ནམ་མཁའ།
ཉེ་ཆར་དངོས་བཤུས་གློག་བརྙན་ཞིག་༼ཏཱ་ལའི་བླ་མ་༽ཟེར་བ་ཞིག་ཕྲན་བསྡད་སའི་ལུང་པ་འདིའི་བརྙན་འཕྲིན་ལས་མཐོང་། གློག་བརྙན་དེ་ལོ་ཤས་སྔོན་བརྙན་ཕབ་བྱས་པ་ཞིག་རེད། ངས་གློག་བརྙན་དེར་བལྟ་བཞིན་པའི་སྐབས་ང་རང་རང་དབང་མེད་པར་སེམས་སྐྱོ་ནས་མིག་ཆུ་བཞུར་བཞིན་པ་ཡང་།ངའི་འགྲམ་གྱི་ཕྱི་རྒྱལ་དེས་ང་ལ་དྲན་གསོ་གཏོང་བར་དུ་ངས་ཚོར་མི་འདུག དེ་ནི་སྐུ་མདུན་ནུབ་ཕྱོགས་ལུང་པ་ཞིག་ལ་ཕེབས་སྟེ་མི་དམངས་ལ་བཀའ་སློབ་གནང་རྗེས་ཕྱིར་བཞུགས་གནས་མགྲོན་ཁང་ལ་ཕེབས་པའི་བར་རེད། ༧གོང་ས༧་མཆོག་གིས་མི་དམངས་ལ་བཀའ་སློབ་གནང་ཚར་རྗེས་སྐུ་མདུན་གྱི་གསུངས་བསྒྱུར་མཉམ་དུ་སྐས་འཛེགས་ནས་མར་ཕེབས་ཀྱི་འདུག སྐུ་མདུན་ཐང་ཆད་དེ་གསུང་བསྒྱུར་ཕྱི་རྒྱལ་གྱི་མི་རིགས་ནང་པའི་དགེ་སློང་དེའི་ཕྲག་པ་ལ་འཁེན་ཞོར་ག་ལེར་སྐས་འཛེགས་ནས་མར་འབབ་ཀྱི་འདུག ༧སྐུ་མདུན་གྱིས་ཁོང་གི་གསུང་བསྒྱུར་དེ་ལ་བཀའ་མོལ་ཕྲན་བུ་གསུང་ཞོར་དེ་རིང་ངའི་གཏམ་བཤད་དེ་ཡག་པོ་ཞིག་བྱུང་ཡོད་མེད་གང་ཤེས། ང་རང་ཐང་ཆད་ནས་གཟུགས་པོའི་ནུས་ཤུགས་རྫོགས་ཚར་འདུག་ཞེས་གསུངས་སོང་། གསུང་བསྒྱུར་གྱིས་ཡག་པོ་བྱུང་སོང་མི་དམངས་ཀྱི་འདོད་པ་ཚིམ་འདུག་ཟེར། ངས་ཁོང་ཚོའི་དྲི་བ་སྐོར་ཞིག་ལ་ལན་ཡག་པོ་ཐེབས་མེད་ཤེས་མ་སོང་ང་རང་ཧ་ཅང་ཐང་ཆད་དེ་ངའི་དྲི་བ་དེ་དག་ལ་ལན་ག་རེ་རྒྱབ་པ་ཡང་གསལ་བོ་དྲན་གྱི་མི་འདུག མ་ཟད་སྐད་ཆ་བཤད་ཡ་གཅིག་བརྗེད་འདུག་གང་བརྗེད་པ་ཡང་དྲན་གྱི་མི་འདུག་གསུངས་། ༧གོང་ས༧མཆོག་སྐས་འཛེགས་ནས་མར་ཐང་ལ་ཕེབས་པའི་རྣམ་པ་ལ་བལྟས་ན་སྐུ་མདུན་གྱི་ཞབས་སྙུང་གི་ཡོད་ས་རེད་བསམ་པའི་ཚོར་བ་ཞིག་མི་སུ་ཞིག་ཡིན་ཡང་སྐྱེས་སྲིད། ད་རུང་གསུང་བསྒྱུར་ལ་མི་ཁ་ཤས་ལ་ཐུགས་འཕྲད་ཞིག་ཡོད་པ་དེ་།ཆུ་ཚོད་ག་དུས་རེད་ཞེས་ཕར་དྲི་བ་གནང་དུས་གསུང་བསྒྱུར་གྱིས་ཆུ་ཚོད་ག་དུས་ཡིན་མིན་གསལ་བོ་ཞུས་རྗེས་༧གོང་ས༧་མཆོག་གིས་སྐར་མ་ཁ་ཤས་ལ་ཕར་ཕྱིར་འགྱངས་ཞིག་མ་བྱས་ན་ང་ཐང་ཆད་ནས་ཁེགས་པོ་རེད་གསུངས་སོང་བས།གསུང་བསྒྱུར་དེས་ཀྱང་ངས་ཁོང་ཚོར་ལན་གསལ་བོ་ཕུལ་ཆོག་ཞུས་རྗེས་གློག་བརྙན་དེའི་མཇུག་སྒྲིལ་སོང་ལ། གློག་བརྙན་ཕབ་བསྐྲུན་པ་གསར་འགོད་པ་ཚོས་གསལ་བཤད་ཕྲན་བུ་ཞིག་བྱས་པ་ནི།འཛམ་གླིང་སྟེང་གི་མི་བྲེལ་འཚུབ་ཆེ་བའི་མི་སྣ་གལ་ཆེན་ཞིག་ཡིན་ལ། ཏཱ་ལའི་བླ་མ་ཁོང་ནི་ལོ་གཅིག་གི་ནང་ཕལ་ཆེར་ཟླ་བ་དྲུག་ལ་གནམ་གྲུའི་ནང་འགྲུལ་བཞུད་བྱེད་ཀྱི་ཡོད་པ་ཟེར། ཡིན་ཡང་ཁོང་གི་དགུང་ལོ་ལ་བབ་པའི་གཟུགས་པོའི་འཕྲོད་བསྟེན་ཡག་པོ་འདུག་མ་གཏོགས་སྐུ་གཟུགས་ཀྱི་ནུས་ཤུགས་ཀྱིས་འདངས་ངེས་མ་རེད་ཟེར། འོན་ཀྱང་ཏཱ་ལའི་བླ་མ་ག་དུས་མཐོང་ན་ཡང་ཁོའི་གདོང་གི་བཅོས་མིན་གྱི་འཛུམ་མདངས་དེས་འཛམ་གླིང་གི་མི་ཚང་མས་ཡིད་སེམས་རང་དབང་མེད་པར་འཕྲོག་ཐུབ་ཅེས་གསལ་བཤད་ཞིག་ཀྱང་བྱས་འདུག
ངས་འདི་གར་བརྗོད་འདོད་པ་ཞིག་ནི། ད་ལོ་སྐུ་མདུན་དགུང་ལོ་༧༧་ལ་ཕེབས་ཡོད་ན་ཡང་ད་རུང་བཙན་བྱོལ་གཞུང་གིས་བེད་སྤྱོད་གཏོང་གང་ཐུབ་བྱེད་ཀྱི་ཡོད་པ་ལས་༧གོང་ས༧་མཆོག་གིས་ངལ་གསོ་ཞིག་གནང་དགོས་བའི་སྐོར་ལ་བསམ་གཞིགས་ཕྲན་བུ་ཙམ་ཡང་བྱེད་ཀྱི་མེད། གཞུང་གི་ལས་བྱེད་མི་སྣ་སྐབས་འཚོལ་རིང་ལུགས་པ་སྐོར་ཞིག་གིས་ཁོང་ཚོའི་སྙན་གྲགས་དང་ལས་དོན་ཆེད་འཕྲུལ་ཆས་བཞིན་༧གོང་ས༧མཆོག་བེད་སྤྱོད་བྱེད་ཀྱི་ཡོད་པ་འདི་ནི་ང་ལྟ་བུའི་སེམས་ནས་བཟོད་ཐབས་མི་འདུག དཔེར་ན་ཚོགས་པ་ཆུང་ངུ་རེ་དང་དགོན་སྡེ་ཆུང་ཆུང་རེ་སོགས་ཀྱི་མཛད་སྒོ་ལ་གདན་འདྲེན་ཞུས་ཏེ་བཀའ་སློབ་དང་གསུང་ཆོས་གནང་དུ་བཅུགས་པ་འདི་དག་ངེས་བར་དུ་མཚམས་འཇོག་དང་ཡང་ན་ཉུང་རུ་གཏོང་དགོས་ཀྱི་འདུག