོང་རྒྱུ་ཅིས་ཀྱང་གལ་ཆེ་བར་མངོན།།
ང་ལྷ་ས་འགྲོ་སྐབས་ཀོང་བོ་བརྒྱུད་ནས་སོང་དུས་ཀོང་བོ་བོན་རི་མཇལ་རྒྱུའི་སྐལ་བ་བྱུང་། ཀོང་བོ་བོན་རི་ནི་བོན་པོ་ཡོངས་རྫོགས་ཀྱིས་གནས་རི་ཤིན་ཏུ་རྩ་ཆེ་ཞིག་ཏུ་གཙིས་པར་མ་ཟད། ཀོང་བོ་སྟོད་སྨད་བར་གསུམ་གྱིས་གནས་རི་རྩ་ཆེན་དུ་གཙིས་སྲོལ་འདུག བན་བོན་ཡོངས་རྫོགས་ཀྱིས་སྐོར་བ་གཡོན་དུ་སྐོར་གྱིན་འདུག ང་དེ་དུས་ཧ་ལས་སོང་། བོན་པོ་ལ་དེ་འདྲ་གནས་རི་རྩ་ཆེན་ཞིག་དང་། ལྟ་སྒོམ་སྤྱོད་གསུམ་རྣམ་དག་ཅིག་ཡོད་པ་སྔར་ཤེས་མ་སོང་། ངས་ཡང་སྐོར་བ་ཁ་ཤས་བྱས་པ་ཡིན། སྐོར་ལམ་ན་ལྷ་སྐུ་དང་ཡིག་འབྲུ་རང་བྱོན་མང་བོ་འདུག ངོ་མཚར་ཅན་ཞིག་ལ་དཔལ་རྒྱལ་བ་ཀརྨ་པ་རང་བྱུང་རྡོ་རྗེ་ཞབས་རྗེས་ཤིག་མཇལ་རྒྱུ་འདུག།
བོན་པོའི་བསྟན་པར་རྒྱས་པར་ཤོག། གུས་པ་ནི་བོན་པོ་མ་ཡིན་པའི་ནང་པ་ཡིན་ཀྱང་གཡུང་དྲུང་བོད་ལ་གུས་ཞབས་ཆེན་པོ་ཡོད།
http://www.youtube.com/watch?v=AI4hU5VCzPg
འདིར་ཡང་གསན་དགོས་པ་ཞིག་འདུག་དུས་ཚོད་ཡོད་ན་གཟིགས་རོགས་གནོངས། །
བོན་པོ་ཚང་འཇོན་པོ་བྱུང་བོན་པོ་འཇོན་ན་བོད་པ་འཇོན་པ་རེད་ཆོས་རྒྱུད་བར་གྱི་དཀྲུགས་འདྲེ་རྣམས་ཀྱི་ཁ་ལ་མ་ཉན་ཨ། དེ་ཚོ་ཁ་དམག་རྒྱག་གིན་རེད་དེ་ཚོ་ལ་ཡ་མ་གནང་ཨ།
ཤར་བ་ལགས། བོན་པོ་ནང་བ་མ་ཡིན་པའི་སྒྲུབ་བྱེད་ཡོད་དམ། སྔོན་བྱོན་གྱི་མཁས་པ་ཁ་ཅིག་གིས་བོན་པོ་ནང་བ་མིན་ཚུལ་གསུངས་འདུག་མོད། དེ་ལ་རྒྱུ་མཚན་གང་ཡང་མེད། ནང་བ་ཡིན་མིན་སྐྱབས་འགྲོས་ཁྱད་པར་འགྱེད་དགོས་ཕྱིར། བོན་ལ་སྐྱབས་འགྲོ་དང་སེམས་བསྐྱེད་གཉིས་ཀ་རྣམ་དག་ཡོད་པར་མ་ཟད་ལྟ་སྒོམ་སྤྱོད་གསུམ་གྱིས་ཕྱུག་པའི་ཆོས་ལུགས་རྩ་ཆེན་ཞིག་རེད། དེ་ན་སྔོན་བྱོན་མཁས་པ་ཚོས་གསུངས་པ་བརྫུན་ཡིན་ནམ་ཞེས་ན། ཁ་ཅིག་གིས་དངོས་གནས་མ་ཤེས་པ་རེད། ཁ་ཅིག་གིས་ཆགས་སྡང་དབང་གིས་རེད། བོན་པོ་ཚོ་ནང་བ་ཡིན་མིན་བོན་པོའི་ཆོས་ལུགས་ལ་ཞིབ་འཇུག་ལེགས་པོ་བྱས་ཏེ་བཤད་རྒྱུ་ཞིག་ལས། སྔོན་བྱོན་གྱི་མཁས་པ་ཁ་ཅིག་གི་རྗེས་སུ་འབྲངས་ཏེ་སྨས་ན་རི་བོང་ཅལ་འདྲོགས་དང་གཅིག་མཚུངས་ཡིན་ཕྱིར་ཞིབ་འཇུག་བྱ་རྒྱུ་གལ་ཆེ། ངས་ཨུ་ཚུགས་བྱས་ཏེ་བོན་པོ་ནང་བར་བསྒྲུབས་ཀྱིན་མེད། བོན་པོའི་ཆོས་ནང་པ་ཡིན་མིན་བོན་རང་ལ་ཞིབ་འཇུག་བྱེད་དགོས་ཀྱིན་འདུག་ཟེར་བཞིན་ཡོད། འདི་ནི་ལྐོག་གྱུར་ཞིག་མིན་ཕྱིར་ཞིབ་འཇུག་བྱེད་རྒྱུ་ཧ་ཅང་གི་ལས་སླ་བོ་ཞིག་རེད། སྔོན་བྱོན་གྱི་མཁས་པ་ཁ་ཅིག་གི་གསུངས་ལ་ཆ་འཇོག་རྒྱུ་མེད་པ་གསལ་བོ་རེད་འདུག།
ནང་བ་ཡིན་མིན་སྐྱབས་འགྲོས་ཁྱད་པར་འབྱེད་དགོས་ཕྱིར། བཅོས་རོགས།
དེང་དུས་ཀྱི་བོན་པོ་ནི་བོད་བརྒྱུད་ནང་བསྟན་ལྟར་བཤད་ཚུལ་གཅིག་པ་འདུག
རིག་པའི་རྡོ་རྗེ་ནི་རང་བྱུང་དངོས་གནས་རེད་འདུག་བོན་པོའི་གནས་རི་ཞིག་འཇལ་མ་ཐག་བོན་པོའི་ལྟ་སྒོམ་སྤྱོད་གསུམ་བསླབ་མི་དགོས་པར་ཤེས་འདུག །མི་ཤེས་ན་རྣམ་དག་ཡིན་མིན་གང་ནས་ཤེས། །
བོན་པོའི་བསྟན་པ་འདི་བོད་ཕྱི་ནང་གཉིས་སུ་ཧ་ཅང་དར་རྒྱས་ཆེན་པོ་བྱུང་བ་དེ་བརྒྱ་ཆ་དགུ་བཅུ་ཐམ་༧གོང་ས་སྐྱབས་མགོན་ཆེན་པོའི་དཀའ་དྲིན་དང་གཟིགས་པ་བླ་མེད་ལས་བྱུང་བ་ང་ཚོ་ནང་པས་བཤད་པ་ཙམ་མ་ཡིན་པར་ཁྱེད་བོན་པོ་ཚོས་ཀྱང་ཤེས་དགོས་ངེས་ཡིན་པ་མ་ཟད་བོན་པོའི་དབུ་ལ་གཞུག་པའི་བླ་ཆེན་ཚང་མས་༧གོང་ས་མཆོག་ལ་དད་གུས་བླ་མེད་ཞུ་བཞིན་པ་མིག་མཐོང་ལག་ཟིན་ཡོད་པ་འདི་རེད་
༧གོང་ས་མཆོག་གི་བོན་པོ་ནང་པ་མིན་པ་སྒྲུབ་བྱེད་དང་བཅས་པ་(རེ་རེ་བཞིན་ལུང་འདྲེན་མི་དགོས་པ་བྱེད་)ལན་དུ་མར་གསུང་ཟིན་པ་ཁྱེད་ཚོས་ཨེ་ཤེས་ངས་བྱས་ན་འོན་པ་དང་སྨྱོན་པ་མིན་ན་ཤེས་དགོས་ཚོས་ཡིན།
སྤྱིར་ནང་པ་ཞེས་པ་ནི་མིང་ཞིག་རེད་མིང་འདི་གང་ལ་འཇུག་པའི་གཞི་ནི་ལོ་ཉི་སྟོང་ལྔ་བརྒྱ་ལྷག་ཙམ་གོང་རྒྱ་གར་འཕགས་པའི་ཡུལ་དུ་བྱོན་པའི་མཉམ་མེད་ཤཀྱ་ཐུབ་པ་ཞེས་པའི་སྟོན་པ་བླ་མེད་དེ་ལ་སྐྱབས་སྟོན་པ་པོ་དང་དེས་གསུང་པའི་དམ་པའི་ཆོས་འགོག་ལམ་གཉིས་ལ་སྐྱབས་དངོས་དང་དེ་ཚུལ་བཞིན་ཉམས་སུ་ལེན་པའི་འཕགས་པའི་གང་ཟག་རྣམས་ལ་སྐྱབས་སྒྲུབ་པའི་ཟླ་གྲོགས་དུ་ཁས་ལེན་ཞིང་དེ་གསུམ་ལ་སྐྱབས་སུ་འགྲོ་བའི་སྐྱབས་འགྲོ་རྒྱུད་ལ་ཡོད་པའི་གང་ཟག་དེ་རེད། འདི་ནི་ནང་པར་འཇུག་སའི་སྒོ་རེད་སྒོ་དེར་མ་འཛུལ་བའི་མི་ཞིག་གི་ང་ནང་པ་ཡིན་ཟེར་བ་སོགས་ཀྱི་སྨྱོ་ལབ་མང་པོ་རྒྱབ་ཏེ་ཅི་ཕན་
ང་ནི་འཛམ་བུ་གླིང་འདིའི་སྟེང་གི་ལྟ་གྲུབ་ཡོད་པའི་ཆོས་ལུགས་ཡོངས་རྫོགས་དར་རྒྱས་གོང་འཕེལ་བྱུང་ན་སྙམ་པའི་སྨོན་ལམ་ཚུན་ཆད་རྒྱབ་བཞིན་པ་མ་གཏོག་བོན་པོར་ལྡང་བ་དེ་འདྲ་གང་ཡང་མིན་
བོན་པོས་པོའི་ཆོས་བྱས་ཏེ་དེ་ཉིད་དར་རྒྱས་གོང་འཕེལ་གྱི་ལས་ཀ་ག་རེ་བྱས་ན་ཡང་རྗེས་སུ་ཡིད་རངས་ཡོད་དེ་མིན་བོན་པོ་ཚོ་བྱ་བྱེད་མང་པ་དང་གང་བྱུང་བཤད་རྒྱུ་མང་དྲགས་ན་བོན་པོ་ནུབ་པའི་ཆ་རྐྱེན་དུ་འགྲོ་གི་རེད་
སྐྱབས་འགྲོ་ཞེས་པ་ཙམ་ནི་ཕྱི་ནང་གི་ཆོས་ལུགས་ཡོངས་རྫོགས་ལ་ཡོད་པ་རེད་འོན་ཀྱང་རང་རང་གི་སྐྱབས་འགྲོ་ཚུལ་དང་སྐྱབས་འགྲོའི་ཡུལ་ལ་གཅིག་དང་གཉིས་དང་གསུམ་བཞི་ལ་སོགས་པ་མི་འདྲ་བ་མང་པོ་ཡོད་པ་སོགས་ཁྱད་པར་ཤིན་ཏུ་ཆེན་པོ་ཡོད་རེད་
ནང་པའི་སྐྱབས་འགྲོའི་ཡུལ་དང་སྒྱབས་སུ་འགྲོ་ཚུལ་ནི་གོང་དུ་ཞུས་པ་དེ་རེད་དེས་ན་བོན་པོ་ནང་པ་རེད་འདུག་གམ་
བན་དེའི་ཕྱོགས་ཀྱི་བླ་མ་ཚོས་བོན་པོས་སངས་རྒྱས་ལ་སྐྱབས་སུ་འགྲོ་ཚུལ་བཤད་པ་དེ་འདྲ་མང་པོ་ཐོས་མ་མྱོང་། ཡིན་ན་ཡང་དེང་སང་བོན་གྱི་བླ་མ་གྲྭ་བ་ཚོར་འབྲེལ་བ་ཐག་ཉེ་པོ་བྱུང་ཡོང་དུས་བོན་པོ་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་བདེན་པ་ཡིན་འདུག ང་བོན་ཀྱི་དགོན་པ་ཁ་ཤས་ལ་མཇལ་སྐོར་དུ་འགྲོ་མྱོང་། པདྨ་འབྱུང་གནས་ཀྱི་སྐུ་བརྙན་རེད་ཟེར་བ་ནི་འདུག ཡིན་ན་ཡང་སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ་བརྙན་འདྲ་བཞེངས་ཡོད་པ་དེ་སྔོན་མཐོང་མ་མྱོང་། སངས་རྒྱས་ལ་ཁྱད་པར་མེད་དུས་ཤཱཀྱ་ཐུབ་པ་ལ་སྐྱབས་སུ་སོང་ན་བོན་གྱི་སྐྱབས་འགྲོའི་བསླབ་བྱ་དང་མི་འགལ་དུས་སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ་བརྙན་སོགས་བཞེངས་ཡོད་རྒྱུ་རེད་བསམ། གང་ཡིན་ཟེར་ན་ཤཱཀྱུ་ཐུབ་པ་ནི་ལོ་རྒྱུས་ཀྱི་དཔང་རྟགས་ཡོད་པའི་མི་ཞིག་ལ་སངས་རྒྱས་ཀྱི་མཚན་ངོ་མ་ཐོགས་ས་དེ་ཡིན་སྟབས་བན་དེ་བོན་པོ་སོགས་སངས་རྒྱས་པ་ཚོར་དེ་གལ་གནད་ཆེན་པོ་འདྲ་བོ་རེད། ཡིན་ན་ཡང་ང་རང་གིས་མ་མཐོང་བ་མ་གཏོགས་བཞེངས་སྲོལ་མེད་པ་ནི་ཡིན་རྒྱུ་མ་རེད་བསམ། བོན་པོ་སོགས་བོན་ལ་ཆ་རྒྱུས་ཅན་རེ་ཡོད་ན་དེའི་སྐོར་ང་ལ་ལན་ཞིག་འདེབས་རོགས།
བོན་གྱི་དགོན་པའི་ནང་དུ་སངས་རྒྱས་ཤཀྱ་ཐུབ་པའི་སྐུ་བརྙན་ཡོད་མེད་ཅི་རིགས་ཡོད་། འོན་ཀྱང་བོན་པོས་སངས་རྒྱས་ཤཀྱ་ཐུབ་པ་སངས་རྒྱས་ཡིན་པར་ཁས་ལེན་པ་མ་ཟད། སྐྱབས་སུའང་འགྲོ་མི་ཆོག་པའི་རྒྱུ་མཚན་མེད། འོན་ཀྱང་དེ་སངས་རྒྱས་ཡིན་ན་དེ་ཡི་སྐུ་བརྙན་བོན་པོས་བཞེངས་དགོས་པའི་རྒྱུ་མཚན་ཀྱང་མེད། བོན་པོ་ནང་པ་ཡིན་མིན་་་བན་དྷེའི་གྲུབ་མཐའི་གཞུང་ནས་བཤད་པའི་ཕྱི་ནང་གི་དབྱེ་བ་དང་མཚན་ཉིད་དེ་ཚོར་བསམ་གཞིགས་བཏང་ན་དེ་ལས་ལྷག་པ་མེད། མཆོག་གསུམ་ཟེར་བ་དེ་མིང་ཙམ་མ་ཡིན་པར་དོན་གྱི་མཚན་ཉིད་ཀྱི་སྟེང་ནས་མཆོག་གསུམ་ཡིན་འདུག་ན་དེ་ལས་སྒྲུབ་བྱེད་གཞན་ཞིག་གང་ནས་དགོས།
བན་དེ་བ་ལགས། དོན་ལ་ཁྱད་པར་མེད་མོད་དད་ལོག་ལྟ་ལོག་འདི་ཚོར་མིག་གིས་མཐོང་ས་དེ་ན་གཅིག་བསྟན་རྒྱུ་ཡོད་ན་ཕྱིན་ཆད་སྐུར་འདེབས་མི་བྱེད་པའི་ཁྱད་རེ་ཡོད་པས་བོན་དགོན་གྱི་ནང་ན་སྟོན་པ་ཤཱཀྱ་ཐུབ་པ་ཡོད་པའི་པར་སོགས་ཁྱབ་བསྒྲགས་ནུས་ན་བན་དེ་ལྟ་ལོག་ཕྱོགས་རིས་ཅན་ཚོར་དད་པ་རེ་སྐྱེད་པའམ་མཐའ་ཡང་སྐུར་འདེབས་ཀྱི་ཁ་འགོག་པར་ཕན་རེ་ཐོགས་སྙམ། བོན་པོ་ཡང་སངས་རྒྱས་ལ་སྐྱབས་སུ་འགྲོ་གི་ཡོད་པའི་ཆ་ནས་ཤཱཀྱ་ཐུབ་པའི་སྐུ་བཞེངས་པ་དང་གསོལ་འདེབས་སྐྱབས་འགྲོ་འདོན་པ་སོགས་བྱས་ན་སྐྱབས་འགྲོའི་བསླབ་བྱ་ལ་མི་འགལ་བས་གྱོང་ནི་རག་ས་མ་རེད། དེ་ལུགས་གསལ་ཁ་ཅན་རེ་གསུངས་རོགས། ངས་ཀྱང་ཁྱབ་བསྒྲགས་ལ་རམ་འདེགས་བྱེད་ཆོག
བན་དེ་བོན་པོ་གཉིས་ཆར་ལ་སངས་རྒྱས་སྟོང་ཕྲག་ཁྲི་ཕྲག་གི་མིང་རྫིགས་པོ་མང་པོ་འདོན་རྒྱུ་ཡོད་ན་ཡང་དོན་དུ་མཛུབ་མོ་འཛུགས་ཤོག་ལབ་དུས་ཤཱཀྱ་ཐུབ་པ་མ་ཡིན་པ་ཞིག་བསྟན་ཡོང་རྒྱུ་མི་འདུག་ག དེ་ཡིན་དུས་རྙིང་མའི་དགོན་པ་ལ་ལའི་ནང་ན་སློབ་དཔོན་ཆེན་པོའི་སྐུ་བརྙན་ལས་སྟོན་པ་ཤཀྱཱ་ཐུབ་པའི་སྐུ་བརྙན་བཞེངས་མེད་ས་དང་། ཡོད་ན་ཡང་ཆུང་ངུ་རེ་ལས་མེད་ས། དེ་བཞིན་དུ་དགེ་ལུགས་པས་ཀྱང་རྒྱལ་བ་བྱམས་པ་ཆེ་ཐག་ཆོད་རེ་དང་སངས་རྒྱས་ཤཱཀྱ་ཐུབ་པ་མེད་ས་དང་ཡོད་ན་ཡང་ཆུང་ཆུང་རེ་ལས་མེད་པ། བོན་ཀྱི་ཕྱོགས་ནས་ཀྱང་སྲིད་རྒྱལ་དང་གཤེན་རབ་སོགས་ཆེན་པོ་བཞེངས་ཡོད་ན་ཡང་ཤཱཀྱ་ཐུབ་པ་མེད་པ་དེ་འདྲ་དེ་ཚོ་ཉི་མ་གཅིག་ལ་ཁག་པོ་ཡོང་ས་རེད། ཚང་མ་ནང་པ་སངས་རྒྱས་པ་ཡིན་པའི་ཆ་ནས་ཤཀྱཱ་ཐུབ་པ་འདི་བཞེངས་ན་གྱོང་འདྲ་ཅང་མི་འདུག་བསམ། ཚང་མ་བློ་མཐུན་ཡིན་པའི་ཐོག་ལ་སྤུན་ཟླ་ཡིན་པ་རྩོད་མེད་ཆགས་ཡོང་གི་རེད། ཀུ་རེ་དང་དོན་དངོས་གཉིས་ཀ་ཡིན། ཧཧཧཧཧཧཧ
ཤཱཀྱ་ཐུབ་པ་སངས་རྒྱས་ཡིན། ཤཱཀྱ་ཐུབ་པ་སངས་རྒྱས་དང་བདག་གཅིག་ཏུ་འབྲེལ། ཤཱཀྱ་ཐུབ་པ་མིན་ཞིང་སངས་རྒྱས་ཡིན་པ་དུ་མ་གྲུབ་པའི་ཕྱིར། དེར་ཐལ། སྟོན་པ་གཤེན་རབ་དང་འོད་སྲུང་གཉིས་རེ་རེ་ནས་གྲུབ་པའི་ཕྱིར། །
ནང་པ་ཡིན་ན་ངེས་པར་དུ་ཤཱཀྱ་ཐུབ་པ་ལ་སྐྱབས་སུ་འགྲོ་དགོས་ན། ཤཱཀྱ་ཐུབ་པ་ཁོང་རང་ནང་པ་ཡིན་པ་གང་ཞིག། ཁོང་རང་གིས་ཁོང་རང་ལ་སྐྱབས་སུ་འགྲོ་ཚུལ་འཇོག་ཏུ་མེད་པའི་ཕྱིར། ཡོད་ན་སྣང་བར་འགྲོ་བ་ཞིག་ཁྱེར་ཡོང་རོགས་གནོངས། །
བོན་པོས་ཤཱཀྱ་ཐུབ་པ་ལ་གོ་གནས་ཡག་པོ་ཞིག་ཕུལ་ཚར་ཡོད་པ་རེད། དེ་ནི་ཇི་སྐད་དུ། རིགས་ཀྱི་བུ་བཞི་གཡུང་དྲུང་བོན་དུ་ངེས། གདུལ་བྱ་ཐ་དད་འདུལ་ལ་དེ་བཞིན་བསྟན། གསུངས་ཡོད་པ་རེད། རིགས་ཀྱི་བུ་བཞིའི་ནང་ནས་གཅིག་ལྷ་བུ་དམ་པ་ཏོག་དཀར་ཡིན་པ་ཤེས་པར་མཛོད་ཅིག། །
རང་ཤར་ལགས། ཁྱེད་གོ་བ་བཟང་ཀི། དཔེར་ན་ང་རངཤར་མ་མིན་པའི་བོད་པ་ཡིན་ལབ་ན་རང་ཤར་ཁྱོད་བོད་པ་མིན་པར་མི་གོ་། དཔེར་ན་ཨོག་ཚུམ་མེད་པའི་མི་ལབ་ན་ རྒྱ་བོ་མི་མིན་པར་མི་གོ་བ་བཞིན་ནོ། གུས་པའི་བསམ་ཚུལ་སྔོན་གྱི་བོན་དང་བོད་གསར་ཁྱད་པར་ཆེ་འོ་བསམ། བོན་གྱི་མིང་ཁ་ལ་འཁྱེར་བའི་བོན་མིན་ཡོད་དམ་སྙམ། ཡང་ན་བོན་གྱི་ནང་ཚན་ལ་དབྱེ་བ་ནང་པ་ཡིན་པ་དང་མིན་པ་ཡོད་པར་ཆོག་གམ། རྗེ་བཙུན་མི་ལ་རས་པའི་སྐབས་དང་མ་ཧ་གུ་རུ་ཆེན་པོའི་སྐབས་དང་ ཆོས་རྒྱལ་སོགས་ཀྱི་སྐབས་སུ་བོན་གྱི་ལོ་རྒྱུས་མང་བས་སྐྱེ་བུ་ཆེན་པོ་དེ་ཚོ་ཚང་མ་ཆགས་གདང་གིས་དབང་རེད་ལབ་ན་མྱལ་་བ་འགྲོ་བའི་མེ་ཤུགས་ཕུ་གདའ་འོ།
བོད་ཀྱི་བུ་ལགས། མཆོག་ནས་གསུངས་པ་དེ་ཤིན་ཏུ་བདེན་པ་ལགས། ངས་བོན་པོའི་གནས་རི་ཞིག་མཇལ་བ་ཙམ་གྱིས་བོན་གྱི་ལྟ་སྒོམ་སྤྱོད་གསུམ་ཤེས་ག་ལ་ཐུབ། འོན་ཀྱང་དེའི་སྐབས་བོན་པོའི་ལམ་རིམ་བཀའ་ལུང་རྒྱ་མཚོ་ཟེར་བ་ཞིག་བཀླགས་རྒྱུ་གོ་སྐབས་བྱུང་བར་མ་ཟད། བོན་རིའི་གནས་སྡོད་སྒོམ་ཆེན་དུ་གྲགས་པ་ཁ་ཤས་ལ་བོན་པོའི་སྐོར་དྲི་བ་ཡིན། ལམ་རིམ་དེ་དང་ཀུན་བཟང་བླ་མའི་ཞལ་ལུང་ཧ་ཅང་གི་འདྲ་བོ་འདུག རྗེས་སུ་རྒྱ་གར་དུ་འབྱོར་ནས་ཀྱང་བོན་པོའི་དཔེ་ཆ་ཁ་ཤས་ལ་ལྟ་རྒྱུ་བྱུང་བས། ང་རི་བོང་ཅལ་འདྲོགས་བྱེད་མཁན་ཞིག་དུས་ནམ་ཡང་མིན།།
ཨོ་ཡ་ང་ཆུངཆུང་་སྐབས་ཕ་ཡུལ་ལ་བོན་པོ་མང་པོ་ཡོད་། མི་ཤི་སྐབས་དེའི་རྗེས་སུ་གཤིན་ཆོས་འདྲ་པོ་ཟོག་ནག་ར་ལུག་མང་པོ་ཞིག་བཤའ་དགོས་ཀྱི་འདུག་། དེ་ཚོ་བོན་དངོས་ཨ་ཡིན་ནམ་སྙམས་། ཡང་ན་ནང་པ་མིན་པའི་བོན་པོ་ཡིན་ནམ། ངའི་ཕ་ཡུལ་བོན་དཀར་དང་བོན་ནག་སོགས་ལབ་གསོལ་འདུག། ཡིན་ཡང་རྒྱ་གར་སེམ་ལ་ལ་ཡོད་པའི་བོན་དགོན་ནི་ཡག་པོ་དང་དགའ་ཞེན་ཤིན་ཏུ་ཆེ་བའོ་
ཡང་བོན་གྱི་མཁས་དབང་ཁ་ལ་འཁྱེར་མཁན་ཚོས་གཡུང་དྲུང་བོན་ཅེས་ཨུ་ཚུག་བྱེད་ནས་ལབ་ཀྱི་འདུག་པས་གཡུང་དྲུང་བོན་དང་བོན་དང་བོན་གསར་སོགས་ལ་ཁྱེད་པར་ཆེན་པོར་ཨེ་ཡོད་དམ།
སྤོབས་མཐའ་ལགས་བན་དྷེའི་དགོན་པར་སྟོན་པ་གཤེན་རབ་ཀྱི་སྐུ་བཞེངས་གནང་ན་ཡག་པོ་ཡོང་ས་རེད་དེ་མིན་བོན་པོ་འགས་སངས་རྒྱས་ཤཀྱ་ཐུབ་པར་དད་ལོག་སྐྱེ་མི་སྲིད་པར་མེད་པར་བརྟེན་དེ་ཚོར་ཕན་ཐོགས་ཡོང་ས་རེད། ང་ཚོ་ཚང་མ་བོད་རིགས་སྤུན་ཟླ་གཅིག་པ་ནི་ཡིན། ནང་པའི་རྗེས་འཇུག་ནི་ཡིན། ང་ཚོ་ནང་པས་སངས་རྒྱས་ལ་སྐྱབས་སུ་མཆི་་ཞེས་བཤད་པ་མ་གཏོགས་དམིགས་སུ་བཀར་བའི་སངས་རྒྱས་ཤཀྱ་ཐུབ་པ་ལ་སྐྱབས་སུ་མཆི་ཞེས་ནི་བཤད་ཀྱི་མེད། དེ་ལའང་ཁྱེད་རིགས་པ་སྨྲ་བས་དགོངས་པ་ཞིག་བཞེས་རོགས།
