༄༅།། འབྲི་རུ་རྫོང་པད་དཀར་ཞང་གི་མིང་བརྗོད་འདོད་མེད་པའི་གྲྭ་བ་ཞིག་གིས་བརྗོད་དོན། ཁ་སང་ཕྱི་ཚེས་ ༧ ཉིན་གྱི་དགོང་མོའི་ཆུ་ཚོད་ ༨ ཙམ་ལ་བོད་རང་སྐྱོང་ལྗོངས་ཟེར་བའི་ནག་ཆུ་ས་ཁོངས། འབྲི་རུ་རྫོང་པད་དཀར་ཞང་གི་ལས་ཁུངས་ཡོད་སར་བོད་མི་ཞིག་གིས་རང་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་འདུག རང་སྲེག་གཏོང་སྐབས་མཚན་མོ་ཆགས་ཡོད་ནའང་མི་མང་མང་པོ་འདུ་འཛོམས་བྱུང་ཐུབ་འདུག རྗེས་སུ་ཁ་པར་སོགས་ཀྱི་བརྒྱུད་ལམ་བཀག་འགོག་བྱས་རྐྱེན་རང་སྲེག་གཏོང་མཁན་གྱི་མཚན་དང་ཤི་གསོན་གྱི་གནས་ཚུལ་སོགས་ཞིབ་རྒྱས་རེག་མ་སོང་ཟེར། གཞན་ཡང་མདོ་སྨད་རྔ་པ་རྫོང་རྔ་སྟོད་སྒོ་མང་ཞང་ཚོ་དྲུག་སྡེ་བའི་ནང་ཚན་སྔོ་ཤུལ་ཐང་བ་མའི་ཆུ་ཁ་ཚང་གི་སྔོ་ཤུལ་དགོན་གྱི་གྲྭ་རྡོ་རྗེ། རང་ལོ་༡༥ ། སྔོ་ཤུལ་ཐང་བ་མའི་ཐང་ལྷ་ཚང་གི་སྔོ་ཤུལ་དགོན་གྱི་གྲྭ་བསམ་འགྲུབ། རང་ལོ་༡༦ ། སྔོ་ཤུལ་རྨེའུ་སྐྱོང་སྡེ་བའི་ཚེ་རིང་དོན་འགྲུབ་ཚང་གི་སྔོ་ཤུལ་དགོན་གྱི་གྲྭ་རྡོ་རྗེ་སྐྱབས། རང་ལོ་༡༦ ། རྔ་སྟོད་སྒོ་མང་ཞང་ཉེན་རྟོག་ཁང་གི་སྒོ་འགྲམ་ནས་རང་ལུས་མེར་སྲེག་བཏང་སྟེ་རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས། བོད་ལ་རང་དབང་དགོས་ཞེས་རང་སྲེག་བཏང་སྟེ་གྲྭ་རྡོ་རྗེ་དེ་མ་ཐག་གཤེགས་འདུག་པ་དང། གཞན་གཉིས་སྨན་ཁང་དུ་བསྐྱལ་ཡང་ད་ལྟ་གནས་སྟངས་གསལ་ཁ་མེད་པར་གྱུར་ཡོད། དེ་བཞིན་མདོ་སྨད་རེབ་གོང་སྒྲོ་རོང་པོ་སྡེ་བའི་རུ་ཁག་བཞི་པའི་བུ་ལོ་ལྔ་ཅན་གྱི་ཨ་མ་རྟ་མགྲིན་མཚོ་རང་ལོ ༢༣ སོན་པ་ཞིག་གིས་ཁོ་མོའི་ནང་གི་མདུན་གད་དམར་ཐང་དུ་རང་སྲེག་བཏང་སྟེ་དེ་མ་ཐག་སྐུ་གཤེགས་འདུག ཕྱི་ཚེས་ ༧ ཉིན་ཁྱོན་བསྡོམས་བོད་མི་ལྔས་རྒྱ་ནག་གཞུང་གི་བོད་ཐོག་འཛིན་པའི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་རྣམས་རང་སྲོག་བཏང་སྟེ་ཐེར་འདོན་བྱས་འདུག
