འཕན་པོ་སྐལ་ལྡན།
ཨ་ཀྱོག་པ་ཀྱོག་བྲིས་པའི་ཡིག་ཆུང་འདི།།
ཧ་ལས་ཧོན་འཐོར་མེད་པར་གཟིགས་པར་ཞུ།།
ས་ཐའི་འཁྱམ་་པོའི་སྙིང་གཏམ་ཡིན་ལགས་ན།།
ཤ་ཚའི་སེམས་ཀྱི་མ་བཟོད་་བྲིས་པར་ཐལ།།
ལ་རྒྱ་ཅན་གྱི་ཉེར་གཅིག་སྲིད་སྐྱོང་ཡིན།།
ར་གན་གསེར་ལ་བརྫུས་པ་མ་ཡིན་པར།།
ཡ་རབས་དྲང་བདེན་ལོ་ངོ་བཞི་བཅུའི་རིང་།།
འ་ཅག་གཞིས་བྱེས་གཉིས་ཀྱི་ཆེད་དུ་ནི།།
ཟ་ངེ་ཟིང་ངེ་མེད་པར་དྲང་པོར་ཞུགས།།
ཞྭ་མོའི་མགོ་ཡི་ཏོག་ལྟར་ཁྱེད་ཀྱི་གནང་།།
ཝ་མོ་ལྟ་བུའི་གཡོ་རྒྱུའི་བྱ་བ་དང་།།
ཛ་རེ་ཛོ་རེ་ལབ་རྒྱུ་གླེང་རྒྱུ་མེད།།
ཚ་་གྲང་འགལ་ཟླའི་སྤྱི་ཚོགས་ཟང་ཟིང་ནང་།།
ཙ་ཀོར་ཀུ་མུད་གཞད་ལྟར་ལས་དོན་ལ།།
མ་གྷི་ཏ་ལྟར་རིན་ཐང་ཆེར་ཆེར་དགོངས།
བ་དན་རླུང་དང་ལྷན་ཅིག་བསྐྱོད་པ་བཞིན།།
ཕ་ཡུལ་གངས་ཅན་པ་ཡི་རེ་བ་ཁྱེད།།
པ་ཊ་ལྟ་བུའི་མཛེས་རྒྱན་ཁྱེད་ཉིད་ལ།།
ན་གཞོན་ཤེས་ཡོན་ཅན་པ་མང་པོ་དང་།།
ད་དུང་་ཆབ་སྲིད་བཙོན་ཟུར་མང་པོས་བཀུར།།
ཐ་མལ་བདག་འདྲ་ཞིག་གི་འོས་མི་ཡིན།།
ཏྭ་ལའི་བླ་མས་མང་གཙོ་གསོལ་སྩལ་གནང་།།
ཉ་རྒྱས་ཟླ་བ་ལྟ་བུའི་སེམས་ནས་ཞུ།།
ཇ་མར་ལ་སོགས་འབུལ་རྒྱུ་མེད་པ་དང།།
ཆ་ལང་བཞིན་དུ་སྐད་སྙན་མེད་ན་ཡང།།
ཅ་ལེ་ཅོལ་ལེ་ཆལ་གཏམ་དགའ་ཞིག་ཐལ།།
ང་ལན་ཁོ་ལན་འགྱོད་པ་མེད་པར་ཤོག།
ག་ལེ་ག་ལེ་བསམ་བློ་གཏོང་རོགས་ཞུ།།
ཁ་སྐད་ཐོག་ནས་བྲིས་པར་ཐལ་སོང་བའི།།
ཀ་ཀྱོན་མེད་པ་ཐུགས་རྗེས་གཟིགས་པར་ཞུ།།
༢༠༢༠/༡༡/༥ ལ ཕུལ།།
འཕན་པོ་སྐལ་ལྡན་ལགས་ཀྱིས་བྲིས་རྩོམ་འདི། དངོས་གནས་ལེགས་ཤིང་སྙན་པོ་ཞེ་དྲག་འདུག།
བཀའ་ཟུར་སྐོུ་་འབྲོང་ཆུང་དངོས་གྲུབ་མཆོག། ལོ་ངོ་བཞི་བཅུ་ལྷག་གི་ཕྱག་ལས་ལ།
བོད་མི་ཆེ་འབྲིང་ཆུང་གསུམ་ཡིད་མོས་ཡོད། བཀའ་བློན་ཕྱག་ལས་གནང་བཞིན་ཡོད་མུས་ཐོག།