ལོ་འདིའི་ནང་༧གོང་ས༧་མཆོག་ཡོ་རུབ་དང་ཨ་རི་སོགས་སུ་ཆིབས་བསྒྱུར་བསྐྱངས་ཚར་ཏེ་ཕྱིར་རྡ་སར་ཕེབས་དུས་ཞིག་ལ། ངའི་གྲོགས་མོ་ཞིག་ལ་དྲ་ཐོག་ནས་གླེང་མོལ་ཕྲན་བུའི་ཞོར་༧གོང་ས༧་མཆོག་གིས་དེང་སང་ག་རེ་གནང་གི་དྲིས་པ་ཡིན། གྲོགས་མོ་དེས་ཁ་སང་དེ་རིང་༧གོང་ས༧མཆོག་གིས་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་ཚོར་ནང་ཆོས་ངོ་སྤྲོད་གནང་གི་འདུག་ཟེར། གནས་ཚུལ་དེ་ཤེས་མ་ཐག་ངའི་སེམས་སུ་དགའ་སྣང་ཞིག་ལས་སྐྱོ་སྣང་ཆེན་པོ་སྐྱེས་སོང་། རྡ་སྟེང་བོད་ཁྱིམ་སློབ་ཕྲུག་ཚོར་ནང་ཆོས་ངོ་སྤྲོད་གནང་དགོས་ན་༧གོང་ས༧མཆོག་མ་ཡིན་པའི་གདན་ས་ཁག་གི་མཁན་པོ་དང་དགེ་བཤེས་ཆེ་ཆུང་གང་དགོས་ཀྱང་ཡོད་ལ། དེ་མ་ཡིན་པའི་རྒྱལ་བ་ཀརྨ་པས་ཀྱང་སློབ་ཕྲུག་དེ་ཚོར་ནང་ཆོས་ངོ་སྤྲོད་ཙམ་གནང་ཐུབ་ཀྱི་ཡོད། ཡིན་ཡང་འདྲའི་ལས་འཆར་གནང་མཁན་སུ་ཡིན་མིན་མི་ཤེས་མོད།འོན་ཀྱང་ལས་འཆར་གནང་དེ་དག་ཅི་འདྲའི་སེམས་པ་ལྕགས་ལྟར་མཁྲེགས་པོ་ཞིག་རེད་བསམ་སྟེ་ཁོང་ཁྲོ་ཡང་ལངས་ཀྱི་འདུག་ལ། མི་འདི་འདྲའི་རིགས་ཀྱིས་ནམ་ཡང་བོད་ནང་གི་གཞི་ལུས་མི་དམངས་ཚོའི་སྐོམ་པའི་ཆུ་འདོད་པ་ལྟར་༧གོང་ས༧་མཆོག་ལ་མཇལ་རྒྱུའི་རེ་སྒུགས་བྱས་ཡོད་པ་བསམ་བློ་ཕྲན་བུ་གཏོང་མྱོངས་མེད་པ་གསལ་བོ་རེད་སྙམ་སོང་། ང་ཚོ་ཚང་མས་ཤེས་གསལ་ལྟར་དེང་སང་གི་འཕྲུལ་ཆས་དག་ཀྱང་བེད་སྤྱོད་མང་པོ་བྱས་རྗེས་རྙིང་ཟད་དུ་གྱུར་སྟེ་ཐ་མ་བེད་མེད་དུ་འགྱུར་བ་སྤྱིའི་དངོས་བོའི་ཆོས་ཉིད་རེད། དེ་བཞིན་༧གོང་ས༧མཆོག་ཀྱང་ཤ་རྡུལ་རུས་བཅས་ལས་གྲུབ་པའི་མི་ཡི་ཤ་གཟུགས་ཅན་ཞིག་ཡིན་པས་འདུ་ཤེས་ཀྱང་དེ་བཞིན་འཛིན་དགོས་པ་ལས་སྐུའི་ནུས་ཤུགས་ལ་རྫོགས་མཐའ་མེད་པ་ཞིག་དང་སྐུ་གཟུགས་ལ་ཐང་ཆད་ཀྱི་མེད་པ་ཞིག་ག་ལ་ཡིན།མ་ཟད་ད་རུང་ཞེ་ས་མ་བྱས་བར་བཤད་ན་སྐུ་མདུན་ནད་པ་རེད། ༧གོང་ས༧མཆོག་གི་མཁྲིས་པ་གཤེགས་བཅོས་གནང་ཟིན་པ་ཚང་མས་ཤེས་ཡོད་སྲིད། ༧གོང་ས༧མཆོག་གི་མཚན་སྙན་འཛམ་གླིང་ཡོངས་སུ་འབྲུག་སྒྲ་བཞིན་གྲགས་པའི་དུས་འདིར། ནུབ་ཕྱོགས་ལུང་པའི་མགོ་སེར་མང་པོ་ཞིག་མཇལ་འདོད་ཀྱི་རེ་བ་ཟློག་ཏུ་མེད་མོད།འོན་ཀྱང་ཁོང་ཚོའི་ལུང་པ་ནས་༧གོང་ས༧མཆོག་ལ་མཇལ་ཐུབ་པའི་གོ་སྐབས་ནམ་ཡང་མེད། ཡིན་ཡང་མཇལ་འདོད་ཀྱི་རེ་བ་དེ་འགྲུབ་ཆེད་རྡ་སར་ཡོང་སྟེ་ལས་སླ་བོའི་སྒོ་ནས་མཇལ་ཐུབ་པ་མ་ཟད་འདྲ་པར་སོགས་ཀྱང་གང་འདོད་ལྟར་རྒྱག་ཐུབ་ཀྱི་ཡོད། འདི་དག་ནི་བོད་གཞུང་གི་བདེ་སྲུང་ལས་ཁུང་དང་སྐུ་སྒེར་ཡིག་ཚང་གི་ལས་བྱེད་ཚོས་༧གོང་ས༧མཆོག་གི་སྐུ་ངལ་གསོ་བའི་དུས་ཚོད་དང་མགོ་སེར་ཅི་ཡང་མི་ཤེས་མཁན་ཚོ་གཉིས་ལས་མགོ་སེར་ཚོར་མཐོང་ཆེན་སྤྲད་པའི་རྟགས་རེད།སྐུ་སྒེར་ཡིག་ཚང་གིས་ལས་བྱེད་ཕལ་ཆེར་གྱིས་༧གོང་ས༧་མཆོག་གི་སྐུ་ངལ་ག་ཚོད་ཡོད་པ་ང་ཚོ་ལས་མང་པོ་ཤེས་ཀྱི་ཡོད། ཡིན་ཡང་ཁོང་ཚོ་ཡང་སྐབས་འཚོལ་རིང་ལུགས་པའི་གྲལ་ཡིན་པ་ལས་སྐུ་མདུན་གྱི་སྐུའི་ངལ་གསོ་ལ་བསམ་གཞིགས་ཞིག་བྱེད་མྱོངས་མེད། གལ་སྲིད་བོད་པ་ཞིག་ལས་དོན་གལ་ཆེན་ཞིག་གི་མཇལ་ཁ་ཞིག་ཞུ་དགོས་ཚེ་དེ་ནི་གནས་རིམ་མང་པོ་དང་གནས་ལུགས་རྒྱུ་མཚན་མང་པོ་ཞིག་ཁོང་ཚོར་བསྟན་དགོས།སྔོན་མ་ཞིག་ལ་དམངས་གཙོ་གསར་ཤོག་ཏུ་དབྱིན་རྩོམ་པ་སྐུ་ཞབས་འཇམ་ནོར་གྱིས་༧གོང་ས༧་མཇལ་ཁ་ལས་སླ་བོ་ཟེར་བ་ལས་མཇལ་ཁེགས་པོ་འདུག་རླབས་ཆེན་པོ་འདུག་གསུངས་པ་དེ་ཅི་འདྲའི་གནས་ལུགས་དང་རྒྱུ་མཚན་ཡང་དག་པ་ཞིག་རེད་དམ། ༧གོང་ས༧མཆོག་ནི་སྙིང་རྗེ་ཡི་བདག་ཉིད་ཅན་ཞིག་ཡིན་པས་གོ་སྐབས་བྱུང་ན་ང་ལྟ་བུའི་ཕལ་བའི་ཁྱིམ་ཚང་ལ་ཕེབས་རོགས་ཞུས་ན་ཡང་མི་དགོས་ནམ་ཡང་གསུངས་མི་སྲིད། གང་ལྟར་ངས་བཤད་པ་ཐམས་ཅད་ལ་དྲ་མཆན་པ་ཚོ་དང་གཞུང་དམངས་གཉིས་ཀྱིས་བསམ་གཞིགས་རེ་བྱེད་ཐུབ་པའི་རེ་བ་ཤིན་ཏུ་ཆེ།
སྙིང་རྗེ་པོ་བཤད་ཞག ཡིན་ནའང་སྐུ་སྒེར་ཡིག་ཚང་གིས་་གོང་སའི་བཀའ་བཞིན་སྒྲུབ་དགོས་པ་ལས་གོང་སས་སྐུ་སྒེར་ཡིག་ཚང་ལ་ཉན་དགོས་པ་ག་ཡིན། ད་དེང་དུས་ཀྱི་སྤྱི་ཚོགས་རེད། ཕྱི་གསལ་ནང་གསལ་རེད གོང་ས་ནི་སྔར་གྱི་པོ་ཏ་ལ་ན་བཅུག་པའི་ཁྱེའུ་དེ་མ་རེད། མགོ་སྐོར་གཏོང་མི་ཐུབ། ཧ་གོ་སོང་ངམ ད་སྤྱི་ཚོགས་སྙིང་པའི་སྐད་ཆ་དང་”རྒྱ་གུང་ཁྲན་གྱིས་ཀྲུང་དབྱངས་སྲིད་གཞུང་ནི་ཡག་པོ་རེད”ཟེར་བ་ལྟ་བུའི་སྐད་ཆ་མ་བཤད་ན་ཡག་གི་རེད།
ནམ་མཁའ་ལགས་ནས་བསམ་ཚུལ་ཡག་པོ་ཞིག་གསུངས་འདུག ཁྱེད་ཀྱིས་གསུངས་པ་ནང་བཞིན་རེད་བསམ་ཡོད། མི་བུ་ཟེར་བ་འདིས་དོན་དག་མེད་པའི་མཆན་ཞིག་བཀོད་འདུག
