སྐྱོ་བྲག་དགའ་དབང་།
ཟླ་བ་བྱུང་ངོ་ཅོག་གི་ཡར་མར་གྱི་ཚེས་པ་བཅུ་ནི། དཔའ་བོ་དང་རྣལ་འབྱོར་མ་མཆོད་པའི་དུས་ཆེན་ཡིན་པར། རྒྱུད་ཀུན་སྤྱོད་ལས། ཟླ་བ་མར་ངོའི་ཚེས་བཅུ་དང་། ། ཟླ་བ་ཡར་ངོའི་དེ་ཉིད་ལ། ། འབད་པས་དཔའ་བོ་ཆང་སོགས་དང་། ། རྡོ་རྗེ་ལྷ་མོ་རབ་མཆོད་ཅིང་། ། ཞེས་གསུངས་ལ། ལྷག་ཏུ་ཚེས་པ་ཉེར་ལྔ་ནི། མཁའ་འགྲོའི་དུས་ཆེན་ཡིན་པར་ཡོངས་སུ་གྲགས་པས་ན། ང་ཚོས་ལྕགས་ཕོ་བྱི་བ་སྣྲོན་ཟླའི་ཚེས་པ་ཉེར་ལྔ་ཉིན། བསྐལ་པ་བཟང་པོའི་སངས་རྒྱས་རྣམས་གང་དུ་འཚང་རྒྱ་བའི་གནས་མཆོག་རྡོ་རྗེ་གདན་ལ། ཞྭ་དམར་དྲུག་པ་གར་དབང་ཆོས་ཀྱི་དབང་ཕྱུག་གིས། གདན་ས་ཐིལ་གྱི་ལུགས་དང་རྗེ་བརྒྱད་པའི་ཞལ་སྔ་ནས་སྩལ་བ་སོགས་ཐམས་ཅད་ནས་ལེགས་ཆ་བསྡུས་ཏེ་གུང་བསྒྲིགས་པ་ཚེ་རིང་མཆེད་ལྔའི་མཆོད་གཏོར་གྱི་རིམ་པ་ཞེས་པ་དེ་བཏོན་ཏེ།
རྒས་མེད་ལང་ཚོ་ལྡན་པའི་ལུས་སྟོབས་རྒྱས། ། མིག་ལ་ཡ་མཚན་ལྟད་མོའི་དགའ་བ་དང༌། ། རྣ་བར་རྟག་ཏུ་སྙན་པའི་གཏམ་ཐོས་ཤིང༌། ། དྲི་ཞིམ་ངད་པ་སྣ་དང་མི་འབྲལ་བར། ། ཟས་སྐོམ་འབྱོར་བས་རོ་འཛིན་ཚིམ་བྱེད་ཅིང༌། ། ལུས་ལ་རེག་བྱ་བདེ་བ་ཁོ་ནས་འཚོ། ། ཡིད་ལ་རྣམ་པར་བཀྲ་བའི་ཤེས་རབ་དང༌། ། ཟག་མེད་བདེ་བས་ནམ་ཡང་ངོམ་པར་མཛོད། ། ཅེས་པ་འགྲོ་བ་ཐུན་མོང་གི་རེ་སྨོན་བྱ་ཡུལ་འདི་ཕྲིན་ལས་སུ་བཅོལ་བ་ཡིན།
སྤྱིར་ཚེ་རིང་མཆེད་ལྔ་ནི། མཁའ་འགྲོ་ཆེན་མོ་ལྔ་པོ་ནི། ། ཕྱི་ལྟར་སྨན་བཙུན་ཆེན་མོ་ལྔ། ། ནང་ལྟར་ཞིང་སྐྱོང་ཆེན་མོ་ལྔ། ། གསང་བ་རིགས་ཀྱི་ཡུམ་ཆེན་ལྔ། ། དུས་གསུམ་སངས་རྒྱས་སྐྱེད་པའི་ཡུམ། ། མཁའ་