མིག་དམར་ཆོས་སྒྲོན། རང་ལོ་༡༥ འཛིན་རིམ་༡༠ དཔེ་སྟོན་སློབ་གྲྭ
ང་ཚོའི་བོད་རྒྱལ་ཁབ་ཇི་ལྟར་བྱེད་ནས་ཤོར་བ་ཡིན། ང་ཚོའི་བོད་རྒྱལ་ཁབ་འདི་རྒྱ་མི་ལག་ཏུ་ཤོར་ཀྱང་བཙན་བྱོལ་ངོས་ནས་ལས་འགུལ་གང་སྤེལ་ཡོད་དམ། ང་ཚོའི་བོད་རྒྱལ་ཁབ་ལ་གནའ་ཤུལ་ནས་ཡོད་པའི་སྐད་ཡིག་དང་རིག་གཞུང་རྣམས་ད་ཆ་རྩ་བརླག་ཏུ་འགྲོ་བའི་རྒྱུ་རྐྱེན་གང་ཡིན་ནམ། ཟེར་བའི་དྲི་བ་འདི་དག་གིས་ངའི་སེམས་ཁམས་ཅུང་མི་བདེ་བར་གྱུར་གྱིན་འདུག་མོད། འོན་ཀྱང་ང་དང་ང་འདྲ་བའི་བོད་རིགས་མང་པོ་ཞིག་ལོ་མང་སྔོན་ནས་གཉིད་དུ་ཡུར་ཡོད། ༢༠༡༤ལོར་ད་ཆ་གཞི་ནས་ངའི་ཡ་ཆུང་མིག་གཉིས་ཏ་ལའི་བླ་མ་དང་ང་ཚོའི་རེ་སྨོན་གྱིས་གཉིད་ལས་དཀྲོག་བྱུང་།
ད་ལྟའི་དུས་ཚོད་ནི་གཉན་འཕྲང་གི་དུས་ཚོད་སླེབས་ཡོད་ལ་ང་ཚོས་སྔོན་དང་འདྲ་བའི་ལས་ཀ་རྐྱང་རྐྱང་བྱེད་པ་ཡིན་ན་ཏ་ལའི་བླ་མའི་རེ་སྨོན་དང་ང་ཚོའི་རེ་སྨོན་ལྷན་འཛོམས་བྱུང་མི་ཐུབ། དཔེར་ན་ཁ་པར་ནང་སྐད་ཆ་བཤད་སྐབས་ཕ་རོལ་པོ་དང་སོ་སོ་གཉིས་ལ་ཁ་པར་ཀྱི་བརྡ་རྟགས་མེད་ཚེ་ཕན་ཚུན་གཉིས་ཀ་འབྲེལ་བ་བྱེད་མི་ནུས། དེར་རྐྱེན་པའི་ལས་གཞི་གང་བྱེད་ཀྱང་ཏ་ལའི་བླ་མ་དང་ང་ཚོའི་རེ་སྨོན་བར་མཐུན་བའི་ལས་ཀ་བྱ་རྒྱུ་ནི་ང་ཚོའི་སྐབས་སུ་བབས་པའི་འོས་འགན་ཡིན།
དེར་རྐྱེན་ངའི་དེ་རིང་གི་ཉིན་མོ་འདི་རྩ་ཆེན་ཞིག་ཏུ་རྩིས་ནས་ཏ་ལའི་བླ་མ་དང་ང་ཚོའི་རེ་སྨོན་སྐོར་ལ་ངའི་སྙིང་བའི་སློབ་གྲོགས་ཚོར་ཞུས་ན་བསམ་བྱུང་། དེ་ཡང་རྒྱལ་ཁབ་གཞན་དང་མི་འདྲ་བའི་ང་ཚོའི་ཕ་ཡུལ་བོད་ལ་སྐད་ཡིག་གི་རང་དབང་མེད་ལ་རྒྱལ་ཁབ་གཞན་དང་མི་འདྲ་བའི་ང་ཚོའི་ཕ་ཡུལ་བོད་ལ་བསམ་སྤྱོད་ཀྱི་རང་དབང་མེད། དེ་འདྲའི་རང་དབང་མེད་པའི་ཡུལ་ནང་གནས་པའི་ངའི་སྤུན་ཟླ་ཚོ་ནི་འཇིགས་སྐུལ་དང་དངངས་སྐྲག་ནང་གནས་ཡོད་མོད། ཁོང་ཚོ་ཁ་ཤས་ཤིག་གི་རང་གི་སྲོག་འདིའང་མ་འོངས་བོད་ཀྱི་བདེ་སྐྱིད་དོན་དུ་ང་ཚོར་ཕུལ་སོང་། འོན་ཀྱང་ང་ཚོས་ཁོང་ཚོ་དང་བོད་དོན་གྱི་ཆེད་དུ་ལས་དོན་ཅི་ཞིག་བྱས་ཡོད་དམ།