གློ་བུར་བཟང་སྤྱོད་ཡིན་ཞེས་དགོངས་ཞུ་གནང་དོན་ཅི། སྐུ་ཆའི་དོན་དུ་རང་སྲོག་བློས་ཅིའི་མ་གཏོང།
སྐྱིད་པོ་ཡོད་ན་ཞབས་ཕྱི་ཞུ་རྒྱུ་དང། དཀའ་སྡུག་འཕྲད་ན་དགོངས་པ་ཞུ་རྒྱུ་འདི།
ཕ་ལ་བུ་སྐྱེས་དགོས་དོན་མ་གྲུབ་པས། དྲི་བ་འདི་ནི་དངོས་བདེན་དྲང་ལྡན་ཡིན།
དངོས་བདེན་ཡིན་མིན་སེམས་ནང་དཔྱད་པ་གྱིས། འདི་ནི་བཟང་སྤྱོད་མིན་གྱི་ངན་སྤྱོད་འདྲ།
མ་ཡིན་ནམ། མིན་ཟེར་ན་རྒྱུ་མཚན་་བྲིས།
ཀ་པས་འབྲོང་ཆུང་དངོས་གྲུབ་ཟེར། །
ཁ་པས་སྤེན་པ་ཚེ་རིང་ཟེར། །
ག་པས་རྒྱ་རི་སྒྲོལ་མ་ཟེར། །
ང་ནི་ཧ་ལས་ཧོན་ཐོར་སོང་། །
ཅ་པས་འབྲོང་ཆུང་རྙོག་མེད་ཟེར། །
ཆ་པས་སྤེན་ཚེ་བདེན་རྒྱལ་ཟེར། །
ཇ་པས་རྒྱ་རི་བྱས་ཅན་ཟེར། །
ཉ་དང་ཉུང་མ་བསྲེས་ནས་འདུག །
ཏ་པས་བློ་བཟང་སྙན་གྲགས་ཟེར།
ཐ་པས་ཡེ་ཤེས་ཕུན་ཚོགས་ཟེར།
ད་པས་བཀྲ་ཤིས་སྟོབས་རྒྱལ་ཟེར།
ན་པས་བཀྲ་ཤིས་དབང་འདུས་ཟེར།
པ་པས་བློ་སྙན་ཉམས་མྱོང་མང་།
ཕ་པས་ཡེ་ཕུན་སྐད་ཤེས་མང་།
བ་པས་བཀྲ་སྟོབས་ངར་མ་རེད།
མ་པས་བཀྲས་དབང་གཞོན་སྐྱེས་དགོས།
ཙ་པས་བཀྲ་ཤིས་རྟགས་བརྒྱད་ཟེར།
ཚ་པས་བརྒྱད་པ་ཁ་བཅག་ཟེར།
ཛ་པས་བརྒྱད་ཀར་ཡག་འདུག་ཟེར།
ཝ་པས་གཅིག་རང་འདེམས་དགོས་ཟེར།
ཞ་ཟ་འ་ཡ་ར་ལ་ཤ་ས་དང་།
ཧ་དང་ཨ་པ་བཅུ་པོ་ལ།
སྦྱར་ནས་ཀ་བཤད་འབྲི་དགོས་ཀྱང་།
ཀརྡོ་ང་ལ་འབྲི་ཡ་རྫོགས། །
༑ འཇིགས་དབང་ཨ་བྷ་རུ་ལགས་ནས་དཔྱད་ཞིབ་ཞུ་དགོས་པའི་དགོངས་ཚུལ་ཞིག་གནང་འདུག ཕྱོགས་ཞེན་བྲལ་པའི་མི་ཞིག་ནས་མ་རེད་ཞུ་རྒྱུ་མི་དཀའ་འམ། ཁོང་སྒེར་གྱིས་མི་ཚེ་མི་མང་ཞབས་འདེགས་ཞུས་པ་དངོས་འབྲེལ་ཡིན་པ་མ་ཟད་བསྐལ་བཟང་ཡང་ལོས་ཡིན། ཡིན་ཀྱང་སྲིད་སྐྱོང་གི་འགན་དེ་ཆེན་པོ་དང་ཆར་ཆེན་འདྲ་ཆགས་ཀྱི་ལམ་ནས་མུ་འཐུད་ཙམ་ངང་འཇུག་ན་རང་རེའི་འཐབ་རྩོད་དུ་གོམས་གྲོད་ཆེར་མེད་པར་གནས་སུ་ཉེས། འབྲོང་ཆུང་ལགས་ཀྱི་མི་གཤིས་དེ་འདྲ་མེད་འགྲོ་བསམ་བཞིན་ཡོད། ཛ་རེ་ཛོརེ་གླེང་རྒྱུ་གཏན་གཏན་ཡོང་གི་མ་རེད་དེ་འཐབ་རྩོད་དེ་རྗེས་ལུས་ཀྱི་གྱོང་གུན་འགྲོ་མི་སྲིད་པ་མིན། ང་ཚོེར་འཛིན་སྐྱོང་འགན་འཐུས་ངེས་ཤིག་གནང་ཐུབ་པ་ཙམ་མ་ཟད་སྲིད་དོན་ཐོག་ཆར་ཆེན་ཙམ་མིན་པའི་བང་རྩལ་ཟབ་མོ་ཡོད་པའི་ཐོག་ལག་ལེན་དུའང་འགེལ་ཐུབ་མཁན་ཞིག་དགོས་རྒྱུ་ནི་གལ་ཆེ་ཡིན་མིན་འདུག་གམ།།
དེ་འདྲའི་དཔའ་འཛངས་ལྡན་པ་ནི་སྲིད་སྐྱོང་འོས་མིར་བཞུགས་པ་རྒྱ་རི་སྒྲོལ་མ་ལགས་ལས་གཞན་དུ་སུ་མཆིས་སམ།། སྤྱི་དོན་དུ་བསམ་ནས་ཞུས་པས་དགེ་བར་འཚལ།།
བཀའ་ཟུར་ལགས་ནས་གློ་བུར་དགོངས་ཞུ་གནང་བ་དེ་སྲིད་སྐྱོང་བློ་བཟང་སངས་རྒྱས་ལགས་ཀྱི་ཕྱག་ལས་གནང་སྟངས་ལ་ཡི་མ་རངས་པས་རེད།
ཡིན་ནའང་བཀའ་ཟུར་ལགས་སྲིད་སྐྱོང་ལ་འོས་པོ་མི་འདུག རྒྱུ་མཚན་ཁོང་བཤད་ཕོད་མཁན་ཞིག་ཡིན་པའི་བཟོ་ལྟ་མི་འདུག
ང་ཚོའི་སྲིད་སྐྱོང་ལ་བཤད་ཕོད་མཁན་དང་སྒྲུབ་ཕོད་མཁན་འོས་མི་བཀྲིས་དབང་འདུས་དང་ཚོགས་ཟུར་སྤེན་ཚེ་འདྲ་བ་དགོས་ཡོད།
༄༅། ངས་དང་ཐོག་ནས་བཤད་ཡིན་ལ་དྲ་རྒྱའི་ནང་ལའང་བྲིས་ཡོད།
མང་པོ་ཞིག་ནས་བེུད་མཐོ་རིམ་ལསས་བྱེད་ནང་ཉུང་དྲག་གི་འདུག་བེུད་ལ་ཐོབ་ཐང་དགོས་
སྐོར་བཤད་ཀྱི་ཡོད་ན། ཕོ་མོ་དབྱེ་འབྱེད་མེད་པ་ཐོབ་ཐང་ཡོད་ཀྱང་ཡར་འཛུལ་མཁན་ཉུང་དྲག་
ནས་མཐོ་རིམ་་ལས་བྱེད་ནང་བུད་མེད་ཉུང་བ་ཡོད་པ་རེད།
ད་ལེན་སྲིད་སྐྱོང་གི་འོས་མི་བཀའ་ཟུར་རྒྱ་རི་སྒྲོལ་མ་བཞེངས་ཡོད་པར་བརྟེན་བུད་མེད་ཡོད་དོ་ཅོག་
ནས་མཉམ་རུབ་ཀྱི་འོས་ཤོག་དེ་བཀའ་ཟུར་རྒྱ་རི་སྒྲོལ་མར་འཕེན་དགོས་པ་གལ་ཆེ།
ད་ལེན་གོ་སྐབས་ཡོད་བཞིན་དུ་བདག་པོ་མ་རྒྱབ་ན་རྗེས་སུ་བེུད་ལ་གོ་སྐབས་འདི་འདྲ་ཐོབ་རྒྱུ་དཀའ།
