འཇམ་དབྱངས་ནོར་བུ།
ཏ་རེ་ཏུ་རེ། ཞེས་པའི་ཚིག་འགྲེལ་ནི། ཉིན་ཞིག་རྗེ་བཙུན་སྒྲོལ་མས་གཞོན་ནུ་མ་ཞིག་ལ་སྤྲུལ་ནས་ཆུ་བོ་ཆེན་པོ་ཞིག་གི་ཉེ་འགྲམ་དུ་ཀོ་གྲུ་འཚོལ་ཁུལ་བྱས་ནས་བཞུགས་སྐབས་སུ། ཆུ་ཕར་ཕྱོགས་ནས་ཕོ་གཞོན་ཞིག་གིས་རྟ་ཞིག་བཞོན་ནས་རྗེ་བཙུན་མའི་ཕྱོགས་སུ་ཐོན་བཞིན་ཁོས་བསམ་པར་ཕ་གིར་མཛེས་མ་ཞིག་འདུག་པས་དེ་རིང་ཚོར་བ་ངར་མ་ཞིག་མྱོང་དགོས་བསམས།
རྗེ་བཙུན་མས་ཀྱང་དེ་རིང་ཀོ་གྲུ་མ་རག་ན་ཕོ་གཞོན་དེར་རྟ་གཡར་དགོས་དགོངས། དེ་ནས་ཕོ་གཞོན་དེ་ཆུ་ཚུར་ཕྱོགས་སུ་འབྱོར་མཚམས་སུ་མྱུར་བ་མྱུར་བར་སྒྲོལ་མའི་ཕྱག་ལ་འཇུས་ནས་འདོད་བསྐྱོད་ཀྱི་ལས་ལ་འཇུག་གྲབས་བྱས་པའི་སྐབས་དེར། རྗེ་བཙུན་མས་མཁྱེན་ནས་འདི་སྐད་ཅིག་གསུངས་སོ། ངོས་ནས་ཁྱེད་ཀྱི་རྟ་ལ་རེ་བ་བྱས་ཀྱང་ཁྱེད་ཀྱིས་ངའི་སྟུ་ལ་རེ་བ་བྱས་འདུག་པས་དམ་ཉམས་ཁྱེད་ཕར་རྒྱུགས་ཤིག གསུངས་ནས་མི་སྣང་བར་གྱུར། མི་དེས་ཅི་བྱེད་མེད་པར་འགྱོད་པ་སྐྱེས་ནས། ཨོཾ་ཏ་རེ་ཏུ་རེ་སྭ་ཧ྄། ཞེས་མང་དུ་བགྲངས་སོ།
ཧ་ཧ་ཧ། ཁོང་གཉིས་དེ་ལྟར་གླེང་བ་མཐོང་མཁན་དེ་སུ་ཡིན་ནམ།
རྟ་རེ་སྟུ་རེ་དང་། ཏྰ་རེ་ཏུ་རེ་ཞེས་པའི་ཁྱད་པར་འདིས། ཡི་གེ་མི་ཤེས་པ་གཅིག་གིས་སྒྲུང་རྫུན་མ་བཟོས་པ་འདི་ལས་ཤེས་ཐུབ།
སློབ་དཔོན་ཆེན་པོ་བྷབྱས་
རིག་སྔགས་ཀྱང་ཕལ་ཆེར་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། འཕགས་པའི་བདེན་པ་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སྟོན་པར་བྱེད་པའི་ཡི་གེ་དང་དོན་གྱིས་ཉོན་མོངས་པ་ཟད་པར་བྱེད་པ་སྟོན་པར་བྱེད་པ་ཉིད་ཡིན་ཏེ། ཇི་ལྟར་ཤ་མ་ཡ་ཤ་མ་ཡ། དནྟེ་ཤཱནྟེ་རྡ་རྨ་རཱ་ཛ། བྷ་ཥི་ཏེ་མ་ཏེ་མ་ཧཱ་བཱི་དྱ། སརྦ་རྠ་སཱ་