བོད་ཀྱི་བུ་ལགས། བོན་པོ་ནང་བ་ཡིན་མིན་ང་ཚོས་བཤད་དགོས་ཡ་མི་འདུག་ལ། བཤད་མི་ཐུབ་པའི་ལྐོག་གྱུར་ཞིག་ཀྱང་མ་ལགས། གང་ཡིན་ཞེས་ན། བོན་གྱི་བཀའ་བསྟན་འགྱུར་པོ་ཏི་བརྒྱ་ཕྲག་ཁ་ཤས་ཡོད་ཚོད་འདུག དེ་དག་ལ་ལེགས་པོ་ཞིག་ལྟོས་ན་ནང་བ་ཡིན་མིན་བཤད་རྒྱུ་ཤིན་ཏུ་ནས་ལས་སླ་བོ་རེད། དེ་མིན་༸གོང་ས་མཆོག་གིས་བོན་པོ་ནང་བ་མིན་ཚུལ་བསྒྲུབས་ཡོད་ཟེར་ན། དེ་ནི་ཤིན་ཏུ་ནས་བླུན་པོ་གཏམ་དུ་ཟད་དོ། གལ་ཏེ་༸་གོང་ས་མཆོག་གི་གསུངས་བའི་དབང་དུ་བཏངས་ཀྱང་དེ་ནི་༸་གོང་ས་མཆོག་ནོར་བ་ཡིན་པ་ལས་གཞན་ཅི་ཞིག་མིན། སྔོན་ཆད་བླ་མ་དང་དཔོན་པོས་མཛུབ་མོ་ནུབ་ཏུ་བཙུགས་ནས་འདི་ཤར་ཕྱོགས་རེད་ཅེས་གསུངས་ན། རེད་ལགས་ཟེར་རྒྱུ་ལས་གཞན་མེད། དུས་རབས་ཉེར་གཅིག་གི་སྐབས་འདིར་ནོར་ན་༸གོང་ས་མཆོག་ཡིན་ཀྱང་ནོར་བ་རེད་ཅེས་ཞུས་ན་དགེ་མཚན་ཆེ་བར་མངོན།།
བན་དེ་གནད་འགག་ངས་བཤད་བཞིན་པ་དེ་རེད། བན་དེ་ཚོས་གཤེན་རབ་བཞེངས་ན་ལོས་ཡག་དེ་ད་དུང་བན་དེ་མང་པོ་ཞིག་གིས་བོན་པོ་སངས་རྒྱས་ལ་སྐྱབས་སུ་འགྲོ་ཟེར་བ་ཞིག་གོ་ཡང་མྱོང་མི་འདུག ཁ་ཤས་ཀྱིས་གོ་ཡོད་ན་ཡང་ད་དུང་ཡིད་ཆེས་མི་འདུག བོན་པོ་ཚོ་སྤྱིར་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་ཙམ་དུ་མ་ཟད་སྒོས་ཤཱཀྱ་ཐུབ་པའི་ཡང་མིང་ནས་བཏོན་ཏེ་སྔོན་ནས་སྟོན་པ་ཤཱཀྱ་ཐུབ་པ་ལ་སངས་རྒྱས་ཀྱི་གོ་གནས་ནི་མཐོན་པོ་ཞིག་ཕུལ་ཡོད་ས་རེད། ད་གོ་གནས་དེ་རྒྱ་གུང་ཁྲན་གྱིས་བོད་མི་ཁ་ཤས་ལ་གོ་གནས་སྤྲད་པ་ལྟ་བུ་མིང་ཙམ་མ་ཡིན་པར་མཆོད་བཤམ་སྟེང་དུ་དངོས་སུ་ཁྱེར་ཡོང་ན་ག་འདྲ་འདུག་ཟེར་བ་ཡིན། ཞལ་འདོན་ནང་ལ་དངོས་སུ་བཞག་ན་ག་འདྲ་འདུག དེས་བོན་པོ་ཚང་ལ་གྱོང་རག་འགྲོ་རྒྱུ་མེད་པའི་སྟེང་ལ་མང་པོ་ལ་ཕན་ཐོགས་ལུགས་ངས་གོང་དུ་ཞུས་པ་དེ་ཡིན།བོན་ལུགས་ལ་སྐལ་བཟང་གི་སངས་རྒྱས་ཀྱི་སངས་རྒྱས་སུམ་སྟོང་ཡོད་རེད་ཟེར་ནས་བོད་ཀྱི་མཁས་པ་ཞིག་གིས་བཤད་འདུག དེའི་ནང་དུ་ཤཱཀྱ་ཐུབ་པ་ཨེ་ཡོད། བན་དེ་ཚོས་ད་དུང་ཡང་གཤེན་རབ་ལ་གོ་གནས་ཕུལ་བ་འདྲ་མཐོང་མ་སོང་བས་སྐུ་བརྙན་བཞེངས་རྒྱུ་སོགས་ལ་ད་དུང་ཡུན་རིང་འགོར་ས་རེད། ཉེ་ཆར་ང་ལ་ངོ་མི་ཤེས་མཁན་ཞིག་གིས་གློག་ཕྲིན་སྟེང་ལ་པར་ཞིག་བསྐུར་ནས་སླེབས་སོང་། པར་དེ་ནི་རྙིང་མའི་དགོན་པ་ཆེན་པོ་ཞིག་གིས་ཁོ་རང་ཚོའི་དགོན་པར་བོན་གྱི་ལྷ་ཁང་ཞིག་བཞེངས་འདུག ཁྱེད་ཀྱིས་དེ་གོ་ཡོད་ཤག
༸གོང་ས་མཆོག་གིས་སྐབས་འགར་བོན་པོ་ནང་པ་མ་རེད་གསུངས་ཡོད་ངེས། དེ་ནི་ཤཀྱ་ཐུབ་པའི་རྗེས་འཇུག་ཡིན་པར་གྱུར་བའི་ནང་པ་ཡིན་པ་གཞིར་བཞག་ནས་གསུངས་པ་ཡིན་པར་མངོན། འདིར་ང་ཚོས་ནང་པ་ཡིན་ན་ཤཀྱ་ཐུབ་པའི་རྗེས་འཇུག་ཡིན་དགོས་ཀྱི་མི་འདུག་ཟེར་ཤོད་ཀྱི་ཡོད་པ་རེད། དེ་ནི་དཔེར་ན་ཤཀྱ་ཐུབ་པ་ཁོང་རང་ནང་པ་ཡིན་པ་གང་ཞིག་ཤཀྱ་ཐུབ་པ་ཤཀྱ་ཐུབ་པའི་རྗེས་འཇུག་མ་ཡིན་པ་ལྟ་བུའོ། །
ཤར་བ་ལགས། མདོ་དབུས་ཁམས་གསུམ་ན་ཡོད་པའི་བོན་པོ་ཚོ་གཡུང་དྲུང་གི་བོན་རེད། བོན་རང་ལ་བོན་དཀར་དང་བོན་ནག་ཅེས་ཐ་སྙད་ཅིག་དུས་ནམ་ཡང་བྱུང་མྱོང་ཡོད་པ་མ་རེད་ལགས། བོན་ལ་གསར་རྙིང་གཉིས་ཡོད་པ་བདེན་པ་རེད། ད་ལྟ་རྒྱ་གར་དུ་ཡོད་པའི་སྨན་རི་དགོན་ནི། བོན་རྙིང་མའི་ཁུངས་གཏུག་ས་དེ་རེད། བོན་གསར་མ་རྣམས་ལ་སྔ་འགྱུར་རྙིང་མའི་ཤུགས་རྐྱེན་ཆེན་པོ་ཡོད་པར་མ་ཟད། དགོན་པའི་ནང་དུ་བཛྲ་གུ་རུ་སྒྲུབ་ཆེན་ཚོགས་རྒྱུ་འདུག ཤར་ཁོག་ང་ལ་རྒྱུས་ཆེན་པོ་ཡོད། ཤར་ཁོག་མང་ཆེ་བ་བོན་པོ་རེད། དེ་ལ་བོན་པོ་དགོན་པ་ཆེ་ཆུང་མང་བོ་ཡོད། ངའི་ལོ་གསུམ་སྒྲུབ་གྲྭའི་ཆོས་གྲོགས་ཁ་ཤས་ཤར་ཁོག་ནས་ཡིན། ཤར་ཁོག་གི་བོན་པོ་ཚོས་མི་ཤི་རྗེས་དེའི་དགེ་རྩར་དམིགས་ནས་སེམས་ཅན་མི་གསོད་པ་ངས་བཤད་ཐུབ། དེས་ཕྱིར་ཁྱོད་ཀྱི་གཏམ་དེར་ངོས་ལེན་གཏན་ནས་མེད། སྤྱིར་ལུང་བ་ཁ་ཤས་ན། ར་ལུག་དམར་ཆོད་དུ་ཕུལ་བ་སོགས་དེང་དུས་ཡང་འདུག དེ་ནི་སོ་སོར་གནས་སྐབས་གྱི་གྲོགས་ལྟ་བུ་ས་གནས་གཞིག་བདག་ལ་བཅོལ་བ་ཙམ་ལས་བོན་གྱི་ལུགས་གཏན་ནས་མིན། རྗེ་བཙུན་མི་ལའི་རྣམ་ཐར་ལ་གཞི་བཅོལ་ས་གང་ཡང་མེད། གང་ཡིན་ཞེས་ན་། མི་ལ་གཤེགས་ནས་ལོ་བཞི་བརྒྱ་ལྷག་གི་རྗེས་སུ་གཙང་སྨྱོན་ཧེ་རུ་ཀས་བརྩམས་པ་རེད། གཞན་ཡང་མི་ལའི་རྣམ་ཐར་དུ་བཤད་བཞིན་པའི་ན་རོ་བོན་ཆུང་ཟེར་བ་ཞིག་བོན་པོའི་ལོ་རྒྱུས་སུ་མི་སྣང་ངོ་། ངས་གོང་ནས་ཞུས་པ་བཞིན། བོན་པོ་ཆོས་ལུགས་ཡང་དག་ཡིན་མིན་བོན་པོའི་གཞུང་ལ་ཞིབ་འཇུག་བྱེད་དགོས་པ་ལས། ཆོས་ཀྱི་གཞུང་ནས་བཤད་པ་ལ་ཡིད་རྟོན་གང་མེད་དོ་ཞེས་ནན་གྱིས་ཞུས་པ་ཡིན།།
བསྟན་པའི་ཆོམ་རྐུན་དག་ནང་པ་ཡིན་ན་ནམ་ཞིག་མའོ་དཔོན་པོ་ཡང་བོན་གྱི་སངས་རྒྱས་སུམ་སྟོང་གི་གྲར་ན་བཞག་ཆོག་གི་འདུག་ག སངས་རྒྱས་གསོན་པོ། སངས་རྒྱས་གཤིན་པོ། སངས་རྒྱས་སྒྲུང་པོ། །སོགས་མང་པོ་རྩི་གྲངས་འདུག་གོ །
རང་ཤར་ལག་དང་པོ་ཁྱོད་དྲང་པོའི་མི་ཞིག་ཡིན་ཤག་བྱེད་པ་ཡིན། ད་ཁྱོད་རང་བོན་ཕྱོགས་ལ་ཞེན་ནས་རྗེ་མི་ལའི་རྣམ་ཐར་ཡང་བཀུར་འདེབ་བྱེད་ཀྱི་འདུག། སྔོན་བོད་ལ་གདོན་གཟུགས་བོན་གྱི་་བསྟན་པ་དར་ཀྱང་ཆོས་རྒྱལ་བཀའ་དྲིན་ཅན་ཚོས་ནང་ཆོས་གདན་དྲང་པ་དགོས་པ་ལོས་ཡོད་། གལ་སྲིད་སྐབས་དེ་དུས་ད་ལྟ་བོད་གསར་ནང་བཞིན་བོན་ཆོས་ཡོད་ན་རྒྱ་གར་ནས་གདན་འདྲེན་ཞུ་དགོས་པ་མ་མཐོང་ལ། ད་སྐབས་བོད་ནང་གསར་དུ་ཐོན་པའི་བོན་གྱི་ལོ་རྒྱུས་འགའ་ཕྱུག་གསད་ནས་དམར་མཆོད་ལས་ཛ་དྲག་པ་དེ་འདྲ་མཐོང་རྒྱ་འདུག། སློབ་དཔོན་མཧ་གུ་རུ་ཞལ་ནས་ གདོན་ཟུག་བོན་གྱི་བསྟན་པ་གནུབ་གསུངས་པ་ཡང་ད་ལྟའི་བོན་གསར་ལྟ་བུའིསྤོས་དག་པོའི་་བསྟན་པ་གལ་ལ་ཡིན་། ཁྱོད་ཀྱིས་མ་མཐོང་ཤེས་བྱ་མང་། བོང་བུས་མ་བགྲོད་ལམ་ཕྲང་མང་ཞེས་པ་ལྟར་མཐོང་རྒྱ་ཐོས་རྒྱ་ལ་འབད་གལ་ཆེ་ལ་། དྲང་པོ་ཡང་དེ་བའི་གལ་ཆེ་།
སྤོབས་པ་མཐའ་ཡས་གསུངས་པ་དེ་བདེན་པ་རེད། ང་ཚོ་བོད་ཀྱི་ཆོས་ལུགས་ཚང་མའི་བསྟན་པ་འདིའི་སྟོན་པའི་སྐུ་གཙོ་བོ་མི་མཛད་པ་མང་བོ་ཞིག་སྣང་། བོན་པོ་ལ་ཆ་བཞག་ན་དགོན་ཁག་མང་བོ་ཞིག་གིས་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་སྐུ་གཙོ་བོར་བཞེངས་སྣང་འདུག དགེ་ལུགས་པར་མཚོན་ན་རྗེ་ཙོང་ཁ་བའི་སྐུ་གཙོ་བོར་བཞེངས་འདུག སྔ་འགྱུར་རྙིང་མར་མཚོན་ན་ཨོ་རྒྱན་རིན་པོ་སྐུ་གཙོ་བོར་སྣང་བ་སོགས་རེད། འོན་ཀྱང་འདི་ནི་བོད་ཀྱི་ཆོས་ལུགས་ཚང་མ་སྔགས་ལུགས་གཙོ་བོར་མཛད་པའི་ཆ་ནས་ཡིན་ནམ་སྙམ། ད་འདིར་བོན་པོ་ཚོས་སྟོན་པ་ཤཀྱ་ཐུབ་པར་སྐྱབས་སུ་འཛིན་ནམ་ཞེས་ན། སྐྱབས་སུ་འཛིན་པར་མ་ཟད། རིགས་དྲུགས་འདྲེན་པའི་སྟོན་པ་དྲུག་གི་གྲས་སུ་བགྲངས་། འོན་ཀྱང་བོན་གསར་རྙིང་གཉིས་ཀྱིས་བསྟན་པ་འདིའི་སྟོན་པ་གཤེན་རབ་མི་བོ་ཆེས་ཡིན་པ་གཅིག་མཚུངས་ཡིན། བོན་རྙིང་མས་སྟོན་པ་ཤཀྱ་ཐུབ་པ་སྟོན་པ་འཆི་མེད་གཙུག་ཕུད་ཀྱི་སློབ་བུ་དམ་པ་ཏོག་དཀར་རུ་ངོས་འཛིན་ཞུ་བཞིན་ཡོད། བོན་གསར་མའི་ལུགས་ལ་སྟོན་པ་ཤཀྱ་ཐུབ་པ་གསུང་གི་སྟོན་པ་ངོས་འཛིན་བྱེད་སྲོལ་ཞིག་ཀྱང་འདུག གང་ལྟར་ཀྱང་བོན་ལུགས་ལ་ཤཀྱ་ཐུབ་པ་བསྟན་པ་འདིའི་སྟོན་པ་གཙོ་བོར་མི་འཛིན་པ་མ་གཏོགས་སྐྱབས་སུ་འགྲོ་བཞིན་འདུག སངས་རྒྱས་ལ་སྐྱབས་སུ་མཆིའོ་ཞེས་འདོན་དུས་སྟོན་པ་ཤཀྱ་ཐུབ་པ་དེ་རུ་ཚུད་ཡོད་པ་རེད། ཁ་ཅིག་གིས་ཨུ་ཚུགས་བྱས་ཏེ་བོན་པོའི་ཆོས་ཡོངས་རྫོགས་ཆོས་ལུགས་ནས་རྐུས་པ་རེད་ཅེས་ཟེར་ན། དེ་ལ་སྐྱོན་མང་བོ་ཡོད། གང་ཡིན་ཞེས་ན། ཆོས་ལུགས་ལ་མེད་པ་མང་བོ་ཞིག་བོན་ལུགས་ལ་སྣང་། བོན་པོའི་བཀའ་འགྱུར་དང་བསྟན་འགྱུར་གཉིས་ཀ་ལོ་ངོ་སྟོང་ཕྲག་ཡས་མས་ནས་བོན་ལ་ཡོད་པ་གསལ་བོ་རེད་འདུག ཁོ་བོས་ནི་སྔགས་ལུགས་ཀྱི་ཁུངས་ཡོངས་རྫོགས་བོན་ལ་གཏུགས་སམ་སྙམ། འོན་ཀྱང་སུ་ཞིག་གིས་ཁ་མཚོན་གཅོད་དཀའོ། དེས་ན་ཆོས་ལུགས་ཚང་མར་དག་སྣང་སྦྱངས་ན་དགེ་མཚན་ཆེ་བར་མངོན་ནོ།།
སྤོབས་པ་ལགས། ད་ཁྱེད་ཀྱིས་སྒྲུང་ཁེ་མཚར་དེ་འདྲ་མ་གསུང་མ་གཏོགས། ཁྱེད་རང་ཡང་སྔོན་མ་བོན་དགོན་ཞིག་ལ་གལ་ཆེའི་དོན་དག་ཞིག་ཏུ་ཕྱིན་སྐབས་བོན་པོའི་མཆོད་ཁང་དང་སྟོན་པ་གཤེན་རབ་ཀྱི་སྐུ་བརྙན་མདུན་དུ་ཁ་བཏགས་ཕུལ་སྡོད་པའི་པར་དེ་འདྲ་དྲ་ཐོག་ཏུ་བཀྲམ་ཡོང་།
སྟོན་པ་ཤཀྱྭ་ཐུབ་པ་སངས་རྒྱས་ཡིན་ཟེར་ན་གད་མོ་ཤོར་དགོས་པ་ཞིག་རེད། གང་ཡིན་ཟེར་ན་ཐེག་དམན་གྱི་ཆོས་འབའ་ཞིག་ལས་མི་ཤེས་མཁན་ཞིག་གིས་ཤེས་བྱའི་སྒྲིབ་པ་ལ་ཁ་གཏད་གཅོག་མི་ཐུབ་པས་སོ། ཧ་ཧ་ཧ། དེ་ལས་པད་འབྱུང་དྲགས་པ་མིན་འགྲོ། བོན་པོའི་བཀའ་དྲིན་ལ་གསང་སྔགས་ཐ་རེ་ཐོ་རེ་ཙམ་ཤེས་ཀྱི་འདུག་གཱ། གོང་དུ་དྲ་གྲོགས་ཤིག་གིས་བོད་ཕྱི་ནང་གཉིས་སུ་བོན་གྱི་བསྟན་པ་རྒྱས་པ་འདི་ནབརྒྱ་ཆ་དགུ་བཅུ་ཐམ་པ་༸གོང་ས་མཆོག་གི་བཀའ་དྲིན་རེད་ཟེར། དེ་ནི་ཁྱོད་ཀྱིས་བོན་པོའི་བསྟན་པ་བོད་ཕྱི་ནང་གཉིས་སུ་དར་སྟངས་གང་ཡིན་མ་ཤེས་པས་ལན་པ་རེད། བོད་ལ་རང་དབང་ཡོད་དུས་ཕར་ཟད་བོད་ས་ཤོར་ནས་གཞན་ཡུལ་དུ་དགོན་གནས་གསར་པ་འཛུགས་སྐྲུན་བྱེད་སྐབས་དགའ་ལྡན་ཕོ་བྲང་གིས་བར་ཆོད་ཅི་བྱས་སོགས་བཤད་ན་ངོ་ཚ་དགོས་པ་གང་མང་ཡོད་པ་རེད། ཚོགས་པ་བཅུ་གསུམ་སོགས་ཀྱི་གནས་སྟངས་ཀྱང་དེ་འདྲ་རེད། དགེ་ལུགས་པའི་བསྟན་པ་ལ་མཚོན་ན་བརྒྱ་ཆ་དགུ་བཅུ་རྒྱལ་དབང་ལྔ་པ་དང་སོག་པོའི་འདྲེ་དམག་གཙོས་པའི་༸གོང་ས་རིམ་བྱོན་གྱི་བཀའ་དྲིན་རེད་ཟེར་ན་དོན་ལ་གནས་པ་རེད། དྲང་མོ་བཤད་ན་མི་མི་དགའ། དབྱུག་པ་ཕྱར་ན་ཁྱི་མི་དགའ། དམོད་མོ་ལུང་པ་གང་ཐོབས་ཤོག་ཨ།
སྤོབས་པ་མཐའ་ཡས། སངས་རྒྱས་ཟེར་དུས་མཛུབ་མོ་འཛུག་ས་སྟོན་པ་ཤཀ་ཐུབ་ལས་མེད་པ་མ་རེད། བོན་པོ་ལ་ཁོ་རང་ཚོའི་ལོ་རྒྱུས་ཀྱི་བྱུང་བར་བརྒྱུས་པའི་སངས་རྒྱས་བོད་དྲི་བྲོ་བ་ཞིག་ཡོད་པ་རེད། བོད་ཀྱི་རྩམ་དྲི་དང་རྒྱ་གར་གྱི་བསེ་དྲི་གཉིས་ལ་གནམ་སའི་ཁྱད་ཡོད་པའང་ཤེས་པར་མཛོད། ད་མང་པོ་མི་བཤད། ཡང་འདི་ཚོས་སོག་པོ་དང་མན་ཇུའི་དམག་ཁྲིད་ནས་ཆོས་དམག་རྒྱག་ཡོང་། ཧ་ཧ་ཧ།
ད་རིང་ཨ་ཕྱི་ཆོས་སྒྲོན་ཀྱིས་ཁ་དེ་བདེ་སེ་བྱུང་། མ་གཞི་ནས་བསེ་དྲི་དང་རྩམ་དྲིའི་སྟོན་པའི་བཟང་ངན་བྱེད་ན་ནི། བན་བོན་གང་གི་རྗེས་འབྲང་དུ་རློམ་པ་ཙམ་སྲིད་པ་ལས་བན་བོན་གང་གི་ཁུངས་སུ་བགྲང་ནུས་ཀྱི་མ་རེད་ལགས། དེ་ལས་དབུགས་འབྱུང་རྔུབ་ཟེར་བ་དེར་སྐར་ཆ་ཁ་ཤས་ལ་སྐུ་ཉིད་ཀྱིས་མཉམ་པར་བཞག་ན་བཟང་གི་རེད་ཞུ་ཡ་ནི་དམུ་ཐག་གི་བུ་རྒྱུད་མིང་ཅན་ཆོས་སྒྲོན་ལའོ
ཀོང་པོའི་ཇག་པ་མི་བདུན་གྱི་སྟེང་ལ་སྟག་གཟིག་གི་དམག་ཡོང་ཚུལ་བཤད་དུས་སོག་པོའི་དམག་ལས་ཀྱང་སྟག་གཟིག་གི་དམག་དེ་འཇིག་ཟིལ་ཆེ་སེ་ཡོད་ས་རེད་བསམ་བསམ་ཞིག་འདུག་ལགས།
ཡིན་ནའང་ཐང་། འོན་ཀྱང་དེ་ཚོས་ཇག་པ་བཏུལ་བ་ལས་ཆོས་པ་བཏུལ་བ་མ་རེད། ཧ་ཧ་ཧ།
ངས་གོང་ནས་བཤད་ཡོད་དཀྲུགས་འདྲེའི་ཁ་ལ་མ་ཉན་ལབ་ཡོད། ད་དཀྲུགས་འདྲེ་སླེབས་འདུག་འདི་ཚོས་ཆོས་དམག་རྒྱག་གིན་རེད་ལྟད་མོ་འདུག་ཧཧཧཧཧ
སྤྱིར་ནང་པ་ཞེས་པ་ནི་མིང་ཞིག་རེད་མིང་འདི་གང་ལ་འཇུག་པའི་གཞི་ནི་ལོ་ཉི་སྟོང་ལྔ་བརྒྱ་ལྷག་ཙམ་གོང་རྒྱ་གར་འཕགས་པའི་ཡུལ་དུ་བྱོན་པའི་མཉམ་མེད་ཤཀྱ་ཐུབ་པ་ཞེས་པའི་སྟོན་པ་བླ་མེད་དེ་ལ་སྐྱབས་སྟོན་པ་པོ་དང་དེས་གསུང་པའི་དམ་པའི་ཆོས་འགོག་ལམ་གཉིས་ལ་སྐྱབས་དངོས་དང་དེ་ཚུལ་བཞིན་ཉམས་སུ་ལེན་པའི་འཕགས་པའི་གང་ཟག་རྣམས་ལ་སྐྱབས་སྒྲུབ་པའི་ཟླ་གྲོགས་དུ་ཁས་ལེན་ཞིང་དེ་གསུམ་ལ་སྐྱབས་སུ་འགྲོ་བའི་སྐྱབས་འགྲོ་རྒྱུད་ལ་ཡོད་པའི་གང་ཟག་དེ་རེད། འདི་ནི་ནང་པར་འཇུག་སའི་སྒོ་རེད་སྒོ་དེར་མ་འཛུལ་བའི་མི་ཞིག་གི་ང་ནང་པ་ཡིན་ཟེར་བ་སོགས་ཀྱི་སྨྱོ་ལབ་མང་པོ་རྒྱབ་ཏེ་ཅི་ཕན་
ང་ནི་འཛམ་བུ་གླིང་འདིའི་སྟེང་གི་ལྟ་གྲུབ་ཡོད་པའི་ཆོས་ལུགས་ཡོངས་རྫོགས་དར་རྒྱས་གོང་འཕེལ་བྱུང་ན་སྙམ་པའི་སྨོན་ལམ་ཚུན་ཆད་རྒྱབ་བཞིན་པ་མ་གཏོག་བོན་པོར་ལྡང་བ་དེ་འདྲ་གང་ཡང་མིན་
བོན་པོས་པོའི་ཆོས་བྱས་ཏེ་དེ་ཉིད་དར་རྒྱས་གོང་འཕེལ་གྱི་ལས་ཀ་ག་རེ་བྱས་ན་ཡང་རྗེས་སུ་ཡིད་རངས་ཡོད་དེ་མིན་བོན་པོ་ཚོ་བྱ་བྱེད་མང་པ་དང་གང་བྱུང་བཤད་རྒྱུ་མང་དྲགས་ན་བོན་པོ་ནུབ་པའི་ཆ་རྐྱེན་དུ་འགྲོ་གི་རེད་
སྐྱབས་འགྲོ་ཞེས་པ་ཙམ་ནི་ཕྱི་ནང་གི་ཆོས་ལུགས་ཡོངས་རྫོགས་ལ་ཡོད་པ་རེད་འོན་ཀྱང་རང་རང་གི་སྐྱབས་འགྲོ་ཚུལ་དང་སྐྱབས་འགྲོའི་ཡུལ་ལ་གཅིག་དང་གཉིས་དང་གསུམ་བཞི་ལ་སོགས་པ་མི་འདྲ་བ་མང་པོ་ཡོད་པ་སོགས་ཁྱད་པར་ཤིན་ཏུ་ཆེན་པོ་ཡོད་རེད་
ནང་པའི་སྐྱབས་འགྲོའི་ཡུལ་དང་སྒྱབས་སུ་འགྲོ་ཚུལ་ནི་གོང་དུ་ཞུས་པ་དེ་རེད་དེས་ན་བོན་པོ་ནང་པ་རེད་འདུག་གམ་
ལུས་ལ་ངུར་སྨྲིག་རྒྱན་བཟང་གྱོན་བཞིན་དུ། །
རྒྱལ་བསྟན་བརྐུ་བཤུས་བྱེད་པའི་བོན་པོ་རྣམས། །