བེུད་ལ་ཐོབ་ཐང་མི་འདུག་ཅེས་རྗེས་སུ་སྟོང་བཤད་རྒྱབ་མ་རྒྱབ་མེད།
དབུས་སའི་བུད་མེད་ལྷན་ཚོགས་ནས་ཐུགས་སེམས་བཞེས་དགོས་སོ།
ངས་འོས་ཤོག་དེ་སྔ་ས་ནས་ཁོང་ལ་འཕེན་རྒྱུ་སེམས་ནང་ཡོད། བུད་མེད་ལངས་ཤོག་
ས་པཎ་ནས། ནང་ན་ཡོན་ཏན་ཀུན་ལྡན་ཡང་། ཆ་ལུགས་ངན་ཀུན་གྱིས་བརྙས།
སྤག་བྱིས་མཁས་ཀྱང་སྤུ་མེད་པས། འདབ་ཆགས་ཀུན་གྱིས་སྤང་ཞེས་གྲགས། ཞེས་གསུངས་པ་ལྟར་ང་ཚོ་བོད་རྒྱལ་ཁབ་ཀྱི་སྲིད་སྐྱོང་དེ་ནང་གི་ཡོན་ཏན་གཅིག་པུ་མིན་པར་ཕྱི་ཡི་མདོག་དང་། སྐད་ཆའི་འགྲོས། གདངས་སོགས་ཡག་པོ་དགོས་རྒྱུར་ཧ་ཅང་གི་གལ་ཆེན་རེད། ཁོང་གི་གསུང་དེ་ལ་བལྟས་ན་ཅ་ཟིང་ཙམ་འདུག་ད། གོ་རྒྱུ་མེད་པར་ཁོག་སྐད་ཞེ་གཅིག་རྒྱག་གིས།
ཀ་ཀཱ་བྱ་རོག་སྐད་ངན་འདི་ནས་སྒྲོག །
ཁ་ནས་བཤད་པ་ཚང་མ་ཡོད་མདོག་རྐྱང་། །
གང་དུ་བཀྱག་ཚད་ཐམས་ཅད་འབྲོང་ཆུང་ངོ་།
ང་ཚོས་བལྟས་ན་དེ་འདྲ་མེད་པར་མཐོང་།
ཅ་ནོར་ཆེད་དུ་ནུབ་ཕྱོཊ་ཡུལ་ལུང་འགྲིམས། །
ཆོ་མེད་སྐད་ཆས་ཁམས་པའི་སྙིང་ལ་ཕོག །
ཇ་ཁང་ཆང་ཁང་ནང་གི་འཐེན་འཁྱེར་དག །
ཉག་ཕྲའི་དུས་སུ་གླེང་ན་མཐུན་ལམ་དོར། །
ཏག་ཏག་བཟོ་མཁན་བློ་སེང་ཡིན་པ་དེ། །
ཐ་གྲུ་ཡོངས་ལ་དྲིལ་སྒྲོག་ཤུགས་ཀྱིས་བྱེད། །
ད་ཆ་འབྲོང་ཆུང་འཐོབ་ན་དངོས་གྲུབ་བསམ། །
ན་གཞོན་ཕུགས་བསམ་མེད་ན་དེ་འདྲ་འཁོར། །
པོ་པོ་མི་ཚེ་རྒྱ་གར་ཡུལ་ནས་རྫོགས། །
ཕ་ཡི་མི་ཚེ་ཨོ་གླིང་ཡུལ་ནས་འདས། །
བ་གླང་བཞིན་དུ་དུས་ཚོད་སྐྱེལ་འདོད་ན། །
མ་ཁྱོག་ཉི་སྐྱེལ་འབྲོང་ཆུང་འཕེན་ན་ལེགས། །
རྩ་བ་ཚུགས་པའི་བཙན་བྱོལ་སྲིད་གཞུང་འདི། །
ཚ་དྲག་ཆེ་བའི་དུས་སུ་༧རྒྱལ་བས་བཙུགས། །
ཛ་གལ་ཆེ་བའི་ཉེར་གཅིག་སྲིད་སྐྱོང་འདི། །
ཝ་ལེར་བསམ་ནས་དྲང་ཚུགས་ལྡན་པར་བྱ། །
ཞ་ཆག་ཤོར་བའི་གྲ་ཟུར་ཨ་ཟུར་ཚོ། །
ཟ་རི་ཟི་རི་མ་གནང་མི་བཟང་བྱོས། །