དོ་སྣང་གནང་པ་ཡག་པོ་རེད། ཡིན་ན་ཡང་། འདི་དག་ནི་བོད་གཞུང་གི་བདེ་སྲུང་ལས་ཁུང་དང་སྐུ་སྒེར་ཡིག་ཚང་གི་ལས་བྱེད་ཚོས་༧གོང་ས༧མཆོག་གི་སྐུ་ངལ་གསོ་བའི་དུས་ཚོད་དང་མགོ་སེར་ཅི་ཡང་མི་ཤེས་མཁན་ཚོ་གཉིས་ལས་མགོ་སེར་ཚོར་མཐོང་ཆེན་སྤྲད་པའི་རྟགས་རེད། ཅེས་དང་། ཡང་སྐུ་སྒེར་ཡིག་ཚང་གིས་ལས་བྱེད་ཕལ་ཆེར་གྱིས་༧གོང་ས༧་མཆོག་གི་སྐུ་ངལ་ག་ཚོད་ཡོད་པ་ང་ཚོ་ལས་མང་པོ་ཤེས་ཀྱི་ཡོད། ཡིན་ཡང་ཁོང་ཚོ་ཡང་སྐབས་འཚོལ་རིང་ལུགས་པའི་གྲལ་ཡིན་པ་ལས་སྐུ་མདུན་གྱི་སྐུའི་ངལ་གསོ་ལ་བསམ་གཞིགས་ཞིག་བྱེད་མྱོངས་མེད། ཟེར་བ་སོགས་ནི་ཧ་ཅང་ཐལ་དྲག་པ་རེད། ནམ་མཁའ་ཁྱོད་ལས་ལྷག་ཅིག་འབྲེལ་ཡོད་ཚོས་ཐུགས་ཁུར་གནང་བཞིན་པ་རེད། འོན་ཀྱང་སེམས་ཚོར་ཟེར་བ་དེ་འདྲ་ཞིག་རེད། ཡིན་ཡང་ཁྱོད་ཀྱི་བསམ་ཚུལ་ཁོ་ན་ཡིན་ན་དེ་ལྟར་བཤད་ཀྱང་འགྲིགས། གང་ཡིན་ཞེ་ན། རང་གི་སེམས་ཀྱི་རྣམ་རྟོག་དེ་གསལ་བོ་ཆགས་འགྲོ་ངེས་རེད།
ཁྱེད་ནི་འགྲོ་བའི་དོན་གྱི་སླད།།
ངལ་བ་མང་པོའི་ཁུར་གྱིས་ནོན།།
འགྲོ་བ་རྣམས་ཀྱང་ཁྱེད་ཀྱི་ཆེད།།
སེམས་ཁྲལ་མང་པོ་ཁུར་དུ་ལེན།།
ནམ་མཁའ་ལགས་ནས་གསུངས་པ་ལ་མངོན་པར་བསྟོད་། བདག་གི་གྲོགས་པོ་ཚོ་དང་མཉམ་དུ་༧གོང་ས་མཆོག་གི་སྐོར་གླེང་སྐབས་་ཐང་མང་པོ་ཞིག་དེ་འདྲ་བཤད་མྱོང་ཡོད་། ནམ་ཡིན་ཡང་སེམས་ནང་དེ་འདྲ་ཞིག་ཤར་ནས་ཡོད་། དེ་རིང་ནམ་མཁས་དངོས་སུ་གསུངས་བྱུང་ཐུགས་རྗེ་ཆེ་། བརྒྱ་ཆའི་བརྒྱ་རྒྱབ་སྐྱོར་ཡོད་།
གོང་ས་མཆོག་སྐུ་ངལ་གསོ་དགོས་པར་གསུང་པ་དེ་ནི་བདེན་པ་རེད། འོན་ཀྱང་གཞུང་གིས་གོང་ས་མཆོག་བེད་སྤྱོད་གཏོང་གི་ཡོད་པ་ལྟ་བུ་བཤད་པ་ནི་བདེན་པ་མ་རེད་སྙམས། གོང་ས་མཆོག་གང་སར་གདན་འདྲེན་ཞུ་མཁན་ནི་ཕྱི་རྒྱལ་གྱི་ཆོས་ཚོགས་ཁག་དང་བདེ་དོན་ཚོགས་པ་ཁག་ཡིན་པ་ཚང་མས་ཤེས་གསལ་རེད། མ་གཞི་ང་ཚོས་དེང་སང་སྐྱོན་བརྗོད་ཅིག་བྱེད་དགོས་ན་བཙན་བྱོལ་གཞུང་དང་དབུ་ཁྲིད་ཚོ་སྐྱོན་བརྗོད་སའི་ཡུལ་དུ་མེད་ན་མི་འགྲིག་པ་ལྟ་བུ་ཆགས་འདུག འདི་ནི་ངན་ལབ་པའི་ལག་མགོ་དང་་་ཧོན་ན་བའི་རྔ་མའི་དཔེ་རུ་སོང་འདུག
སེམས་ཅན་ཐམས་ཅད་ཀྱི་འགྲོ་དོད་དང་ནང་དགོས་སུ་བོད་མིའི་བདེ་དོན་ལ་༧རྒྱལ་བས་ནམ་ཡང་ངལ་གསོ་གནང་གི་མ་རེད། དད་ལྡན་པ་ཡོད་ཚད་ཀྱིས་༧རྒྱལ་བར་གསོལ་འདེབས་མཚམས་མ་བཞག་གི་པར་དུ་༧རྒྱལ་བའི་མཛད་འཕྲིན་འགྲོ་དོན་འཕྲིན་ལས་རྒྱས་པར་ཤོག།
ནམ་མཁའ་ལགས་་་་་་བསམ་མནོ་ཡག་པོ་དེ་འདྲ་ག་འདྲའི་སེ་འཁོར་སོང་། ཁྱེད་རང་གི་བསམ་བློ་ནམ་མཁའ་ལྟར་ཡངས་པར་བརྟེན་མིང་ཡང་་་་་ནམ་མཁའ་ཞེས་ལབ་པ་ནོར་མི་འདུག །བཀའ་དྲིན་ཆེ། ད་དུང་ཁ་སྣོན་འགའ་ཞུ་འདོད་བྱུང་། ༧གོང་ས་མཆོག་ནི་བརྡ་སའི་དཔོན་་རིགས་ཚོས་འགྲུབ་མི་ཐུབ་པའི་སྲིད་དོན་གྱི་འགག་འཕྲང་ལ་ཐུག་དུས་བེད་སྤྱོད་བྱེད་ཡག་གི་ལག་ཆ་ཞིག་ལ་ངོས་འཛིན་པ་ལས་་་་་དོན་དམ་པའི་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འཁྲིད་མཁན་ཞིག་ཡིན་པ་ངོས་འཛིན་གཏན་ནས་བྱེད་མི་སྲིད། དེ་ཡང་སྔར་ནས་ཨ་རི་གཙོས་ཡུབ་རོབ་རྒྱལ་ཁབ་མང་པོས་༧གོང་ས་མཆོག་ཆབ་སྲིད་ཀྱི་བེད་སྤྱད་མང་པོར་བཏང་ཚར་བ་རེད། བྱས་ཙང་བོད་པ་ཚོ་ཡང་དེ་བཞིན་ལད་བཟློས་བྱས་པ་ནི་ཆེས་མ་རུང་བ་ཞིག་རེད་ཞུ་རྒྱུ་ཡིན། །
གོང་ས་སྐུ་ངལ་གསོ་དགོས་པ་དེ་དངོས་གནས་གལ་ཆེན་པོ་འདུག། ཡིན་ཡང་ང་ཚོ་བསམ་བློ་གཏོང་དགོས་པ་ནི་གོང་ས་མཆོག་སྐུ་ངལ་གསོ་བར་དུས་ཚོད་སྤྲད་མི་སྤྲད་དེ་བོད་གཞུང་དང་སྐུ་སྒེར་ཡིག་ཚང་གཅིག་པོ་མ་རེད། གལ་སྲིད་ང་དང་ཁྱོད་ལྟ་བུ་བོད་མི་གང་ཡོད་ཚང་མས་གོང་ས་མཆོག་སྐུ་ངལ་གསོ་མང་ཙམ་གསོ་དགོས་བའི་གཞུང་དང་སྐུ་སྒེར་ལ་གསོལ་བ་སྨོན་ལམ་བཏབ་ན་འགྲིག་པར་འདོད།
ནམས་མཁའ་ལེགས་ཀྱིས་ལྷག་བསམ་ཆེན་པོའི་ཡག་པོ་གསུང་འདུག་ཡག་བྱུང་། འོན་ཀྱང་ནམས་མཁའ་ལེགས་མཐོང་རྒྱ་ཆེན་པོ་ཞིག་རེད་མི་འདུག
རང་དབང་ཨ་རྡུ་མན་ནས་མི་འདིའི་སེམས་པ་ཐང་ཐང་ཞེ་ཡོད་དྲན་པ་ཞིག་འདུག་སུས་ཆེད་དུ་བཤད་ཀྱི་ཡོད་མེད་གང་ཞིག བཞན་མཆན་གནང་མཁན་ཚང་མའི་རང་རང་གི་དགོངས་ཚུལ་ངོ་མ་རེ་གསུང་འདུག་ཡག་བྱུང་།