འཚོགས་འདུ་བརྒྱ་སྟོང་ཁྲི་འབུམ་འཚོགས་ན་ཡང་། །
ཕྱི་ནང་མི་མཚུངས་བྱི་སྟུག་དར་གཡོགས་འདྲ། །
བོན་པོ་མང་པོ་ཞིག་གིས་རང་ཉིད་ནང་པ་ཡིན་པ་སྒྲུབ་ཀྱི་འདུག འདི་དངོས་གནས་རད་ཉིད་ལ་ཡིད་ཆེས་མེད་པའི་རྟགས་ཤིག་རེད། དངོས་གནས་སོ་སོའི་ཆོས་ལ་བརྩི་བཀུར་བྱེད་ཀྱི་ཡོད་ན་ང་ཚོ་བོན་པོ་ཡིན་ནང་པ་མིན་ཞེས་ལབ་དགོས་པ་འདྲ་ཞིག་རེད། དཔེར་ན་ཡེ་ཤུ་བ་ཞིག་ལ་ཡེ་ཤུའི་ཆོས་ལུགས་འདི་ནང་ཆོས་རེད་ཟེར་ན་ཁོང་ཚོའི་ནམ་ཡང་ཁས་ལེན་གྱི་མ་རེད། ང་ཚོ་ཡེ་ཤུ་ཡིན་ནང་པ་མིན་ཟེར་ནས་ཨུ་ཚུག་རྒྱག་ངེས་རེད། དེ་ནི་རང་ཉིད་ཀྱི་ཆོས་ལ་བརྩི་མཐོང་ཆེན་པོ་བྱེད་ཀྱི་ཡོད་པས་རེད།
རེད་རེད་བོན་པོ་དེ་ཚོ་རང་གི་ཆོས་ལ་ཡིད་ཆེས་མེད་པའི་རྟགས་གསལ་པོ་བསྟན་གྱི་འདུག་
ཁོང་ཚོ་ནང་པ་ལ་ཞུགས་ན་ནང་པའི་བསྟན་པ་རྒྱ་ཆེ་རུ་འགྲོ་རྒྱུ་དང་བོན་པོའི་བསྟན་པ་ནུབ་འགྲོ་བ་རེད་
ད་དྲ་གྲོགས་ཁ་ཤས་ཤིག་ལ་དངོས་གནས་གོ་བ་མེད་པ་རི་བོང་གི་རྭ་བཞིན་སྣང་། དང་བོ་བོན་པོའི་གཞུང་ལུགས་ཁ་ཤས་ལ་གཟིགས་ནས་གཏམ་ཞིག་སྨོས་ན་ལེགས་པར་སྙམ། བོན་པོ་ཚོས་ནང་བ་མིན་བཞིན་དུ་ཡིན་པ་སྒྲུབ་ཀྱིན་མེད། ཡིན་པ་ཞིག་ཡིན་པར་སྒྲུབ་ཀྱིན་ཡོད། དེ་ནི་བོན་པོའི་ལམ་རིམ་ནང་དུ་གསལ་ཐག་ཆོོད་ཡོད་པ་རེད། ཡེར་མེ་བ་ཤེས་རབ་འོད་ཟེར་གྱིས་བརྩམས་པའི་ལམ་རིམ་སུམ་བརྒྱ་བ་དང་བཀའ་ལུང་རྒྱ་མཚོ་སོགས་ལ་གཟིགས་དང་ཤེས་ཡོང་། ལམ་རིམ་སུམ་བརྒྱ་བ་ནི་ལོ་ངོ་དགུ་བརྒྱ་གོང་དུ་བརྩམས་པའི་ལམ་རིམ་ཞིག་རེད། བཀའ་ལུང་རྒྱ་མཚོ་ནི་འཇའ་ལུས་པ་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་བརྩམས་པ་རེད། ཁ་གསལ་ཞིང་གོ་སླ་བ་ཡོད་པས་དེ་ལ་གཟིགས་རོགས་ཞུ།།
དྲི་བ་ཞིག་ཡོད། ལམ་རིམ་སུམ་བརྒྱ་བ་ནི་ལོ་ངོ་དགུ་བརྒྱ་གོང་དུ་བརྩམས་པའི་ལམ་རིམ་ཞིག་རེད། བཀའ་ལུང་རྒྱ་མཚོ་ནི་འཇའ་ལུས་པ་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་བརྩམས་པ་རེད། ཁ་གསལ་ཞིང་གོ་སླ་བ་ཡོད་པས་དེ་ལ་གཟིགས་རོགས་ཞུ།།
དེ་གཉིས་ལ་བལྟ་མྱོང་། དང་པོ་ཀརྨ་པ་དུས་གསུམ་མཁྱེན་པའི་སྔོན་འགྲོའི་ཐུན་དང་གཅིག་པ་ལས་གཞན་ཅི་མི་འདུག གཉིས་པ་འཇིགས་མེད་གླིང་པའི་ཡོན་ཏན་མཛོད་དང་ཡེ་ཤེས་བླ་མ་དཔེ་བཤུས་ལས་གཞན་དམིགས་བསལ་བ་གང་ཡང་མི་འདུག ཤར་རྫ་བཀྲ་ཤིས་ཀྱི་བཀའ་ལུང་རྒྱ་མཚོ་དེ་བན་ལ་བསྒྱུར་བའི་ཐབས་ངོ་མ་དང་། བོན་རང་རྐང་ཚུགས་མེད་པར་གསལ་བོ་བསྟན་འདུག དེ་མིན་མི་ལོ་ཁྲི་ཕྲག་སྔོན་ལ་ལམ་རིམ་མེད་པའི་བོན་ལུགས་ཤིག་ཡིན་ནམ།
ཨ་ཕྱི་ལགས། ཁྱོད་ལ་བློ་གཟུ་བོར་གནས་སྙམ་པའི་ཀུན་སློང་ཞིག་ཡས་ནས་མེད་པ་གསལ་བོ་ཡིན། ལམ་རིམ་སུམ་བརྒྱ་བ་དང་ཀརྨ་པའི་སྔོན་འགྲོ་ཐུན་དང་འདྲ་བོ་ཡོད་ན། ཀརྨས་དཔེ་བླངས་པ་མིན་འགྲོ། གང་ཡིན་ཟེར་ན་ཡེར་མེ་བ་ཅུང་ཟད་སྔ་བ་རེད། རྩོམ་པ་པོ་ཚང་མས་གཅིག་གིས་གཅིག་ལ་དཔེ་བྱས་པ་ཡོངས་གྲགས་རེད། རྙིང་མའི་བོན་པོའི་རྫོགས་ཆེན་དཔེ་བླངས་པ་ལྟ་བུ་རེད། ཡིན་ཡང་དེ་ལ་སྐྱོན་མི་འདུག་སྙམ། རྙིང་མ་བ་ཚོས་རྫོགས་ཆེན་ཡག་པོ་ཞིག་བསྒྱུར་ཡོད་ན་ཤིན་ཏུ་ནས་ལེགས་སོ།
འཇམ་མགོན་ཙོང་ཁ་བའི་སློབ་མ་ཇོ་ལྡན་བསོད་ནམས་རིན་ཆེན་གྱིས་རྙིང་མའི་རྫོགས་ཆེན་ཡང་དག་ཡིན་མིན་ཞུས་པས། རྗེ་ཙོང་ཁ་བས་རྫོགས་ཆེན་ཡང་དག་ཡིན་ཀྱང་སླད་ཞུགས་འདུག་ཅེས་གསུངས་པ་རེད། མཁས་པའི་དབང་བོ་གུང་ཐང་བསྟན་པའི་སྒྲོན་མེས་རྙིང་མའི་རྫོགས་ཆེན་ཞི་གནས་ལས་མ་འདས་ཚུལ་གསུངས་སོ། གལ་ཏེ་རྙིང་མའི་རྫོགས་ཆེན་ཞི་གནས་ལས་མ་འདས་ཚེ། རྙིང་མ་བ་ཚོར་ཐར་བའི་ལམ་མེད་པ་རེད།།
སྐད་འཕྲིན་ནང་མགོ་འཁོར་ཏེ་དུས་ཚོད་བརླགས་པ་དང་། དྲ་འབུ་ཕྱོགས་རིས་ཅན་ལ་རྩོད་པ་བརྒྱབས་ནས་དུས་ཚོད་ཁྲོག་བརླགས་གཏོང་བ་གཉིས་ལ་ཁྱད་པར་མེད་པ་ཤེས་པར་གྱིས། ཨ་ཕྱི་སོགས་ལ་ཁ་ཡ་བྱེད་པ་ནི་དུས་ཚོད་གྲོན་སྤྱད་རང་རེད།
ཨ་ཙི་མི་ངན་ཁྱོད་ཚོ་བོན་པོ་ནང་པ་ཡིན་ན་ཁྱོད་ཚོ་ལ་ག་རེ་གནོན་གྱིན་འདུག་ཁྱོད་ཚོ་གྲུབ་མཐའ་རིན་ཆེན་འཕྲེང་བ་ནང་ལ་ནང་པའི་མཚན་ཉིད་ག་རེ་བཞག་འདུག་དེ་ཡང་མཚན་མཚོན་ཁྱབ་པ་མ་ངེས་ཟེར་རྒྱུ་ཡིན་ནམ་ཡང་ན་ལྷན་པོ་རྒྱབ་ནས་རིགས་སུ་གནས་པ་ཆ་བཞག་སོགས་སྤྱར་ནས་ཁ་ཕོར་བདག་པོ་རྒྱག་གི་མིན་པས་ཧཧཧ ད་འདི་ཚོ་ཁྲེགས་འཛིན་རང་རེད་རྒྱུ་མཚན་ཐེབས་ཆག་སྔར་ནས་ནང་པ་ཡོད་བཞིན་དུ་མཁན་སློབ་ཆོས་གསུམ་ནས་རྒྱ་གར་ནས་ཤཀྱ་ཐུབ་པའི་ཆོས་གདན་འདྲེན་ཞུ་དགོས་ཡ་མི་འདུག་ཟེར་ན་བགད་མོ་སློང་ཡ་རེད་ང་རང་ཚོ་ཆོས་རྒྱུད་རྙིང་མ་ཡོད་བཞིན་དུ་ཆོས་རྒྱུད་གཞན་རྣམ་ག་རེ་བྱེད་ནས་གསར་གཏོད་གནང་བ་རེད་རྙིང་མ་ཆ་རྐྱེན་ག་རེ་མ་ཚང་བ་རེད་དངོས་གནས་བལྟ་བ་ཡིན་ན་རྙིང་མ་ལ་ཐེག་པ་རིམ་དགུ་བཤད་ཡ་ཡོད་རེད་གཞན་རྣམས་ལ་དེ་ལྟར་མེད་བ་ད་ག་རེ་བྱེད་ནས་གསར་དུ་སྲོག་གཏོད་པ་རེད། ད་དུང་སངས་རྒྱས་ག་རེ་སངས་རྒྱས་རང་ལྟ་མཆོག་འཛིན་དང་གཞན་ལ་སྐུར་འདེབས་ངན་སྨད་བྱས་ན་སངས་རྒྱས་སྒྲུབ་དགོས་རེད་ཧཧཧཧཧཧ
ཧ ཧ རང་རིག་གྲོ་རྩ་ལ།།། ཁྱོད་ཀྱིས་བོན་རྐུན་མ་ཁས་བླངས་ནས་་་་ཀརྨ་པ་དུས་མཁྱེན་ཡང་རྐུན་མ་ཡིན་པར་བཤད་པའི་དྲང་བདེན་ཡིན་སྙམ་ཡོད་དམ། མཛད་བྱང་གི་དུས་ཚོད་ཙམ་བློ་ལ་ངེས་མི་འདུག ད་དུང་་་་ཧ ཧ
ཨ་ཕྱི་ཟེར་བ་དཀྲུགས་འདྲེ་དེས་ཡང་དཀྲུགས་ཀྱིན་འདུག་ད་གང་དྲག ངའི་གོང་གི་མཆན་ལས་གནོན་གྱིན་གནོད་ཀྱིན་ལ་བཅོས།
མཆེད་གྲོགས་རྣམ་པ་ཚོས་གཟབ་དགོས། ཨ་ཕྱི་འདྲེ་མོ་དང་ལུང་རྟོགས་བོད་ཀྱི་བུ་པདྨ་ཟེར་བ་སོགས་རྙིང་མར་ཁས་འཆེ་བ་འདི་ཚོས་རྙིང་བོན་གཉིས་དབར་ལ་ཁྲག་དཀྲུག་དཀྲུག་བྱེད་ཀྱི་རེད་ད།
ད་ཡང་རྙིང་མ་བར་ཁས་འཆེ་བ་ཚོས་རང་གནོང་གིས་བོན་པོར་དམའ་འབེབས་བྱེད་རྒྱུ་མགོ་བརྩམས་ཡོང་གི་འདུག
གྲུབ་མཐའ་ཀུན་གྱི་སྙིང་པོའི་སྙིང་པོ་ཅན།།
མ་ལུས་གནད་ཀུན་རྫོགས་པས་རྫོགས་པ་ཆེ།།
ཚེ་གཅིག་བོན་སྐུ་འགྲུབ་པའི་ཟབ་མོའི་ལམ།།
རང་གྲོལ་གཡུང་དྲུང་བོན་ལ་རྟག་ཏུ་གུས།།
གང་དེའི་བོན་ཚུལ་ཟབ་རྒྱས་བཅུད་ཕྱུངས་བའི།།
ཡང་ཟབ་སྙིང་པོ་སྤང་བསྒྱུར་གྲོལ་གསུམ་གྱི།།
རང་གྲོལ་རྫོགས་པ་ཆེན་པོའི་ཉམས་ལེན་གནད།།
བླུན་རྨོངས་ཕྱོགས་རིས་ཅན་ལ་ཅི་ཆ་ཡོད།།
འོན་ཏེ་དམ་པའི་ཐུགས་ཀྱིས་རྗེས་བཟུང་ནས།།
ཡང་དག་རིཌ་པའི་འགྲོས་ཀྱིས་གཞལ་བའི་འབྲས།།
རིས་མེད་དད་པའི་སྣང་བ་བརྟན་པ་ཡི།།
མི་བུ་གསོན་པོ་ཞིག་གིས་ཡིད་ཆེས་རྙེད།།
མི་དགེ་བཅུ་སྤངས་དགེ་བཅུ་སྤྱོད་པ་ཡི།།
ཚངས་སྤྱོད་ལམ་གྱིས་ཐར་པར་གཞོལ་ནུས་ན།།
སྤང་བླང་མི་འཛོལ་བླང་དོར་བྱེད་པ་ཡི།།
གཡུང་དྲུང་བོན་ལ་ཐར་པ་ཅི་ལ་མེད།།
མ་དག་སྣང་བ་གདོས་བཅས་འཁྲུལ་སྣང་ཀུན།།
གསལ་སྣང་ལྷ་ཡི་རྒྱས་བཏབས་ཏིང་འཛིན་གྱི།།
བསྐྱེད་རྫོགས་ལམ་གྱིས་འབྲས་བུ་ཐོབ་ནུས་ན།།
གཡུང་དྲུང་བོན་ལ་དངོས་གྲུབ་ཅི་ལ་མེད།།
ཀ་དག་གཞི་ཡི་གནས་ལུགས་བོན་སྐུ་ཉིད།།
དཔེ་དོན་རྟགས་ཀྱིས་རང་ངོ་ཤེས་པའི་ངང་།།
རང་རིག་རྗེན་པ་འཆར་བའི་གྲོལ་ལམ་གྱིས།།
ཚེ་གཅིག་སངས་རྒྱས་བོན་ལ་ཅིའི་ཕྱིར་མེད།།
ཁ་བ་ཅན་དུ་དར་བའི་ཆོས་ལུགས་ཀུན། ས་དགེ་བཀའ་རྙིང་གཡུང་དྲུང་བོན་དང་བཅས། ལེགས་པར་བརྟགས་ན་བཙོ་མ་གསེར་དང་འདྲ། སེམས་ཅན་སངས་རྒྱ་གདམས་ངག་ཀུན་ལ་ཡོད། མ་སྒོམ་སངས་རྒྱའི་གདམས་ངག་ཀུན་ལ་མེད། དེས་ཕྱིར་གྲུབ་མཐའི་ཆགས་སྡང་སྤངས་ནས་ཀྱང་། གཞུང་ལུགས་ཀུན་ལ་ཚུལ་བཞིན་སློབ་གཉེར་བྱས། གཡེངས་པ་མེད་པར་ཉམས་ལེན་བརྩོན་པར་འཚལ། རང་བསྟན་འཛིན་ལ་དགེ་མཚན་ཆེ་མོད་ཀྱང་། ཆགས་ན་རང་གི་བསྟེན་པའི་ལྷ་ཡིན་ཀྱང་། ཐར་བའི་ལམ་ལ་བགྲོད་པའི་བཀག་རྡོ་ཡིན། ངན་སོང་གནས་སུ་སྐྱེ་བའི་རྒྱུ་རུ་འགྱུར། །
སངས་རྒྱས་པས་ལྟ་ན་སངས་རྒྱས་པ་ནང་པ་དང་དེ་མིན་བོན་པོ་དང་ཧིན་དུ་ཨིས་ལམ་སོགས་ཕྱི་པ་རེད།
བོན་པོས་ལྟ་ན་སངས་རྒྱས་པ་དང་ཧིན་དུ་ཁིར་ཤན་སོགས་ཕྱི་པ་རེད།
དེ་ཡིན་དུས་བོན་པོས་བོན་པོ་ནང་པ་ཡིན་ཟེར་བ་ཤིན་ཏུ་འཐད་ལ་ནང་པས་བོན་པོར་ཕྱི་པ་ཟེར་བའང་རིགས་པ་དང་མཐུན།
ལར་ཆོས་ལུགས་ཚང་མ་རང་ངོས་ནས་རང་ནང་པ་རེད། གཞན་ཕྱི་པ་རེད།
དེ་བཞིན་སྤོབས་པ་སོགས་ཀྱིས་བོན་པོ་ལ་བོན་དགོན་ཁག་ཏུ་ཤཀ་ཐུབ་ཀྱི་སྐུ་བརྙན་བཞེངས་དགོས་རབས་བཤད་པ་ནི་རྣ་བར་མི་འགྲོ་བའི་གཙན་གཏམ་རེད། དེ་འདྲ་བཞེངས་དགོས་ན་དབང་ཕྱུག་གི་ལིང་ཀ་དང་ཨི་ཤུའི་གྱང་ཤིང་སོགས་ཀྱང་བཞེངས་དགོས་པར་ཐལ་ལོ།།
བོན་པོ་ཚོ་སྟོན་པ་འདི་ཡིན་སྟོན་རྒྱུ་མེད་ཀྱང་ལྟ་གྲུབ་རི་ཙམ་ཡོད་པ་འདི་ལ་ཅི་དགར་ལོངས་སུ་སྤྱོད་པར་མཛོད་དོ།། ཅིའི་ཕྱིར་ན་ཆོས་དང་རང་གི་རང་དབང་ཡིན་པས་སོ།།
ཨ་རོ། ཁྭ་ཏས་མི་གཙང་ཟོས་པའི་དཔེ་ལྟར་བན་དེ་བམ་བོན་པོ་བམ་དགེ་བཤེས་ཆེན་ཕོ་ཆོས་འཁོར་ཉི་མ་འོད་ཟེར་སང་། དང་པོ་མཛུབ་མོ་རང་ཚུགས་ཨ། སངས་རྒྱས་ཤྰཀ་ཐུབ་ལ་ཁ་གཏོང་། མཁན་སློབ་ཆོས་གསུམ་ལ་སྐྱོན་དུ་འཛུགས། དགེ་ལུགས་ལ་བསྟན་དགྲ་དང་། འབྲི་གུང་འཇིག་རྟེན་གསུམ་མགོན་སོགས་ས་དགེ་བཀའ་རྙིང་སོགས་སྟོན་པ་གཅིག་གི་རྗེས་འཇུག་ཀུན་ལ་དགྲ་བཞིན་བལྟས་ནས་ག་ཚོད་བཤད་ཡོད་པར་དྲན་པར་མཛོད། དེས་ན་ངས་གཏམ་འགར་བདེན་པའི་ལམ་ནས་བཤད་ཡོད། དང་པོ་ནད་ཀྱི་སྣ་འདྲེན་པ། བར་དུ་ནད་དཀྲུག་མཁན། མཐར་ནད་ངན་ཁྱབ་སྤེལ་མཁན་ནི་བོན་པོ་བན་མིང་དུ་རྫུ་མཁན་བོན་པོའི་དགེ་བཤེས་ཆོས་འཁོར་ཉི་མ་འོད་ཟེར་ཁྱོད་ཡིན་པས་ཤེས་པར་གྱིས། ཨ་ཕྱི་ཆོས་སྒྲོན་ནས
རང་ཤར་རིག་གྲོལ་ལགས་ཀྱི་མཆན་༤༩ མངོན་པར་བསྟོད་དོ། སངས་རྒྱས་པའི་བཀའ་བསྟན་ནི་སེམས་ཅན་གྱིས་མཆོད་དུ་ཡིན་པ་ཚང་མས་ངོས་འཛ྄ིན་བྱེད་སྲིད་ དེར་བདག་གིར་བྱེད་པ་ནི་་ཆགས་སྡང་གིས་རང་རྒྱུས་སྲེགས་པ་ལས་འཕན་ཐོགས་ཅི་ཡོད་
དེ་ལས་རང་གིས་ཉམས་ལེན་གང་ཐུབ་དང་གཞན་སེམས་ཅན་མོས་པ་ཅན་རྣམས་ལ་ལམ་བསྟོན་བཟང་པོ་ཞིག་བྱས་ན་ རྒྱལ་བ་དགྱེས་པའི་ཕྱོགས་སུ་འགྲོ་ངེས།
ནོར་འདུག་མཆན་ 50 རེད་འདུག་
གང་ལྟར་བོན་བན་གང་ཡིན་རུང་སེམས་ཅན་ཞིག་སངས་རྒྱས་པའི་མཆེད་ལམ་མ་ནོར་བ་བསྟོན་མཁན་གཅིག་པ་རེད་འདུག་ དེ་རང་གཞན་ཀུན་ལ་དགོས་པ་ཞིག་རེད་ གལ་ཏེ་བོད་ཀྱི་ནང་ཆོས་རྣམས་ཁ་ཇེ་ཚོས་བཤུས་པ་ཡིན་རུང་དགའ་དགོས་སྙམས་ རྒྱུ་མཚན་ནི་ཁོང་ཚོར་ཕན་པས་སོ།
ད་དངོས་གནས་ལྟད་མོ་ཆེན་པོ་འདུག ཆོས་ལ་སློབ་གཉེར་བྱས་ཏེ་ཉམས་སུ་མ་བླངས་ན་ཤིང་སྡོང་སྐམ་པོ་ཞིག་དང་ཁྱད་ཅི་ཡོད། གང་ལྟར་བོན་ཆོས་གང་ཡིན་ཀྱང་སེམས་ཅན་གཅིག་གི་རྒྱུད་ལ་ཕན་ཐོགས་ན་དེ་གས་འཐུས། རང་ཉིད་ནང་བ་ཡིན་པར་རློམ་ནས་ཆགས་སྡང་དུག་གིས་བཟི་ན། དེའི་འབྲས་བུ་བཟང་བོ་ཞིག་མེད་པ་ཀུན་གྱིས་མཁྱེན་གསལ་རེད། བོན་ཆོས་ལ་བསྒྱུར་ཀྱང་རུང་། ཆོས་བོན་ལ་བསྒྱུར་ཀྱང་རུང་། གཙོ་བོ་རྒྱུད་ལས་ཉོན་གྱིས་འཆིང་བའི་སེམས་ཅན་རྣམས་ལ་ཕན་ཐོགས་པ་ནི་ཆོས་ལུགས་ཚང་མའི་དམིགས་ཡུལ་མཐར་ཐུག་ཏེ་རེད། བསྟན་འཛིན་གྱི་སྐྱེ་བུ་དམ་པ་ཞིག་ཡིན་ན་གྲུབ་མཐའི་ཆགས་སྡང་གིས་མ་གོས་པར་བསྟན་པ་འཛིན་དགོས་པ་ལས། རང་མཆོག་འཛིན་གྱི་ལྟ་བས་ཆོས་ལུགས་གཞན་ལ་སྨད་ན་དམ་པའི་་དྲི་མ་ཙམ་ཡང་མེད་པར་མ་ཟད་རང་ཉིད་ཐར་བའི་ལམ་ཞིག་ནམ་ཡང་རྙེད་མི་སྲིད། མི་དགེ་བཅུའི་ནང་ནས་ལོག་ལྟ་ནི་ཉེས་པ་ཆེ་ཤོས་ཏེ་རེད། རྒྱུ་མཚན་ནི་ལོག་ལྟ་ཅན་ལ་གཉེན་པོ་མེད་པས་སོ། མདོར་ན་ཆོས་ལུགས་གང་ཡིན་ཀྱང་སྨད་མི་རུང་། གལ་ཏེ་སྨད་ན་ཆོས་ལུགས་དེའི་སྐྱོན་དང་ཉེས་པ་ཐམས་ཅད་ངེས་པར་དུ་རྟོགས་དགོས། དེ་རྟོགས་པ་ལ་ཆོགས་ལུགས་དེ་ལེགས་པོ་ཞིག་སྦྱོང་དགོས་པ་ལས། གྱ་ཚོམ་གྱིས་སྨད་མི་རུང་ངོ། བཅོམས་ལྡན་འདས་ཀྱིས་ཀྱང་ཉེས་པ་ཐམས་ཅད་ཀྱི་ནང་ནས་ཆོས་སྤོང་གི་སྡིག་པ་ནི་ལྕི་ཤོས་སུ་གསུངས་སོ།།
ང་ལ་མཚོན་ན་བོན་པོ་ནང་པ་ཡིན་པར་ཡིད་ཆེས་བྱེད་ཀྱི་མེད་ཀྱང་། བོན་ཆོས་ནི་བོད་རང་གི་ཕ་ཆོས་ཡིན་པས་གུས་བཀུར་བྱེད་ཀྱི་ཡོད། སྔོན་མ་བན་བོན་བར་ལ་རྩོད་པ་བྱུང་དུས་དེ་འདྲ་མི་རུང་བ་དང་བན་བོན་མཐུན་ལམ་དགོས་པ་སོགས་ཀྱི་འབོད་སྐུལ་མང་པོ་ཞུ་མྱོང་། འོན་ཀྱང་བོན་པོ་ཡིན་ཟེར་མཁན་རེ་ཟུང་གིས་ཚོད་མེད་པར་བན་ཆོས་ལ་སྐུར་བདེབས་དང་། ལྷག་ཏུ་རྙིང་མའི་རྫོགས་ཆེན་ལ་ཟུར་ཟ་སོགས་བྱེད་ཀྱི་འདུག དེས་ན་བན་བོན་བར་ལ་འཁྲུག་རྐྱེན་སློང་མཁན་ངོ་མ་ནོ་བོན་པོའི་མི་རེ་ཟུང་ཡིན། འོན་ཀྱང་འདིར་ངས་བོན་པོ་ལ་སྐྱོན་བརྗོད་གང་ཡང་བྱས་མེད། ང་རང་གི་བསམ་ཚུལ་ཙམ་ཞིག་བརྗོད་པ་ཡིན། ང་ལྟ་བུ་ཡིན་ན་ང་ཚོ་ནང་པ་ཡིན་ཞེས་བཤད་པ་ལས་ཕྱི་པ་ཡིན་ཞེས་ནམ་ཡང་བཤད་འདོད་མེད། དེ་བཞིན་བོན་པོ་ཚོ་ཡིན་ཡང་སོ་སོའི་ཆོས་ལུགས་ལ་གདེང་སྤོབས་ཡོད་ན་ང་ཚོ་བོན་པོ་ཡིན་ཞེས་བཤད་པ་ལས་ནང་པ་ཡིན་ཞེས་བཤད་དགོས་དོན་མི་འདུག་སྙམ།