དྷ་ན་ནི། ཞེས་བྱ་བ་ལྟ་བུ་དང་། དེ་བཞིན་དུ་ཆོས་ཀྱི་མཆོག་ལས་བྱུང་བ་ནི་ཏཱ་རེ། དང་པོའི་ཆོས་ལས་བྱུང་བ་ནི་ཏུ་ཏྟཱ་རེ། བརྗོད་དུ་མེད་པའི་ཆོས་ལས་བྱུང་བ་ནི་ཏུ་རེ་ཞེས་བྱ་ལྟ་བུ་མངོན་རྟོགས་གསལ་བར་བྱེད་པ་སྟེ། ཅེས་འབྱུངོ།
དེའི་ཕྱིར་མ་མཐོང་ན་སྒང་བུད། མི་ཤེས་ན་མིར་དྲིས་ཅེས་པའི་གཏམ་དཔེ་འདི་དྲན་ན་ལེགས། སེམས་ཆོས་ལ་ནག་ན་ཡང་ཕ་རོལ་པོའི་འདོད་ཚུལ་ཤེས་པ་གལ་ཆེའོ།
སྟོན་པའི་དབུ་ལ་བྱིས་པའི་ལག་རྩེད་ཀྱི་དཔེ་ལྟར་མའོ་ཀྲུའུ་ཞིའི་ཕྲུ་གུ་འཇམ་དབྱངས་ནོར་བུས་ཡ་རབས་གུས་ཞབས་ཀྱི་རྣམ་པ་དོར་ནས་དམར་རྗེན་གྱི་ཚིག་འདི་འདྲ་བརྗོད་པ་ནི་གུས་ཞབས་མེད་པ་རང་ཡིན། འདིའི་རིགས་ལ་ཡ་རབས་ཀུན་སྤྱོད་སློབ་གསོ་མ་བརྒྱབ་ན་སླད་དམར་སྲུང་དམག་ཐོན་ཡག་ཉེན་ཁ་ཧ་ཅང་ཆེ།
དྲན་དཀར་དཔལ་ཡོན་ལགས་ཀྱི་ལེགས་བཤད་ནས་ལེགས་ཆ་བླངས་ན་འགྲིག
འདིའི་འཇམ་དབྱངས་ནོར་བུ་ཟེར་ནོ་འདི་སུ་རེད། རྩོམ་པ་བོ་གྲགས་ཅན་འཇམ་ནོར་ནི་མིན་པ་ཐག་གིས་ཆོད།
ལྟ་ལོག་འཇམ་ནོར་གྱི་རྗེས་འཇུག་རང་རེད།
ང་ལ་ཡང་སྒྲུང་འདི་འདྲ་ཞིག་བཤད་རྒྱུ་ཡོད། འཆད་པར་བྱ་བའི་སྒྲུང་འདི་ལྷ་སའི་ངག་རྒྱུན་ལ་འདུག
སྔོན་མ་ཨ་ནི་རྒན་པ་ཞིག་གིས་ཨ་ནི་གསར་པ་ཅིག་ལ་དཔེ་ཆ་ཁྲིད་བཞིན་ཡོད། ཐེངས་འདིར་སྒྲོལ་མའི་སྔགས་ཁྲིད་རྒྱུ་བྱས། ཨ་ནི་རྒན་པས། ཨོམ་ཟེར། ཨ་ནི་གསར་པས་ལད་མོ་བྱས་ནས། ཨོམ་ཟེར། དེ་ནས་ཨ་ནི་རྒན་པས་་་་ཨོམ་ཏ་རེ་་་་ཟེར། ཨ་ནི་གསར་པས་ཀྱང་ཨོམ་ཏ་རེ་ཟེར། དེ་ནས་ཨ་ནི་རྒན་པས་་་་་་་ཏུ་ཏ་རེ་་་་་་་ཟེར། ཨ་ནི་གསར་པ་ངོ་ཚ་ནས་བཟླ་མ་ནུས། ཨ་ནི་རྒན་པས་ཡང་བསྐྱར་་་་་་་ཏུ་ཏ་རེ་་་་ཟེར། ཨ་ནི་གསར་པ་གདོང་པ་དམར་པོར་གྱུར་ནས་ཅི་ཡང་བཟླ་མ་ནུས། ཨ་ནི་རྒན་པ་ཁོང་ཁྲོ་ལངས་ནས། “སྨད། འདི་ཁྱོད་ཀྱི་རོ་སྟུ་མ་རེད་དཱ། རྒྱལ་བའི་གསུང་རབ་ཀྱི་ཏུ་རེད་ཟེར།” ཨ་ནི་གསར་པ་དེས། ཏུ་རེ་་་་རྒྱལ་བའི་གསུང་རབ་ཀྱི་ཏུ་་་ཟེར།