༸གོང་ས་མཆོག་གི་ངོ་མ་སྐུ་ངལ་གསོ་དགོས་འདུག་
ཐུགས་བཞེད་ཡག་པོ་གནང་བཞག མོས་མཐུན་ཡོད། མེ་རིས་ར་བའི་སྐོར་བའི་ཞིང་ཁམས་སུ། །ཕན་དང་བདེ་བ་མ་ལུས་འབྱུང་བའི་གཞི། །སྤྱན་རིས་གཟིགས་བསྟན་འཛིན་རྒྱ་མཚོ་ཡི། ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པ་དང་། །མཁའ་མཉམ་ཡོངས་ལ་བདེ་སྐྱིད་འབྱུང་བ་དང། །བདག་གཞན་མ་ལུས་ཚོགས་བསགས་སྒྲིབ་བྱང་ནས། །མྱུར་དུ་སངས་རྒྱས་ས་ལ་འགོད་པར་ཤོག །
གལ་ཏེ་ནམ་མཁའ་ལེགས་ཀྱིས་༧གོང་ས་མཆོག་ལ་སྒྲུབ་པའི་མཆོད་པ་འབུལ་ན། ཐུབ་པ་མ་ཟད། ཅེས་པ་མ་ཡིན་པར་། ཐུབ་པར་མ་ཟད། ཅེས་འབྲི་དགོས་སོ།།
རེད་ཡ། ༸ གོང་ད་མཆོག་ནི་གུང་ལོ་ཡར་ཙམ་ཕེབས་ཟིན་འདུག་པས་དུས་ཚོད་གང་མཚམས་སྐུའི་ངལ་གསོ་ཆེད་ཡོད་ན་ཡག་པོ་འདུག ནམ་མཁའ་ལགས་ཀྱིས་ཐུགས་ཀྱི་དགོངས་འཆར་འདིར་བཀོད་གནང་བར་ཐུགས་རྗེ་ཆེ་ཞུ།
ད་ཅ་ཟིང་གི་སྤྱི་ཚོགས་འདིར།་་་་་་་་་་་་སྐྱོན་ཞིག་བརྗོད་རྒྱུ་མེད་ན་ཕལ་ཆེར་སྡོད་མི་ཚུགས་པ་འདྲ། ནམ་མཁའ་ནས་བསམ་འཆར་བཤད། དེ་ལ་དགག་པ་རྒྱབ། དེ་ལ་ཡང་དགག་རྐྱང་བྱས། ད་དངོས་གནས་སྤྱི་ཚོགས་འདི་སྨྱོ་ཆུ་བཏུང་ཟིན་པའི་སྤྱི་ཚོགས་ཞིག་ངོ་མ་རེད། བསམ་བློ་གུ་དོག་པོ་དེ་ཅུང་ཟད་བློ་རྒྱ་ཆེ་རུ་བཏང་ཐུབ་ན་ཅི་དྲག དུས་རབ་ཉེར་གཅིག་ལ་སླེབས་ཀྱང་བོད་པ་ནི་བོད་པ་རང་བྱས་ནས་ལུས་འདུག
མི་བུ་ཟེར་བ་འདིས་མི་ཡི་སྐད་ཆ་ཉན་ཤེས་ཀྱི་མེད་པ་འདྲ།ཐ་ན་དབྱིན་ཅི་མགོ་སེར་ཐ་མག་ནག་པོ་འཐེན་མཁན་ཚོ་ཡང་སྐུ་སྒེར་ཡིག་ཚང་བརྒྱུད་ནས་༧གོང་ས༧་མཆོག་ལ་མཇལ་ཁ་ཞུ་ཐུབ་ཀྱི་ཡོད་པ་ཁྱེད་ཀྱིས་ཤེས་མེད་པ་འདྲ།འོག་གི་ལས་བྱེད་ཁྲམ་པ་ཚོས་༧གོང་ས༧་མཆོག་ལ་རྫུན་ལུང་པ་གང་བཤད་ནས་དུས་ཚོད་བསྐྱལ་བ་མ་ཤེས་སམ།
ཁྱེད་རང་གནམ་གྲུའི་ནང་ནས་དུས་ཚོད་མང་པོ་རིང་འགྲུམ་འགྲུལ་བྱས་དང་དཀའ་ངལ་ག་ཚོད་ཅིག་འདུག
བླུན་པོ་ཁྱེད་ལྟ་བུའི་ད་རུང་༧གོང་ས༧་མཆོག་གི་སྐུའི་བདེ་སྡུག་ཙམ་ལ་བསམ་བློ་གཏོང་མི་ཐུབ་ན་སྨྲ་བ་ཉུང་ན་མཛེས།ང་རང་ནི་ནམ་མཁས་བཤད་པའི་སྐད་ཆ་ལ་རྒྱབ་སྐྱོར་གཙང་མ་ཡོད།
མི་བུ་ལགས། ཁྱེད་ནི་དེ་འདྲའི་མགོ་བོ་མཁྲེགས་པ་ལ། ནམ་མཁའ་ལགས་ཀྱིས་༸གོང་ས་མཆོག་ནམ་ཡིན་ཡང་སྐུ་ངལ་གསོས་ནས་ལྷོད་ལྷོད་བྱས་ནས་བཞུགས་རྒྱུ་དེ་བཤད་མེད། ཁོང་གིས་བོད་རིགས་བསམ་ཤེས་མེད་པ་འགས་ཨུ་ཚུགས་ཀྱིས་བཀའ་ཆོས་དང་ཕྱག་དབང། མཇལ་ཁ་ཞུ་རྒྱུ་འབད་པ་དེ་ཟེར་གྱིན་ཡོད་རེད། གལ་སྲིད་ང་ཚོས་ཁོང་ལ་གུས་རྩི་ཞུ་ཡི་ཡོད་ན། ཁོང་གི་འཕྲོད་བསྟེན་ལ་ང་ཚོས་གང་ཐུབ་ཀྱིས་ཡིད་གཟབ་བྱེད་དགོས་ཀྱི་རེད། མཛད་སྒོ་དང་ཚོགས་འདུ་ཡོད་ཚད་ལ་༸གོང་ས་མཆོག་གདན་འདྲེན་ཞུ་ནས་ཅི་བྱེད། ཁོང་གིས་གསུང་་པ་རྣམས་ནི་དེ་རིང་སེམས་ལ་བཞག་ནས་སང་ཉིན་བརྗེད་པར་འགྲོ་ཡི་ཡོད་པ་རེད། གལ་སྲིད་ཁོང་གདན་འདྲེན་ཞུས་པ་ལས་རླབས་ཆེ་བ་ནི་ཁོང་གིས་གང་གསུང་པ་རྣམས་ཡིད་ལ་བཞག་ནས་བྱ་བ་བསྒྲུབ་རྒྱུ་དེ་རེད། སོ་སོས་གང་ཞིག་བྱེད་ནའང་ཕྱི་གསལ་ནང་གསལ་བྱེད་དགོས་པ་རེད། མདུན་ལ་ཡག་མདོག་བྱས་ནས་རྒྱབ་ལ་བལྟས་ངན་ཉི་ཤུ་དགུའི་བསླུས་བཟོ་འདྲ་བོ་བྱས་ནས་ཅི་ཕན་།
ནམ་མཁའ་ལགས་ཀྱི་གསུངས་པ་རྒྱབ་སྐྱོར་གཙང་མ་ཡོད།མི་བུ་འདིས་མིས་བཤད་པའི་སྐད་ཆ་ཉན་ཤེས་ཀྱི་མི་འདུག་པས་བླུན་པོ་སྨྲ་བ་ཉུང་ན་མཛེས་ཟེར་བལྟར་ཁ་བཙུམ་ན་ཡག་ཤོས་རེད་ལོ
༧གོང་ས་མཆོག་སྐུ་ངལ་གསོས་དགོས་པ་ཤིན་ཏུ་བདེན། ༧གོང་ས་མཆོག་སྐུ་ཚེ་ཞབས་པད་བརྟན།
མི་བུའི་སྐད་ཆ་དེ་ཡང་མི་བདེན་རྒྱུ་མི་འདུག གོང་ས་མཆོག་ནི་ཕྱག་ལས་ག་རེ་གནང་ཡང་རང་གིས་ཐག་བཅོད་གནང་བ་ལས་མི་གཞན་གྱི་བཀོད་ཇུས་འོག་ལ་འགྲོ་མཁན་ཞིག་མིན་པ་གསལ་པོ་རེད། དེས་ན་སྐུ་དགེར་ཡིག་ཚང་དང་བོད་གཞུང་སོགས་ཀྱིས་གོང་ས་མཆོག་བེད་སྤྱོད་བཏང་སོང་ཟེར་མཁན་ཚོས། ཞེ་ས་མ་ཞུས་ན་གོང་ས་མཆོག་གི་མི་གཞི་ལ་རྒྱུས་མངའ་མེད་པའི་རྟགས་རེད་སྙམས།
༧གོང་ས་མཆོག་ནི་དོན་ལ་འཕགས་མཆོག་ཕྱག་ན་པད་མོས་མིའི་རྣམ་རོལ་ཡིན་པས། མ་གཟིགས་པ་དང་མ་མཁྱེན་པ་མེད། ནམ་མཁའ་ཁྱོད་ལས་ལྷག་ཅིག་འབྲེལ་ཡོད་ཚོས་ཐུགས་ཁུར་གནང་བཞིན་པ་ཡོད་ནའམ། དྲན་གསོལ་བྱེད་པ་ནི་མི་བཟང་ངན་དང་ཐུག་ཁུར་ཡོད་མེད་ཀྱི་སྐད་ཆ་མ་རེད། ༧གོང་ས་མཆོག་སྐུ་ཚེ་ཞབས་པད་བརྟན་པར་ཤོག