ཧ་ཧ་ཧ། བོན་པོ་དང་ནང་པ་གཉིས་གཞི་གཅིག་གི་སྟེང་དུ་མཐུན་ཐབས་མེད་པ་རེད་དམ། བོན་པོ་ཡིན་ན་ནང་པ་མ་ཡིན་པའི་ཁྱབ་པ་དང་། ནང་པ་ཡིན་ན་བོན་པོ་མ་ཡིན་པའི་ཁྱབ་པ་ཁས་ལེན་མཁན་གྱི་གྲུབ་མཐའ་ཉི་ཚེ་བ་འདི་སྤྱི་ཡོངས་ལ་བཙན་ཤེད་ཀྱིས་མི་འགེལ་རོགས།
བོན་གྱི་བསྟན་པའི་ནང་དོན་ལ་། ས྄ོྱིད་པ་འཆེ་མེད་འདུག། ལྟ་བའང་སྤྲོས་བྲལ་རེད་བཞག། ནྱས་ན་མིང་བན་བོན་ཅི་བཏགས་ནའང་། དོན་དུ་བོད་གངས་ཅན་གྱི་ཤེས་ཡོན་རིག་གཞུང་ཡིན་ཙང་བསྟན་པ་རྒྱས་པར་ཤོག། ང་རང་ཆོས་ལུགས་དགེ་ལྡན་པ་ཡིན་།
ལུང་རྟོགས་ལགས་གསུངས་པ་ལྟར། ང་ཡང་བན་བོན་གཉིས་ཐུངས་མཐུན་གནང་བར་དགའ་བསུ་ཡོད། རྒྱ་གར་ལ་ཆགས་བཞག་ནའང་ཁ་ཆེ་དང་ཧིན་དུ་ནང་དུ་བྱམས་སྙིང་རྗེ་སྟིང་ཉིད་སྐོར་དེ་ཙམ་བཤད་མེད་ལོ་ངོ་སྟོང་ཕྲག་མཉམ་མཐུན་གནས་པ་རེད། ང་རང་བན་བོན་གྱི་གཞུང་ལ་བྱམས་སྙིང་རྗེ་སྟོང་ཉོད་སྐོར་བསྟན་ཡོད་པསི་ཆོས་ཞིག་ཡིན་པས་ཕམ་ཚུན་ཐུགས་མཐུན་ངང་བཞུགས་པ་རེ་བ་ཡོད།
ཁྱབ་མ་ཁྱབ་ཟེར་ཡ་དེ་ཡིན་ན་བཟང་གི
ཨང་རྩིས་ཐོག་ནས་བཤད་ན་ཀླད་ཀོར་རེད།
རྒྱ་ནག་གི་གྲོལ་བཅིང་དམག་གིས་ལག་འབོམ་ལྟ་བུ་ཞིག་གཡུག་བཞག་མིན་འགྲོ་བསམ་སོང་དེ་རེད་མི་འདུག་ཡག་ག
རྡོ་རྗེ་ཕ་ལམ་གཏེར་ཁ་རྩོད་ན་བོད་ནང་དུ་འདུག་ཟེར།
གསེར་དང་ས་རིན་པོ་ཆེ་རྩོད་ཀྱིན་ཡིན་ན་དེང་སང་དཔལ་འབྱོར་ཀྱི་དུས་རབས་ལ་བརྩི་གིན་ཡོད་ཙང་། ཨ་རྒྱ་ཚོའི་རྩོད་བཞིན་པ་དེ་ཚོའི་གྲངས་རེད།
ཡང་མིའི་ཐོབ་ཐང་ཟེར་ཡ་དེ་ཚོ་རྩོད་ན་རྩོད་རན་ཡོད་པར་བརྩི་གནང་གིས་འདུག
བཀའ་འདྲི་ཞུ་བགྱིར།
རྡོ་རྗེ་ཕ་ལམ་ཟེར་ཡ་བན་བོན་དང་ཆོས་བརྒྱུད་ཁག་ལས་སུ་ལ་མང་པོ་ཡོད་ན་ང་རང་རྡོ་རྗེ་ཕ་ལམ་མང་བའི་ཆོས་ཆོས་བརྒྱུད་ལ་དད་མོས་ཞེ་དྲག་ཡོད།
http://www.tibettimes.net/news.php?showfooter=1&id=8090
ཁ་བྱང་འདི་བསྣན་ནས་གཟིགས་རོགས།
ནང་པའི་སྤུས་ཀ་ཇེ་ཞེན་དུ་འགྲོ་གི་འདུག་གསུངས་འདུག ལོས་བདེན་་་ནང་པར་ཁས་འཆེ་བ་འགའ་ཞིག་གིས་རང་ལྟ་མཆོག་འཛིན་དང་གཞན་ལྟར་སྡང་འཛིན་གྱིས་སྐད་ངན་ལུང་པ་གང་ཁ་བརྡའི་དྲ་བར་བཏབ་ཡོད། འདི་དག་ལ་དགོངས་ནས་གསུངས་པ་ཞིག་རེད་འདུག
གྲུབ་མཐའི་རྒྱལ་པོ་ཐེག་ཆེན་གཡུང་དྲུང་བོན་་་་གྱི་བོད་རང་ལུགས་ཀྱི་དད་པ་དང་ཡིད་ཆེས་སྲུང་སྐྱོབས་གི་རྨང་གཞི་བརྟན་པོ་སྲིད་པ་སྔ་རབས་ནས་བཞག་ཚར་ཡོད་པ་རེད། དེ་ལ་དེང་དུས་ཀྱི་མཁས་པ་ཚོས་དུས་རབས་བཅུ་བཞི་ཡན་ཆོད་ཀྱི་བོད་ཀྱི་ལྟ་བ་དང་གྲུབ་མཐའ་ཕལ་ཆེར་གཡུང་དྲུང་བོན་གྱི་ནང་དུ་བསྡུས་ནས་བཞག་ཡོད་རེད་ཅེས་ཀྱང་གླེང་། གང་ལྟར་གཡུང་དྲུང་བོན་ནི་བོད་རང་ལུགས་ཀྱི་བོན་བསྟན་ཟེར་ནའང་འདྲ། ནང་བསྟན་ཟེར་ནའང་འདྲ། བོད་མི་རིགས་ཀྱི་ངོ་སོ་ཡར་ལ་གཏོད་པའི་གྲུབ་མཐའ་ཞིག་རེད། བོད་རང་གི་མེས་པོ་གོང་མ་རྣམས་ཀྱི་དད་པ་དང་ཡིད་ཆེས་ཀྱི་ལམ་ལུགས་ལའང་གུས་བཀུར་དང་རིན་ཐང་ཚད་མེད་བཞག། རྗེས་སུ་བྱུང་བའི་ལྟ་བ་དང་གྲུབ་མཐའ་མི་འདྲ་བ་ཁག་ལའང་ཚུལ་མཐུན་བསམ་ཤེས་བྱས་པའི་བོན་ལུགས་ཚད་ལྡན་ཞིག་ཡིན་པ་འདི་ནས་ཡིད་ཆེས་བརྟན་པོ་ཡོད་ལགས། །
རྡོ་རྗེ་ཕ་ལམ་གྱི་ཁ་མདོག་ནི་སྔོན་པོ་ཡིན་ས་རེད། སེར་པོ་ཡིན་ས་མ་རེད། དེ་བྱས་དུས་ཆ་མཚུངས་མ་སོང་། མི་མགོ་སྐོར་གཏོང་དགོས་དུས་བཅོམ་ལྡན་འདས་ལ་ཚོན་མདོག་སྔོན་པོ་བྱུག་ནས་སངས་རྒྱང་སྨན་ལྷ་ཡིན་ནམ་ཅིག་ཡིན་ཟེར་ནས་སྟོན་ཡོང་གི་འདུག་བ། །
བན་བོན་གཉིས་ཀྱི་བར་རྩོད་ན་རྩོད་ཐག་ཆོད་རྒྱུ་ཅང་མེད། ཆོས་དང་བོན་ནི་ཕར་སྒྱུར་ཚུར་སྒྱུར་དང་། ཕར་རྐུ་ཚུར་རྐུན་རེད། ད་ཡོད་བན་བོན་གཉིས་ལ་ལྟ་སྒོམས་སྤྱོད་གསུམ་གྱི་རྣམ་བཞག་རྒྱས་པོ་དེ་དག་ཆོས་ལུགས་རང་རང་གི་ས་ནས་རྒྱས་པ་ཞིག་མ་རེད། རྐུ་སྒྱུར་བྱས་པས་རྒྱས་པ་རེད།
འབྲི་གུང་ཨ་ཕྱི་འདྲེ་མོ་འདི་ཐོན་ས་ཞིག་ནས་ང་ཚོ་བོན་པོ་ཚོ་ལ་རྔུལ་ནག་ཐོན་དགོས་པ་མ་བཟོས་བསམ་པ་ཞིག་མེད། སྔོན་ཡང་ཁྱེད་ཚོ་བཙན་པོ་ཚོས་འདི་ལྟར་བྱས་ནས་བོན་རྩ་མེད་ལ་བཏང་པ་རེད། ད་ཡང་ང་ཚོ་བོན་པོ་ལ་བན་དེ་ལྟ་བུའི་གཞུང་སྤུས་དག་པོ་ཞིག་མེད་ཀྱང་། བན་དེ་ལ་གང་ཡོད་པ་ཚང་མ་མིང་རེ་བརྗེས་ནས་ཅིག་ཡོད་པར་བྱས་ཡོད། ད་ཁྱོད་ཚོས་ཡང་བསྐྱར་ཐུབ་ཚོད་མ་གཏོང་རོགས། གཞུང་མང་པོ་བན་དེ་རྣམས་དང་འདྲ་བ་ཞིག་ཡོད་ཀྱང་ད་དུང་ང་ཚོས་གཞུང་དེ་དག་གི་སྟོན་པ་འདི་ཡིན་ཟེར་བའི་མཛུབ་མོ་འཛུགས་ས་ཞིག་རྙེད་མེད། འོན་ཀྱང་རྙེད་ཡོང་གི་རེད། སེམས་ཁྲལ་དགོས་ནི་མ་རེད། ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ།
གཤེན་བུ་མ་རེད། དྲྭ་འབུ་རེད། དྲྭ་འབུ་གཤེན་ལ་སྡང་མཁན་རེད། གཤེན་རབ་མི་བོའི་དཀའ་དྲིན་གྱིས་རང་ངོ་མི་ངོ་ཆོད་ལེ་རེད། གཤེན་རབ་བྱོན་པར་ཕྱིས་གྱུར་ན། ཐམས་ཅད་བོད་མིན་རོང་མིན་འགྱུར། སྐད་དང་རིག་གཞུང་ར་མ་ལུག། ལུས་དང་གྱོན་གོས་ཤིང་ཤུན་འདྲ། ལུས་པོ་བོད་ལ་སེམས་པ་རོང་། སྐྱབས་ཡུལ་རོང་རྒན་ཤིབ་ཏོ་བསྟེན། ད་དུང་ཞེ་བོ་འཇོན་མདོག་གླེང་། དགོན་པ་ཐམས་ཆད་རོང་ལྷས་བཀང་། རྒྱན་སྤྲོས་ཐམས་ཅད་རོང་པའི་ལུགས། འདོན་ལུགས་གྱེར་ལུགས་རོང་པའི་ལུགས། ཟ་ལུགས་འཐུང་ལུགས་རོང་པའི་ལུགས། རྒྱོ་ལུགས་གཏོང་ལུགས་རོང་པའི་ལུགས། ཁྱེད་ཚོར་ཡོད་པ་འདི་མོ་རེད། ད་དུང་བོད་ལུགས་སྐྱོབས་པར་གླེང་། ངོ་ཚ་མེད་པའི་དུམ་བུ་འགའ། །
ང་ཚོ་བོད་པའི་སྤྱི་ཚོགས་ཆུང་ངུ་འདིའི་ནང་ཆོས་རྒྱུད་མི་འདྲ་བ་ཁ་ཤས་ཡོད་པ་ལས་རང་རང་གི་རང་གི་གང་ལ་དད་པ་ཡོད་པའི་ཆོས་དེར་ཡིད་ཆེས་དང་གདེང་ཚོད་ཡོད་མེད་ཀྱི་ཁྱད་པར་མང་པོ་འདུག། དཔེར་ན་ཇོ་ནང་པ་འདི་ས་སྐྱ་པ་མང་པོ་ཞིག་གིས་ཇོ་ནང་པ་ས་སྐྱ་རེད་ཟེར་དུས་ཇོ་ནང་པའི་རང་ལུགས་འཛིན་པ་ཚོས་མཐའ་གཅིག་ཏུ་ངོ་རྒོལ་གྱི་ང་ཚོ་ས་སྐྱ་མིན་ང་ཚོ་ཆོས་རྒྱུད་ལྟ་གྲུབ་སོགས་གང་ག་ི་ཆ་ནས་རང་རྐང་ཚུགས་པའི་ཆོས་རྒྱུད་ཟུར་བ་ཞིག་ཡིན་ཅེས་འཐབ་རྩོད་ཡུན་རིང་བྱས་པའི་འབྲས་བུ་གང་མཚམས་ཐོན་བཞིན་པ་མིག་གི་མཐོང་རྒྱུ་ཡོད་པ་འདི་རེད་དེ་ནི་རང་གི་ཆོས་རྒྱུད་དེའི་ལྟ་གྲུབ་ལ་ཡིད་ཆེས་དང་གདེང་ཚོད་གཙང་མ་ཡོད་པའི་རྟགས་རེད།
ད་བོན་པོ་ལྟས་ངན་དེ་ཚོ་ནི་རང་གི་ཆོས་ཀྱི་ལྟ་གྲུབ་སོགས་ལ་རང་གི་གདེང་ཚོད་དང་ཡིད་ཆེས་གཙང་མ་ཞིག་མེད་ཡོང་དུས་ང་ཚོ་ནང་པ་ཡིན་ནང་པ་ཡིན་པའི་གྲུབ་བྱེད་ང་ཚོར་སྐྱབས་འགྲོ་ཡོད་ཟེར་བ་སོགས་དང་ང་ཚོ་ནང་པ་ཡིན་པ་ལ་རྒྱབ་སྐྱོར་དགོས་པ་སོགས་ཀྱི་འཐབ་རྩོད་བྱེད་བཞིན་པ་ནི་ཤིན་ཏུ་ཡ་ང་དགོས་པའི་སྤྱོད་ཚུལ་ཞིག་རེད།
སྤྱིར་སྐྱབས་འགྲོ་ཙམ་ནི་ཡི་ཤུ་སོགས་ཆོས་ལུགས་ཡོངས་རྫོགས་ལ་ཡོད་པ་ཞིག་རེད་འོན་ཀྱང་སྐྱབས་འགྲོའི་ཡུལ་ལ་རང་རང་གི་སྟོན་པ་སོགས་སྐྱབས་འགྲོའི་ཡུལ་ལ་མི་འདྲ་བ་དེའི་དབང་གི་ཆོས་ལུགས་མི་འདྲ་བ་སོ་སོ་བྱུང་བ་རེད། དེར་རྟེན་རང་རེ་གངས་ལྗོངས་ཀྱི་ས་དགེ་དཀའ་རྙིང་ཇོ་ནང་དང་བཅས་པ་ནི་ཆོས་རྒྱུད་མི་འདྲ་བ་ཙམ་མ་གཏོག་ཆོས་ལུགས་མི་འདྲ་བ་གང་ཡང་མ་རེད། བོན་པོ་ནི་ཆོས་ལུགས་ཐ་དད་པ་ཞིག་རེད། དཔེར་ན་ནང་པ་ཞེས་པ་ནི་མིང་ཞིག་རེད་མིང་དེ་གང་ལ་འཇུག་པའི་གཞི་ནི་སྐྱབས་སྟོན་པ་པོ་སངས་རྒྱས་ཤཀྱ་ཐུབ་པ་དང་སྐྱབས་དངོས་སྟོན་པ་དེས་གསུང་པའི་དམ་པའི་ཆོས་འགོག་ལམ་གཉིས་དང་སྐྱབས་སྒྲུབ་པའི་ཟླ་གྲོགས་འགོག་ལམ་གཉིས་རྒྱུད་ལ་ལྡན་པའི་འཕགས་པའི་གང་ཟག་རྣམས་དང་བཅས་དེ་གསུམ་དེར་སྙིང་ཐག་པ་ནས་རེ་ལྟོས་འཆའ་བའི་སེམས་པ་རྒྱུད་ལ་ལྡན་པའི་གང་ཟག་དེ་ནང་པ་ཞེས་པའི་མིང་གང་ལ་འཇུག་པའི་གཞི་དེ་རེད། ད་བོན་པོ་དེར་ཡོང་ས་ཨེ་འདུག། ཡང་བོན་པོ་དེ་ཚོས་འོ་ན་ཤཀྱ་ཐུབ་པ་རང་ཉིད་ནང་པ་མིན་ནམ་ཟེར་བ་སོགས་ལོག་རྟོག་ངན་པ་ལས་ངན་པའི་དབང་གིས་སྐྱེ་སྲིད་པ་རེད། དེ་ནི་རིགས་པ་རྣལ་དུ་མི་གནས་པའི་སྐད་ཆ་རང་རེད་སྐྱབས་འགྲོ་ཞེས་པ་ནི་འཇིག་པ་ཞིག་གིས་འཇིག་ནས་དེ་ལས་སྐྱོབས་པའི་ཆེད་དུ་གཞན་ལ་རེ་ལྟོས་འཆའ་བའི་སེམས་པ་ཞིག་ལ་ཟེར་བ་རེད། དེ་འདྲའི་སེམས་པ་ཞིག་ཤཀྱ་ཐུབ་པའི་རྒྱུད་ལ་ཡོད་མི་སྲིད་ཤཀྱ་ཐུབ་པ་ནི་འཇ྄ིག་པར་འགྱུར་བའི་གཞི་ཉོན་མོངས་བ་དང་ཤེས་བྱའི་སྒྲིབ་པ་སོགས་འཇིག་པ་ཐམས་ཅད་ལས་ཐར་ཟིན་པ་དང་ཤེས་བྱའི་གནས་མཐའ་དག་ལ་བློ་གྲོས་ཡོངས་སུ་རྒྱས་ཟིན་པ་ཞིག་རེད་དེས་ན་གཞན་ལ་རེ་བ་འཆའ་བའི་སེམས་པ་ཞིག་གང་ནས་ཡོང། ཤ་ཀྱ་ཐུབ་པ་ནི་ནང་པའི་སྐྱབས་སྟོན་པ་པོ་དངོས་ཡིན་པས་རང་གི་སྟོན་པར་རང་གི་ཡིད་ཆེས་གདེང་ཚོད་ཚད་ལྡན་ཞིག་ཡོད་ན་ཉ་མྱུང་མཉམ་སྲེས་མང་པོ་བྱས་མ་ཡོང་རོག་
གསལ་བཤད་ཞུ་འདོད་པ་ནི་རེབ་གོང་གི་སྔགས་མང་ཕུར་ཐོག་སྟོང་དང་དགུ་བརྒྱ་ཟེར་བ་དེ་བོན་པོ་དང་འབྲེལ་བ་སྤུ་རྩེ་ཙམ་ཡང་མེད་ཁོ་ཐག་ཡིན། སྔགས་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་གདན་ས་ཁྱུང་མགོན་མི་འགྱུར་རྡོ་རྗེ་གླིང་རེད། དེ་འདེབས་པ་པོ་དཔལ་ཆེན་ནམ་མཁའ་འཇིགས་མེད་འམ་ཨ་ལགས་ཁྱུང་དགོན་ཚང་རེད། བླ་མ་འདིའི་ཡར་སྔོན་ལ་ཕུར་ཐོགས་སྟོང་བྱས་བའི་ཐ་སྙད་ཙམ་ཡང་རེབ་གོང་བྱིངས་ལ་བྱུང་མེད་པ་ལོ་རྒྱུས་ཀྱིས་་གསལ་བར་བསྟན་ཡོད། རེབ་གོང་སྔགས་མང་སྤྱི་ཡོངས་ཀྱི་རྩ་བའི་བླ་མ་རླངས་རྒྱལ་པོ་བླ་མ་རིག་འཛིན་དཔལ་ལྡན་བཀྲ་ཤིས་འམ་ཨ་ལགས་རྒྱལ་བོ་ཞེས་བ་དེ་ཡིན། བོན་རྒྱ་ཚང་རེབ་གོང་སྔགས་མང་ལ་ལོ་རྒྱུས་ནང་དུ་འབྲེལ་འདྲིས་གང་ཡང་སུས་བཙལ་ཀྱང་མི་བརྙེད། དེ་ཙམ་ཡིན། གཞན་རང་ས་ན་འཇིགས་ལྟའི་བློ་གྲོས་གྱོང་པོའི་རང་ཤུགས་བཙན་གྱིས་ངོམས་པ་ནི་དེང་གི་ཤེས་རློམ་ཀུན་གྱི་གཤིས་ཀ་ངོ་མ་ལས་གཞན་མ་མཆིས་སོ།།
ཁྱེད་ཚོའི་ཤཱཀྱ་ཐུབ་པ་འདི་ནས་འཁྲུངས། འདི་ནས་སངས་རྒྱས། འདི་ནས་ཆོས་གསུངས། འདི་ནས་མྱ་ངན་ལས་འདས་ཟེར་བའི་ས་ཆ་སྟོན་རྒྱུ་ཡོད་པ་རེད། དེར་བརྟེན་ད་སྐབས་འཛམ་གླིང་གི་ནང་པ་རྣམས་ས་དེ་ཚོ་ལ་གནས་བསྐོར་སོགས་སུ་འགྲོ་གི་ཡོད་པ་རེད། ང་ཚོ་བོན་པོ་ལ་དེ་འདྲ་མང་པོ་སྟོན་རྒྱུ་མེད་ན་ཡང་གཤེན་རབ་བྱོན་མྱོང་བ་རེད་ཅེས་ང་ཚོའི་ཡིག་ཆ་མང་པོའི་ནང་ན་ཡོད། འོལ་མོ་ལུང་རིང་དུ་བྱོན་མྱོང་བ་རེད། འོལ་མོ་ལུང་རིང་ཟེར་བ་དེ་སྟག་གཟིག་གི་འོལ་མོ་ལུང་རིང་རེད། སྟག་གཟིག་ནོར་རྫོང་ཕབ་སའི་སྟག་གཟིག་དེ་རེད།
ད་ལྟ་བཅོམ་ལྡན་འདས་ཀྱི་གནས་ས་ཡིན་ཟེར་བ་འདི་ཚོ་ནི་ཐེག་དམན་དགེ་སློང་སེར་པོ་ཚོའི་བློ་ཡི་དབྱེ་བ་ལས་བྱུང་བསྡད་པ་དེ་འདྲ་རེད། བོད་ཀྱི་བན་དེ་ཐེག་ཆེན་དུ་ཁས་འཆེས་པ་ཚོས་བྱས་བཞག་པ་སྣ་གཅིག་ཀྱང་སྟོན་རྒྱུ་མེད། ཐེག་དམན་དགེ་སློང་སེར་པོས་རྗེས་རྒྱུག་བྱས་ནས་བསྡད་ཡོད་བ། རང་ཚུགས་ཟེར་བའི་སྐད་ཆ་དེ་ག་བར་ཕྱིན་སོང་ངམ། ཐ་ན་རང་རྟགས་སྟོན་བྱེད་ཀྱི་དར་ཆ་ཞིག་ཀྱང་སྟོན་རྒྱུ་མེད་བ། བོན་པོའི་མདུན་དུ་ངར་ངར་འདྲ་བྱས། དགེ་སློང་སེར་པོའི་མདུན་དུ་ཞུམ་ཞུམ་སྐྱག་པ་ཤོར་འགྲོ་མཁན་དེ་འདྲ་ཡིན་པ། །
སྐད་ཆ་དྲང་མོ་བཤད་ན། ང་ལ་བོན་ཞེན་མེད་པ་མིན་ཡང་ང་ཚོ་བོན་པོ་ཚོས་ཅིག་བྱེད་རྒྱུ་དེ་ཧ་ཅང་ཐལ་ཆེ་འགྲོ་གི་འདུག བོན་གཞུང་རྣམས་ནང་ཆོས་ནས་བརྐུས་བསྒྲིགས་བྱས་མ་བྱས་དང་། རྫོགས་ཆེན་རྙིང་མ་ནས་བརྐུས་པ་ཡིན་མིན། ཤཱཀྱ་ཐུབ་པ་གཤེན་རབ་ཀྱི་འཁོར་གྱི་ལྷ་ཞིག་ཡིན་མིན་སོགས་མུན་ནག་ནང་གི་ལས་ཀ་ཡིན་པས་ཁ་མ་ན་ན་བཤད་ཆོག་གི་རེད། འོན་ཀྱང་བོན་བརྒྱ་དགེ་ལེགས་རེབ་ཀོང་སྔགས་མང་གི་དབུ་བླ་མིན་བཞིན་དུ། ༼རེབ་ཀོང་སྔགས་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་དབུ་བླ། ལུང་དང་རྟོགས་པ་གཉིས་ཀྱིས་ཕྱུག་པ། བོན་བརྒྱ་བ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་༽ཟེར་བ་ལྟ་བུ་བྱས་ན་རང་མདོག་སྟོན་བྱེད་ལས་ཅི་ཡང་མི་འདུག ད་དུང་ངོ་ཚ་རྒྱུ་མེད་པར་གསར་འགྱུར་ལ་སྤེལ་གྱིན་ཡོད་པ་རེད། གསོན་གསོན་ན་ངོ་ལ་བལྟས་ནས་རྫུན་བཤད་རྒྱུ་ཨེ་ཡོད་ན། རྫུན་འདི་འདྲ་བཤད་ན་ལྕགས་སྒྲོ་བ་གང་གི་ནང་གི་ལྕགས་སྣེ་གཅིག་ཟེར་བ་ལྟར། བོན་པའི་བཀའ་འགྱུར་གཤེན་རབ་གསུངས་ཚུལ་བཤད་པ་སོགས་ཀྱང་ཡིད་བརྟན་མེད་པར་འགྱུར་རྒྱུ་རེད། དེར་བརྟེན་ཆགས་སྡང་ཅན་གྱི་ཧམ་ཤེད་བྱེད་འདོད་པ་ཁག་མེད་ཀྱང་། གཤེན་གྱི་བསྟན་པ་ལ་བསམ་ནས་ཕྱིས་སུ་སྐྱག་རྫུན་འདི་འདྲ་མ་སྤེལ་རོགས། ཐལ་ཚན་མུ་ཚུགས་སྨར་རོ༎
གཤེན་བུ་ཟེར་བ་ཀྱེ། གཤེན་རབ་འཁྲུངས་ས་གངས་ཏི་སིའི་དྲུང་རེད། མི་ཤེས་ཤེས་མདོག་མ་བྱེད། ཁང་པ་ཆེན་པོ་དང་མཁར་མཐོན་པོ་བརྩིག་མི་འདུག་ཟེར་ན་བདེན་དེ། ངེད་ལ་མི་དམངས་ངལ་རྩོལ་ལ་བསྐུལ་རྒྱུའི་ལུགས་སྲོལ་དེ་མེད། ལྷག་པར་དུ་ངེད་ཀྱི་སྔོན་བྱོན་མཁས་གྲུབ་རྣམས་ལ་་ཕྱིའི་ཁྲ་ཁྲ་ཟིང་ཟིང་ལ་གཙིགས་ཆེན་བྱེད་པའི་སྲོལ་ངན་དེ་འདྲ་མེད་སོང་བས་རེད། མལ་གོས་གནམ་དང་མལ་སྟན་ས་བྱས་ནས་བྱ་བྲལ་བའི་སྤྱོད་པ་བསྐྱངས་ནས་བསྡད་པ་རེད། ཅུང་ཙམ་ཡོད་པ་དེ་ཚོ་ཡང་བོད་རྒྱལ་ནང་དམེ་ལ་དགའ་བ་དང་བོད་བླ་ཕྱི་དགྲ་ལ་དགའ་བ་ཚོས་མེད་པར་བྱས་པ་རེད།