ཙན་དྲ་གོ་མིས་ཏཱ་རེའི་མིང་ཅན་བུ་མོར་བཟའ་ཟླ་མ་མཛད་པར་ཡབ་ཀྱིས་ཀོ་ཐུམ་བརྒྱབ་ནས་ཆུ་ལ་བསྐུར། སྒྲུང་དེ་དང་འདྲ་བར་སྦྱར་ནས་ཆོས་ཀྱི་སྙིང་པོ་ཡི་གེ་བཅུ་བ་འདི་ལ་ལོག་འགྲེལ་བྱས་པ་ནི། འདོད་ཆེན་སྙིང་ལ་ཞུགས་པ་ཡིས།།སྐྱེ་བོ་དེ་ཡིས་མི་བྱེད་མེད།།ཅེས་པ་ལྟར་དོན་ལ་གནས་སོ། །
བོད་པའི་རིག་གཞུང་ལ་ཁྱད་གསོད་དང་དད་མོས་ལ་ཁྱད་གསོད། ལོག་ལམ་དུ་ཁྲིད་མཁན་མི་འདིའི་རིགས་ནི་མོའུ་ཡི་གསོས་ཕྲུག་ངོ་མ་དེ་རེད། སུ་ཞིག་གིས་ཡིད་ཆེས་བྱེད་ཐུབ།
ཨོ། ད་རེས་ང་ཚོའི་ལེགས་བཤད་ལགས་འདི་དགོངས་པ་འཚོམས་ནས་བཀའ་སྐྱོན་ཆེན་པོ་གནང་ལགས། དགོངས་འགལ་མེད་པ་ཞུ། ངའི་མཆན་གོང་མ་འདི་སྔར་རྒྱུན་གྱི་ཤོད་སྲོལ་རང་གར་བཞག་ནས་བཀོད་པ་ལས་རང་བཟོ་མིན། རང་གི་རིག་གཞུང་དང་ཆོས་ལ་ལོག་འགྲེལ་མིན་ལགས།
ཨོམ་ཏཱ་རེ་ཏུ་ཏཱ་རེ་ཏ་རེ་སོ་ཧ།
རྩོམ་དུམ་འདི་བྲི་མཁན་ནི་རང་བཙན་འཐབ་རྩོད་པ་འཇམ་ནོར་མ་རེད། འདི་འབྲས་སྤུངས་བློ་གསལ་གླིང་གི་དགེ་བཤེས་ལྷ་རམས་པ་ཉག་རེ་འཇམ་དབྱངས་ནོར་བུ་རེད། དེ་གཉིས་སོ་སོར་ནས་ངོས་ཟིན་པར་གྱིས། དྲ་འབུ་ཚོ།
རྩོམ་དུམ་འདི་བྲི་མཁན་ནི་རང་བཙན་འཐབ་རྩོད་པ་འཇམ་ནོར་མ་རེད། འདི་འབྲས་སྤུངས་བློ་གསལ་གླིང་གི་དགེ་བཤེས་ལྷ་རམས་པ་ཉག་རེ་འཇམ་དབྱངས་ནོར་བུ་རེད། དེ་གཉིས་སོ་སོར་ནས་ངོས་ཟིན་པར་གྱིས། དྲ་འབུ་ཚོ།
ལས་མེད་ཁྱི་འཁྱམས་ཆོ་མེད་རང་རེད་
སྒུང་འདི་ངས་ཆུང་དུས་ནས་མོང་པོ་གོ་མྱོང། འདི་ནི་དམངས་ཁྲོད་ཀྱི་ཁ་སྒྲུང་ཙམ་ཞིག་རེད། ད་དུང་འདི་འདྲ་བ་མོང་པོ་ཡོད་རེད།