སྐུ་ངལ་ཆད་ན་སྐུ་མཉེ་མང་དུ་བཏང་དང་། སྐུའི་འཕྲོད་བསྟེན་ལ་ཕན་གི་རེད།
༧གོང་ས་མཆོག་གི་སྐུ་གཟུགས་ཐད་དོ་སྣང་དགོས་པ་ངོ་མ་རེད། ཡིན་ནའང་༧གོང་ས་མཆོག་རང་གཞུང་གིས་བེད་སྤྱད་་གཏོང་ཟེར་བ་སོགས་ནི་གཞི་མེད་ཀྱི་སྐྱོན་འཛུགས་རང་རེད། མགོན་པོ་མཆོག་གིས་གང་གནང་བ་ཐམས་ཅད་ཁོང་གིས་གནང་འདོད་ཡོད་པ་ཤ་སྟག་ཡིན་པ་ལས་དབུ་སྐོར་གཏོང་བ་ཞིག་མིན་པ་ཤེས་དགོས།
ད་རྩོད་མ་རྒྱབ་ཚང་མ་བདེན་པ་རེད། ནམ་མཁའ་ཡང་བདེན། གཞན་པ་ཚོ་ཡང་བདེན། རང་རང་གི་བསམ་ཚུལ་རེད། བསམ་ཚུལ་ཙམ་བཤད་པ་ལ་ཅི་གནོད། ཁ་བརྡ་འདི་བསམ་ཚུལ་བཤད་ས་རེད། ང་འདྲ་བ་དང་། ཁྱོད་འདྲ་བ་ཚོས་དུས་ཚོད་སྐྱེལ་ས་ཡག་པོ་འདུག ལས་མེད་ཚོ་ད་དུང་ག་རེ་བཤད་ཡ་ཡོད། གྲྭ་འཁྱམ་ལས་མེད་ཚོ། ཡང་སྐྱར་བཤད་དང་།
amdo baglabཅན་གྱི་མི་དེ་བོད་མི་ཞིག་མིན་པ་འདྲ་གང་ཞེ་ན་ཁོ་རང་གི་མིང་བྲིས་སྟངས་ལ་གཟིགས་དང་། བོད་མི་ཡིན་ན་བོད་ཡིག་ག་རེ་བྱས་ན་མ་བྲིས་པ་རེད། ད་དུང་སྐད་ཆ་བཤད་སྟངས་ལ་གསན་དང་། གྲྭ་འཁྱམ་ལས་མེད་ཚོ། གྲྭ་འཁྱམ་ལས་མེད་ཡིན་ན། དུས་ད་ལྟའི་བར་དུ་འཛམ་གླིང་ལ་ངོམ་མཆོག་པའི་བོད་བརྒྱུད་ནང་བསྟན་འདི་འཛིན་སྐྱོངས་སྤེལ་གསུམ་བྱེད་མཁན་དེ་སུ་རེད།
གནམ་མཁའ་ལགས་ཀྱིས་གསུངས་པ་ཤིན་ཏུ་བདེན།་་་རྡ་སའི་ནང་ཆོས་ངོ་སྤྲོད་འདི་ཡང་ལོ་ལྟར་བཞིན་༸གོང་ས་མཆོག་གནང་མི་དགོས་པར་༸རྒྱལ་བ་ཀརྨ་པ་སོགས་ཀྱིས་ཀྱང་གནང་མི་ཐུབ་པ་ཞིག་མ་རེད།
བོད་གཞུང་དམངས་གཉིས་ཀྱིས་༸གོང་ས་མཆོག་ལ་བརྟན་བཞུགས་འབུལ་ན།་་་ད་སྐུ་ངལ་མང་ཙམ་གསོལ་རོགས་ཞེས་འབུལ་དགོས་ཀྱི་འདུག
མཆན་བུ་བ་ཁ་ཤས་ཀྱིས་ནང་ཆོས་ངོ་སྤྲོད་ཀརྨ་པས་གནང་མི་ཐུབ་པ་མ་རེད་ཟེར། དེ་བདེན་པ་རེད་ནང་ཆོས་ངོ་སྤྲོད་ཙམ་ནི་ཀརྨ་པ་གཅིག་པུ་མ་ཡིན་པར་མཁན་པོ་དགེ་བཤེས་སློབ་དཔོན་སོགས་ཐམས་ཅད་ཀྱིས་གནང་ཐུབ་ཀྱི་རེད་མོད། ཡིན་ནའང་༧གོང་ས་མཆོག་ནང་བཞིན་མི་དམངས་ཀྱིས་དོ་སྣང་བྱེད་ཀྱི་མ་རེད་ལ་གང་ཉིད་ནང་བཞིན་སུས་ཀྱང་གསུངས་ཐུབ་ཀྱི་མ་རེད།
ནམ་མཁས་བཤད་པ་བདེན་པ་རེད། བོད་དོན་ཆེད་དུ་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་མཚམས་ལ་རེ་ཕེབས་དགོས་ཐུག་མོད་རྒྱ་གར་ནང་གི་ཚོགས་སྡེ་ཆེ་ཆུང་ཚང་མས་༧གོང་་ས་མཆོག་གི་སྐུ་ཕྱའི་སྐོར་ལ་བསམ་བློ་ཅི་ཡང་མི་བཏང་བར་དབང་ལུང་མན་ངག་གང་ཐུབ་ཐུབ་ཞུས་པ་དེ་ཅུང་ཙམ་ཉུང་དུ་བཏང་སྟེ་སྐུ་ངལ་གསོ་བའི་དུས་ཚོད་མང་ཙམ་གནང་ན་སྐུ་གཟུགས་བདེ་ཐང་ལ་ཕན་ངེས་རེད། དབང་ལུང་མན་ངག་ཞུས་དགོས་ན་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཆེན་པོ་བཞིའི་ནང་ཆོས་ལུགས་སོ་སོའི་བླ་མ་བསམ་གྱིས་མི་ཁྱབ་པ་གང་མང་བཞུགས་པས་དེ་དག་ལ་ཞུས་ཡང་མི་ཆོག་པ་ག་རེ་ཡོད། སློབ་ཕྲུག་དག་ལ་ནང་ཆོས་ངོ་སྤྲོད་བྱེད་དགོས་ནའང་སེ་འབྲས་དགེ་གསུམ་གཙོ་བྱས་པའི་གདན་ས་གྲྭ་ཚང་ཁག་གི་མཁན་རིན་པོ་ཆེ་དང་དཔེ་ཁྲིད་དགེ་རྒན་དག་གདན་འདྲེན་བྱས་པས་ཆོག་མོད་ཡིན་ཅིག་མིན་ཅིག་༧གོང་ས་མཆོག་ལ་དཀའ་ངལ་བཟོ་དགོས་ཡ་ག་རེ་འདུག ཚང་མས་ཐུགས་བསམ་བཞེས་རོགས་གནོང་།
རྩོམ་འདི་ཧ་ཅང་ཡིད་ལ་འཐད་པོ་བྱུང་བའི་རྒྱུ་མཚན་ནི་ང་རང་ཡང་ནམ་རྒྱུན་དེ་ལྟར་སེམས་བཞིན་པའི་མི་ཞིག་ཡིན། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གིས་འཆར་གཞི་ཆེན་པོ་བཟོ་བའི་དམིགས་ཚད་ནི་དགའ་ལྡན་ཕོ་བྲང་གི་དངུལ་ཡིན། ཕྱི་རྒྱལ་གྱི་ཆོས་ཚོགས་ཁག་ནས་གང་ཐུབ་ཅི་ཐུབ་ཀྱིས་གདན་འདྲེན་ཞུ་བའི་དམིགས་ཚད་ནི་ཆོས་ཚོགས་ཕྱུག་འགྱུར་ཅན་ཡིན། རྒྱ་གར་གྱི་དགོན་སྡེ་ཆེ་ཆུང་རྣམས་བྲེལ་ཟིང་གིས་གདན་ཞུ་བྱེད་པའི་དམིགས་ཚད་ནི་སྦྱིན་བདག་ཡག་པོ་དང་དགོན་བདག་བླ་མའི་མིང་གནས་ཆེ་བ་ཡིན། འབྲེལ་ཡོད་ཁག་གིས་ཐབས་ལམ་སྣ་ཚོགས་ཀྱིས་ཆོག་མཆན་རག་ཐུབ་བྱེད་པའི་དམིགས་ཚད་ནི་ལྐོག་དངུལ་ཡིན། ༧གོང་ས་མཆོག་སྐུ་ན་བགྲེས་ཀྱང་མཛད་རིམ་ཉུང་འཕྲི་མི་བྱེད་པའི་དམིགས་ཚད་ནི་ཁོང་ཅག་གི་དཔལ་འབྱོར་དང་ནང་མིའི་མ་འོངས་པ་ཡིན།