འ་རེ་འུ་རེས་མི་ཚེའི་འགྲོ་ལམ་འཁྱོག །
ཡ་རེ་ཡོ་རེས་དྲང་ཚུགས་མེད་པར་མཐོང་།
ར་བེ་རོ་བེ་བྱས་པས་རང་ཚུགས་ཤོར། །
ལ་ལུང་འགྱུར་བས་ཉེར་གཅིག་སྲིད་སྐྱོང་འགྱུར། །
ཤ་ཚའི་སྙིང་གཏམ་ཡིན་མིན་མ་ཤེས་ཀྱང་།
ས་མཐར་སླེབས་དུས་འཕན་ཕྲུག་བྱེད་རྒྱུ་མང་།
ཧ་ལས་དང་པོས་སྤེན་ཚེ་གནམ་ལ་བསྒྲེངས། །
ཧ་ལས་གཉིས་པས་སྤེན་ཚེ་ས་ལ་གཡུགས། །
ཨ་ཧོ་ཨ་གསར་ཅན་གྱི་ཀ་བཤད་འདི། །
གསར་འབྱོར་བསམ་རྒྱུ་མང་བའི་ལབ་ལབ་རེད། །
སྲིད་སྐྱོང་འོས་མི་ཚང་མས་། མ་འོངས་པར་། ཆོས་དང་རིག་གཞུང་ཡར་རྒྱས་གཏོང་རྒྱུ།
གཅིག་སྒྲིལ་ནུས་པ་སྤེལ་རྒྱུ། གཞིས་ཆགས་ས་བརྟན་བསོ་རྒྱུ། ཤེས་ཡོན་གོང་འཕེལ་གཏོང་རྒྱུ།
བོད་རྒྱའི་དཀའ་རྙོག་སེལ་ཐབས་བྱེད་རྒྒྱུ་བྱེད་བྱེད་རྒྱུ། གཞིས་ཆགས་ས་བརྟན་གཏོང་རྒྱུ་ སོགས་
ཚིག་ཡར་མར་མགོ་འཇུག་སྒྲིག་པ་མ་གཏོགས་
ཚང་མ་གཅིག་རང་བཤད་པ་ལས་གསར་པ་ཅི་ཡང་མི་འདུག།། སྔར་ཡང་དེ་བཞིན་བཤད། ད་ཡང་དེ་ལྟར་བཤད། མ་འོངས་པའང་དེ་བཞིན་རང་རེད་མ་གཏོགས་གཞན་པ་ཅི་ཡང་མ་མངོན་
རྒྱུ་མེད་པ་ཡིད་རེ་མུག།
གོང་གསལ་དེ་ཚོ་ད་བར་བཀའ་ཤག་རིམ་པས་་གནང་དང་གནང་བཞིན་པ་རེད།
གསར་པ་དེ་ལྷག་ཅི་ཡང་མི་འདུག། སྙིང་རྗེ།
གང་རྗིག་རྗིག་ཡིན་མདོག་སྟོན་ན་ཡང་། མི་ཕལ་པས་བལྟས་ན་གཅིག་རང་རེད།
མི་མཁས་པས་གཟིགས་ན་གཅིག་རང་རེད། གཟིགས་བལྟ་གཉིས་ལ་ཁྱེད་པར་ཅི་ཡང་མེད།
བཤད་རྒྱུ་ཡོད་ན་། གཞིས་ཆགས་ས་་བརྟན་། གཞིས་ཆགས་ནང་མི་རྒན་པ་རིམས་བཞིན་འདས
གཞོན་ནུ་རྣམས་ཕྱི་རྒྱལ་ཡུལ་ལ་གཅིག་རྗེས་གཉིས་མཐུད་དུ་ཕྱིན། གསར་སྐྱེས་རྣམས་ལ་ཕྲུ་གུ་
སྐྱེ་རྒྱུ་མེད་པས་ གཞིས་ཆགས་ས་བརྟན་གང་ནས་ཡོང། གཞིས་ཆགས་ས་བརྟན་དགོས་ན།
མི་རིགས་སྐྱེད་སྤེལ་བྱེད་དགོས་པ་ཡིན། འདིའི་ཐོག་ཤུགས་བརྒྱབ་ཐུབ་བམ།