དྲ་འབུ་ཚོ་དགོངས་པ་འཚོམས་ན་འཚོམས་ཚོད་ཡོད་མ་རེད། གྲྭ་པའི་ཁ་མི་གཙང་ ཨ་ནེའི་མཛུབ་གུ་མི་གཙང་བའི་དཔེར་ལས་མ་འདས་སོ་།
ལྩེ་ལེབ་དམར་པོ་གཞུ་འདོམ་ལྔ་བརྒྱ་ཐམ་པ་ནར་ནས་གཡག་ཆེན་ཟུང་ལ་ཐོང་གཤོལ་གྱིས་རྨོ་དགོས་པའི་ལས་ངན་ཚབ་ཆེན་མ་བསག་རོགས་གནང་ཞེས་ཞུ་རྒྱུ་ཡིན། ལར་ནས་གཟུང་སྔགས་ཟབ་མོ་འདི་དག་ཚིག་ནོར་ཙམ་ཞིག་བྱུང་ན་ཡང་མཆོག་ཐུན་གྱི་དངོས་གྲུབ་མི་འགྲུབ་པ་མ་ཟད་ཉེས་པ་ཆེན་པོ་ཡོད་པས་ཐུགས་ངེས་གནང་གལ་ཆེ།
སྤྱིར་འདི་འདྲ་བ་བོད་པའི་སྤྱི་ཚོགས་ནང་ཆེས་མང་པོ་ཡོད། འདི་ལྟ་བུ་ལ་མཚར་གཏམ་ཟེར་བ་རེད། མཚར་གཏམ་རིགས་ལ་མི་གད་མོ་འཆོར་བྱེད་ཙམ་ལས་དེ་ལ་ཕུག་འདེད་རྒྱུ་དང་བདེན་པ་བཟུང་རྒྱུ་ཆེར་མེད་ནི་རེད།
འོན་ཀྱང་ད་ལན་གསུང་མཁན་འདི་འབྲས་སྤུངས་བློ་གསལ་གླིང་གི་དགེ་བཤེས་ལྷ་རམས་པ་ཉག་རེ་འཇམ་དབྱངས་ནོར་བུ་ལགས་ཡིན་ན། ཁོང་ལ་ཆོས་ཕུང་གི་ཉེས་པ་མ་བསགས་ན་ང་ཚོ་དྲ་ཉུལ་ཀློག་པ་པོ་ཚོར་བསམ་ཚུལ་གང་ཡང་མེད། ཧ་ཧ་ཧ།
བསྟན་འཛིན་རྒྱལ་པོས་བཤད་པ་དེ་ག་རང་རེད། མཚར་གཏམ་དྲང་གཏམ་དུ་རློམ་ནས་དགེ་བཤེས་ཆེན་མོར་ཁ ངན་ཚིག་ལོག་མ་རྒྱགས།
སྡུག་ཉེས་རང་གིས་བསོག་རེ་རེད་ཡ།
མཚར་གཏམ་ཡག་གི
བཀའ་དྲིན་ཆེ།
ཁ་བརྡའི་དྲྭ་རྒྱའི་ནང་བཞུགས་པའི་བོད་རིགས་སྤུན་ཟླ་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ།
བསམ་ཞིབ་བྱས་ན། གཟུངས་སྔགས་འདི་ནི་ལེགས་སྦྱར་གྱི་སྐད་ཡིན་པས། བོད་སྐད་དང་ཇི་ལྟར་འདྲ། ཏཱ་རེ་ཞེས་པ་ནི་སྒྲོལ་བའི་དོན་ལ་འཇུག་པ་ཡིན་ནོ། སྒྲུང་དེ་ནི་ཁ་རྒྱུན་ཙམ་ལས་མ་འདས་སྙམ་མོ།།