མི་སྣ་འདིའི་རིགས་ཀྱི་སེམས་ན་༧གོང་ས་མཆོག་ནི་དཔལ་འབྱོར་མཁོ་སྒྲུབ་བྱེད་པའི་གཡང་བུམ་ཙམ་དང་། རང་ཉིད་གྲགས་ཅན་བཟོ་བའི་རྒྱང་སྒྲོག་ཁ་པར་ཙམ་གྱི་འདུ་ཤེས་མ་གཏོགས་མེད། དྲང་བདེན་གྱི་ཁྲིམས་ར་ཞིག་ཏུ་བདེན་ཐོག་བདེན་བརྩེགས་ཀྱིས་ར་སྤྲོད་བྱེད་འདུན་ཆེ་ཡང་། ནམ་ཞིག་ལ་དེའི་གོ་སྐབས་དེ་ཐོབ་སྲིད་དམ།
གུས་བའི་དྲ་གྲོགས་ཡོངས་འདིར་ཕེབས་ནས་གླེང་མོ་ལྷུག་པརོ་གནང་བ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཆབ་གཅིག་
སྐད་ཆ་འགའ་དང་ཡི་གེ་འགའ་ཆད་འདུག་པས་ཁྱེད་ཅག་ཡོངས་ལ་དགོངས་འགལ་མེད་པར་ཞུ།
ཆད་འདུག་པའི་གལ་གནད་དག་སྐུ་ཞབས་འཇམ་དབྱངས་ལགས་ཀྱིས་མདོར་བསྡུར་ཙམ་གསུངས་འདུག་པས་འདིར་བསྐྱར་འབྲི་མི་བྱེད།
མཆན་༡༤་པ་འབྲི་མཁན་འདི་ལ་གཟིགས་དང་ཁོས་འདིར་ཞེ་བོ་གཅིག་མཆམ་མཐུན་དང་སེམས་དགེ་བཤད་ཀྱི། མཆན་གཞན་ཞིག་ཏུ་གཟིགས་དང་ནང་ཁུལ་དཀྲུགས་ཤིང་རྐྱང་རྒྱབ་ཀྱི་འདུག མི་འདི་རིགས་ནི་དུག་སྦྲུལ་ལྕེ་གཉིས་པ་རེད།
ནམ་མཁས་བཤད་པ་ནི་ངོ་ཐོག་བདེན་པ་རེད། སྐུ་ངལ་ངེས་པར་གསོ་དགོས་པ་རེད། ཆོས་ཚོགས་ཁྱིམ་ཚང་བཟོ་འདྲ་བོ་ཚོགས་པ་ཚོགས་མི་གཉིས་ཙམ་ཡོད་ས་ལྟ་བུར་ཕེབས་མི་ཉན།
ཐ་ན་༸གོང་ས་མཆོག་གི་སྐུ་པར་མཆོད་ཤོམ་ལ་སྒྲིག་ཤོམ་བྱེད་པ་ཚུན་ལ་རང་སེམས་ལྷད་མེད་དད་གུས་ཀྱིས་བཤམ་པ་ཆེས་ཉུང།
དིང་སེང་ནང་ཆོས་གྱིས་སེམས་རྒྱུད་དུལ་ཞིང་འདུ་བྱེད་འདི་རྣམས་ལ་ངེས་འབྱུང་སྐྱེ་བ་ནི་ཤིན་དུ་དཀོན་ཞིང། དེར་མ་ཟད་ལས་འབྲས་གྱི་རྣམས་བཞག་དང་རིགས་དྲུག་གི་སྡུག་བསྔལ་ལ་སོགས་པ་ཚན་རིགས་པ་རྣམས་གྱི་ཡུལ་དུ་མ་གྱུར་ལ། དིང་རབ་གྱི་རིགས་གསར་སོགས་ལ་འདོད་པ་རྒྱས་པའི་ཕྱིར་འཇམ་དབྱངས་གི་གསུངས་པ་ཕལ་ཆེར་བདེན་མོད། ངལ་བ་ལ་ནི་རྣམ་གྲང་མང་ཏེ། མདོར་བསྡུ་ན་བསྡད་ནས་ངལ་བ་དང་སོང་ནས་ངལ་བ་གཉིས་ཡོད་ལ། དེ་དག་ནི་གཙོ་བོ་སེམས་ལ་ཐུག་ཡོད། ༧གོང་ས་མཆོག་གི་རང་ཅག་སེར་སྐྱ་རྣམས་ལ་ཐུན་མོང་དུ་གསུངས་བ་དང། ཐུན་མོང་མ་ཡིན་པར་སོ་སོར་གསུངས་བ་རྣམས། གསུངས་བ་ལྟར་རང་ཅག་གིས་ཀྱང་རང་འདོད་གྱིས་དབང་དུ་མ་སོང་བ་དང་། མ་འདྲེསཔར་བློ་གྲོས་ཀྱི་རྣམ་པར་ཕྱེ་ནསརང་ཉིད་གང་གི་སྡེར་གཏོགས་པ་དེ་དང་དེར་གསུངས་བ་ལྟར་ཉམས་སུ་ལེན་པ་ན། དེའི་ཚེ་༧གོང་ས་མཆོག་གི་སྐུའི་ངལ་སོ་ཐོབ་ཅིང་ཞབས་བརྟན་གྱི་མཆོག་ཡིན་པར་སེམས། དེ་ལྟ་མིན་པར་ལས་འབྲས་དང་༧གོང་ས་མཆོག་གི་ལེགས་ཉེས་བླང་དོར་གསུངས་བ་ལ་ཉམས་ལེན་མི་བྱེད་པར་མ་ཟད། རང་གི་ཁེ་བཟང་གི་ཆེད་དུ་མི་ངོ་ཅི་ལོན་བྱེད་པ་ནི་རང་གཞམ་ཕུང་ལ་སྦྱོར་བའི་ལས་འབའ་ཞིག་ཡིན་པས་ངེས་པར་དུ་བརྐྱོན་བརྗོད་དང་བཀག་འགོག་བྱེད་དགོས།
བན་དེ་ལགས། ཆེས་ཉུང་ཨེ། ཨོ་ཨོ་ད་ངེད་གཉིས་མི་རྩོད། ཁྱེད་ཁམས་བཟང་། དོན་འགྲུབ། ནད་དཀོན་ཤོག ཚེ་རིང་ཤོག
དིང་སེང་ནང་ཆོས་གྱིས་སེམས་རྒྱུད་དུལ་ཞིང་འདུ་བྱེད་འདི་རྣམས་ལ་ངེས་འབྱུང་སྐྱེ་བ་ནི་ཤིན་དུ་དཀོན་ཞིང་དེར་མ་ཟད་ལས་འབྲས་གྱི་རྣམས་བཞག་དང་རིགས་དྲུག་གི་སྡུག་བསྔལ་ལ་སོགས་པ་ཚན་རིགས་པ་རྣམས་གྱི་ཡུལ་དུ་མ་གྱུར་ལ་དིང་རབ་གྱི་རིགས་གསར་སོགས་ལ་འདོད་པ་རྒྱས་པའི་ཕྱིར་འཇམ་དབྱངས་གི་གསུངས་པ་ཕལ་ཆེར་བདེན་མོད། ངལ་བ་ལ་ནི་རྣམ་གྲང་མང་ཏེ་མདོར་བསྡུ་ན་བསྡད་ནས་ངལ་བ་དང་སོང་ནས་ངལ་བ་གཉིས་ཡོད་ལ་དེ་དག་ནི་གཙོ་བོ་སེམས་ལ་ཐུག་ཡོད། ༧གོང་ས་མཆོག་གི་རང་ཅག་སེར་སྐྱ་རྣམས་ལ་ཐུན་མོང་དུ་གསུངས་བ་དང་ཐུན་མོང་མ་ཡིན་པར་སོ་སོར་གསུངས་བ་རྣམས་གསུངས་བ་ལྟར་རང་ཅག་གིས་ཀྱང་རང་འདོད་གྱིས་དབང་དུ་མ་སོང་བ་དང་མ་འདྲེསཔར་བློ་གྲོས་ཀྱི་རྣམ་པར་ཕྱེ་ནསརང་ཉིད་གང་གི་སྡེར་གཏོགས་པ་དེ་དང་དེར་གསུངས་བ་ལྟར་ཉམས་སུ་ལེན་པ་ན་དེའི་ཚེ་༧གོང་ས་མཆོག་གི་སྐུའི་ངལ་སོ་ཐོབ་ཅིང་ཞབས་བརྟན་གྱི་མཆོག་ཡིན་པར་སེམས། དེ་ལྟ་མིན་པར་ལས་འབྲས་དང་༧གོང་ས་མཆོག་གི་ལེགས་ཉེས་བླང་དོར་གསུངས་བ་ལ་ཉམས་ལེན་མི་བྱེད་པར་མ་ཟད་རང་གི་ཁེ་བཟང་གི་ཆེད་དུ་མི་ངོ་ཅི་ལོན་བྱེད་པ་ནི་རང་གཞམ་ཕུང་ལ་སྦྱོར་བའི་ལས་འབའ་ཞིག་ཡིན་པས་ངེས་པར་དུ་བརྐྱོན་བརྗོད་དང་བཀག་འགོག་བྱེད་དགོས།