རླང་སྔགས་ལགས། སྔགས་པ་ཞེས་པ་ནི་ཨ་མདོ་སྤྱིའི་སྐད་གསང་སྔགས་ཉམས་སུ་ལེན་མཁན་ཚོའི་མིང་དུ་གྲགས། རེབ་ཀོང་སྐད་དུ་དཔོན་ཞེས་ཀྱང་འབོད། རེབ་ཀོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱ་ཟེར་བའི་ལུགས་འདི་ནི་རེབ་ཀོང་བོན་པོ་ཚོར་ཡོངས་གྲགས་རེད། ད་ལྟ་གསར་དུ་བཏགས་པ་ཞིག་གཏན་ནས་མིན། རེབ་ཀོང་རྙིང་མ་བ་ཚོར་ཡང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་མཚན་གནས་ཡོད་པ་ད་རེས་ཐེངས་དང་བོ་ཐོས་པ་ཡིན། ཁྱོད་རང་གི་བཤད་པ་ལྟར་བདེན་པ་ཡིན་ཚེ། ཕུར་ཐོགས་སྟོང་དང་དགུ་བརྒྱའི་མིང་ཅི་ལྟར་ཐོགས་པ་རེད། གསལ་བྱེད་བཤད་རོགས། རེབ་ཀོང་ནི་མདོ་སྨད་ཀྱི་ནང་ནས་བོན་པོའི་ལྟ་གྲུབ་མ་ཉམས་པར་གནས་པའི་རྫོང་མཐུག་ས་གཅིག་རེད། ཧ་གོ་སོང་ངམ། ངས་ནི་དྲང་བོར་སྨོས་པ་ཡིན།།
རྨུ་ཐག་རྫུན་མའི་བུ་རྒྱུད་ཀྱེ། མི་ཤེས་ཤེས་མདོག་ཁྱེད་རང་གིས་བྱེད་ཀྱིན་འདུག གངས་ཏི་སིའི་དྲུང་ནས་འཁྲུངས་པའི་གཤེན་རབ་དེ་འདྲེ་ཡི་གཤེན་རབ་འདྲ་ཡིན་འགྲོ། ང་ཚོ་སངས་རྒྱས་གཡུང་དྲུང་བོན་ཀྱི་སྟོན་པ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་ཆེན་པོ་མཆོག་ནི་སྟག་གཟིག་འོལ་མོ་ལུང་རིང་དུ་འཁྲུངས་པ་རེད། སྔོན་ང་ཚོ་ལ་ཕྱིའི་ཁྲ་ཁྲ་ཟིང་ཟིང་དེ་ཙམ་མེད་པ་བདེན། འོན་ཀྱང་དུས་ཀྱི་དབང་གི་རེད་བསམ་གྱི་ཡོད། དེང་སང་ནི་ཕྱིའི་ཁྲ་ཁྲ་ཟིང་ཟིང་ཡང་བྱེད་ཀྱིན་ཡོད་པས་རྫུན་མ་ལབ། ང་ཚོས་བན་དེ་ཚོ་ལ་བདེན་པ་གླེང་ན་ཆོག་གི་རེད། རེད་དེ་རྫུན་བཤད་མི་ཉན། དཔེར་པ་གོང་གི་བོན་རྒྱ་པ་ཕུར་ཐོག་སྟོང་དང་དགུ་བརྒྱའི་དབུ་བླ་ཟེར་བ་ལྟ་བུ། དེ་འདྲ་བཤད་ན་བདེན་པ་ཚོ་ཡང་རྫུན་མ་ཆགས་འགྲོ་གི་འདུག
རང་ཤར་རིག་གྲོལ་ཀྱེ། ངོ་ལྤགས་འཐུག་པོས་སྐྱག་རྫུན་དེ་འདྲ་མ་ལབ། ང་རེབ་ཀོང་གི་བོན་པོ་ཞིག་ཡིན། རེབ་ཀོང་ན་བོན་སྔགས་མང་བ་བདེན་དང་བདེན། རེད་དེ་སྔགས་མང་ཕུར་ཐོག་སྟོང་དང་དགུ་བརྒྱ་ཟེར་བའི་ཐ་སྙད་དེ་རེབ་ཀོང་མ་ཟད་བོད་ཡུལ་སྤྱི་ལ་ཡོངས་གྲགས་རེད། བོན་མང་ཕུར་ཐོག་སྟོང་དང་དགུ་བརྒྱ་ཟེར་བ་ཞིག་རེབ་ཀོང་གླིང་ན་མེད། རེབ་ཀོང་གི་བན་སྔགས་མ་དགོས་བོན་སྔགས་ཤིག་ལ་དྲིས་ཀྱང་བོན་མང་ཕུར་ཐོག་སྟོང་དང་དགུ་བརྒྱ་ཟེར་ན་དེ་གོ་མ་མྱོང་ཟེར་གྱི་རེད། ང་ཚོས་ག་རེ་ཡིན་ཡང་བན་དེ་ལས་ངོ་བཤུས་རྒྱག་རྒྱུ་མང་འགྲོ་གི་འདུག ད་ནི་ཐ་སྙད་འདི་ཙམ་ལ་ཡང་ངོ་བཤུས་རྒྱག་ཐབས་བྱེད་ཀྱི་འདུག ད་སྐུ་མཁྱེན་ཁྱོད་ཚོས་བོན་བསྟན་དྲི་མ་མེད་པ་འདི་སྤྲང་པོའི་ཕྱེ་ལྟར་ཁ་དོག་སྣ་ཚོགས་ཅན་དང་། བཤང་ཚོང་མའི་བུ་ལྟར་ཕ་འདི་ཡིན་མེད་པ་ཞིག་མ་བཟོ་རོགས།
ཨོ་ད་དུང་ཞིབ་བཤད་བྱེད་རྒྱུ་ཞིག་ལ། རེབ་ཀོང་ན་བོན་མང་ཟེར་བ་ཡོད་ནི་རེད། ངས་གོང་གི་མཆན་དེའི་ནང་དོན་བོན་མང་ཟེར་བ་ཞིག་མེད་ཀྱི་མེད། བོན་མང་ཕུར་ཐོག་སྟོང་དང་དགུ་བརྒྱ་ཟེར་བ་ཞིག་གཏན་ནས་མེད་ཟེར་གྱི་ཡོད། རེབ་ཀོང་སྔགས་མང་ཕུར་ཐོག་སྟོང་དང་དགུ་བརྒྱ་ཟེར་དུས་བན་སྔགས་མ་གཏོགས་བོན་སྔགས་ལ་རྩ་བ་ཉིད་ནས་གོ་གི་མ་རེད། ཐ་ན་རེབ་ཀོང་གི་བོན་པོ་ལོ་བརྒྱ་ཅན་ཞིག་ལ་དྲིས་ཀྱང་བོན་མང་ཕུར་ཐོག་སྟོང་དང་དགུ་བརྒྱ་ཟེར་བ་ཞིག་གོ་མ་མྱོང་ཟེར་གྱི་རེད། ད་ཨུ་ཚུགས་རྒྱག་འདོད་ཡོད་མེད་ཁྱོད་ཀྱིས་ཤེས།
གཤེན་བུ་ལགས། ཁྱོད་ཀྱིས་་མིང་ལོག་བེད་སྤྱོད་བཏངས་ནས་རང་ཉིད་བོན་པོ་ཞིག་ཡིན་ཁུལ་རྫུས་པ་དེ་མ་མཐོང་བ་མིན། ལས་རྒྱུ་འབྲས་ཁ་ལ་འཁྱེར་ནས་དོན་ལ་མི་གཙིས་མཁན་ཁྱོད་ལྟ་བུ་ལ་ལན་རྒྱགས་པ་ལས་བཏངས་སྙོམས་སུ་བཞག་ན་ལེགས་སྙམ་ནས་མ་བྲིས་པ་ཡིན། རང་ཉིད་ཅི་འདྲ་ཞིག་བོན་ལ་སྡང་ཡང་མིང་ལོག་བེད་སྤྱོད་བྱེད་པ་དེ་ཤིན་ཏུ་ནས་ཐ་ཆད་དོ།།
ད་བོན་པོ་ནང་འཁོར་ལ་གཤེད་མ་རང་གཤེད་དུ་བབས་འདུག་གདའ། གདོན་གཟུགས་བསྟན་པ་འདིས་ཁྲབ་རྒྱུ་མང་དྲག་ནས་རེད་ཀོ ། བལྟད་མོ་འདུག་ཡ། ཧ ཧ
ཨ་ཕྱི་ལགས། ངས་སྔོན་ནས་གཤེན་བུ་ཟེར་བ་དེ་ཨ་ཕྱི་ཡིན་འགྲོ་བསམ་བཞིན་ཡོད། ཁྱོད་འབྲི་གུང་ཚང་གི་ཁོངས་གཏོགས་ཤིག་ཡིན་ན་བོན་ལ་སྡང་བ་ཁེག་མེད། འབྲི་གུང་ཚང་སྔོན་ནས་བོན་ལ་ཕོག་ཐུག་གཅིག་ཤོར་ཡོད་པ་རེད། །
རང་ཤར་རིག་གྲོལ། གཏམ་དཔོན་པོས་བཤད་རྒྱུ་གཡོག་པོས་བཤད༎ ཁྱི་བདག་པོས་བཀག་རྒྱུ་མགྲོན་པོས་བཀག་ཟེར་བ་ལྟར་ངོ་ཚ་མེད་པའི་སྐད་ཆ་བཤད་མ་ཡོང་རོགས། ཁྱོད་ཀྱིས་ངས་མིང་ལོག་བེད་སྤྱོད་བཏངས་ནས་བོན་པོ་ཞིག་ཡིན་ཁུལ་རྫུས་པ་མ་མཐོང་བ་མིན་ཟེར་ལུགས་ལ་བལྟས་ན་ཁྱོད་ཀྱིས་མཐོང་མཐོང་ཀུན་འདི་འདྲ་ཞིག་ཡིན་ས་རེད། ཁྱོད་ཀྱིས་བཏང་སྙོམས་སུ་བཞག་ནས་ལན་མ་བརྒྱབ་པ་མ་རེད། ལན་རྒྱག་རྒྱུ་མེད་ནས་མ་བརྒྱབ་པ་རེད། རྫུན་བཤད་ན་སུས་བཤད་ཀྱང་འགྲིག་གི་མ་རེད་པ། ང་རེབ་ཀོང་གི་བོན་པོ་ཞིག་གིས་རེབ་ཀོང་ན་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱ་ཟེར་བ་ཞིག་མེད་ཅེས་བཤད་པ་བོན་པོ་ལ་སྡང་བས་མ་རེད། བོན་ཞེན་གྱི་དབང་གིས་ཁྱེད་ཚོ་བོན་མིང་རྫོད་མཁན་གྱི་བོན་པོ་ཤེས་མེད་ཚོ་ལ་རྫུན་བཤད་དུ་མ་བཅུག་པ་ཙམ་ཡིན། འབྲི་གུང་ཨ་ཕྱི་ཁྱོད་དགའ་རྒྱུ་སྔ་དྲགས་སོང་། ནང་འཛིང་ལ་བལྟ་དགོས་ན་ཐོག་མར་ཀར་མ་ནག་རིས་དང་ཀར་མ་དཀར་རིས་གཉིས་ཀྱི་ནང་འཛིངས་ལ་ལྟོས། ང་ཚོ་བོན་པོ་ཚོ་ཇི་ལྟར་སྡུག་ཀྱང་ཞབས་འདྲེན་དེ་འདྲ་ཞུ་གི་མ་རེད་ལོ། ང་ཚོས་ཐ་སྙད་ཅིག་ཡོད་མེད་གླེང་གི་ཡོད། དེ་མིན་རྡོ་རྗེ་གདན་ལ་སྨོན་ལམ་ཁག་གཉིས་ཇི་ལྟར་ཚོགས་དགོས་ལུགས་གླེང་གི་མེད་དོ༎
རང་ཤར་རིག་གྲོལ། རྫུན་བཤད་དུ་མ་བཅུག་ནས་རྫུན་རྐུབ་ཕུད་དུས་མི་སུ་ཡིན་རྩད་གཅོད་གཏོང་ཁུལ་བྱས་ན་དེ་ལས་རྒྱུ་ཟད་པའི་ཐ་མ་རེད། ང་ཨ་ཕྱི་འདྲེ་མོ་མ་རེད་ལ་ཨ་ཕྱི་འདྲེ་མོ་ང་མ་རེད། ཁ་བརྡས་ཀྱང་མི་གཅིག་གིས་མིང་གཉིས་བེད་སྤྱོད་གཏོང་རྒྱུ་སྔོན་ནས་འགོག་བཞིན་པ་རེད། ཁོང་ཚོས་vpཀྱི་ཐོག་ནས་དྲ་ལམ་གང་ཞིག་རྒྱལ་ཁབ་གང་དང་གྲོང་ཁྱེར་གང་ན་ཡོད་ཚུན་ཆད་ཤེས་ཀྱི་རེད། ད་ཡིན་པ་ཞིག་མིན་པར་བཤད། མིན་པ་ཞིག་ཡིན་པར་བཤད་བསྡད་ན་བོན་བསྟན་ལ་སྲི་ཞུ་སྒྲུབ་པ་རེད་དམ། ཁྱོད་ཀྱིས་བོན་བསྟན་ལ་སྲི་ཞུ་སྒྲུབ་ལུགས་དེ་འདྲ་ཡིན་པ་རེད་འདུག་ག
དམ་ཆོས་དགོངས་གཅིག་ལས། མུ་སྟེགས་བོན་གྱིས་བདེན་པ་མཐོང་སྐབས་མེད། །ཅེས་ཁ་མཚོན་བཅད་ཚར་ནི་རེད། རིག་འཛིན་ཆོས་གྲགས་ཀྱིས་དགོངས་གཅིག་འགྲེལ་བ་གཟིགས་དང་གདོན་གཟུགས་བསྟན་པས་ལོག་ལྟ་བསལ་བའི་ཕྱིར། ཞེས་སོགས་མང་ནི་རེད་ཀོ ཧ ཧ བོན་སྡུག་ནང་ར་མ་འཁོན་འཛིང་གྱིས་ལོ། །
བོན་གྱི་བསྟན་པ་ལ་ཡང། གཞི་སྣང་སྟོང་ཟུང་འཇུག ལམ་འཚེ་བ་མེད་པ། འབྲས་བུ་སྐུ་གཉིས་ཟུང་འཇུག་གསུང་རྒྱ་འདིག་གདའ། མིང་ལ་བོན་བཏགས་ཀྱང་རུང་། དོན་ལ་བན་དེ་ཆོས་དང་མཚུངས་པས་། དོན་མེད་རང་གཞན་ཐམས་ཅད་ཆོས་སྒོ་ལ་ཞུགས་ཆོས་སྤོང་ལས་ངན་དེ་མ་བསགས་ན་རེ་སྐུལ་ཞུ། ང་རང་ཚོ་སོ་སོའི་ཆོས་རྒྱུད་ལ་ཉམས་བསྒྲུབ་གནང་། གཞན་ཕྱོགས་ལ་དག་སྣང་སྦྱང་མ་ཐུབ་ནའང་ཆོས་སྤོང་གི་ལས་མ་བསགས་རོག། འབྲི་ཁུང་དགོངས་གཅིག་ཡིན་ན་འདྲ། ས་སྐྱའི་སྡོམ་གསུམ་ཡིན་ན་འདྲ། རྙིང་མའི་གསང་སྙིང་ཡིན་ན་འདྲ། དགེ་ལྡན་དྲང་ངེས་ཡིན་ནའང་འདྲ། ཇོ་ནང་པའི་རི་ཆོས། ཀམ་ཚང་ནང་བརྟགས་རྒྱུད་གསུམ་སོགས་ལ་མཇལ་མྱོང་ཙམ་ཡིན་པས་ཆང་མ་རྒྱལ་བའི་དགོངས་པ་མ་ནོར་བ་ཞིག་མངོན། མ་ཟད་སྣང་ཚུ་གནས་ཚུལ་གཙོར་འདོན་མཛད་ཚུལ་ལས་གཞན་ཅི་ཡང་མཡིན་པས། དེ་ལྟར་ནི་ཀླུ་ཐོགས་གཉིས་ཀྱང་དེ་ལས་མ་འདས་པས་མཐར་དོན་གཅུ་ལ་མཉམ་པར་བཞག་གོ།་ཚང་མས་ངོ་མ་ཅན་གྱི་གཟབ་ནན་ཕན་པ་མི་འདུག། དོན་མེད་ལ་ངོ་མ་ཤེས་ཀྱང་དུག་ལྔ་རྒྱུར་འགྲོ་བར་ཕན་པ་སྒོར་མོ་་གཅིག་མ་མཐོང་། མ་སོ་སི་བསྟན་པ་དེས་དམ་སེལ་ལས་རྒྱས་པའི་རྒྱུ་འགྲོ་རྒྱ་ག་ལ་ཡོང་།
སྔོན་མ་བན་དེ་ཟེར་བའི་སྨྱུག་མིང་འོག་ལ་ནང་ཆོས་ལ་སྡིག་སྨྲོས་བློ་ཡུལ་ལས་འདས་པ་བྱས་སོང་། ད་ནང་པ་ཚོས་བོན་པོའི་མི་བཀོལ་ནས་བོན་ལ་སྡུག་རབས་མང་པོ་ཤོད་བཞིན་འདུག འདི་ལ་ལས་རྒྱུ་འབྲས་འཁོར་བ་རེད་ཅེས་ནང་པ་ཚོས་བཤད་སྲིད། བོན་པོ་ཚོས་ཇི་ལྟར་གཟིགས་སམ།
ཏི་སི་ལགས། ཐོག་མར་བོད་ཡིག་ལེགས་པོ་སྦྱོང་དང་ལོ་རྒྱུས་བདེན་རྫུན་དང་། ལེགས་བཤད་ཀྱི་དགོངས་དོན་ཤེས། དེ་ནས་ཐོས་བསམ་སྒོམ་གསུམ་གྱིས་དང་གཟོད་བན་བོན་གྱི་ཁྱད་པར་ཤེས། དེ་མིན་མིང་ཙམ་བརྗོད་པ་ཕྱི་རོལ་པ་ལ་ཡང་ཡོད་པ་རེད། ང་ཚོས་ཆེན་པོ་གསུམ་མ་རེག་རྟོགས་པ་མཆོག ཅེས་པ་ཡིད་ལ་ཟུངས།
༼བོན་ཞེན་གྱི་དབང་གིས་ཁྱེད་ཚོ་བོན་མིང་རྫོད་མཁན་གྱི་བོན་པོ་ཤེས་མེད་ཚོ་ལ་རྫུན་བཤད་དུ་མ་བཅུག་པ་ཙམ་ཡིན། འབྲི་གུང་ཨ་ཕྱི་ཁྱོད་དགའ་རྒྱུ་སྔ་དྲགས་སོང་། ནང་འཛིང་ལ་བལྟ་དགོས་ན་ཐོག་མར་ཀར་མ་ནག་རིས་དང་ཀར་མ་དཀར་རིས་གཉིས་ཀྱི་ནང་འཛིངས་ལ་ལྟོས། ང་ཚོ་བོན་པོ་ཚོ་ཇི་ལྟར་སྡུག་ཀྱང་ཞབས་འདྲེན་དེ་འདྲ་ཞུ་གི་མ་རེད་ལོ། ང་ཚོས་ཐ་སྙད་ཅིག་ཡོད་མེད་གླེང་གི་ཡོད། དེ་མིན་རྡོ་རྗེ་གདན་ལ་སྨོན་ལམ་ཁག་གཉིས་ཇི་ལྟར་ཚོགས་དགོས་ལུགས་གླེང་གི་མེད་དོ༽
༼# 70 གཤེན་བུ་ Says:
༼September 11th, 2013 at 11:53 PM
ཁྱེད་ཚོའི་ཤཱཀྱ་ཐུབ་པ་འདི་ནས་འཁྲུངས། འདི་ནས་སངས་རྒྱས། འདི་ནས་ཆོས་གསུངས། འདི་ནས་མྱ་ངན་ལས་འདས་ཟེར་བའི་ས་ཆ་སྟོན་རྒྱུ་ཡོད་པ་རེད། དེར་བརྟེན་ད་སྐབས་འཛམ་གླིང་གི་ནང་པ་རྣམས་ས་དེ་ཚོ་ལ་གནས་བསྐོར་སོགས་སུ་འགྲོ་གི་ཡོད་པ་རེད། ང་ཚོ་བོན་པོ་ལ་དེ་འདྲ་མང་པོ་སྟོན་རྒྱུ་མེད་ན་ཡང་གཤེན་རབ་བྱོན་མྱོང་བ་རེད་ཅེས་ང་ཚོའི་ཡིག་ཆ་མང་པོའི་ནང་ན་ཡོད། འོལ་མོ་ལུང་རིང་དུ་བྱོན་མྱོང་བ་རེད། འོལ་མོ་ལུང་རིང་ཟེར་བ་དེ་སྟག་གཟིག་གི་འོལ་མོ་ལུང་རིང་རེད། སྟག་གཟིག་ནོར་རྫོང་ཕབ་སའི་སྟག་གཟིག་དེ་རེད།༽
ཆགས་སྡང་གི་སྤྱི་ཚོགས་ཁྲོད་དུ་གང་ཐུབ་ཀྱིས་སྐད་ཆ་བདེན་པ་རེ་བཤད་མཁན་ཡོད་པ་ནི་དགའ་འོས་བའི་དོན་བཟང་ཞིག་རེད་ལ། ཉན་ཡང་སེམས་འགུལ་ཐེབས་བྱེད་ཅིག་རེད། ང་ཚོས་ནང་ཁུལ་ལ་རྫུན་གཏམ་སྒྲིག་ན་ཕན་ལས་གནོད་དུ་ངེས་བས་ཡིན། ཡིན་ཡང་། འདིའི་ནང་དུ་མི་འདྲ་མིན་ཡོད་པས་རྫུན་གཏམ་ནམ་ཡང་འགོག་ཏུ་དཀའ་ཡང་། གཞན་གྱི་རྫུན་ཚིག་ལ་དག་ཐེར་བཏང་མཁན་གྱི་དྲང་བདེན་པ་ཀུན་ལ་མོས་གུས་བྱེད་ཀྱིན་ཡོད།
གཤེན་བུ་འདི་བདེན་པ་འདྲ་ཞིག་བཤད་སོང་། ཡིན་ན་ཡང་ཀརྨ་ནག་རིལ་ད་བོན་ལས་བན་མ་རེད་གདའ། ཁྱེད་ཚོས་ཞབས་འདྲེན་ལ་སྐྱབས་སུ་འགྲོ་ཚར་ཐལ་ལོ། ཨ་ཁ་ཁ། དེ་རིང་ཆོས་འཁོར་སང་གོ་རིག་མི་འདུག ཤི་སོང་བ་ཡིན་འདྲ། ཨོྃ་མ་ཎི་པདྨེ་ཧྰུཾ།
ཀློང་ཆུང་ནི་ཀློང་ཆུང་རང་རེད།
ཀློང་ཆུང་ཟེར་བ་ལས་་་་་བློ་ཆུང་ཅེས་བཏགས་ན་འོས་པ་འདུག བན་དེ་་་་་ཟེར་བ་་རྒྱ་གར་ཧིན་དྷུའི་ཡུལ་ནས་དར་བ་ལ་གོ་དགོས་པ་གང་ན་འདུག་གམ། བན་དེ་ཟེར་བའི་གོ་དོན་གང་ཡིན་ཚིག་མཛོད་ལ་ལྟོས། བཤད་མ་སྔ། ཐམས་ཅད་ཁྱོད་ཚོས་ཡིན་ཟེར་བ་ནི་ཧམ་པ་ཆེ་དྲགས་པ་རེད། ཨ་ཕྱི་ཟེར་བ་འདི་ནི་འདྲེ་མོ་གདོན་གྱིས་བརླམས་པ་ཞིག་རེད་དེ་ལ་ཡ་མ་བྱས་ན་ལེགས། ཁ་བརྡ་དྲ་བས་ཀྱང་འདྲེ་མོ་འདི་ཡིས་ཅི་བཤད་ཐམས་ཅད་གཏོང་རྐྱང་བྱེད་བཞིན་འདུག་འདི་ལ་དགོངས་པ་ཞིག་བཞེས་རྒྱུ་མེད་དམ། དང་པོ་ཆོས་རྒྱུད་བཞི་ལས་རང་གི་ཆོས་རྒྱུད་ལས་གཞན་ཐམས་ཅད་ནག་པོར་བལྟ་མཁན་དང། དེ་ལས་ཀྱང་རང་གི་ནང་ནས་ཀྱང་་་ནཁོ་རང་གི་ཕྱོགས་གཏོགས་རྣམས་ལ་ཆགས་པའི་མེ་འབར་ནས་རང་གི་ཆོས་རྒྱུད་གཅིག་པ་་་ཨོ་ཉི་སྤྲུལ་རྫུས་ལའང་མི་བཤད་དགུ་བཤད། དེ་ནས་བཀའ་རྒྱུད་པ་ཡིན་ཁུལ་དང། བཀའ་རྒྱུད་པའི་ནང་ནས་ཁོ་རང་འབྲི་གུང་པ་ཡིན་མདོག་གིས་ཀརྨ་ནག་རིལ་དཀར་རིལ་ཟེར་ནས་ཆགས་སྡང་གི་མེ་འབར། འདྲེ་མོ་འདི་ནི་འབའ་མོ་མངོན་སུམ་དུ་ཞུགས་པ་ཡིན་འདུག་པས་ཀུན་གྱིས་དོ་སྣང་བྱེད་དགོས། འདི་ཡི་ཁ་ལ་བལྟ་མི་ཉན། དང་པོ་་ཁྱོད་རང་རྙིང་མ་ཡིན་ན་རྙིང་མ་ནང་ཁུལ་ལ་མཐུན་པ་ཞིག་བྱོས། གཉིས་པ་བཀའ་རྒྱུད་ཡིན་ན་བཀའ་རྒྱུད་ནང་ཁུལ་མཐུན་པ་བྱོས། གསུམ་པ་ཆོས་རྒྱུད་བཞི་གང་རུང་ཡིན་ན་ཆོས་རྒྱུད་ནང་ཁུལ་མཐུན་པ་བྱོས། དེ་ནས་བོན་པོར་ཇུས་གཏོགས་བགྱིས། བོན་པོ་དེ་ལྟར་ནམ་ཡང་མིན།་་་སྟོན་པ་གཅིག་གི་རྗེས་འཇུག བླ་མ་གཅིག་གི་སློབ་མ། ལྟ་བ་གཅིག དམིགས་ཡུལ་གཅིག བུམ་པ་གཅིག་གི་འོག་ནས་དབང་ཞུས། བུམ་ཆུ་གཅིག་བཏུང་ནས་དམ་ཚིག་བསྲུང། ཁྱོད་ནང་བཞིན་ནང་འཁྲུགས་འདྲེ་སྲིན་འཚོགས་པ་དང་་་་་ར་དང་ར་འཚོགས་པ་ལྟ་བུ་ཞིག་གཏན་ནས་མི་། མིག་ཚ་་་འཕྲག་དོག་ན་སྡུག་རྒྱོང་གྱིས།