ཐུབ་ཀྱི་མེད་ན་གཞིས་ཆགས་ས་བརྟན་གང་ནས་ཡོང།
གཞོན་སྐྱེས་མེད་པར་གཞིས་ཆགས་སྟོང་པ་ཆགས།
ཕྲུ་གུ་མེད་པས་སློབ་གྲ་སྟོང་པ་ཆགས། གྲ་གསར་མེད་པ་གྲ་ཚང་སྟོང་པ་ཆགས།
སྟོང་པ་གསུམ་འདི་མཐོང་དུས་སེམས་རེ་སྐྱོ།
ཀ་ཡི་རང་ཡུལ་བཞག་ནས་མི་ཡུལ་འགྲེམས།
ཁ་ནས་གང་ཐོན་སྤྱི་སེམས་ཡིན་ཁུལ་བྱེད།
ག་པར་ཕྱིན་ཀྱང་རང་དོན་མཁོ་ན་གཉེར་
ང་ནི་དེ་ཚོ་མཐོང་དུས་ཞེན་པ་ལོགས།
འཇིགས་དབང་ལགས། ཁྱེད་ནས་དྲང་པོ་གསུངས་འདུག ད་ལྟའི་སྲིད་སྐྱོང་འོས་མི་རྣམས་ནས་མང་ཆེ་བས་གསུངས་རྒྱུ་གཅིག་པ་འདྲ་པོ་ཡོད། ཚིགས་བེད་སྤྱོད་བྱ་ལམ་དངབཤད་ལམ་ཕྲན་བུ་འདྲ་མི་འདྲ་རེད། ཡོང་གི་རེད། ༥༩ ལོར་མ་སུ་རིར་བཙན་བྱོལ་བོད་གཞུང་དབུ་བརྙེས་ནས་རང་བཙན་ནམ་དབུ་མིའི་ལམ་གང་རུང་ནས་བོད་མིའི་བདེ་དོན་མ་གསལ་བར་བྱ་རྒྱུ་ཁྱེད་ནས་གསུངས་བ་ཁག་ལས་ཆེར་མི་འདྲ་ཡོང་རྒྱུ་ཕལ་ཆེར་ཨེ་ཡོད།
ཡིན་ཀྱང་བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་ནས་ད་བར་གྱི་འབྱུང་རིམ་དང་ཕྱི་མ་འགྱུར་གྲབས་ལ་དགོངས་པ་ཆེ་ཞིབ་ཀྱིས་བཀའ་མོལ་གཞན་ནས་གོ་རྒྱུ་མེད་པ་འགའ་ཤས་གནང་སོང་སྙམ། དེ་ཡང་རྒྱ་དམར་པོའི་བྱ་ཕྱོགས་ལ་ཞིབ་པས་ལལ་དབུས་མ་ལམ་ལྷོངས་སུ་རང་ཕྱོགས་ནས་ཐབས་བྱུས་གསར་སྤེལ། བོད་མི་མང་པོ་ཞིག་རྒྱ་བལ་འབྲུག་གསུམ་ནས་ཨ་རི་སོགས་ཕྱི་ཡུལ་གཞན་དུ་གནས་སྤོ་པ་རྣམས་བོད་སྒྲིག་ཚུགས་མཉམ་སྔར་མུས་བཞིན་འབྲེལ་བ་དང་བོད་མིའི་བདེན་མཐའ་གསལ་ཐབས་སུ་བརྩོན་པ་ཆུ་རྒྱུན་བཞིན་གནས་ཐབས་ཀྱི་ཐབས་བྱུས་སོགས་སྲིད་སྐྱོང་འོས་མི་གཞན་ལ་མེད་པ་ཆེར་ལྷག་པ་ཞིག་བཀའ་གནང་སོང་། ཡིན་ཀྱང་རེ་ཤས་ཀྱིས་ཁོང་གི་དགོངས་འཆར་ལ་སྐྱོན་བརྗོད་གནང་འདུག དང་པོ་བསམ་འཆར་མེད་ན་གཉིས་པ་ཐབས་ཤེས་གང་ནས་འོང། གང་ལྟར་ད་བར་བཀའ་མོལ་ལམ་བྱ་ལམ་གསལ་བསྒྲགས་གནང་མཁན་ནང་ནས་རྒྱ་རི་སྒྲོལ་མ་ལགས་ཟབ་ཤོས་ཡིན་འདུག་པས་རྒྱ་ཆེ་མི་མང་ནས་འོས་གནང་ན་འགྱོད་པ་ཕལ་ཆེར་ཡོང་རྒྱུ་དཀའ་། བོད་རྒྱལ་ཁབ་དང་བོད་མི་མང་ཆེད་དུ།།
