མྱི་ལྟིག
ཆང་འདི་བཙན་པོ་བཙན་པོ།།
སེམས་འདི་གཉོམ་པོ་གཉོམ་པོ།།
བཙན་པོ་གཉོམ་པོ་གཉི་ཀ །།
རྒྱ་བཟའ་ཁབ་ལ་བསུས་འདྲ།།
གྲོགས་འདི་གྲིམ་པོ་གྲིམ་པོ།།
ང་འདི་ལད་པོ་ལད་པོ།།
གྲིམ་པོ་ལད་པོ་གཉི་ཀ །།
གེ་སར་ཧོར་ལ་བྱོན་འདྲ།།
ལས་འདི་དཀར་པོ་དཀར་པོ།།
ལམ་འདི་ནག་པོ་ནག་པོ།།
དཀར་པོ་ནག་པོ་གཉི་ཀ །།
གུ་རུས་གྲུབ་རྟགས་བསྟན་འདྲ།།
ཚིག་འདི་གསལ་པོ་གསལ་པོ།།
གདངས་འདི་མཚར་པོ་མཚར་པོ།།
གསལ་པོ་མཚར་པོ་གཉི་ཀ །།
ཏུན་ཧོང་གཏེར་ཡིག་བཀླགས་འདྲ།།
༢༠༡༤།༠༦།༢༧ ལ།
ཚིག་འདི་སྙན་པོ་སྙན་པོ།།
སྡེབ་འདི་འབྱོར་མོ་འབྱོར་མོ།
སྙན་པོ་འབྱོར་མོ་གཉིས་འཛོམས།།
ཡིད་ལ་འཐད་ནས་ཤི་ཐའ།།
ཡ་གའི་མགུར་མའི་བུ་འདྲ།།
མ་གའི་ལ་གཞས་བཞུས་འདྲ།།
གང་ལྟར་གོ་མྱོང་གོ་མྱོང་།།
ཡག་ནོ་གན་ཀི་བྱ་ལྟོས།།
ཧ་ཧ་ཧ། སྙན་པོ་ཞེ་དྲག་འདུག
ཏུན་ཧོང་དཔེ་ཆ་རིག་ན།
ཐོན་མིའི་རྩ་བ་དེ་ཚོ།།
རྫུན་གྱི་སྒུམ་བུ་ཞིག་ལས།།
ཁུངས་ནི་འཁྱོལ་ས་མ་རེད།
ལྷག་ལུས་མེད་པའི་རིགས་འདིར།།
ཡང་སྲིད་ཡོད་ན་འདོག་གི།
བོད་པ་མིན་ན་འདོད་ཀི།
ག་རེ་བྱུང་ན་འདོད་ཀི།
ཤེས་ཐབས་མེད་པ་ཡིན་ན།
རྫུན་ལ་ཁ་སྣོན་ཞིག་ལས།།
སྒྲ་ནི་ཤེས་ས་མ་རེད།
བཀླགས་ན་གོ་རྒྱུ་མེད་ཀི།
རྫུན་ལ་ཡིད་ཆེ་མེད་ཀི།
ཉོབ་སོང་ཟེར་ན་ཨེ་ཆོག།