འགྲོའི་དབང་ཕྱུག་ལྔ་ལ་བསྟོད། ། ཅེས་དུས་གསུམ་སངས་རྒྱས་སྐྱེད་པའི་ཡུམ་ཆེན་ཡིན་ལ། དམིགས་བསལ་ཆགས་མེད་རི་ཆོས་ལས། བཞད་པ་རྡོ་རྗེའི་གསང་ཡུམ་ཚེ་རིང་མ། ། སྒྲུབ་བརྒྱུད་བསྟན་པ་སྤེལ་བའི་གཡར་དམ་ཅན། ། ཞེས་སྒྲུབ་བརྒྱུད་སྙིང་པོའི་བསྟན་པ་ལ་འབྲེལ་བ་ཐུན་མོང་མིན་པ་ཡོད་པའི་ལྷ་མཆོག་ཡིན་ནོ།།
བཞད་པ་རྡོ་རྗེའི་གསང་ཡུམ་ཡིན་འགྱུར་ན། །
གཟུགས་མེད་གཟུགས་ཅན་མཉམ་སྦྱོར་ཇི་ལྟར་འོངས། །
འོངས་ན་ཞིང་སྐྱེས་སྔགས་སྐྱེས་གང་ཁོངས་བསྡུས། །
བསྡུས་ན་གསུམ་ལྡན་གསང་ཡུམ་འོངས་སྲིད་དམ། །
སྲིད་ན་སྡོམ་ལྡན་སོར་སྡོམ་ཉམས་སྲིད་དམ། །
གསང་སྔགས་ཁྲོམ་བསྒྲགས་མི་འོས་ཁ་བརྡར་བསྒྲགས། །
བསྒྲགས་པའི་ཞོར་ལ་བློ་སྐྱེད་བླངས་འོས་ངེས། །
རྣམ་ཐར་དེ་འདྲ་ཆུང་དུས་ཐོས་མྱོང་ཡང་། །
ད་ལྟ་རྒས་དུས་ཉམས་མྱོང་མེད་པས་འགྱོད། །
བཀའ་བརྒྱུད་བསྟན་པའི་ཆུ་བོ་རིང་འགྱུར་ཅིག །
མི་ལ་རས་པའི་བྱིན་རླབས་ཀུན་ཐོབ་ཤོག །
ཚེ་རིང་མ་ཡིས་འཕྲིན་ལས་ཀུན་ལ་མཛོད། །
སྐྱོ་བྲག་དགའ་དབང་། ཤད་རྒྱབ་ཚུལ་་མཐུན་པ་ཞིག་དགོས་སོ།
ཀརྡོ་རབ་འབྱམས་པ་མཆོག་ཕེབས་པར་དགའ་བསུ་ཞུ།
ལ་དྭགས་མཁས་དབང་འཇམ་དཔལ་ལགས་སུ་འཇུ་ལེ། བཀྲ་ཤིས་བདེ་ལེགས། སྐུ་ཚེ་ཡུན་བརྟན་ཤོག །
ཀརྡོ་རབ་འབྱམས་པ ་མཆོག་ལ་འཇུ་ལེགས།་
“འཇུ”ཤེས་པའི་ཚིག་གི་ལོ་རྒྱུས་ཞུ་དགོས་མཆིས། དཔེ་ཆོས་རིན་ཆེན་
སྤུངས་པ་ན། “ཇོ་བོ་འཇུ་ཁྱེད་ལ་སྐྱབས་སོ།” ཕམ་པ་དེས་རྒྱལ་ཁ་ལོན་པ་དེ་
ལ་ཁ་ཙམ་གཏོགས། སེམས་ནས་མ་ཡིན། ལྷོད་ནས་འགྲོ་དུས། རྒྱལ་ཁ་ལོན་པ་དེ་
ལ་ཚིག་ངན་སྨྲ་བཞིན་ཕྱིན།