སྲིད་སྐྱོང་འོས་མི་ཚང་མས་། མ་འོངས་པར་། ཆོས་དང་རིག་གཞུང་ཡར་རྒྱས་གཏོང་རྒྱུ།
གཅིག་སྒྲིལ་ནུས་པ་སྤེལ་རྒྱུ། གཞིས་ཆགས་ས་བརྟན་བཟོ་རྒྱུ། ཤེས་ཡོན་གོང་འཕེལ་གཏོང་རྒྱུ།
བོད་རྒྱའི་དཀའ་རྙོག་སེལ་ཐབས་བྱེད་རྒྒྱུ་བྱེད་བྱེད་རྒྱུ། གཞིས་ཆགས་ས་བརྟན་གཏོང་རྒྱུ་སོགས་
བརྗོད་ཚིག་ཡར་མར་མགོ་འཇུག་གསར་བསྒྲིག་བྱས་ནས་བཤད་པ་མ་གཏོགས་
ཚང་མ་གཅིག་རང་བཤད་པ་ལས་གསར་པ་ཅི་ཡང་མི་འདུག།། སྔར་ཡང་དེ་བཞིན་བཤད། ད་ཡང་དེ་ལྟར་བཤད། མ་འོངས་པའང་དེ་བཞིན་རང་རེད་མ་གཏོགས་གཞན་པ་ཅི་ཡང་
མངོན་རྒྱུ་མེད་པ་ཡིད་རེ་མུག།
གོང་གསལ་དེ་ཚོ་ད་བར་བཀའ་ཤག་རིམ་པས་་གནང་དང་གནང་བཞིན་པ་རེད།
གསར་པ་དེ་ལྷག་ཅི་ཡང་མི་འདུག། སྙིང་རྗེ།
གང་རྗིག་རྗིག་ཡིན་མདོག་སྟོན་ན་ཡང་། མི་ཕལ་པས་བལྟས་ན་གཅིག་རང་རེད།
མི་མཁས་པས་གཟིགས་ན་གཅིག་རང་རེད། གཟིགས་བལྟ་གཉིས་ལ་ཁྱེད་པར་ཅི་ཡང་མེད།
བཤད་རྒྱུ་ཡོད་ན་། གཞིས་ཆགས་ས་་བརྟན་། གཞིས་ཆགས་ནང་མི་རྒན་པ་རིམ་བཞིན་འདས
གཞོན་ནུ་རྣམས་ཕྱི་རྒྱལ་ཡུལ་ལ་གཅིག་རྗེས་གཉིས་མཐུད་དུ་ཕྱིན། དར་མ་ཚོ་ལ་ཕྲུ་གུ་
སྐྱེ་རྒྱུ་མེད་པས་ གཞིས་ཆགས་ས་བརྟན་གང་ནས་ཡོང། གཞིས་ཆགས་ས་བརྟན་དགོས་ན།
མི་རིགས་སྐྱེས་སྤེལ་བྱེད་དགོས་པ་ཡིན། འདིའི་ཐོག་ཤུགས་བརྒྱབ་ཐུབ་བམ།
ཐུབ་ཀྱི་མེད་ན་གཞིས་ཆགས་ས་བརྟན་གང་ནས་ཡོང།
གཞོན་སྐྱེས་མེད་པར་གཞིས་ཆགས་སྟོང་པ་ཆགས།
ཕྲུ་གུ་མེད་པས་སློབ་གྲ་སྟོང་པ་ཆགས། གྲ་གསར་མེད་པ་གྲ་ཚང་སྟོང་པ་ཆགས།
སྟོང་པ་གསུམ་འདི་མཐོང་དུས་སེམས་རེ་སྐྱོ།