ཨོཾ་ཞིང་ཞིག་ནས་མ་སེམས་ཅན་གྱི་དོན་དུ། ལྷག་དོན་བོད་གངས་ཅན་པའི་དོན་དུ་ཚེ་རབས་ནས་ཚེ་རབས་ལ་སྲིད་ཞུ་སྔར་ལྟར་ཡོད་པའི་སྨོན་ལམ་དང་བཅས་གུས་ཕྱག་ཡང་ཡང་འབུལ། ང་ཚོས་ཁྱེད་ཅག་གིས་གནང་བའི་བྱས་རྗེས་འདི་བདེན་དཔང་དུ་བཀོད་ནས་འཛམ་གླིང་ཡུལ་གྲུ་ཀུན་ལ་འ་ཅག་རྒྱ་འདྲེ་ཚང་ནས་ཐར་བའི་རེ་ཞུ་དང་རམ་འདེགས་འཚོལ་བཞིན་ཡོད།
རྒྱ་རྒན་ཚང་གི་གདོང་པ་ན་ཡང་མིའི་ཀུན་སྤྱོད་ཞིག་དང་མིའི་ཚེ་སྲོག་ལ་ཚེ་སྲོག་གི་རིན་ཐང་ཞིག་ཡོད་པར་ངོ་འཛིན་དགོས་བའི་སྐུལ་འདེད་གཏོང་བཞིན་པའི་སྒང་རེད། ཁོང་ཚོས་མ་ཉན་པར་ཡོལ་ས་རྩ་བ་ཉིད་ནས་མེད།
ད་མཆེད་དགོས་པ་ལས་ཆད་མི་ཉེན་པར་འདོད་དོ།།
འདི་ནི་ཆེས་མཐོའི་བློས་བཏང་ཞིག་ཡིན་པས་སུ་སུ་གང་གང་གིས་ལྕོགས་པ་ཞིག་མིན་པས་དཔའ་བོ་དཔའ་མོ་དག་གི་ཆོད་སེམས་ལ་ཡི་རང་བཀའ་དྲིན་བླ་མེད་ཆེ་ཆེ་ཞུའོ།།
བོད་དོན་རྒྱལ་གྱུར་ཅིག བདེན་པ་རྒྱལ་གྱུར་ཅིག
ང་ཚོས་བརྒྱུད་ལམ་ཡོད་ཚད་བཀོལ་ནས་བོད་ཀྱི་བདེན་པའི་བདེན་དོན་འཛམ་གླིང་ལ་གྲགས་ཐུབ་པར་བྱོས་ཤིག་གདོང་དམར་ཚོ།
ཡང་རྒྱལ་ཚོགས་ཀྱི་ལོ་རྒྱུས་སུ་མ་བྱུང་བའི་གྲགས་གཏམ་གསར་པ་ཞིག་སྤེལ་བར་གནོན་ཤུགས་སྤྲོད་དགོས་པར་བསྐུལ་ལོ།།
དཔའ་བོ་དཔའ་མོ་རྣམས་ཀྱི་ཚེ་སྲོག་འབུལ་ནས་བདེན་དོན་འཐབ་རྩོད་བྱེད་པ་ལ་རྒྱབ་སྐྱོབ་ཡོད།
བྱང་ནག་ཆུ་ས་ཁུལ་དང་དེ་བཞིན་རེབ་ཀོང་ས་ཁུལ་ནས་རང་ལུས་མེར་བསྲེག་གི་གནས་ཚུལ་བྱུང་བ་ལ་རྗེས་སུ་ཡིད་རང་ཞུ། འདས་པོ་རྣམས་ཀྱི་ཐུགས་དགོངས་རྫོགས་པའི་སྨོན་འདུན་ཞུ།
ངས་སྔ་མོ་ནག་ཆུ་ས་ཁུལ་དེ་བོད་དབུས་གཙང་ཁུལ་ཡིན་ཤག་བསམ་སྡད་ཡོད། འོན་ཀྱང་དེང་སང་ཁམས་ཕྱོགས་སུ་བཙུད་ནས་འབྲི་མཁན་ཡང་འདུག