བན་དེ་བ་འམ་བོན་ཆོས་འཁོར་ཉི་མ་འོད་ཟེར་སང་ཤི་མེད་པར་དགའ་ཡོད། མུ་འདུད་དུ་ནང་ཆོས་ལ་སྨོད་ཨ་དང་། ལས་འབྲས་འཁོར་འདུག ནང་བསྟན་བཤིག་ན་ཀརྨ་པ་ཡིན་ནས་ཆེ་རྒྱུ་ཅི་ཡོད་ནི་མ་རེད། ནམ་རིལ་ད་བོན་པོ་ཏན་ཏན་ཆགས་སོང་། དེས་ན་ངས་ཐོག་མར་རྒྱལ་དབང་ཀརྨ་པ་ཟེར་དུས་དད་པ་འདྲ་ཞིག་ཡོད། དེར་མ་ཟད་སྐུ་གོང་མའི་ཞལ་ཆེམས་ལྟར་༧གོང་ས་རྒྱལ་བ་རིན་པོ་ཆེས་ངོས་འཛིན་གནང་བ་རེད་ཟེར་བ་ཞིག་གོ་སོང་བས་དད་པ་ལྷག་ཏུ་སྐྱེས་སོང་། འོན་ཀྱང་རྗེས་ནས་སྟོབས་དགའི་དེབ་དེ་བཀླགས་པས་ཞེན་པ་རྒྱུ་མའི་མཐིལ་ནས་ལོག་སོང་། ཇི་ལྟར་བྱས་ནས་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པའི་མིང་དེ་བཟོས་པ་ཡིན་མིན་ས་རིས་ཐང་གསལ་ཆགས་སོང་། དེར་བརྟེན་འཛམ་གླིང་འདིར་སྤྲུལ་རྫུན་ཟེར་རྒྱུ་ཡོད་ན་སྤྲུལ་རྫུན་ནང་གི་སྤྲུལ་རྫུན་ཟེར་བ་དེ་ཡིན་ས་རེད་བསམ་སོང་། དེར་མ་ཟད་བླ་མ་ཆུང་ཆུང་ཞིག་གི་སྤྲུལ་སྐུ་ཡིན་ན་རྫུན་མ་ཡིན་ན་ཡིན། བླ་ཆེན་དེ་འདྲ་ཞིག་ལ་སྤྲུལ་སྐུ་རྫུན་མ་བཟོ་དགོས་ན་ད་དངོས་གནས་བོད་སྤྱིའི་བསྟན་སྲིད་ཀྱི་མགོ་ལ་ཆུ་བླུགས་པ་མ་རེད་དམ།
སྐྱེས་ཙམ་ཉིད་ནས་འགྲོ་མགོན་བཀའ་བརྒྱུད་པ༎
དུམ་བུ་གཉིས་སུ་བཏང་བས་མ་ཆོག་པར༎
བྱང་ཆུབ་ཤིང་དྲུང་དགེ་སློང་སེར་བོ་ལ།།
སྐུ་འགྱེད་བཅད་ནས་དགེ་འདུན་དབྱེན་དཀྲུག་བསླང་༎
ཞལ་ཆེམ་ཡི་གེ་རྫུན་མ་རེད་འདུག་ཅེས༎
རྒྱ་གར་གཞུང་གིས་གསར་འགོད་གསར་བསྒྲགས་བྱས༎
བདུད་ཀྱིས་དངོས་སུ་བྱིན་གྱིས་བརླབས་སོང་ཞེས༎
བདུད་མོ་ཆོས་རྗེས་ཡིག་ཐོག་བདེན་དཔང་གནང་༎
འབུམ་དམག་གཅིག་ལས་ཐུ་བར་གྲགས་པ་ཡི༎
སྟོབ་དགའི་ཀུན་རྟོགས་རི་མོའི་སྡུག་ཡུས་ཀྱིས༎
རྡོ་རྗེ་གདན་དུ་སྔགས་པ་ཉམས་ཆུང་རྣམས༎
དབྱུག་པས་བརྡུང་ནས་ར་སྐོར་ཕྱི་ལ་ཕུད༎
འཁོར་གྱི་ལག་ནས་རྒྱ་ནག་ཁྲུན་ཏུའུ་ཡི༎
བདེ་སྲུང་དཔོན་པོའི་ཁ་པར་ཡང་ཡང་ཐོན༎
ནག་ཚོང་བརྒྱབ་ནས་རྒྱ་གར་དབུས་གཞུང་གིས༎
སྒོར་མོ་ས་ཡ་བརྒྱད་ཅུ་གཞུང་བཞེས་བཏང་༎
ཞྭ་མོའི་ཆེད་དུ་མཚུར་ཕུའི་དགོན་ནས་བྲོས༎
བཙན་བྱོལ་གཞུང་གིས་ཆབ་སྲིད་ལག་ཆ་བྱས༎
ལས་ཀ་གཞན་དག་གང་ཡང་མ་འཇོན་ནས༎
རྡོ་རྗེ་གདན་དུ་བསོད་སྙོམས་འཁྲབ་སྟོན་བཙུགས༎
ཅི་འདྲའི་སྔོན་མེད་སྤྲུལ་སྐུ་ཡ་མཚན་ཞིག།
ཅི་འདྲའི་སྔོན་མེད་སྤྲུལ་སྐུ་སྨོན་ལོག་ཞིག།
ཅི་འདྲའི་སྔོན་མེད་སྤྲུལ་སྐུ་བླུན་པོ་ཞིག།
ཅི་འདྲའི་སྔོན་མེད་སྤྲུལ་སྐུ་གཏུམ་པོ་ཞིག།
མཁས་པ་ཚོ་ལས་བླུན་པོ་གྲགས་པའི་རྗེས་སུ་རྒྱུགས་པ་དག་ལ་ཅི་ཆ།
ཁ་བརྡ་དྲ་བ་འདི་ཡང་གངས་ཅན་བོད་མི་ཡོངས་ཀྱི་བཟང་ངན་ལ་བསྟོད་སྨད་དང་བན་བོན་བདེན་བརྫུན། གངས་རའི་སྐྱིད་སྡུག་བཤད་སའི་དོ་ར་རེད། ཁྲེལ་མེད་བོན་པོས་རྩེད་ས་མ་རེད་ལོ།
ལོ་མང་སྔོན་ཨ་རིར་གནས་སྡོད་རྒྱ་མི་ཞིག་གིས། ཁོ་རང་རྒྱ་མི་ཞིག་ཡིན་པའི་ཆ་ནས་བོད་ལ་དགོངས་དག་ཞུ་བ་ཡིན། ངས་མི་རིགས་ཀྱིས་དབང་བསྒྱུར་བྱས་པའི་སྲིད་གཞུང་ལ་ང་རང་ཡང་ངོ་གནོང་གི་འདུག ང་བོད་པ་ཚོའི་མདུན་ལ་ངོ་གནོང་གི་འདུག གང་ཡིན་ཟེར་ན་རྒྱ་མི་རིགས་ཀྱིས་བོད་ལ་སྡུག་པོ་བཏང་སོང་ཞེས་བཤད་པས་བན་བོན་ཁྱད་མེད་ཀྱི་བོད་པ་ཚོས་དགའ་བསུ་བྱས་པ་རེད། དེ་དང་གཅིག་མཚུངས་རེད། ང་ཚོ་བོན་པོ་ཚོས་ཀྱང་ནང་པའི་ལོ་པཎ་རྣམས་ཀྱིས་ལོ་བརྒྱ་ཕྲག་མང་པོའི་རིང་དཀའ་ལས་བྱས་ནས་བསྒྱུར་བའི་བཀའ་བསྟན་ཕལ་ཆེར་ཞིག་ལ་ལག་པ་བསྲིང་བར་ནང་པ་ཚོར་དགོངས་དག་ཞུ་དགོས་པ་ཞིག་རེད། ཐ་ན་བོན་རྒྱ་དགེ་ལེགས་རེབ་ཀོང་ཕུར་སྟོང་དང་དགུ་བརྒྱའི་དབུ་བླ་ཡིན་པའི་གསར་འགྱུར་སྤེལ་བ་ལྟ་བུ་ངོ་ཚ་ཁྲེལ་མེད་ཀྱི་བྱ་བ་བྱེད་རྒྱུ་དངོས་གནས་ཡོད་མ་རེད། གང་ལྟར་སྐད་ཆ་ངོ་མ་བཤད་ན། བོན་པོ་ཚོས་ནང་པའི་གསུང་རབ་མང་པོ་བཤུ་འབྲི་བྱས་ནས་བདག་བཟུང་བྱས་པ་དེས་བོན་བསྟན་ལ་ཕན་ཐོག་ཡོད་དམ་གནོད་བསྐྱལ་ཡོད་ཟེར་ན་གནོད་བསྐྱལ་ཡོད་པ་ལས་ཕན་ཐོགས་མེད། གང་ཡིན་ཟེར་ན་གསུང་རབ་དེ་དག་གི་ཤུགས་རྐྱེན་གྱིས་ད་སྐབས་བོན་ལ་ཡོད་པ་ཚང་མ་བན་དེའི་ལྟ་གྲུབ་ལ་འགྱུར་ཚར་བ་རེད། བོན་བསྟན་ངོ་མ་རྒྱ་ནག་གི་མན་ཇུའི་མི་རིགས་ལྟར་ད་འཇའ་ལུས་སུ་དེངས་བཞིན་པ་རེད། ད་སྐབས་སྟོན་པ་གཤེན་རབ་ཕྱིར་བྱོན་པ་ཡིན་ན་ཁོང་གི་བསྟན་པ་ཁོང་རང་གིས་ངོ་མི་ཤེས་པ་ཞིག་བོན་པོ་ཚོ་རང་གིས་བྱས་ཟིན་པ་རེད། བོན་ཆོས་ངོ་མ་དེ་རྩ་མེད་ལ་གཏོང་མཁན་ཐོག་མར་ཁྲི་སྲོང་ལྡེ་བཙན་གྱི་རིག་གནས་གསར་བརྗེ་རེད། དེའི་རྗེས་ནས་བོན་པོ་ཚོ་རང་གིས་བཟོས་པ་རེད། ངའི་ཁང་བདག་ཚང་ལ་ཞི་མི་གཉིས་ཡོད། ཞི་མི་དེ་གཉིས་ཀ་ལོ་བཅུ་གཉིས་བཅུ་གཉིས་ཡིན་ཟེར། ཁོང་ཚང་གི་ནང་མི་དང་གཅིག་པ་ཆགས་ཡོད་པ་རེད། འོན་ཀྱང་བདུན་ཕྲག་འགའི་གོང་སེམས་བཟང་བྱེད་ཁུལ་ཀྱིས་ཞིམ་ཕྲུག་བདག་མེད་བཞི་ཤི་གྲབས་འདུག་ཅེས་ཁྱིམ་དུ་ཁྱེར་ཡོང་སོང་། དེར་བརྟེན་ཞི་མི་རྒན་པ་གཉིས་ཀྱི་ཉལ་ས་བཟའ་ཆས་ཚང་མ་འཕྲོག་ཅིང་སུན་པོ་ཚད་མེད་བཟོས་སྟབས་ཞི་མི་རྒན་པ་གཅིག་ཕྱི་ལོགས་སུ་མི་ཉལ་ཐབས་མེད་བྱུང་ནས་ད་ནངས་ཤི་འདུག ཁང་བདག་གིས་ཟེར་ན་ཞི་མི་དེས་ཁོ་རང་གི་ཁྱིམ་མི་ལ་གཞན་གྱིས་བདག་བཟུང་བྱས་པར་སེམས་ནས་ཕྱིར་དོན་སོང་བ་རེད་ཟེར། བོན་པོ་ཚོས་ཀྱང་འདི་འདྲ་བྱེད་ཀྱི་འདུག དཔལ་འབྱོར་དང་ཤེས་ཡོན་གཉིས་ཀ་ཡོད་མཁན་གྱི་བོན་པོ་རེ་ཡོད་ན་ནང་པའི་ཡིག་ཆ་ཚོ་བསྐྱར་པར་ཡང་པར་མི་བྱེད་པར་གཤེན་གྱི་གསུང་ངོ་མ་ཉུང་ཤས་དེ་བསྲེ་སླད་མེད་པ་ཞིག་སྐྱོང་རོགས།
ཨ་ཕྱི་འདྲེ་མོ་ལགས། ཁྱོད་ཚོའི་ཀརྨ་ནག་རིལ་དེ་སོལ་བ་འདྲ་མོ་རེད། གང་དུ་སོང་ཡང་གང་དུ་བསྡད་ཀྱང་ཟུར་གྱི་མི་རྣམས་ནག་པོ་བཟོ་བ་ལས་གཞན་ཡོད་མ་རེད། ང་ཚོ་བོན་ལ་མི་དགོས་ཁོ་ཐག་ཡིན། གངས་ཅན་བླ་མ་དང་ཀརྨ་ནག་རིལ་ད་དུང་དགེ་བཤེས་སྐལ་བཟང་འཆི་མེད་ཚེ་རིང་། བན་དེ་བ་ལ་བླ་མ་རྩ་ཆེན་མང་ནི་རེད། ཁྱོད་རང་ཚོས་བདག་པོ་ཡག་པོ་རྒྱག་ཤོག་དང་བོན་ལ་སྐྱབས་མགོན་སྨན་རི་ཚང་གི་ཞལ་ཡོད་བཞིན་ཀརྨ་ནག་རིལ་གྱི་རྐུབ་དགོས་ཀྱི་མི་འདུག
སྲིན་བུ་མིར་རྫུས་གཤེན་བུ་ལྟས་ངན་ཁྱོད།
བཀའ་བོན་དབར་ལ་མ་དཀྲུགས་ན་བཟང། ཨ་ཕྱི་འདྲེ་མོ་དང་གཤེན་བུ་གཉིས་མིང་གཅིག་མི་གཅིག་ཡིན་པར་ཤེས་བཞིན་ཡོད། ཁ་ནས་ཐོན་ཚད་ཆགས་སྡང་ཕྲག་དོག་ལས་མེད་མཁན་ཁྱོད་མ་གཏོགས་དྲ་རྒྱ་འདིར་མེད།
་་ཁ་བརྡ་ཚང་ལགས་ད་དགོངས་པ་ཆེ་ཙམ་བཞེས་དགོས་པར་མཐོང། མི་གཞིས་སམ་མི་གཤིས་ལ་དམའ་འབེབས་ལས་ཀྱང་འཐུ་བ་་་་ཆོས་ལུགས་དང་གྲུབ་མཐའ་ལ་དམའ་འབེབས་བྱེད་པ་འདིར་ཁྱེད་ཚོའི་རྩ་ཁྲིམས་དང་འགལ་མེད་དམ། འདི་ལྟར་བསམ་དུས་དོག་གཞི་ཇེ་ཆེ་ནས་ཇེ་ཆེར་འགྲོ་གི་འདུག ཁ་སྔོན་སྤོབས་མཐའི་རྩོམ་དེ་མྱུར་བར་བཀག་པ་བཞིན་དྲ་འབུ་འདི་ཚོའི་མཆན་སྐྱག་འདི་ཚོའང་འགོག་མི་དགོས་སམ།
ས་གསུམ་ན་འགྲན་པའི་ཟླ་དང་བྲལ་བ། རེབ་ཀོང་སྔགས་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་དབུ་བླ། ལུང་དང་རྟོགས་པ་གཉིས་ཀྱིས་ཕྱུག་པ། བོན་བརྒྱ་བ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་དུས་ཀུན་ཏུ་རྒྱལ་གྱུར་ཅིག། གཟི་བརྗིད་དང་དབུ་འཕང་མཐོ་བར་ཤོག། བོན་གསང་སྔགས་ཀྱི་བསྟན་པ་ཚུལ་བཞིན་དུ་རྒྱས་པར་ཤོག། བོན་སྔགས་དབལ་རོལ་འབུམ་གསུམ་གྱི་བསྟན་པ་མེ་ལྟར་འབར་བར་ཤོག སྤྱི་སྤུངས་བསྒྲགས་པ་བསྐོར་གསུམ་གྱི་བསྟན་པ་མཁའ་ལ་ཉི་མ་ཤར་བ་ལྟར་རྒྱས་པར་ཤོག། བོན་གཤེན་རིག་འཛིན་དང་མཁའ་འགྲོ་ཁྲི་འབུམ་མང་པོའི་དད་པའི་རྟེན་དང་སྐྱོབས་པའི་མགོན་དུ་ཇི་སྲིད་འཚོ་བའི་བར་དུ་བཞུགས་པར་མཛོད། །
གཤེན་བུ་མིང་ཅན་ཁག་ཡོད་མ་རེད། ཁོས་མིང་བརྗེས་ནས་གཤེན་བུར་གྱུར་བ་རེད། ཁོའི་དུག་གསུམ་ཚང་བའི་རྩོམ་ངན་དེ། མདང་དགོང་ཁ་བརྡ་ཚང་གིས་དེ་མ་ཐག་ཏུ་མར་བཏོན་སོང་། ཁོའི་རྩོམ་སྐྱག་གི་དམིགས་དོན་མ་གྲུབ་པ་རེད། ཁོ་ཁོང་ཁྲོ་མེ་ལྟར་འབར། ཞེ་སྡང་རླུང་ལྟར་འཚུབ། འདོད་ཆགས་ཆུ་ལྟར་འབྲུག་ནས་ཅི་བྱེད་འདི་བྱེད་མེད་པར་གྱུར་དུས། གཤེན་བུའི་མིང་ཅན་དུ་བརྫུས་ནས་ཆོས་ལུགས་ནང་ཁུལ་ཡར་དཀྲུགས་མར་དཀྲུགས་བྱ་རྒྱུའི་རྨི་ལམ་གསར་པ་བཏང་བ་རེད། མི་ཚང་མ་ཁྱོད་འདྲ་པོ་ལྐུགས་པ་ཡིན་གྱི་མ་རེད། སྔར་གྱི་བན་དེ་ཚང་གི་བྱེད་སྟངས་དེ་དེང་གི་དུས་སུ་འགྲོ་ཁག་པོ་རེད། ད་བསམ་རྒྱུ་དྲན་རྒྱུ་ཉུང་ན་ཡག་བར་སེམས། ཁྱོད་རང་ཐང་ཆད་རོགས་རེད། རང་ཉིད་ངལ་བའི་རྒྱུ་ལས་མ་འདས་སོ། །
འདྲེ་མོ་ཁ་བརྡ་ཙམ་ཡང་མི་ཤེས་པ།
ད་དུང་བན་དང་བོན་གྱི་ཕྱི་ནང་འབྱེད།
གཤེན་མིང་ཨ་ཕྲུག་ཁྱི་བཞིན་ཁྲིད་ན་ཡང་།
BONBOམཁས་པར་སྨུག་པར་ག་ལ་ནུས།
དེང་དུས་མི་ཡི་འགྲོ་སྟངས་མི་ཤེས་པས།
རྒྱལ་བ་ཀརྨར་དམོད་པ་ཁྱི་དང་འདྲ།
འདི་ཡང་ཁ་བརྡར་མི་འོས་མོད།
བོན་ལ་སྡང་བ་བྱེད་ན་ནི།
ནང་པ་མིན་པར་རིགས་པས་སོ།
ཉོན་མོངས་མི་འདུལ་བོན་སྡང་ཚུལ།
ནང་པར་རིགས་མིན་ནང་པས་འགྲུབ།
བན་སྡང་ནང་པར་ག་ལ་འགྱུར།
ཕྱི་ནང་འབྱེད་པ་ཁ་ཁུར་ནས།
ཆོས་སྨོད་བླ་མར་སྨོད་པ་པོ།
སྨོན་ལོག་ཨ་ཕྱི་དུག་གི་སྒྲོན།
ཁ་བརྡར་འཇུག་པས་འོས་བླུགས་ནས།
མི་ཡི་འགྲོ་ལུགས་མེད་པའི་སྒྲོན།
ཕྱིར་བཅོས་མེད་ན་འཕུད་པར་འོས།
སྐུ་ཞབས་ཨ་ཕྱི་མིང་ཅན་དངོས་གནས་ཆོ་མི་འདུག་ག འཚར་ལོངས་བྱུང་སྟངས་འདི་འདྲ་ཅིག་སྲིད་པ་ལགས་ཨང་།
སྨད་འོས་པའི་བོན་ཉི་དང་མི་གསོན་པོ། བོན་པོ། དམུ་ཐག དགེ་ལེགས་སོགས་ད་སྨྱོས་འདུག ཁྱོད་ཚོས་གྲུབ་མཐའ་རང་རྐང་མ་ཟིན་ནས་རེབ་ཀོང་སྔགས་མང་བཙོང་རུང་སྡུག་གྱོང་རེད་ཀོ རེབ་ཀོང་སྔགས་མང་དེ་ཚོས། ཤྰཀ་ཐུབ་པད་འབྱུང་གི་འོག་གདན་གནང་རབས་མེད། མཁན་སློབ་ཆོས་རྒྱལ་ལ་ཁ་ངན་གཏོང་མཁན་ཞིག་ཅི་ནས་མ་རེད། བན་དེ་བ་ཟེར་བའི་གཤིན་འདྲེ་ཁོག་ཞུགས་པོ་དྲན་པ་འཐོར་ནས་རྒྱ་ལ་ཁད་རེད་བཞག སྙིང་རྗེ། ལས་ངན་པོ། ད་ཡིན་ན་ད་སྔོན་ཡན་ཆོད་དུ་རོང་བབབ་ཟེར་ནས་སངས་རྒྱས་ཤྰཀྱ་ཐུབ་པ་དང་། རྒྱ་གར་འཕགས་ཡུལ་གྱི་ཕན་གྲུབ་བཅུ་བདུན་དང་རྒྱན་དྲུག་མཆོག་གཉིས། ནང་བསྟན་གྱི་མཁས་གྲུབ་ཚོ་གཞི་མེད་སྒྲོ་བཀུར་དེ་བཤགས་པ་བཤད་པའི་སྐབས་སུ་བབས་པ་ཡིན་པས་གོ་བར་གྱིས། ཁྱོད་ཤི་བ་ཡིན་པས། རང་སྣང་ཞི་ཁྲོའི་ལྷ་ཚོགས་ལ་མ་འཇིགས་པར་རྙིང་མའི་རྫོགས་ཆེན་རྐུས་པའི་སྙིང་དོན་ཚོ་བསམ་པར་གྱིས་ཤིག ལུང་རིགས་རྒྱུ་མཚན་བརྗོད་རྒྱུ་མེད་ནས་ཁ་བརྡ་དྲ་བར་ངན་སྨད་བྱང་ཀྱང་དྲན་ལན་ལོག་མཇལ་མ་རེད་དམ། བོན་རྣམས་རྫུན་དང་ཨ་བྲ་རྔ་མ་ཐུང་ཟེར་རྒྱུ་བོ་རེད། ངས་ཀར་ནག་གི་ལོ་རྒྱུས་དག་མ་བྲིས་ཡོད། རྐུན་ཇག་རྫུན་མ་ཁྱི་རྐུན་འོ་ཟོས་ཁ་ནས་མཐུན་ཟེར་བ་ཅི་མ་བདེན། སྨན་རིས་ཨ་ནེ་མགོས་ནག་རྐུབ་ཚ་བོ་བལྡགས་ཟིན་ནས་གཤིན་ཕྲུག་ཚོ་སྨྱོས་ཐལ། དོན་མེད་ང་རེད་གདའ་ངོ་མི་ཚ་ཁུ་ན་གནམ་ལ་མེ་འབར། ཧཧ ཧ ཧ
འདྲེ་མོ་ཁ་བརྡ་ཙམ་ཡང་མི་ཤེས་པ།
ད་དུང་བན་དང་བོན་གྱི་ཕྱི་ནང་འབྱེད།
གཤེན་མིང་ཨ་ཕྲུག་ཁྱི་བཞིན་ཁྲིད་ན་ཡང་།
BONBOམཁས་པར་སྨུག་པར་ག་ལ་ནུས།
དེང་དུས་མི་ཡི་འགྲོ་སྟངས་མི་ཤེས་པས།
རྒྱལ་བ་ཀརྨར་དམོད་པ་ཁྱི་དང་འདྲ།
འདི་ཡང་ཁ་བརྡར་མི་འོས་མོད།
བོན་ལ་སྡང་བ་བྱེད་ན་ནི།
ནང་པ་མིན་པར་རིགས་པས་སོ།
ཉོན་མོངས་མི་འདུལ་བོན་སྡང་ཚུལ།
ནང་པར་རིགས་མིན་ནང་པས་འགྲུབ།
བན་སྡང་ནང་པར་ག་ལ་འགྱུར།
ཕྱི་ནང་འབྱེད་པ་ཁ་ཁུར་ནས།
ཆོས་སྨོད་བླ་མར་སྨོད་པ་པོ།
སྨོན་ལོག་ཨ་ཕྱི་དུག་གི་སྒྲོན།
ཁ་བརྡར་འཇུག་པས་འོས་བླུགས་ནས།
མི་ཡི་འགྲོ་ལུགས་མེད་པའི་སྒྲོན།
ཕྱིར་བཅོས་མེད་ན་འཕུད་པར་འོས།
སྐུ་ཞབས་ཨ་ཕྱི་མིང་ཅན་དངོས་གནས་ཆོ་མི་འདུག་ག འཚར་ལོངས་བྱུང་སྟངས་འདི་འདྲ་ཅིག་སྲིད་པ་ལགས་ཨང་།
ནག་མོ་འདྲེ་མོ་སྲིན་མོ་འབའ་མོ་ཡི།
ཁ་ནས་ཆགས་སྡང་ཁྲག་གི་མཚོ་མོ་ལྷུད།
རང་སྐྱོན་ཤོར་བར་དྭོག་ནས་གནས་ཀུན་ཏུ།
བོན་དང་བོན་མིན་ཀུན་ལ་བསྐུར་བ་བཏབས།
སྐབས་རེར་རྙིང་མར་བརྫུས་ཏེ་པདྨར་བསྟོད།
སྐབས་རེར་འབྲི་གུང་བརྫུས་ཏེ་སྐྱོབས་པར་བསྟོད།
སྐབས་རེར་གཤེན་བུར་བརྫུས་ཏེ་བོན་ལ་སྨོད།
སྐབས་རེར་སྲིན་མོར་བརྫུས་ཏེ་ཀུན་ལ་སྨོད།
ཆགས་སྡང་ཕྲག་དོག་དུག་གི་མེ་ཆེན་སྟེང།
སྐྱི་འདངས་རྦ་རླབས་མཚོ་ཡི་ཆུ་ཆེན་ཕོབ།
དུག་གསུམ་སྲིན་རྫུས་རིམ་དགུའི་དོང་དུ་བྲུབ།
སྐལ་བ་སྟོང་དུ་མི་ལྡང་རྒྱ་གྲམ་རྡོར་རྗེས་མནན།
ངའི་མཆན་༡༧་པ་འདི་ལ། བོད་ཀྱི་བུས་་་སྤྱན་རིལ་གཉིས་གསལ་གསལ་བྱས་ནས་གཟིགས་རོགས། ༼ནང་པ་ཡིན་ན་ངེས་པར་དུ་ཤཱཀྱ་ཐུབ་པ་ལ་སྐྱབས་སུ་འགྲོ་དགོས་ན། ཤཱཀྱ་ཐུབ་པ་ཁོང་རང་ནང་པ་ཡིན་པ་གང་ཞིག། ཁོང་རང་གིས་ཁོང་རང་ལ་སྐྱབས་སུ་འགྲོ་ཚུལ་འཇོག་ཏུ་མེད་པའི་ཕྱིར། ཡོད་ན་སྣང་བར་འགྲོ་བ་ཞིག་ཁྱེར་ཡོང་རོགས་གནོངས།༽
ཆེས་བསྐུར་འོས་ཀྱི་ཁ་བརྡ་ཚང་གི་མཆན་བུ་བ་དག་ལ་ཆེད་ཞུ། སྐབས་འཚོལ་བ་དག་གིས་དམིགས་ཡུལ་ངོ་མ་ནི་སྤྱི་ཚོགས་དཀྲུགས་རྒྱུ་དང་ཆོལ་ཁ་དང་ཆོས་ལུགས་བར་དུ་འཐེན་ཁྱེར་གྱི་བྱ་གཞག་སྤེལ་རྒྱུ་དེ་རེད། དེ་དག་ལ་ཁ་ཡ་བྱས་ནས་རྩོད་པ་རྒྱག་རྒྱུ་ནི་ཁོང་ཅག་གིས་བྱ་ངན་བསྒྲུབ་པ་ལ་ཁོར་ཡུག་བསྐྲུན་པའི་རང་བཞིན་ལས་མ་འདས་པས་ཨ་ཕྱི་ཟེར་བའི་དྲ་འབུ་མིང་དུ་མ་ཅན་འདི་ལ་ཡ་རྩ་བ་ནས་མ་གནོངས་རོགས།
རྒྱུ་མཚན་མེད་བཞིན་དུ་རྒྱལ་བ་ཀརྨ་པ་ལ་གཤེར་བ་འདིས་ཁོ་རང་སྒྲིག་འཛུགས་གང་གིས་རྒྱུགས་ཁྱི་རུ་གྱུར་ཟིན་གསལ་སྟོན་བྱས་ཚར་འདུག ད་ཁོ་ལ་ཡ་བྱེད་དགོས་ཡ་མི་འདུག
ང་ནི་ཨ་ཕྱིས་སྤྱོད་པ་ཕྱིར་འཆོས་མི་བྱེད་ན་ཕྱིར་འཕུད་བྱེད་པར་དགའ་མོས་ཡོད་ལགས། མིའི་འགྲོ་སྟངས་མི་འདུག་པས་སོ།
སྤྱིར་ཆོས་བྱེད་པས་རང་རང་གི་ལྟ་གྲུབ་ལ་མཆོག་འཛིན་བྱས་ནའང་གཞན་གྱི་གྲུབ་མཐའ་ལ་རྨ་འབེབ་སུན་འབྱིན་གཏོང་བཞིན་པ་འདི་ནི་དུས་རབས་ཉེར་གཅིག་པའམ་ལྷག་པར་ཏུ་དེང་གི་བོད་པའི་སྤྱི་ཚོགས་ཀྱི་གནང་སྟངས་འདི་ལ་མཐུན་སྒྲིལ་གྱི་རྡོག་རྩ་གཅིག་ཏུ་འབབ་མི་ཐུབ་པའི་སྟོར་བཤིག་གཏོང་བྱེད་ཀྱི་སྟ་རེ་རང་རེད། དེ་ཕྱིར་དྲ་འབུ་ཨ་ཕྱི་ཆོས་སྒྲོན་དང་གཤེན་བུ་གཤེན་ཆུང་གོ་བོ་གཙོ་མཛད་པའི་བོན་སྡང་དྲ་འབུ་འགའ་ལ་ཆེད་དུ། ཁྱོད་ཚོས་བོན་ཆོས་ཤིག་ཤེས་མདོག་དང་མཁས་མདོག་ཁ་བོ་མ་སྟོན་ཅིག རྩྭ་མ་ཟོས་པར་ལྕི་བ་གཏོང་ཐུབ་ཀིན་མ་རེད། བོན་པོའི་གཞུང་ལུགས་ལ་མ་ལྟོས་པར་སྡོམ་ཚིག་འགོད་མཁན་དེ་ཚོ་རི་བོང་ཅལ་འདྲོག་རང་རེད། བོན་ཟབ་མོ་ལ་ཆོས་ཟད་མེད་ཞེས་པ་ལྟར་བཀའ་དང་བཀའ་བརྟེན་གྱི་གསུང་པོད་བྲག་རི་འདྲ་བ་ཞིག་བརྩིགས་ནས་ཡོད་པས་མིག་གིས་མཐོང་རྒྱུ་དང་ལག་པས་ཟིན་རྒྱུ་ཡོད་ནི་ཞིག་རེད། དེ་ཚོ་ཆོས་ཀྱི་ནང་ནས་ཅིག་ཅིག་ཅིག་བརྐུ་བཤུས་བྱས་པ་རེད་མུག་མུག་མུག་བརྐུ་བཤུས་བྱས་པ་རེད་ཞེས་པའི་འཆལ་གཏམ་དེ་ཚོ་ གཏམ་ཨ་ཕའི་བཤད་རྒྱུ་ཨ་མས་བཤད་་་་་ཁྱི་བདག་པོའི་འགོག་རྒྱུ་མགྲོན་པོས་བཀག་་ཞེས་པ་ལྟར་མ་རེད་པས་
ཡང་ཅིག་བཤད་ན་འདྲ་ན་དེང་སང་གི་རྩོམ་རྐུ་རྒྱབ་པ་བཞིན་ངེས་པར་དུ་ཕན་ཚུན་བརྐུ་བཤུས་རྒྱབ་དགོས་པའི་ངེས་པ་ཅང་ཨེ་ཡོད་ལ་
ཨ་ཕྱི་ཆོས་སྒྲོན་གྱི་སྟུ་རུལ་དྲི་འཚུབ་འཚུབ་དེ་ལ་རྡོ་རྗེ་ལྕགས་ཕུར་རྒྱག་མཁན་མ་རག་ནས་སྡུག་སྐད་ར་འབའ་འབའ་རེད། མོ་འཚིག་ནས་འཚིག་སྐད་འདི་ལྟར་ཤོར། བོན་པོས་དགེ་ལུགས་དགྲ་རུ་འཛིན་ཟེར། སྣང་བར་མི་འགྲོ་བའི་འཚིག་གཏམ་རང་རེད། དགེ་ལུགས་པ་ནི་བོན་པོའི་ཆོས་གྲོགས་ཡག་ཤོས་ཅིག་ཡིན། བློ་གུ་ཡངས། བགྲོ་གླེང་བྱེད་ས་ཡོད་པ། སྐད་ཆ་ཤོད་ས་ཡོད་པ། འཇང་དགུན་ཆོས་ལ་རྩོད་པ་རྒྱག་ས་ཡང་ཡོད་པ། རིགས་པ་སྤེལ་རེས་བྱེད་ས་ཡོད་པ། ཕར་འགྲོ་ཚུར་འོང་བྱེད་ས་ཡོད་ཡོད་པ། མང་ཇ་འཐུང་རེས་བྱེད་ས་ཡོད་པ། སྐུ་འགྱེད་མཉམ་ལེན་བྱེད་ས་ཡོད་པ། དགེ་ལུགས་པ་ནི་སེམས་གུ་ཡངས་ཤོས་དང་མཐུན་ལམ་ཡག་ཤོས་དེ་རེད་འདུག། སྔོན་མ་ག་རེ་ཡིན་ནའང་ཡིན་དུ་ཆུག། ངས་ད་ལྟའི་ཁ་ཡོད་ལག་ཡོད་ཤོད་ཀྱི་ཡོད། ལྟས་ངན་ཁྱེད་ཚོ་འདྲ་པོ་ཏོག་ཙམ་མ་བྱུང་ན་ལམ་སེང་མིག་དཀར་ལོག་དམར་ལོག་བལྟས་ཕུར་པ་རིང་ཐུང་མང་པོ་བཏོན་འདྲེ་འཆམ་རོང་འཆམ་བརྒྱབ་ཡོང་མཁན་དེ་འདྲ་རེད་མི་འདུག་གོ །
ཨ་ཕྱི་ཆོས་སྒྲོན་ལ་དྲ་འབུ་ཚང་མས་ཐན་རེ་གཡབ་ན་མ་གཏོག་ གཞན་འདིའི་ཁ་ཙུམ་ས་མ་རེད།
སྐུ་ཞབས་ཨ་ཕྱི་མིང་ཅན་དངོས་གནས་ཆོ་མི་འདུག་ག འཚར་ལོངས་བྱུང་སྟངས་འདི་འདྲ་ཅིག་སྲིད་པ་ལགས་ཨང་།
མི་གསོན་པོས་ཤི་བོས་སྐད་ཆ་བཤད། །
འདྲེ་གདོན་གཟུགས་འཚོགས་འདུ་ཡང་ཡང་འཚོགས། །
དོན་ངོ་མ་ལོག་ལམ་སོང་བ་རྣམས། །
བློ་གཟུར་གནས་ཉིན་མོའི་སྐར་མར་མཚུངས། །
བོད་བན་དེས་མིང་ཁུར་བན་ལ་སྨད། །
རྗེ་ཀརྨའི་མིང་འཛིན་ལས་འབྲས་བསད། །
ཆོས་ཕྱི་ནང་བོན་བན་ཁྱད་མེད་ཟེར། །
མ་ཨ་ཕྱི་ཆོས་སྒྲོན་འདྲེ་མོ་འབོད། །
ཡིད་ལྷ་འདྲེའི་རྩོད་ཕྱོགས་དེ་ཙམ་རེད།
http://www.youtube.com/watch?v=XSIEKG75laA
རང་རང་གི་ལག་གི་མཚོན་ས་ས་ལ་བཞག་ནས་གོང་གི་འདི་ཉམས་སུ་རོལ། ཐུགས་རྗེ་ཆེ།
རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེས་ཨ་ཕྱི་ཆོས་སྒྲོན་དམ་ལ་བཏག་རན་ཤག་
བན་དེ་མིང་ཅན་གྱིས་ནང་པར་སྨོད་པའི་ཚེ། བོན་པོ་གཞན་གྱིས་ཞལ་དེ་མཛུམ་ཙམ་ལས། ཡིན་མིན་གནས་ལུགས་བརྗོད་པ་ཧ་ལམ་མེད་པ་ལྟ་བུ་རེད། ཨ་ཕྱི་མིང་གིས་བོན་པོར་སྨོད་པའི་ཚེ། ནང་པ་ཕལ་ཆེར་ཡིད་ལ་བསུན་སྐྱེས་ནས། རང་རིགས་རང་གིས་སྟོར་བར་བསུན་བྱིན་བྱེད། མ་འོངས་བོན་པོ་སྲུང་བ་དང་དར་རྒྱས་གཏོང་དགོས་ནས། ཐོག་མ་བོན་པོ་ཚོ་ལ་འདུ་ཤེས་ལེགས་ཙམ་དགོས། དེ་ལྟར་ཡོང་བར་གཞན་ལ་གནོད་པ་སྤོངས་དགོས། བཟོད་དང་རྒྱུ་མཚན་རིགས་པའི་སྒོ་ཀུན་ནས། རང་གི་ཆོས་ཀྱི་ཆེ་བ་སྒྲོག་འགྱུར་ནས། བློ་གསར་ཕྱོགས་རྣམས་སྦྲང་མ་མེ་ཏོག་ལ། འཁོར་བ་བཞིན་དུ་བོན་གྱི་ཡོན་ཏན་ལེན་པར་བྱེད་སྙམ།
སྔོན་མ་བན་དེ་མིང་ཅན་གྱིས་ད་ལོ་ས་ག་ཟླ་བ་ཚེས་བཅོ་ལྔ་ལ། སངས་རྒྱས་མྱང་ངན་ལས་འདས་པའི་ཚུལ་བཞེས་པའི་དྲན་གསོའི་ཉིན་མོར། སྒོ་གསུམ་དུག་གིས་བཅིངས་ནས། སངས་རྒྱས་ལ་ཚིག་མཚོན་སྣ་ཚོགས་འདེབས་པ་དང་། སྒྲོ་སྐུར་གྱི་གཏམ་སྣ་ཚོགས་སྤེལ་བའི་སྐབས་ལ། ང་རང་དང་ངའི་རོགས་པ་ནང་པ་གཞན་རྣམས་ཀྱི་ཡིད་ལ་བློ་འགྱོད་དང་བློ་ཕམ་བྱུང་བའི་ཐོག། གུས་ཚོའི་ཤག་ལ་བོན་གྱི་བླ་མ་བསྟན་འཛིན་རྣམ་དག་ཁོང་༡༩༨༠ནང་ལ་རྒྱ་གར་ལྡི་ལི་གསར་པར་ཨ་རིའི་ནང་བསྟན་དཔེ་ཚོགས་ཕྱག་འདེབས་མཁན་ཇིན་༼འཇམ་དབྱངས་རྣམ་རྒྱལ།༽མཉམ་དུ་སྒྲོན་པའི་སྐུ་པར་ཞིག་ངེད་ཚོའི་གཙང་ཁང་ནང་ལ་བཞག་ཡོད་པ་དེ་མར་ཕབ་པ་ཡིན། རྒྱུ་མཚན་ནི་ང་ཚོས་ཉིན་ལྟར་མཆོད་འབུལ་གྱི་ཡུལ་ལ་བཞག་པའི་མི་ཞིག་གིས་རྗེས་བྲངས་ཀྱིས། སངས་རྒྱས་ལ་འདི་ལྟ་བུའི་སྐུར་འདེབས་བགྱིས་པ་དེས་ང་ཚོར་ཆོས་ལུགས་དེ་དང་དེའི་འགོ་པ་ཚོར་འདུ་ཤེས་གཞན་པ་ཞིག་སྤྲོད་པའི་ཕྱིར།
བན་དེ་བའི་ལས་ཀ་ཆུང་ཙག་གཅིག་གིས་ང་ཚོར་འདི་ལྟ་བུའི་ཚོར་བ་སྤྲོད་པས་ན། གཞན་ལ་ཚོར་བ་ཇི་ཡོད་ཤོད་མི་ཐུབ། དེར་རྟེན། རང་གི་ལས་ལ་རང་གིས་འགན་ཁུར་དགོས་པའི་དྲན་གསོ་གཏོང་བར་ཐལ་སོང་།
look here
https://www.facebook.com/photo.php?fbid=516808578413582&set=pcb.516808761746897&type=1&theater
BONPO བན་དེ་བ། དྲན་དཀར་དཔལ་ཡོན་ཁྱེད་ཚོ་ངོ་མ་སྙིང་རྗེ། ཁྱེད་ཚོ་ལ་བཙུར་རྒྱུ་དེ་ལས་མེད་ན་བོན་པོའི་མིང་ཁུར་ནས་བན་དེ་མཁས་པ་ཚོ་ལ་རྩོད་པ་བྱེད་དགོས་དོན་ཨེ་ཡོད། དེང་དང་བོན་པོ་དང་བན་དེ་གཉིས་བསྡུར་ན་ལྡབ་མང་པོའི་བན་དེ་མཁས་ཀྱི་རེད། རྩོད་མི་དོ་ས་ཞིག་ལ་རྩོད་ན་དེ་འདྲ་ལས་ཅི་ཡོད། ངས་གོང་ན་བཤད་པ་རྣམས་ང་ཚོ་བོན་པོ་རྣམས་ཀྱིས་རྒྱ་ནག་གཞུང་གིས་བཤད་བཤད་བྱས་ནས་ངོ་ལ་བལྟས་བལྟས་ལ་ཧམ་པ་མ་བཤད་ན་བསམ་པ་ཡིན། བོན་པོ་ཞིག་ཡིན་ན་མ་མཐའ་ཁྱི་ཁོག་དྲང་མོ་ཞིག་ཡོད་ན་ཆོག་པ་ལ། གཤེན་རབ་ཀྱི་ཞབས་འདྲེན་མ་ཞུ། བོན་པོའི་བརླ་མ་བཙོང་། ཁྱེད་ཚོ་ལ་བལྟས་ན་ང་མཁས་པ་ལི་ཤི་སྟག་རིང་གསོན་པོ་ཡིན་ཟེར་ན་ཆོག་གི་རེད། ངས་བན་དེ་མཁས་པ་ཚོ་ལ་རྩོད་དགོས་ཀྱང་རྩོད་ཐུབ་ཀྱི་རེད། རེད་དེ་ཡིན་ན་ཡང་བདེན་པ་ལ་མི་རྒོལ་བ་མཁས་པའི་དམ་ཚིག་དང་པོ་རེད། ཁྱེད་ཚོས་བསམ་བློ་ཐོངས་དང་། ང་ཚོ་བོན་པོ་རྣམས་ཀྱིས་བན་དེའི་གཞུང་ཡོད་ཚད་ནས་བརྐུས་བསྒྲིགས་མང་པོ་བྱས་པས་མ་ཟད། དེ་རིང་གི་ཉི་མ་འདི་ས་སྐྱབས་རྗེ་སྨན་རི་ཁྲི་འཛིན་མཆོག་གིས་མནབས་བཞིན་པའི་ནབ་བཟའ་ཡོངས་རྫོགས་ཀྱི་ནང་ནས་སྟོད་འགག་གི་མཐོང་ཤན་སྔོན་པོ་དེ་མ་གཏོགས་གཞན་གཟན་དང་ཤམ་ཐབས་ཆོས་གོས་སྣམ་སྦྱར་ཚང་མ་བན་དེའི་གྱོན་གོས་རེད་ད། ད་ང་ཚོས་བདེན་པ་རྒོལ་བ་ལས་གནས་ལུགས་ཁས་བླངས་ན་ཡག་གི་རེད།
གཤེན་བུའི་སྐད་ཆ་ལ་ཁས་ལེན་དང་རྩོད་གཞི་འདི་ཡིན་ཟེར་ནས་སྟོན་རྒྱུ་གཅིག་ཀྱང་མེད་པར་རང་སྣང་གང་ཤར་ཡ་ཀི་མ་ཀི་ཚང་མ་ནས་ཤོད་པའི་ཁུལ་བྱེད་ཀྱི་ཡོད་པ་རེད། གཞུང་ལུགས་དང་ལུང་རིགས་ཀྱི་འགྲོ་སྟངས་ཡོད་ན་གནད་དོན་རེ་རེ་བྱས་ནས་རིམ་བཞིན་ཞིབ་དཔྱོད་བྱེད་ཀྱིན་ཕྱིན་ན་འགྲོ་སྟངས་ཡོད་པ་རེད། དེ་འདྲ་ཡོད་མ་རེད་དང་པོ་ནས་སྐད་ངན་ལུང་པ་གང་བརྒྱབ་ནས་ཞེ་བོ་ཞིག་ཡོད་མདོག་མདོག་བྱས། དངོས་གནས་ཕར་ཡག་པོ་བྱས་ནས་བརྩིར་ན་ཁྱི་ཆུ་ལ་བརྒྱབ་པ་འདྲ་པོ་མར་མར་མར་ལ་འགྲོ་མཁན་དེ་འདྲ་རེད། །
རྐུ་མ་བརྒྱབ་པའི་རྒྱུ་ནོར་ལོངས་སྤྱོད་ཀྱིས་སངས་རྒྱས་ཐོབ་པར་ག་ལ་བྱེད་དེ་ཐར་པ་ཐོབ་པ་ལའང་འགེག་བྱེད་པ་རེད། ཅིས་ན་ཀུན་སློང་མ་དག་པའི་རྐྱེན་བྱས་ནས་མི་དབང་ནོར་ལ་རང་གི་ཡིན་པར་སློམ་པའི་ང་རྒྱལ་གྱིས་རང་རྒྱུད་བཅིང་བས་སོ། ཚེ་འདི་དང་ཕྱི་མ་གང་ལའང་དོན་དམ་པའི་ཕན་ཐོག་ཡོད་མ་རེད། འདི་ཚོ་དང་པོ་ཤེས་དགོས་པ་རེད་ད། །
བོན་གྱི་བླ་མ་ཚད་ལྡན་ཚོས་དམ་ཚིག་ཚུལ་བཞིན་དུ་བསྲུང་དགོས་ཀྱི་ཡོད་པ་རེད། སེམས་ཕྱོགས་ཀྱི་བོན་ལ་ཡེ་སྲུང་ཆེན་པོའི་དམ་ཞིག་དང་། གསང་སྔགས་ཀྱི་བོན་ལ་ས་མ་ཡ་འབུམ་སྡེའི་དམ་ཚིག། མདོ་ཕྱོགས་ཀྱི་བོན་ལ་འདུལ་ཁྲིམས་མིག་གི་འབྲས་ལྟར་སྲུང་དགོས་ཀྱི་ཡོད་པ་རེད། དེ་འདྲ་ཁྱེད་ཚོ་འདྲ་པོ་རང་སྣང་གང་ཤར་བྱེད་ས་ཡོད་མ་རེད་དོ། རྐུ་མ་རྒྱག་ཆོག་ཆོག་དང་རྫུན་ཤོད་ཆོག་ཆོག་དེ་འདྲ་ག་བ་ཡོད། གལ་སྲིད་དམ་ཚིག་ལ་མ་གནས་ན་འབྲས་བུ་སྨིན་རྒྱུ་མེད་པ་དེ་རྒྱུད་གྲོལ་རྟོགས་བརྙེས་པའི་བོན་པོ་་ཚོས་ལོས་ཤེས། ཁྱི་རྒན་ཁྱེད་ཚོ་འདྲ་པོ་མ་རེད་དོ། །
བོན་གྱི་རྫོགས་ཆེན། བོན་གྱི་གསང་སྔགས། བོན་གྱི་ཁམས་ཆེན། བོན་གྱི་སྨན་འབུམ། བོན་གྱི་མོ་རྒྱག་རྒྱུ། བོན་གྱི་གཏོ་བཅའ་རྒྱུ། བོན་གྱི་རྔ་རོལ་འབུད་གསུམ། བོན་གྱི་ཚོགས་དང་གཏོར་མ། བོན་གྱི་ཡུལ་ས་གཞི་བདག། བོན་གྱི་བརྟན་མ་བཅུ་གཉིས། བོན་གྱི་མགུར་ལྷ་བཅུ་གསུམ། བོན་གྱི་སྐད་ཡིག། བོན་གྱི་རིག་གཞུང་། ཐ་ན་བོན་གྱི་སྐྱག་པ་གཏོང་སྟངས་དང་བཅས་པ་ཁྱེད་ཚོས་བརྐུས་ཡོད་པ་རེད། མེད་ན་མེད་ལོབ་དང་རྐུན་རྒན་ཧམ་ཆེན་ཚོ། འཛམ་གླིང་འདིའི་ཚན་རིག་པ་ཡོངས་རྫོགས་ཁྲིད་ཡོང་ནས་གདོང་པ་སྤྲེལ་རྐུབ་འདྲ་པོ་བཟོ་དགོས་ཀྱི་འདུག་གམ། །
ཨ་ཕྱི་རྒན་མོ་ལགས། གནས་ལུགས་དང་གནས་ལུགས་ཀྱི་བར་ནས་སོ་སོ་ལ་ཕམ་ཁ་ཡང་ཡོད་ངེས། དེ་དུས་ཁྱེད་ཀྱིས་བཤད་པའི་རྒན་མོ་དེས་ཀྱང་ཀུ་ཡངས་མེད་ཐག་ཆོད་ཡིན། ཕ་ཡུལ་གཅིག་པའི་གྲོགས་སེམས་འཁུར་ཡིན།
བསམ་ཤེས་ཟེར་བ་འདི་ཁོ་དེ་འདྲ་བསྒྱུར་བསླ་པོ་ཅི་རེད། མི་ཞིག་གིས་བན་དེ་ཚང་ལ་བསྟོད་པ་ཏོག་ཙམ་བྱས་ན་ལམ་སེང་སྐུ་དཔར་ཡར་བཞག། མི་ཞིག་གིས་བན་དེ་ཚང་ལ་ཟུར་བཟའ་ཏོག་ཙམ་བྱས་ན་ལམ་སེང་སྐུ་དཔར་མར་ཕབ། ཉིན་མ་དེ་རིང་བར་སྐུ་དཔར་ཡར་ཕབ་མར་ཕབ་ག་ཚོད་བྱས་ཡོད་དམ། ཁྱོད་ཆོས་ར་གྲུ་བཞིའི་་ནང་ལ་འགྲོ་མ་མྱོང་བའི་མི་ཞིག་ཡིན་པ་ཐག་ཆོད། རྩོད་པ་ཏོག་ཙམ་བྱུང་བ་ཙམ་གྱིས་ང་རྒྱལ་ལངས་ནས་དུག་སྦྲུལ་འདྲ་པོ་ཆགས་མ་འགྲོ་ཨ། ཁྱོད་ཁྱི་ཐོད་གོག་དེའི་སྒང་ལ་ཀི་ཧ་ལ་ལ་ཟེར་ནས་ལག་པ་བརྡབ་ཡོང་དུས། ལན་རྒྱག་ཐུབ་དགོས་པ་རེད་ད། དེ་དུས་སྐུ་དཔར་མར་ཕབ་པ་ཙམ་གྱིས་གོ་ཆོད་མི་ཡོང་། མི་ཚང་མ་གད་མོ་ལུང་པ་གང་ཤོར་ནས་ངོ་ཚ་པོ་བཟོས་ཡོང་ད། །
BONPO ཟེར་བའི་མྱི་གཟུགས་ལུག་གི་ཀླད་པ་ཅན་ཁྱོད་བོན་ལ་ཇི་ལྟར་སྡང་ཡང་བོན་མིང་བཀོལ་ནས་ཆེད་དུ་བླུན་གཏམ་མ་བཤད་རོགས། ངས་གོང་དུ་བོན་པོའི་ངོས་ནས་མ་འགྲིག་པ་ཚང་མ་རེ་རེ་བྱས་ནས་བཤད་ཡོད། རེད་དེ་ཁྱོད་ལ་དེ་ཚོ་ཉན་རྒྱུའི་ཤེས་ཡོན་ཙམ་ཡང་མེད་པ་རེད། ཁག་མེད་སློབ་སྤྱོང་མེད་བཞིན་གཡག་གི་ཨུ་ཚུགས་བཀོལ་གྱིན་ཡོད་པས་རེད། ངས་གསལ་བཤད་བྱས་པ་རྣམས་ལ་ལན་གཅིག་ཀྱང་རྒྱག་རྒྱུ་མེད་པར་མི་དགོས་པའི་དམ་ཚིག་དང་སྡོམ་པའི་གྲངས་མང་པོ་ཞིག་བགྲངས་ཁུལ་བྱེད་པ་དེ་ཅིག་ཟེར་གི་མ་བསྡད་ན་སྡོད་བཟོད་མེད་པ་ཙམ་ཞིག་རེད། ཁ་ནས་ཐོན་རྒྱུ་དེ་ཙམ་ལས་མེད་ན་དང་པོ་ནས་བོན་མིང་ཁུར་ནས་བན་དེ་མཁས་པ་ཚོ་དང་རྩོད་རྒྱུ་ཡོད་མ་རེད། གང་ཡིན་ཟེར་ན་ཁྱོད་ཀྱིས་ཉོས་པའི་ངོ་ཚ་ཚང་མ་ཁྱོད་ཀྱི་ངོ་ཚ་མིན་པར་བོན་པོའི་ངོ་ཚ་ཆགས་ཀྱི་ཡོད་པ་རེད། མ་གཞི་ནས་ཁྱོད་བསམ་བཞིན་བོན་པོ་ནག་པོ་བཟོ་ཆེད་བོན་མིང་བཀོལ་མཁན་ཞིག་ཡིན་པ་ཤེས་ཡོད། ང་ཇི་ལྟར་མཁས་ཀྱང་བདེན་པ་ལ་རྒོལ་མི་ཐུབ་པས་བན་ད་ཚོར་དགོངས་དག་ཞུས་པ་ཡིན། གཤེན་གྱི་རྗེས་འཇུག་ཡིན་པའི་ཆ་ནས་མ་མཐའ་ཨུ་ཐུག་ན་སྐྱག་རྫུན་སྤུངས་འདོད་མེད། ངོ་ཚའི་རྒང་ལ་ངོ་ཚ་ཉོ་འདོད་མེད། གོ་ཨེ་ཐལ་ལུག་གི་ཀླད་པ་ཅན།
