རྟ་ནག་སྐལ་བཟང་ལུང་རིགས།
གྲོང་ཁྱེར་མེས་ཀྲོའུ་ནས་སྐྱེས་པའི་ན་གཞོན་སྙན་ངག་པ་བུའུ་ཐུང་ཧྲོའུ་ཡིས་རང་ཡུལ་ཏོང་ཀོན་དུ་གནམ་ཐག་བརྒྱབ་ནས་རང་སྲོག་བཅད། སྤྱི་ལོ། ༢༠༠༨། ༨། ༡། རང་ལོ་ཉེར་དགུ་རེད།
༢༠༠༧། ༡༠། ༤། ཉིན་གྱི་ཐོ་རེངས་དུས་སུ། སྐྱེས་ཡུལ་ཧོའུ་པེ་ཡིན་པའི་སྙན་ངག་པ་ཡེའུ་ཏེས་ཀྱིས་ཁོན་མེན་གྱི་རང་ཁྱིམ་དུ་མགྲིན་པ་བཅད་དེ་རང་སྲོག་བླངས། དེ་དུས་རང་ལོ་སུམ་ཅུ་རེད།
༢༠༠༤། ༡༡། ༩། ཕྱི་རྒྱལ་དུ་སྡོད་པའི་རྒྱ་ནག་གི་བུད་མེད་རྩོམ་པ་མོ་ཀྲང་ཁྲོན་གྱིས་ཨ་རིའི་ཅ་ཀྲུའུ་ལོ་ཟི་ས་ཁུལ་དུ་དཀྲུམ་མདའ་སྤྱད་ནས་རླངས་འཁོར་དུ་རང་སྲོག་བཅད། དེ་དུས་རང་ལོ་སོ་དྲུག་རེད།
༢༠༠༤། ༥། ༦། རང་ལོ་ཉེར་གཅིག་སྟེང་རྒྱ་ནག་གི་རྩོམ་མ་བོའི་མཐུན་ཚོགས་ཀྱི་ཚོགས་མིར་གྱུར་ཅིང་། ལོ་ན་ཆེས་ཆུང་བའི་རྩོམ་པ་བོ་ཡིན་ཆན་གྱིས་”ཁིན་ཏི་ཅེས་”ཞེས་པའི་སྦྱར་དུག་དང་”ཆོ་ཁི་ལེ་”ཁོལ་མ་མཉམ་བསྲེས་ཀྱིས་བཏུང་ནས་རང་སྲོག་བཅད། དེ་དུས་རང་ལོ་ཉེར་བདུན་རེད།
༢༠༠༠། ༣། རྒྱ་ནག་གི་རླབས་ཆེ་བའི་མི་རིགས་སྙན་ངག་པ་ཁྲང་ཧེ་སྨན་ཁང་གི་ཡང་སྟེང་ནས་མཆོངས་ནས་རང་སྲོག་བཅད། དེ་དུས་རང་ལོ་རེ་བཞི་རེད།
༡༩༩༦། ༡༢། ༡༢། མཚན་མོར། ཧོ་པེ་ཞིང་ཆེན་གྱི་རྩོམ་པ་བོ་གྲགས་ཅན། “སྙན་ཞུའི་རྩོམ་རིག་གི་ཡབ་ཆེན”དུ་འབོད་ཅིང་། རྒྱ་ནག་གི་རིག་གནས་གར་སྟེགས་སྟེང་གི་སྙན་ངག་པ་ཞེ་ཁྲི་སྨན་ཁང་གི་ཡང་སྟེང་ནས་མཆོངས་ནས་རང་སྲོག་བཅད། དེ་དུས་རང་ལོ་གྱ་གཉིས་རེད།
༡༩༩༣། ༡༠། ༨། རྩོམ་པ་བོ་ཀུའུ་ཁྲིན་གྱིས་སྟ་རེས་སྤྱད་དེ་རང་གི་ཆུང་མའི་མགོ་བོ་གཏུབས་རྗེས། སྡོང་བོ་ཞིག་གི་ཡལ་གར་རང་ཉིད་གནམ་ཐག་བརྒྱབས་ནས་ལྕེབས། དེ་དུས་རང་ལོ་སོ་བདུན་རེད།
༡༩༩༡། ༩། ༢༤། པེ་ཅིན་སློབ་ཆེན་གྱི་སྙན་ངག་པ་གི་མེའེ་ཆུ་ལ་མཆོངས་ནས་རང་སྲོག་བཅད། དེ་དུས་རང་ལོ་ཉེར་བཞི་རེད།
༡༩༩༡། ༡། ༤། ཐེ་བན་གྱི་རྩོམ་པ་བོ་གྲགས་ཅན་སྲན་མོ་ཡིས་བལ་སྐུད་ཕྲ་མོ་ཞིག་སྤྱད་དེ་རང་སྲོག་བཅད། དེ་དུས་རང་ལོ་ཞེ་བརྒྱད་རེད།