་་་་ ངས་འདི་གར་བརྗོད་འདོད་པ་ཞིག་ནི། ད་ལོ་སྐུ་མདུན་དགུང་ལོ་༧༧་ལ་ཕེབས་ཡོད་ན་ཡང་ད་རུང་བཙན་བྱོལ་གཞུང་གིས་བེད་སྤྱོད་གཏོང་གང་ཐུབ་བྱེད་ཀྱི་ཡོད་པ་ལས་༧གོང་ས༧་མཆོག་གིས་ངལ་གསོ་ཞིག་གནང་དགོས་བའི་སྐོར་ལ་བསམ་གཞིགས་ཕྲན་བུ་ཙམ་ཡང་བྱེད་ཀྱི་མེད། ་་་་ཟེར།
ནམ་མཁས་གསུང་པ་ལ་མངོན་པར་བསྟོད་དོ།
ནམ་མཁས་བཤད་སྟངས་སྙིང་བརྗེ་བོ་འདུག་ཐོག་མར་གློག་མཐོང་དེ་ནས་ཁོའི་སེམས་སུ་ཚོར་བ་སྐྱེས་བ་དང་།དེ་ནས་གཞུང་དམངསམགཉིས་ལ་འབོད་སྐུལ་ཞུས་འདུག དེ་མིན་༧གོང་ས༧མཆོག་གིས་ནམ་ཡང་ང་ཚོར་བོད་མི་ཚོར་ང་རང་ཐང་ཆད་ནས་གཟུགས་པོས་ལྕོག་གི་མི་འདུག་གསུངས་པ་ཞིག་དྲན་གྱི་མི་འདུག་པས་ད་རུང་ཡང་དྲ་མཆན་པ་་ཨ་ནུ་ཐང་བསོད་ནམས་ཀྱིས་སྐུ་ཐང་ཆད་ན་སྐུ་མཉེས་བཏང་དང་།འཕྲོད་བསྟེན་ལ་ཕན་གི་རེད་ཟེར་བ་ལྟ་བུ་འགན་སྤུ་ཙམ་ཡང་མེད་པའི་སྐད་ཆ་བཤད་ཀྱི་ཡོད།འདི་འདྲའི་རིགས་ནི་སེམས་པ་ལྕགས་བཞིན་ལས་འགན་རྩ་བ་ནས་མེད་པའི་རྟགས་ཡིན་པས་ཚང་མས་གང་གཟབ་ཀྱིས།
སྦྱིན་བདག་ཁག་དང་གདན་ས་གྲྭ་ཚང་ཁག་གི་མཁན་པོ་རྣམས་ནས་ཀྱང་ཐུགས་བསམ་རེ་བཞེས་རོགས།
ནམ་མཁའ་ལགས་ཀྱིས་ངོ་བོའི་གནས་ཚུལ་བྲིས་པ་སྙིང་ནས་གུས་འདུལ་ཞུ། ཁོ་བོས་གནའ་སྔ་མོ་ནས་འདི་འདྲ་བསམ་ཡོད། དེ་རིང་ངས་བསམ་ཚུལ་ངོ་མ་འདིར་བྲིས་པ་ལ་སླར་ཡང་གུས་འདུལ་ཞུ། སྐུ་ཉིད་ཀྱི་བསམ་ཚུལ་འདི་ལ་བརྒྱབ་བསྐྱོར་བརྒྱ་ཆ་བརྒྱ་ཡོད། གོང་དུ་མི་བུ་ཟེར་པའི་སྐྱག་འབུ་ཞིག་གིས་ཤེས་མདོག་ཁ་བོས་འགན་ཁུར་དང་ཤ་ཚ་མེད་པའི་སྐད་ཆ་སྐྱག་དྲི་དྲོ་བ་ཞིག་བཤད་འདུག། དེ་ནི་གཞན་མིན་བསམ་བཞིན་དུ་ཆོལ་གསུམ་འཕོངས་དཀྲུག་གྱི་སྦྱོར་བ་བརྩམ་པ་ལས་ཕན་ཐོག་ཡོད་པ་ཞིག་གཏན་ནས་མིན། རང་རེས་སྤུན་ཟླ་ཚང་མས་འདིས་རིགས་ལ་གཟབ་པར་མཛོད།
བདག་ཐོག་མར་བོད་མི་མང་སྤྱི་འཐུས་སུ་སླེབས་པའི་གྲོས་ཚོགས་ཐོག་མའི་སྐབས་སུ། བཀའ་ཤག་ལ་ཐུགས་སྣང་གཞེན་སྐུལ་གྱི་གྲོས་ཆོད་ཐོག་མ་ཞིག་ཕུལ་བའི་ནང་དོན་ཡང་ཡིད་བཞིན་ནོར་བུའི་མཛད་འཕྲིན་དང་སྐུ་ངལ་གསོ་བའི་སྐོར་ཡིན། སྐབས་དེའི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་ནས་བཀའ་ལན་གནང་དོན། སྐུ་མདུན་ལ་ཕྱག་ལས་ཇེ་ཉུང་དང་སྐུ་ངལ་མང་ཙམ་གསོ་དགོས་པའི་སྐོར་རྟག་པར་ཞུས་དང་ཞུ་བཞིན་པ་ཡིན། ཡིན་ན་ཡང་སྐུ་མདུན་ནས་གསོན་གནང་མ་མཛད་ཚེ་ང་ཚོར་ཐབས་ཤེས་མེད་ལུགས་སྐོར་གསུངས་སོང།
ཡིད་བཞིན་ནོར་བུས་ད་ལྟ་ཁོང་ཉིད་བགྲེས་ཡོལ་ཡིན་ཚུལ་གསུང་བཞིན་ཡོད། དོན་དངོས་སུ་ཁོང་གི་མཛད་འཕྲིན་ཇེ་མང་དང་སྐུ་ཚེགས་ཀྱང་ཇེ་མང་ལ་འགྲོ་གིན་འདུག
ལྷག་བསམ་ཐུགས་བསྐྱེད་རྣམ་གསུམ་གྱིས་གཙོས་པའི་ཕྱག་ལས་དུ་མ་ཞིག་མ་བསྐུལ་དང་བླང་སྒོས་རང་གི་ཁུར་དུ་བཞེས་ཡོད། འདི་བྱང་ཆུབ་སེམས་དཔའི་དམ་བཅའ་ཡིན་ངེས།
དེ་བས་ངས་གསལ་བོར་བཤད་འདོད་པ་གཅིག་ནི། ཡིད་བཞིན་ནོར་བུ་ཁོང་གིས་ཅི་ཞིག་གནང་རྒྱུ་དང་ཇི་ལྟར་གནང་རྒྱུ་དེར་ང་ཚོས་ཇུས་གཏོགས་མི་འོས་པ་ཞིག་རེད། འོན་ཀྱང་ང་རང་ཚོས་ངོས་ནས་དོན་དག་ཆུང་ཚགས་མང་པོ་ཞིག་སྐུ་སྒེར་ལས་ཁུངས་སུ་ཞུ་འབུལ་མི་བྱེད་པ་དང་ང་རང་ཚོ་ཅི་ཙམ་གྱིས་སྐུ་མདུན་ལ་བཅར་རྒྱུ་ཉུང་དུ་བཏང་ན་དེ་ཙམ་གྱིས་ཁོང་གི་སྐུ་ངལ་གསོ་བར་ཅུང་ཟད་རེ་ཕན་སྙམ་མོ།
འགྲོ་བ་ཇི་སྲིད་གནས་གྱུར་བ།།དེ་སྲིད་བདག་ནི་གནས་གྱུར་ཏེ།།འགྲོ་བའི་སྡུག་བསྔལ་སེལ་བར་ཤོག།ཞེས་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་བསྐྱེད་སྨོན་ལམ་དང་སྙིང་སྟོབས་ནི་དེ་ལྟར་ཡིན་སྲིད། །པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས། སེམས་ཅན་རེ་རེའི་ཕྱིར་ཡང་མནར་མེད་པའི།།མེ་ནང་བསྐལ་བ་རྒྱ་མཚོར་གནས་དགོས་ཀྱང་།།སྙིང་རྗེ་མི་སྐྱོ། ཞེས་གསུངས་པ་ལྟར་གོང་ས་མཆོག་གི་རླབས་ཆེན་ཐུགས་བསྐྱེད་ལ་ང་ཚོ་སོ་སྐྱེས་ཐ་མལ་བ་རྣམས་ཀྱིས་ཇུས་གཏོགས་བྱེད་པ་ནི་མ་འོས་པ་ཞིག་ཡིན་མོད། ཡིན་ཡང་སྐུ་ཞབས་ནམ་མཁའ་ལགས་ཀྱིས་ཤ་ཚའི་གཏམ་ལ་རྗེས་སུ་ཡི་རང་ཡོད། སྐུའི་འཕྲོད་བཞེས་ལའང་གསུང་བཤད་གནང་བ་སོགས་རྐྱེན་པས་རྒས་རྒུད་འགྲོ་བ་དེ་འདྲ་གཏན་ནས་ཡོད་པ་མ་རེད། སྐུ་ན་ཆུང་དུས་ནས་འཛམ་གླིང་ཞི་བདེ་དང་ཆོས་ལུགས་སྤྱི་དང་ཡང་སྒོས་སངས་རྒྱས་ཀྱི་བསྟན་པ། འགྲོ་བ་སེམས་ཅན་གྱི་ནང་སེམས་ཀྱི་བདེ་སྐྱིད་ཆེད་དུ་མཛད་པ་གང་བསྟན་པ་ཐམས་ཅད་ཁོང་གི་སྐུ་ཚེ་ཡུན་དུ་བརྟན་པའི་ཆ་རྐྱེན་དུ་འགྲོ་གི་ཡོད་པ་རེད། ཕན་པའི་ལན་དུ་མཆོད་པར་བྱ་བ་ནི།།བསྒོ་བའི་ཚིག་བཞིན་ཉམས་སུ་བླངས་བ་ཡིན།།ཞེས་པ་ལྟར་དངོས་པོ་གྱ་ནོམ་པ་ཁྲི་ཕྲག་སྟོང་ཕྲག་ཕུལ་བ་ལས་ཀྱང་རང་རེའི་བོད་པ་མི་རེ་ངོ་རེས་བཀའ་བཞིན་སྒྲུབ་པའི་མཆོད་པ་ནི་མཆོད་པ་མཆོག་ཏུ་གྱུར་བ་ཡིན་པ་དང་སྐུ་ཚེ་ཡུན་དུ་བརྟན་པ། ཐུགས་མཉེས་པའི་མཆོད་པ་ཡིན་པར་ཤེས་དགོས།
ཆབ་བྲག་འདིས་གོང་གི་བསམ་ཚུལ་རྩོམ་ཐུང་དེ་ཡག་པོ་ཧ་གོ་ཡོད་ས་མ་རེད།ནམ་མཁའ་དང་དྲ་མཆན་པ་ཚོས་སྐུ་མདུན་སྐུ་ངལ་གསོ་དགོས་བའི་འབོད་སྐུལ་ཞུ་བ་འདི་ཡང་སྐུ་མདུན་གྱི་སྐུ་ཕྱྰ་ལ་འབྲེལ་བ་ཡོད་པ་གསལ་བོ་རེད།འདི་ལ་ཡང་ཇུས་གཏོགས་མ་བྱས་ན་ཡག་པོ་ཡོད་ན།བོད་མི་ཡོངས་ལ་སྐུ་མདུན་གྱི་ཕྱོགས་ནས་འགན་སྤུ་ཙམ་ཡང་མ་ཁུར་ན་འགྲིག་གི་རེད་དམ།ཁྱོད་འདིས་སྐབས་རེ་མཁས་རྟགས་སྟོན་པར་དགའ་བོ་འདུག ཡིན་ཡང་སེམས་ཁོངས་ན་སྐུ་མདུན་ཕྱོགས་ལ་སེམས་ཁུར་ཅི་ཡང་མེད་པར་ཚིག་སྟོང་སྐམ་པོ་བཤད་བཞིན་པ་དེ་རིང་འདི་ནས་འབྲས་བུ་ལྷང་ལ་བུད་སོང་།ཁྱོད་འདྲ་བོ་ལ་ཇུས་གཏོགས་མེད་ན་ཡང་བོད་མི་ས་དྲུག་ལ་སྐུ་མདུན་གྱི་ཕྱོགས་ལ་སེམས་ཁུར་དང་ལས་འགན་ཡོད།དེ་རིང་གི་ཁྱེད་ཀྱི་ཚིག་ཇུས་གཏོགས་མ་བྱས་ན་ལེགས་ཟེར་བ་འདི་ལ་ལྟས་ཚེ།ཁྱོད་ད་ཐེངས་སྤྱི་འཐུས་ནང་ལ་མ་སླེབས་པ་ཡང་དགའ་འོས་པ་ཞིག་རེད།ཁྱོད་ཀྱིས་གྲོས་ཚོགས་སུ་གྲོས་གཞི་བཏོན་པ་ཡིན་ཟེར་བ་དང་ཟམ་གདོང་གིས་ལན་སྤྲད་པ་ཡང་ལྷག་བསམ་མེད་པའི་གཏམ་ཞིག་ཡིན་པ་དེ་རིང་ང་ཚོ་དྲ་མཆན་ཚོའི་མིག་མདུན་བཤམས་སོང་།ཁྱེད་ཀྱིས་དུས་རྒྱུན་སྙན་ངག་ཐ་ཐན་རེ་བྲིས་ནས་བསྡད་ན་མཛེས།
ད་རུང་བཤད་རྒྱུ་ཞིག་ལ་གལ་སྲིད་སོ་སོའི་ཕ་རྒན་ལོ་ན་བགྲེས་བོ་གྱུར་ཏེ།མུ་མཐུད་ལས་ཀ་བྱས་ཏེ་ཐང་ཆད་དུས་ཀྱང་བུ་ཕྲུག་ཚོས་ཇུས་གཏོགས་མ་བྱས་ན་ལེགས་སམ།མི་བསམ་མེད་དང་ལས་འགན་མེད་པ་དང་སེམས་ཁུར་མེད་པའི་སྐད་ཆ་མ་བཤད་རོགས།ཆབ་བྲག་འདི་ཡིད་ལ་བཟུང་ནས་སྙན་ངག་ཚིག་སྐམ་བྲིས།
བོད་མི་ཚོས་༼༧གོང་ས་མཆོག་སྐྱབས་སུ་མཁྱེན༽ཟེར་བ་ཙམ་མིན་པར། ཚང་མས་བོད་རང་དབང་གི་ཆེད་རང་ནུས་གང་ཡོང་འབད་བརྩོན་བྱས་ན་༧གོང་ས་མཆོག་རང་བཞིན་གྱིས་ལྷོད་ལྷོད་ཡོང་ངེས་རེད། འོང་ཀྱང་བོད་མི་ཚོས་༼སྐྱབས་སུ་མཁྱེན༽ཟེབ་བ་ཙམ་དང་བོད་གཞུང་ལ་དོན་མེད་སྐྱོན་བརྗོད་བྱེད་པ་ཙམ་ལས། སྤྱི་དོན་འབད་བརྩོན་གང་ཡང་མེད་དུས། བོད་མི་ས་ཡ་དྲུག་གི་བདེ་སྡུག་དང་རེ་སྨོན་སྒྲུབ་ཆེད་༧གོང་ས་མཆོག་བཞུགས་ཐུབ་བམ། གཉིད་ཁུགས་སམ། ལྷག་པར་བོད་ནང་གི་བོད་མིས་བོད་མི་རིགས་ཀྱི་རང་དབང་ཆེད་རང་སྲོག་བློས་བཏང་པའམ་རང་དབང་ཤོར་པའི་སྐབས་སུ། བཙན་བྱོལ་བོད་མི་ཁག་གཅིག་རང་གི་ཁེ་ཕན་དང་འདོད་པ་ཆུང་ཆུང་མ་འགྲུབ་པའི་རྐྱེན་གྱིས་མི་ཐུག་ཚོད་དང་དྲ་རྒྱ་ཐོག་ངོ་ཚ་མེད་པར་རང་གཞུང་དང་ཐ་ན་༧གོས་ས་མཆོག་ལ་མཚན་སྨད་བྱེད་པར། ཁག་གཅིག་ད་རུང་ངོ་ཚ་མེད་པར་བོད་ནང་གི་བོད་མིའི་སྐུ་ཚབ་ཡིན་འདོག་འདོག་བྱེད་པ་སོགས་མཐོང་དུས་དངོས་གནས་ཡ་མཚན་པ་ཞིག་རེད།
ནམ་མཁའི་བསམ་ཚུལ་ལ་རྒྱབ་སྐྱོར་ཡོད། སྐུ་ངལ་ངེས་པར་དུ་གསོ་དགོས། གང་ཡིན་ཞེ་ན། ངའི་ངོ་ཤེས་པ་ནང་མི་ཞིག་རྡ་སའི་སྐུ་ངོ་ངོ་ཤེས་རྒྱུད་ནས་སྒེར་མཇལ་ཞུས་འདུག ཡང་ངོ་ཤེས་པ་གཞན་ཕྱི་རྒྱལ་དུ་གཏན་སྡོད་བྱེད་མཁན་གྲྭ་བ་ཞིག་རྡ་སའི་བླ་མ་ཞིག་གི་རྒྱུད་ནས་སྒེར་མཇལ་ཞུས་འདུག ཁོང་ཚོས་ང་ལ་སྐུ་དཔར་མཉམ་དུ་སྒྲོན་པ་བསྟན་བྱུང་། དེ་ཚོ་བསམ་བློ་བཏང་དུས་དངོས་གནས་སྐུ་སྒེར་ཡིག་ཚང་ལ་ཞུས་དགོས་འདུག མཇལ་ཁ་ཞུས་དོན་གཙོ་བོ་ཁོ་རང་ཚོའི་སྐད་གྲགས་ཆེད་དུ་རེད་འདུག དེ་དང་དེ་འདྲ་བ་ང་ཚོའི་མ་ཤེས་པ་སོ་སོའི་སྒེར་དོན་ཆེད་སྒེར་མཇལ་ཞུས་མཁན་ག་ཚོད་ཡོད་འགྲོ