རྗེ་བཙུན་སྒྲོལ་མ་བསྐལ་བ་གྲངས་མེད་དཔག་དུ་མེད་པའི་སྔ་རོལ་ན་སྲས་མོ་ཡེ་ཤེས་ཟླ་བ་ཟེར་བ་ཞིག་གི་སྐྱེ་བ་བླངས་པ་དང་། སྐབས་དེར་སངས་རྒྱས་རྔ་སྒྲ་འཇིག་རྟེན་དུ་བྱོན་ནི་རེད། སྲས་མོ་ཡེ་ཤེས་ཟླ་བས་སངས་རྒྱས་རྔ་སྒྲའི་སྐུ་མདུན་ནས་ཐུགས་བསྐྱེད་པ་དང་དེའི་འཁོར་ན་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་གྲངས་མེད་ཡོད་པ་ཐམས་ཅད་ལ་ལོ་ངོ་བརྒྱ་སྟོང་བར་དུ་མཆོད་པ་དང་བསྙེན་བཀུར་སོགས་བྱས་པ་རེད། འཁོར་བྱང་སེམས་དང་ཉན་ཐོས་རྣམས་ཀྱིས་སྲས་མོ་ཡེ་ཤེས་ཟླ་བར་ཁྱོད་ཀྱི་དགེ་འདུན་རྣམས་ལ་མཆོད་པ་དང་བསྙེན་བཀུར་ལོ་ངོ་མང་པོ་བར་དུ་བྱས་པའི་བསོད་ནམས་ཀྱི་སྟོབས་རྒྱ་ཆེན་པོ་ཡིན་པས་བུད་མེད་ཀྱི་ལུས་རྟེན་འདི་ཉིད་སྐྱེས་པའི་ལུས་རྟེན་དུ་གྱུར་ཅིག་ཅེས་སྨོན་ལམ་བཏབ་ན་སྨོན་ལམ་འགྲུབ་ངེས་ཡིན། སྐྱེས་པའི་རྟེན་ལ་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་འགྲོ་དོན་རྒྱ་ཆེར་མཛད་ཐུབ་ནི་རེད་ཅེས་དགེ་འདུན་རྣམས་ཀྱིས་སྲས་མོ་ཡེ་ཤེས་ཟླ་བར་བསྐུལ་བ་བྱས་པ་རེད། སྲས་མོ་ཡེ་ཤེས་ཟླ་བས་སྐྱེས་པའི་རྟེན་ལ་སངས་རྒྱས་པ་མང་པོ་ཡོད་ཀྱང་བུད་མེད་ཀྱི་རྟེན་ལ་སངས་རྒྱས་པ་མེད། ང་ནི་བུད་མེད་ཀྱི་རྟེན་ལ་སངས་རྒྱས་ནས་འཁོར་བ་མ་སྟོང་བར་དུ་བུད་མེད་ཀྱི་གཟུགས་སུ་སེམས་ཅན་གྱི་འགྲོ་དོན་བརྒྱ་ཆེན་པོ་མཛད་ངེས་ཡིན་ཞེས་དམ་བཅས་པ་རེད། དེ་ནས་སྲས་མོ་ཡེ་ཤེས་ཟླ་བས་སྒྲུབ་པ་ཉམས་ལེན་ལོ་མང་པོ་བར་དུ་བྱས་པས་འགྲོ་བ་ཐམས་ཅད་སྒྲོལ་བའི་ཏིང་ངེ་འཛིན་བརྙེས་པ་རེད། ཏིང་ངེ་འཛིན་དེའི་མཐུ་ལ་བརྟེན་ནས་ཉི་མ་རེ་རེར་སེམས་ཅན་སྟོང་ཕྲག་མང་པོ་འཁོར་བ་དང་ངན་སོང་གི་འཇིགས་པ་ལས་སྒྲོལ་བའི་དོན་མཛད་པ་རེད། དེ་ནས་བཟུང་སྟེ་སྲས་མོ་ཡེ་ཤེས་ཟླ་བའི་མིང་ལ་སྒྲོལ་མ་ཞེས་ཐོགས་པ་རེད་འདུག་གོ།