༡༩༩༠། ༡༠། ༡༩། རྩོམ་པ་བོ་ཧྥང་ཞང་གིས་སྦྱར་དུག་བཏུངས་ནས་རང་སྲོག་བཅད། དེ་དུས་རང་ལོ་སོ་བརྒྱད་རེད། བང་སོ་ཆན་ཏོ་གཙང་བོའི་ཉེ་འགྲམ་དུ་བཅས།
༡༩༨༩། ༣། ༢༦། པེ་ཅིན་སློབ་ཆེན་གྱི་སྙན་ངག་པ་ཧེ་ཙི་ཡིས་ཧྲན་ཧེ་ཀོན་འགག་སྒོའི་ཉེ་འདབས་ཀྱི་མེ་འཁོར་ལྕགས་ལམ་དུ་རང་སྲོག་བཅད། དེ་དུས་རང་ལོ་ཉེར་ལྔ་རེད།
༡༩༨༧། ༣། ༣། བུད་མེད་རྩོམ་པ་མོ་ཁི་དོའུ་ཡིས་སྨན་བཅོས་ཀྱི་བཤའ་གྲི་སྤྱད་དེ་བརླ་ཤའི་ཁྲག་རྩ་བཅད་ནས་རང་སྲོག་བཅད། དེ་དུས་རང་ལོ་སོ་གསུམ་རེད།
༡༩༨༤། ༡༡། ༨། བུད་མེད་རྩོམ་པ་མོ་ཁྲིན་ཡེ་ཡིས་རང་སྲོག་བཅད།
༡༩༧༡། ༡། ༡༣། རྩོམ་པ་བོ་གྲགས་ཅན་བིན་ཅེའེ་ཡིས་རྩོམ་པ་མོ་ཏེ་ཧོ་ཡིན་གྱིས་བརྩེ་དུང་དང་ལེན་མ་བྱས་པ་སེམས་ཀྱིས་མ་བཟོད་པར་རང་སྲོག་བཅད།
༡༩༦༨། ༨། ༡༢། རྩོམ་པ་བོ་གྲགས་ཅན་ཀྲོའུ་ཧྲོའུ་ཅོན་གྱིས་སུའུ་ཀྲིག་གི་རང་ཁྱིམ་དུ་དོང་ཆུར་མཆོངས་ནས་རང་སྲོག་བཅད།
༡༩༦༨། ༨། ༣། རྩོམ་པ་བོ་གྲགས་ཅན་ཡང་ཧྲོའུ་ཡིས་རིག་གནས་གསར་བརྗེ་ཆེན་མོའི་སྡུག་བསྔལ་སེམས་ཀྱི་མ་བཟོད་པར་གཉིད་སྨན་བཏུངས་ནས་རང་སྲོག་བཅད། དེ་དུས་རང་ལོ་ང་ལྔ་རེད།
༡༩༦༨། རྩོམ་པ་བོ་གྲགས་ཅན། ཡོན་ནན་སློབ་ཆེན་གྱི་སློབ་སྤྱི་ལེས་ཁྲང་ཆུ་ལ་མཆོངས་ནས་རང་སྲོག་བཅད།
༡༩༦༨། ༦། ༢༢། སྙན་ངག་པ་ཡོན་ཆན་གྱིས་བཞར་གྲི་སྤྱད་དེ་རང་གི་མགྲིན་པ་གཏུབས་ནས་རང་སྲོག་བཅད།
༡༩༦༧། གློག་བརྙན་བཟོ་སྐྲུན་པ་ཧེ་མོ་ཡིས་རང་སྲོག་བཅད།
༡༩༦༧། ༢། རྩོམ་པ་བོ་གྲགས་ཅན་ལོ་གང་པེན་ཁང་སྟེང་ནས་མཆོངས་ཏེ་རང་སྲོག་བཅད།
༡༩༦༦། ༩། ༣། ཟླ་གསར་གྲུབ་མཐའི་སྙན་ངག་པ། གནའ་བོའི་རིག་གནས་ཉམས་ཞིབ་པ་ཁྲིན་མིན་གྱིས་རང་སྲོག་བཅད། དེ་དུས་རང་ལོ་ང་ལྔ་རེད།
༡༩༦༦། ༨། ༢༤། རྒྱ་ནག་གི་དེང་རབས་རྩོམ་པ་བོ་ལོ་ཧྲི་མཚོ་ནང་དུ་མཆོངས་ནས་རང་སྲོག་བཅད། དེ་དུང་རང་ལོ་རེ་བདུན་རེད།
༡༩༦༦། ༨། ༢། རིག་རྩལ་དཔྱད་བརྗོད་པ་ཡེ་ཡེས་ཞན་ཁང་སྟེང་ནས་མཆོངས་ཏེ་རང་སྲོག་བཅད།
