ཕྱི་ལོ་༢༠༡༢ ཟླ་༡༡ ཚེས་༡༠ ཉིན་གནས་ཚུལ་འབྱོར་གསལ་ལ། འདི་ཟླའི་ཚེས་༧ ཉིན་ཨ་མདོ་རྔ་པ་ནས་རང་ལུས་མེར་སྲེག་གཏོང་མཁན་རྒྱལ་གཅེས་དཔའ་བོ་གསུམ་གྱི་ནང་ནས་རང་ལོ་༡༥ ཡིན་པའི་གྲྭ་རྡོ་རྗེ་ལགས་གནས་ཚུལ་བྱུང་ས་རང་ནས་སྐུ་གྲོངས་ཡོད་ཅིང་། ཁོང་གི་ཕུང་པོ་རྒྱ་གཞུང་གིས་བཙན་ཁྱེར་བྱས་ཏེ་ནང་མིར་སྤྲད་མེད་ལ། ཕྱི་ཚེས་༨ ཉིན་ཁོང་གི་རུས་ཐལ་ཡིན་ཟེར་ནས་ཐལ་ལ་ཞིག་ནང་མིར་སྤྲད་པ་མ་གཏོགས་གཞན་གང་ཡང་སྤྲད་མེད་པ་དང་། རྒྱལ་གཅེས་དཔའ་བོ་རྡོ་རྗེ་སྐྱབས་དང་བསམ་འགྲུབ་གཉིས་ད་ལྟ་སྐུ་གྲོངས་མེད་ཚུལ་ཙམ་ལས་འབྲེལ་ཡོད་ནང་མི་སོགས་ཀྱིས་ཐེངས་མང་རེ་སྐུལ་བྱས་ཀྱང་ཐུག་འཕྲད་ཀྱི་གོ་སྐབས་ཐེངས་གཅིག་ཀྱང་སྤྲད་མེད་པར་མ་ཟད། ས་གནས་གང་ཞིག་གི་སྨན་ཁང་དུ་ཡོད་མེད་དང་གནས་སྟངས་ག་འདྲ་ཡིན་མིན་སྐོར་གྱི་ཁ་གསལ་འགྲེལ་བཤད་གང་ཡང་བྱས་མེད་སྟབས། འབྲེལ་ཡོད་རྣམས་ཀྱིས་གནས་སྟངས་གསལ་པོ་གཅིག་ཀྱང་ཤེས་རྟོགས་ཡོང་གི་མེད་པས་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད་འདུག ཕྱི་ཚེས་༧ ཉིན་གོང་གསལ་གནས་ཚུལ་དེ་བྱུང་རྗེས་རྔ་པའི་སྟོད་སྨད་བར་གྱི་དགོན་གྲོང་མང་པོའི་སྒེར་གཞུང་གཉིས་ཀས་སེམས་གསོའི་འཚམས་འདྲི་དང་གདུང་སེམས་མཉམ་བསྐྱེད་གནང་ཆེད་ཁོང་རྣམས་ཀྱི་ནང་མིའི་སར་ཕེབས་དང་ཕེབས་མུས་ཡིན་འདུག་ཀྱང་། སྔོ་ཤུལ་ཚོ་བ་ཁག་གི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་ལྟ་བུའི་སྔོ་ཤུལ་དགོན་གྱི་དགེ་འདུན་པ་རྣམས་སེམས་གསོ་གནང་བ་དང་སྨོན་ལམ་གསུང་སར་ཕེབས་འཇུག་གི་མེད་པར། སྔོ་ཤུལ་དགོན་དང་སྒོ་མང་ཞང་སོགས་ལ་དྲག་ཆས་ཉེན་རྟོག་པ་སོགས་འགྲེམས་འཇོག་གིས་དམ་དྲག་གི་གནས་སྟངས་མུ་མཐུད་བྱེད་མུས་ཡིན་འདུག་པ་བཅས།
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་༢༠༡༢ ཟླ་༡༡ ཚེས་༡༠ ལ།
ད་རྒྱ་ནག་གི་ལག་ཏུ་ཤོར་བའི་དཔའ་བོ་གཉིས་ཀྱིས་ཀྱང་མྱངས་ཀྱིས་ཡོད་པར་ཐག་གིས་ཆོད། ཁོང་གཉིས་ལ་མཚོན་ན་ས་ཆ་དེ་ནས་དཔའ་བོ་རྡོ་རྗེ་བཞིན་གྲོངས་སོང་ན་བཟང་བའི་གནས་ལ་སླེབས་ཡོད་པར་ཐག་གིས་ཆོད།དཀོན་མཆོག་མཁྱེན ད་ངོ་མ་དཀའ་གི་ཡོད་
མེ་ལྕེ་ལ་གཟི་འོད་ཆེ་ཞིང་ཚེ་སྲོག་ལ་རིན་ཐང་ཆེ།
བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། །
གཅེས་པའི་ལུས་སོགས་ལོངས་སྤྱོད་ཡོངས་བཏང་སྟེ། །
བསྐལ་བ་བརྒྱ་ཕྲག་བསྒྲུབས་པའི་སྐྱེ་བོ་རྣམས། །
གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད། །
གྲུ་འཛིན་མགོན་ཞིག་ཡོད་ན་སྐྱོབས་རན་རེད།
ཐུབ་སྟོབ་ལྷ་ཞིག་ཡོད་ན་རྒྱུག་རན་རེད།
འདི་ལྟར་རིགས་ཀྱི་སྤུན་ཟླ་ཕ་ཡུལ་ནས།
མེ་ལ་བསྲེག་པ་གོ་དུས་སྙིང་རྩ་འདར།