གཤེན་བུའི་མིང་ཅན་ཁྱོད་ལས་སྤྱང་བ་ཞིག་ཕལ་ཆེར་ས་སྟེང་འདི་ན་མེད་འགྲོ་དྲན་གྱི་ཨེ་འདུག། ཁྱོད་ཀྱི་ཁ་ཁྱི་རྐུབ་འདྲ་བ་དེ་ནས་འདི་ལྟར་བཤད་ཡོད། ༼གང་ཡིན་ཟེར་ན་གསུང་རབ་དེ་དག་གི་ཤུགས་རྐྱེན་གྱིས་ད་སྐབས་བོན་ལ་ཡོད་པ་ཚང་མ་བན་དེའི་ལྟ་གྲུབ་ལ་འགྱུར་ཚར་བ་རེད།༽ བན་དེའི་ལྟ་གྲུབ་ཡིན་ན། བྱེ་བྱག་སྨྲ་བ། མདོ་སྡེ་པ། སེམས་ཙམ་པ། དབུ་མ་པ་དང་བཞི་པོའི་གཞུང་ལུགས་ནས་བཤད་པའི་ལྟ་གྲུབ་གང་ཡང་རུང་བ་ཞིག་ཡིན་དགོས་ཀྱི་ཡོད་པ་རེད། བོན་པོའི་ལྟ་གྲུབ་རྣམས་གྲུབ་མཐའ་བཞི་པོ་འདིའི་ལྟ་གྲུབ་རྨང་གཞིར་བཞག་ནས་བཟོས་བཞག་པ་གཅིག་རྐྱང་མཐོང་རྒྱུ་མེད། ཁྱེད་ཚོའི་བོད་ལུགས་སུ་གྲགས་པའི་བན་དེའི་ལུགས་འདི་འཛམ་གླེང་གི་མི་ཕལ་ཆེར་མགོ་འཐོམ་ས་ཞིག་ཡིན་པ་གཤེན་བུ་སྤྱང་པོ་ལགས་ཀྱིས་ཕལ་ཆེར་ཤེས་ཀྱི་མེད་འགྲོ། བོན་པོ་དག་ཐེར་མ་བྱས་པའི་སྔོན་ལ་དང་པོ་བན་ལུགས་ར་མ་ལུག་འདྲ་པོ་དེ་དག་ཐེར་ཡག་པོ་བྱོས་ཤོག་ཨ། དེ་ནས་ཁྱོད་དངོས་གནས་སྤྱང་པོ་ཡིན། གཞན་ཁྱོད་གླང་གོག་སྐད་ངན་ཤོར་བ་ལ་སུས་ཡིད་རྟོན་བྱེད། །
གཤེན་བུ་འདི་བོན་པོ་ཡིན་ས་མ་རེད། དྲང་བདེན་ཆེ་དྲག་འདུག གལ་ཏེ་ཡིན་ན་འཇའ་ལུས་པ་ཤར་རྫ་དང་ཉེ་བོ་ཆགས་འདུག ངས་བསམ་ན་དངོས་ནས་རྙིང་མ་ཚོ་ཁོག་རྒྱ་ཆེན་པོ་རེད་བཞག ཨོ་རྒྱན་ཀུན་བཟང་། ཨོ་རྒྱན་སྟོབས་རྒྱལ། ཨོ་རྒྱན་གླིང་པ། ཨོ་རྒྱན་རྡོ་རྗེ། ཨོ་རྒྱན་པདྨ། ཨོ་རྒྱན་རིན་ཆེན། ཨོ་རྒྱན་ཕྲིན་ལས། ཨོ་རྒྱན་ཟླ་བ། ཨོ་རྒྱན་ནོར་བུ། ཨོ་རྒྱན་ཉི་མ་ཁོ་རང་བཟང་ན་ངན་རྙིང་རྒན་ཞིག་རེད། མིང་དོན་མཐུན་པའི་བསྟན་པ་རེད། སི་ཀར་ནག་རིལ་ལ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་ལ་འོས་ཤིང་འཚམས་པ་ཞིག་མ་རེད། ཁོས་ད་དུང་མི་ལོ་དགུ་བརྒྱའི་རིང་དར་སྲོལ་གྱི་ཀམ་ཚང་གི་སྨོན་དང་ཁ་ཏོན་དགེ་སྦྱོར་ཀུན་གྱི་ཐོག་མར་་་་ཧྰུྃ། ཨོ་རྒྱན་ཡུལ་གྱི་་་་ཞེས་འདོན་སྲོལ་ཡོད་ཀྱང་ཁོས་་་་་ག་རེ་རེད། དེ་ཆོ་ཅི་མི་འདུག་ག ང་ཚོ་ལ་མེད་པ་མ་རེད། དེ་བས་རྡོ་རྗེ་འཆང་ཆེན་མ་འདོན་དགོས་ཞེས་བཅོས་པ་རེད། ཁོ་རང་གི་ཡོངས་འཛིན་སངས་རྒྱས་བསྟན་འཛིན་རང་ཤི་རྒྱག་པ་རེད། སི་རྒྱལ་ཁྲ་ཀ་སོགས་ཀཾ་ཚང་པ་མང་པོ་ཁོ་ལ་ཞེན་པ་ལོག་པ་རེད། ཞྭ་དམར་སང་སྨོན་ཅི་དགོས། ཚིགས་བདུན་གསོལ་འདེབས་འདོན་པ་ལ་ཆོ་མེད་ན་ཁོ་རང་གི་མིང་དེ་ཆོ་ཡོད་པ་རེད་དམ། ད་མང་པོ་མི་བཤད། བདེན་པ་བཤད་ན་དོ་སྣོད་ཕྱི་ལ་ཐོན་པའི་སྐྱུག་དྲི་བྲོ་བ་མང་ཀི་ཡ། བོན་པོ་ནག་རིལ་ཁོ་་་་་་་
BONPOལགས བསམ་ཤེས་ཀྱི་སྐད་ཆ་དེ་གོ་མ་ཐག་ངས་ནི། ཕུན་དབང་གི་དེབ་ནང་དུ་ལྷ་སར་འབྱོར་ལྡན་མི་སྣ་ཞིག་གི་ཏང་དཔོན་འགར་གསོལ་ཚིགས་འདྲེན་སྐབས་སྟབས་མ་ལེགས་པར་གྱང་ངོས་སུ་བཀལ་བའི་མོའུ་ཡི་པར་སར་ཟག་པ་ན་ཅང་ཅེ་ཧྲིའི་པར་གྱིས་པར་གྱི་ངོས་དེ་མངོན་པ་དང་། གསོལ་འདྲེན་པ་དང་འགྲོན་པོ་རྣམས་ཅི་བྱ་གཏོལ་མེད་དུ་གྱུར་པ་རེད། འདི་དྲན་མ་ཐག་ཧཧ་དངོས་གནས་དགོད་འཆོར་གྱིན་འདུག གང་ལྟར་བན་བོན་གྱི་གཞུང་ལུགས་མི་ཤེས་པ་ཚོར་སྙིང་རྗེ་དཀའ་ངལ་འདི་ལོས་ཡོད།
མ་གཞི་ནས་དྲ་ཐོག་ནས་ནང་འཛིངས་བྱེད་མཁན་འདི་ཚོ་མང་ཆེ་བར་སློབ་སྦྱོང་མི་འདུག བོད་ཡིག་ཙམ་ཤེས་པ་དེ་ཡང་མི་དགེ་བ་བསོག་སྤྱད་བྱེད་ཀྱིན་འདུག་ག འདི་ཚོའི་བླ་མ་དང་དགེ་རྒན་ཚོ་ནི་ཁོང་ཚོ་ནང་བཞིན་ཡིན་ན་ཁོང་ཚོའི་སློབ་སྦྱོང་དངོས་གནས་མཐུས་ཤོར་དུ་ཕྱིན་འདུག ཨ་ཕྱི་ཟེར་བར་བལྟ་དང་སྡིག་དམོད་རྐྱང་རྐྱང་བྱེད་ཀྱིན་འདུག འདི་ཙམ་ལས་སྦྱོང་མེད་ན་དངོས་གནས་ཚར་འདུག དགེ་རྒན་ཞིག་གིས་སྐྱབས་འགྲོ་བསླབས་ཡོད་བགྱི་རེད་མོད། དེ་ཡང་ཁོ་རང་ལ་ཕལ་ཆེར་ཡོད་ས་མ་རེད། ཁོ་རང་གིས་ཀྱང་ཁོ་རང་ལ་སྐྱབས་ཡོད་མེད་མི་དཔྱད་པར་འཚེ་བ་རྐྱང་བྱེད་ཀྱིན། འཚེ་བ་སྤངས་པའི་སྐྱབས་གཅིག་བསྟེན་གིན་ཡོད་ས་མི་འདུག ཉོན་མོངས་སྤོང་བྱར་བྱེད་པ་ལས་ལྡོག་ནས་གང་ཟག་སྤོང་བྱར་བྱེད་ཀྱིན། ད་དུང་གང་ཟག་སྤོང་བྱར་གཙོ་བོར་གནང་མཁན་གྱི་ཨ་ཕྲུག་ཅིག་ཡང་ཁྲིད་ཀ་བྱས།
འཇུག་མཐར་བཀའ་འདྲི་ཞུ་བགྱིར་བོན་གཞུང་ནང་གང་ཟག་དང་གང་ཟག་གི་ཉོན་མོངས་གཉིས་ལས་གཙོ་བོར་གང་ཞིག་སྤོང་བྱར་གཙོ་མིན་གསུང་རོགས། དེ་མིན་ཞར་བྱུང་ཞུ་བགྱིར་བདེན་བཞིའི་རིག་ལམ་སོགས་བརྐུ་མཁན་ཡོད་ན་སེམས་སྟངས་ནས་དགའ་བསུ་ཞུ་ངོས་ཡིན་ལ། ལུང་པ་འགའ་ཤས་སུ་བཙོང་མཁན་ཡོད་མོད་དེ་བན་གཞུང་དང་འགལ་ཡོད་ཕལ་ཆེར་བོན་གཞུང་དང་འགལ་ཡོད་བགྱིད་རེད་བསམ། ཚོད་དཔག་འདི་ཨེ་འགྲིག་གི་གསུང་རོགས་གནང་།
BONPO ཟེར་བའི་མྱི་གཟུགས་ལུག་གི་ཤེས་རྒྱུད་ཅན་ཁྱོད་ངོ་མ་སྙིང་རྗེ། སྙིང་ཁམས་ཆེ་བ་བླུན་པོའི་གཤིས་ཟེར་བ་དེ་ཡིན་པས་ཁག་ཅི་ཡོད། བན་དེའི་ལྟ་གྲུབ་ཀྱི་ནང་ན་གྲུབ་མཐའ་སྨྲ་བ་བཞི་འཇོག་ཚུལ་ལ་མི་འདྲ་བ་ཧ་ཅང་མང་པོ་རེད། དེ་མཁས་གྲུབ་སོ་སོས་རིག་པའི་རྩལ་བཏོན་པ་ཞིག་རེད་མ་གཏོགས་ནང་འགལ་དུ་སོང་བ་ཞིག་མིན་པས་དག་ཐེར་དགོས་དོན་ཡོད་ནི་མ་རེད་ལ་དགོས་ཀྱང་བན་དེ་བ་ཁོ་ཚོས་བྱེད་འགྲོ་གི་རེད། ང་ཚོ་བོན་པོ་ཚོ་རང་གི་སྟོན་པ་གང་ནས་ཡོང་ད་དུང་གསལ་པོ་ཤེས་མེད་མཁན་ཞིག་གིས་བན་དེ་ལ་མཛུབ་མོ་འཛུགས་རྒྱུའི་ངོ་སྤགས་འཐུག་པོ་དེ་བྱེད་ཨེ་ཐུབ། བྱེ་སྨྲ་དང་མདོ་སྡེ་པ་སོགས་ཀྱི་གྲུབ་མཐའ་འཇོག་ཚུལ་དང་། ཁྱད་པར་དཔལ་ལྡན་ཆོས་གྲགས་ཀྱི་མདོ་སྡེ་པའི་གྲུབ་མཐའ་འཇོག་སྟངས་ང་ཚོ་བོན་པོ་ཚོས་ལེབ་བརྐུ་བྱས་ཡོད་པ་ཁྱོད་འདྲ་བ་ཞིག་ལ་བཤད་ཀྱང་གླང་གོག་ལ་རྩིས་རིག་བསླབ་པ་ལྟ་བུ་ཞིག་ལས་མེད་པས་དོན་མེད་རེད། དེ་ལས་ཁྱོད་ཀྱི་སློབ་སྦྱོང་གི་ཆ་ཚད་དང་མཐུན་པ་མིག་གིས་རིག་རྒྱུ་ཡོད་པ་དང་ལག་པས་ཐུག་རྒྱུ་ཡོད་པ་ཞིག་ལ། སྐྱབས་རྗེ་སྨན་རི་ཁྲི་འཛིན་མཆོག་གིས་དེ་རིང་མནབས་བཞིན་པའི་གཟན་དང་ཤམ་ཐབས་ཆོས་གོས་སྣམ་སྦྱར་ཚང་མའི་ཁུངས་བོན་པོ་རང་ནས་ཡོང་བའི་བདེན་དཔང་ཞིག་ཤོད་དང་། སྨན་ཁྲི་རིན་པོ་ཆེ་རབ་བྱུང་རེད་པ། འོ་ན་ཁོང་གི་སྡོམ་རྒྱུན་གྱི་མགོ་བོན་པོ་གང་ནས་ཡོང་བ་ཞིག་ཤོད་དང་། རབ་བྱུང་གི་ལས་ཆོག་གང་ན་ཡོད་ཤོད་དང་། འདི་ཙམ་ཞིག་ཁྱོད་ཀྱི་སློབ་སྦྱོང་གི་ཚད་དང་མཐུན་རྒྱུ་རེད་བསམ་གྱི་འདུག དེར་བརྟེན་ངས་ཁྱོད་ལ་བོན་པོའི་ཚབ་བྱས་ནས་ངོ་ཚའི་རྒང་ལ་ངོ་ཚ་མ་ཉོ་ཞེས་ལབ་པ་ཡིན། ཇི་ལྟར་མང་པོ་བཤད་ཀྱང་རྒྱ་མིའི་པཎ་ཆེན་ལྟར་རྫུན་ཚོགས་ཤིག་ཇེ་མང་ལ་བཏང་བ་ཙམ་ནས་ཡོད་ནི་མ་རེད། དེར་བརྟེན་ང་རྒྱུ་མཚན་ཤེས་མཁན་གྱི་བོན་པོ་ཞིག་གི་ངོས་ནས་བན་དེ་ལ་དགོངས་དག་ཞུས་པ་ཡིན། དེ་བོན་པོའི་སྤྱོད་བཟང་མཚོན་གྱི་རེད་མ་གཏོགས་ཨུ་ཚུགས་མཚོན་གྱི་མ་རེད།
BONPOལགས བསམ་ཤེས་ཀྱི་སྐད་ཆ་དེ་གོ་མ་ཐག་ངས་ནི། ཕུན་དབང་གི་དེབ་ནང་དུ་ལྷ་སར་འབྱོར་ལྡན་མི་སྣ་ཞིག་གི་ཏང་དཔོན་འགར་གསོལ་ཚིགས་འདྲེན་སྐབས་སྟབས་མ་ལེགས་པར་གྱང་ངོས་སུ་བཀལ་བའི་མོའུ་ཡི་པར་སར་ཟག་པ་ན་ཅང་ཅེ་ཧྲིའི་པར་གྱིས་པར་གྱི་ངོས་དེ་མངོན་པ་དང་། གསོལ་འདྲེན་པ་དང་འགྲོན་པོ་རྣམས་ཅི་བྱ་གཏོལ་མེད་དུ་གྱུར་པ་རེད། འདི་དྲན་མ་ཐག་ཧཧ་དངོས་གནས་དགོད་འཆོར་གྱིན་འདུག གང་ལྟར་བན་བོན་གྱི་གཞུང་ལུགས་མི་ཤེས་པ་ཚོར་སྙིང་རྗེ་དཀའ་ངལ་འདི་ལོས་ཡོད།
མ་གཞི་ནས་དྲ་ཐོག་ནས་ནང་འཛིངས་བྱེད་མཁན་འདི་ཚོ་མང་ཆེ་བར་སློབ་སྦྱོང་མི་འདུག བོད་ཡིག་ཙམ་ཤེས་པ་དེ་ཡང་མི་དགེ་བ་བསོག་སྤྱད་བྱེད་ཀྱིན་འདུག་ག འདི་ཚོའི་བླ་མ་དང་དགེ་རྒན་ཚོ་ནི་ཁོང་ཚོ་ནང་བཞིན་ཡིན་ན་ཁོང་ཚོའི་སློབ་སྦྱོང་དངོས་གནས་མཐུས་ཤོར་དུ་ཕྱིན་འདུག ཨ་ཕྱི་ཟེར་བར་བལྟ་དང་སྡིག་དམོད་རྐྱང་རྐྱང་བྱེད་ཀྱིན་འདུག འདི་ཙམ་ལས་སྦྱོང་མེད་ན་དངོས་གནས་ཚར་འདུག དགེ་རྒན་ཞིག་གིས་སྐྱབས་འགྲོ་བསླབས་ཡོད་བགྱི་རེད་མོད། དེ་ཡང་ཁོ་རང་ལ་ཕལ་ཆེར་ཡོད་ས་མ་རེད། ཁོ་རང་གིས་ཀྱང་ཁོ་རང་ལ་སྐྱབས་ཡོད་མེད་མི་དཔྱད་པར་འཚེ་བ་རྐྱང་བྱེད་ཀྱིན། འཚེ་བ་སྤངས་པའི་སྐྱབས་གཅིག་བསྟེན་གིན་ཡོད་ས་མི་འདུག ཉོན་མོངས་སྤོང་བྱར་བྱེད་པ་ལས་ལྡོག་ནས་གང་ཟག་སྤོང་བྱར་བྱེད་ཀྱིན། ད་དུང་གང་ཟག་སྤོང་བྱར་གཙོ་བོར་གནང་མཁན་གྱི་ཨ་ཕྲུག་ཅིག་ཡང་ཁྲིད་ཀ་བྱས།
འཇུག་མཐར་བཀའ་འདྲི་ཞུ་བགྱིར་བོན་གཞུང་ནང་གང་ཟག་དང་གང་ཟག་གི་ཉོན་མོངས་གཉིས་ལས་གཙོ་བོར་གང་ཞིག་སྤོང་བྱར་གཙོ་མིན་གསུང་རོགས། དེ་མིན་ཞར་བྱུང་ཞུ་བགྱིར་བདེན་བཞིའི་རིག་ལམ་སོགས་བརྐུ་མཁན་ཡོད་ན་སེམས་སྟངས་ནས་དགའ་བསུ་ཞུ་ངོས་ཡིན་ལ། ལུང་པ་འགའ་ཤས་སུ་བཙོང་མཁན་ཡོད་མོད་དེ་བན་གཞུང་དང་འགལ་ཡོད་ཕལ་ཆེར་བོན་གཞུང་དང་འགལ་ཡོད་བགྱིད་རེད་བསམ། ཚོད་དཔག་འདི་ཨེ་འགྲིག་གི་གསུང་རོགས་གནང་།
BONPO ཟེར་བའི་མྱི་གཟུགས་ལུག་གི་ཤེས་རྒྱུད་ཅན་ཁྱོད་ངོ་མ་སྙིང་རྗེ། སྙིང་ཁམས་ཆེ་བ་བླུན་པོའི་གཤིས་ཟེར་བ་དེ་ཡིན་པས་ཁག་ཅི་ཡོད། བན་དེའི་ལྟ་གྲུབ་ཀྱི་ནང་ན་གྲུབ་མཐའ་སྨྲ་བ་བཞི་འཇོག་ཚུལ་ལ་མི་འདྲ་བ་ཧ་ཅང་མང་པོ་རེད། དེ་མཁས་གྲུབ་སོ་སོས་རིག་པའི་རྩལ་བཏོན་པ་ཞིག་རེད་མ་གཏོགས་ནང་འགལ་དུ་སོང་བ་ཞིག་མིན་པས་དག་ཐེར་དགོས་དོན་ཡོད་ནི་མ་རེད་ལ་དགོས་ཀྱང་བན་དེ་བ་ཁོ་ཚོས་བྱེད་འགྲོ་གི་རེད། ང་ཚོ་བོན་པོ་ཚོ་རང་གི་སྟོན་པ་གང་ནས་ཡོང་ད་དུང་གསལ་པོ་ཤེས་མེད་མཁན་ཞིག་གིས་བན་དེ་ལ་མཛུབ་མོ་འཛུགས་རྒྱུའི་ངོ་སྤགས་འཐུག་པོ་དེ་བྱེད་ཨེ་ཐུབ། བྱེ་སྨྲ་དང་མདོ་སྡེ་པ་སོགས་ཀྱི་གྲུབ་མཐའ་འཇོག་ཚུལ་དང་། ཁྱད་པར་དཔལ་ལྡན་ཆོས་གྲགས་ཀྱི་མདོ་སྡེ་པའི་གྲུབ་མཐའ་འཇོག་སྟངས་ང་ཚོ་བོན་པོ་ཚོས་ལེབ་བརྐུ་བྱས་ཡོད་པ་ཁྱོད་འདྲ་བ་ཞིག་ལ་བཤད་ཀྱང་གླང་གོག་ལ་རྩིས་རིག་བསླབ་པ་ལྟ་བུ་ཞིག་ལས་མེད་པས་དོན་མེད་རེད། དེ་ལས་ཁྱོད་ཀྱི་སློབ་སྦྱོང་གི་ཆ་ཚད་དང་མཐུན་པ་མིག་གིས་རིག་རྒྱུ་ཡོད་པ་དང་ལག་པས་ཐུག་རྒྱུ་ཡོད་པ་ཞིག་ལ། སྐྱབས་རྗེ་སྨན་རི་ཁྲི་འཛིན་མཆོག་གིས་དེ་རིང་མནབས་བཞིན་པའི་གཟན་དང་ཤམ་ཐབས་ཆོས་གོས་སྣམ་སྦྱར་ཚང་མའི་ཁུངས་བོན་པོ་རང་ནས་ཡོང་བའི་བདེན་དཔང་ཞིག་ཤོད་དང་། སྨན་ཁྲི་རིན་པོ་ཆེ་རབ་བྱུང་རེད་པ། འོ་ན་ཁོང་གི་སྡོམ་རྒྱུན་གྱི་མགོ་བོན་པོ་གང་ནས་ཡོང་བ་ཞིག་ཤོད་དང་། རབ་བྱུང་གི་ལས་ཆོག་གང་ན་ཡོད་ཤོད་དང་། འདི་ཙམ་ཞིག་ཁྱོད་ཀྱི་སློབ་སྦྱོང་གི་ཚད་དང་མཐུན་རྒྱུ་རེད་བསམ་གྱི་འདུག དེར་བརྟེན་ངས་ཁྱོད་ལ་བོན་པོའི་ཚབ་བྱས་ནས་ངོ་ཚའི་རྒང་ལ་ངོ་ཚ་མ་ཉོ་ཞེས་ལབ་པ་ཡིན། ཇི་ལྟར་མང་པོ་བཤད་ཀྱང་རྒྱ་མིའི་པཎ་ཆེན་ལྟར་རྫུན་ཚོགས་ཤིག་ཇེ་མང་ལ་བཏང་བ་ཙམ་ནས་ཡོད་ནི་མ་རེད། དེར་བརྟེན་ང་རྒྱུ་མཚན་ཤེས་མཁན་གྱི་བོན་པོ་ཞིག་གི་ངོས་ནས་བན་དེ་ལ་དགོངས་དག་ཞུས་པ་ཡིན། དེ་བོན་པོའི་སྤྱོད་བཟང་མཚོན་གྱི་རེད་མ་གཏོགས་ཨུ་ཚུགས་མཚོན་གྱི་མ་རེད།
བོན་མིན་བོན་དུ་བརྫུས་ཏེ་ཡོང་མཁན་བོང་བུ་སྟག་དུ་རྫུས་ཏེ་ཡོང་མཁན་འདི་ཡིས་ད་ཞབས་འདྲེན་བོང་བུ་འཐོན་ཡོང་གི་འདུག་ག
བོན་གཞུང་ནས་ཆོས་གོས་སྣམ་སྦྱར་ཟེར་བ་གོ་མྱོང་མེད། ཁྱོད་ལ་ལྷ་མིན་འདྲེ་མིན་དེ་ཚོས་ཁྱེད་ཚོས་མི་མགོ་བསྐོར་བའི་གཏམ་གནམ་ཡིག་ཟེར་བ་དེ་ཡིན་རྒྱུ་རེད། མི་ཤེས་ན་རང་སར་ཞོག བོན་པོ་ཡིན་ཁུལ་གྱིས་བོན་གྱི་བླ་ཆེན་གྱི་འདུལ་རྒྱུན་ཙམ་ཅིག་མི་ཤེས་མཁན་་་་་ཁོག་སྟོད་སྡོམ་པ་མེད། ཁོག་སྨད་ལ་ཡོན་ཏན་མེད་མཁན་སྐྱ་མིན་སེར་མིན་རྒྱ་སྡེ་དང་ཐེ་ཕེ་སིང་གྷ་པུར་སོགས་སུ་འགྲོ་དུས་འདུལ་ཆས་སེར་ལྷམ་མེར་གོན་་་་ཚུར་རྒྱ་བལ་འབྲུག་སོགས་སུ་སླེབས་དུས་་་་བུ་མོ་རེ་འཁྲིད་ནའ་སྐྱ་ཆས་ཁྲ་ལེམ་མེར་གོན་མཁན་གྱི་རིགས་སུ་གཏོགས་པ་ཞིག་ཡིན་པར་ཤེས་བྱུང།
BONPOལགས། བོན་ལ་དུང་ཞིང་བོན་གྱི་དྲང་ཚུགས་ལྡན་པའི་སྤྱོད་པས་ནི་འོས་མེད་ཀྱིས་བོན་སྡང་བའི་ཨ་ཕྱི་དང་གཤེན་བུ་མིང་ཅན།
ཟིལ་གྱིས་གནན་འདུག་པ་ནི་ཅི་འདྲའི་ཁྱད་པར་དུ་འཕགས་པའི་ཟིལ་གནོན་ཅིག་རེད། སྨོན་པ་འཆོར་གི།
བོན་ལ་ལྡན་པའི་གསེར་དང་འདྲ་བའི་བོན་མིང་དངོས་སྤྱད་ཅིང་རིགས་པ་དང་སྒམ་ཚུགས་ལ་ཡིད་སྨོན་འཆོར་གི།
གསེར་དང་མཚུངས་པའི་སྒམ་ཚུགས་རྒྱུད་འཛིན་གནང་རོགས།
ཧ་ཧ་ཧ། ད་ཡིན་ན་ལྟད་མོ་འདུག་གོ
ཨ་ཕྱི་རྨོ་རྨོ་སྐྲ་འཛིང་བྱེད་ལ་དགའ།།
ཨ་ཕྱི་རྨོ་རྨོ་མཐོན་པོ་སྨོད་ལ་དགའ།
ཨ་ཕྱི་རྨོ་རྨོ་རང་བསྟོད་གཏམ་ལ་དགའ།།
དགའ་བ་འདི་གསུམ་ཨ་ཕྱིའི་རྒས་རྟགས་རེད།། ཧ་ཧ་ཧ
གཤེན་བུའི་མིང་ཅན་ཆོས་ལུགས་ཀྱི་དཀྲུགས་འདྲེར་གྱུར་བའི་བ་གླང་གི་ངང་ཚུལ་ཅན་འདིས་འདི་འདྲ་བཤད་ཡོད་པ་རེད། ༼བན་དེའི་ལྟ་གྲུབ་ཀྱི་ནང་ན་གྲུབ་མཐའ་སྨྲ་བ་བཞི་འཇོག་ཚུལ་ལ་མི་འདྲ་བ་ཧ་ཅང་མང་པོ་རེད། དེ་མཁས་གྲུབ་སོ་སོས་རིག་པའི་རྩལ་བཏོན་པ་ཞིག་རེད་མ་གཏོགས་ནང་འགལ་དུ་སོང་བ་ཞིག་མིན་པས་དག་ཐེར་དགོས་དོན་ཡོད་ནི་མ་རེད༽ སྐད་ཆ་འདི་གཅིག་པུས་ཁྲམ་པའི་བཟོ་རྟ་བསྟན་ཚར་བ་རེད། འདི་འདྲ་རྐྱང་རྐྱང་བཤད་ནས་མི་གཞན་ཚོ་ཡིད་མི་ཆེས་པ་བཟོས་པ་རེད། །
དང་པོ་ཐེག་དམན་དགེ་སློང་སེར་པོ་ཚོས་མནབས་པའི་ཆོས་གོས་རྣམ་གསུམ་དེ་གང་ནས་བྱུང་དྲི་བ་ཡག་པོ་གཏོང་ཤོག། དེ་དུས་དགེ་སློང་སེར་པོ་ཚོས་བོད་ལུགས་ཀྱི་གྲྭ་ཆས་འདི་བཅོམ་ལྡན་འདས་ཀྱིས་མནབས་་མྱོང་བའི་ཆོས་གོས་ཡིན་རབས་བཤད་ཡོང་། ཉིན་མ་དེ་འདྲ་ཞིག་ཚེས་ཉིན་ཁྱོད་ཀྱི་བདེན་མཐའ་བསལ་བ་རེད། དེ་དུས་གླང་རྒན་གྱིས་བྲོ་འཁྲོབས་ཤིག །