༡༩༦༦། ༩། ༣། ཟླ་གསར་གྲུབ་མཐའི་སྙན་ངག་པ་ཁྲིན་མིན་ཅ་ཡིས་རིག་གསར་གྱི་སྡུག་བསྔལ་མ་བཟོད་པར་རང་སྲོག་བཅད། དེ་དུས་རང་ལོ་ང་ལྔ་རེད།
༡༩༦༦། རྩོམ་པ་བོ་སུང་ཅེས་ངལ་རྩོལ་སྒྱུར་བཀོད་སྐབས་སུ་མཚོ་ནང་དུ་མཆོངས་ནས་རང་སྲོག་བཅད།
༡༩༦༦། ༩། ༣། སྐད་གྲགས་ཆེ་བའི་ལོ་ཙཱ་བ་ཧྥོའུ་ལེས་དང་ཁོང་གི་ཁྱོ་ག་ཀྲོའུ་མེས་ཧྥོའུ་མཉམ་དུ་རང་སྲོག་བཅད།
༡༩༣༣། ༡༢། ༥། དེང་རབས་སྙན་ངག་པ་ཀྲོའུ་ཞང་གིས་ནན་ཅིན་དུ་ཆུ་ལ་ལྕེབས། དེ་དུས་རང་ལོ་ཉེར་དགུ་རེད།
༡༩༠༥། ༡༢། ༨། རྒྱ་ནག་གི་ཉེ་རབས་རྩོམ་པ་བོ་ཁྲིན་ཐེན་གྱིས་རང་སྲོག་བཅད། དེ་དུས་རང་ལོ་སུམ་ཅུ་རེད།
http://wenwen.soso.com/z/q186946048.htmདྲ་ཚིགས་འདི་ལས་བདམས་བསྒྱུར་བྱས།
ཕྱི་ལོ་༢༠༡༡་་༡་་༡ཉིན་བོད་ཀྱི་སྙན་ངག་པ་རྟ་ནག་སྐལ་བཟང་ལུང་རིང་པ་བལ་ཡུལ་མཆོད་རྟེན་གྱི་དབུ་རྕེ་ནས་མཆོངས་ཏེ་རང་སྲོག་དོར།
ཧཧ་རྟ་ནག་ལགས་ང་སུ་ཡིན་ཚོར་གྲི་འདུག་གམ།
འདི་བོད་བསྒྱུར་བྱས་པ་ལ་དགེ་བ་ཞིག་ཨེ་འདུག བོད་པ་ཚོས་ཡང་རང་སྲོག་གཅོད་དགོས་ཟེར་གི་ཡོད་པ་རེད་དམ།
ཡོད་དང་ཡོད་། འདི་ལ་གནད་འགག་ལྠི་ཚད་སྤྱི་རྒྱ་གཅིག་སྟོང་ཞིག་འདུག། འབྲེལ་བཤད་ཐག་ཉེ་ནས་བྱས་ན་། ད་ལོ་ཞོགས་དུང་ལོ་མཁོར་གཅིག་རིང་བཙོན་འཇུགས་བྱས་བ་དེ་ནས་བསམ་བློ་ཞོག་ཐོང་། ཨ་མདོ་མགོ་ལོགས་དང་རྔ་བ་ནས་བོད་ཀྱི་ཀྱི་རྩོམ་པོ་འགའ་སྔ་བཞུག་ཆུར་མཆོང་ནས་རང་སྲོགས་བཅད་སོགས་ནས་བསམ་ཞིག་ཐོང་།
ཕྱི་སྡོད་བོད་མིའི་ཁྲོད་རང་བཅོད་མཁན་གཅིག་བྱུང་བ་རེད་། དཔའ་བོ་ཐུབ་བསྟན་དངོས་གྲུབས་རེད་།
ན་གཞོན་སྙན་ངག་མ་ཚེ་རིང་སྐྱིད་ཀྱང། མི་ཚེའི་ཁྲོད་ཀྱི་དཀའ་སྡུག་བྱུང་བའི་དེབ་ཅིག་འབྲི་བཞིན་པ་དེའི་སྐབས་སུ། ཁང་མིག་ཧྲིལ་བོར་ལྭ་སྒྲོན་བརྒྱ་ཕྲག་ལྷག་སྒྲོན་རྗེས་ཤི་བའི་གྲ་སྒྲིག་བྱེད་པ་རེད་ཟེར། ཡིན་ན་ཡང་རྗེས་སུ་དོན་རྐྱེན་ཅི་བྱུང་མ་ཤེས་ཀྱང་། མོ་དང་ཐུག་སྐབས་ལག་ངོས་དང་འགྲམ་ངོས་སུ་མེ་ཡིས་འཚིགས་པའི་རྨ་ཆེན་སྟོབས་ཆེན་མཐོང་གི་ཡོད།