ཆུང་ས་ནས་བཤད་ན་ང་ཚོའི་ཁོར་ཡུག་འདི་ནི་དེ་ལྟར་མ་ཡིན་པར་རང་དོན་འབའ་ཞིག་གི་ཆེད་དུ་འགྲོ་བཞིན་ཡོད། སློབ་གྲྭ་ནང་སློབ་ཕྲུག་ཕལ་མོ་ཆེ་ཞིག་གིས་རང་དོན་ཁོ་ན་བསམ་པ་དང་རང་དོན་མ་གྲུབ་ཚེ་རླུང་ལངས་པ་དང་ཆོ་ངེ་བཏབ་པ་དང་ཁྲོ་གཉེར་བསྡུས་པ་སོགས་བྱ་ངན་མང་པ་བྱ་ཡི་ཡོད། ང་ཚོས་དོན་དག་ཆུང་ཆུང་འདི་འདྲ་བྱས་ནས་བོད་ཀྱི་སྐད་ཡིག་དང་ཆབ་སྲིད་སོགས་བརྒྱབ་ཏུ་བསྐྱུར་ན་ལོ་འགའ་ཞིག་གི་ནང་ང་ཚོའི་བོད་ག་བར་ལྷུང་མིན་ལྟོས་དང་། ཁྱེད་རྣམས་པའི་བསམ་བློ་འདི་འདྲ་ཡང་བཏང་མེད་སྲིད་མོད། འོན་ཀྱང་ངས་ཁྱེད་རྣམས་ལ་དྲན་སློང་ཞིག་བྱེད་ཀྱི་ཡོད་ལ་ཉེན་འཚབ་ཀྱི་དུས་ཚོད་ཀྱང་སླེབས་གྲབས་ཡོད།
ང་ཚོའི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟར་རྩིས་པའི་༧གོང་ས་མཆོག་གིས་དུས་དང་རྣམ་པ་ཀུན་དུ་མི་བཟང་པོ་ཞིག་བྱ་དགོས་པ་དང་མི་གཞན་ལ་རང་གིས་ཕན་མིི་ཐོགས་ནའང་གནོད་མི་བསྐྱལ་བའི་བསླབ་བྱ་འདི་འདྲ་བཟང་པོ་རིགས་བཙན་བྱོལ་བོད་མི་ཚོས་དབྱར་ཀྱི་ཆུ་བོ་བཞིན་མང་པོ་ཉན་རྒྱུ་ཡོད། འོན་ཀྱང་གཞིས་ལུས་སྤུན་ཟླ་རྣམས་ལ་ཁོང་གིས་བསྩལ་བའི་བཀའ་སློབ་ཉན་རྒྱུ་སྐོམ་པ་ཆུ་འདོད་ལྟར་བྱེད་ཀྱི་ཡོད་མོད། ཁོང་རྣམས་ཚོར་ཉན་རྒྱུ་ཉིན་མོའི་སྐར་མ་དང་མཚུངས་ལ་རེ་བ་ཀྱང་ཆེན་པོ་བྱ་ཡི་ཡོད། ཞི་བདེ་དེད་དཔོན་ཁོང་གིས་འགྲོ་བ་བོད་མི་ང་ཚོར་བགྲོད་ལམ་སྟབས་བདེ་བཟོས་ཡོད་ཀྱང་བོད་མི་གླེན་ལྐུགས་ང་ཚོས་ལམ་བདེ་བ་དེ་བཞག་ནས་རྡོ་སྙིགས་ཀྱི་ཁེངས་པའི་ལམ་བུ་འདི་བསྒྱུར་གྱིན་ཡོད། ད་དུང་རྒྱལ་བའི་ཁོང་གིས་ལམ་འདི་བརྒྱུད་ནས་ཕྱིན་ན་བྱ་བ་ལམ་གྲོལ་ཡག་པོ་དང་རང་གི་རེ་སྨོན་མངོན་འགྱུར་ཐུབ་རྒྱུ་ལས་སླ་པོ་ཡོད་བཅས་བཤད་ནའང་ཀླད་རྙིང་མཁྲེགས་བཟུང་ཚ་བའི་བོད་མི་ང་ཚོ་ལམ་འདི་བརྒྱུད་ནས་མི་འགྲོ་བར་ལམ་གཞན་ཞིག་བརྒྱུད་ནས་འགྲོ་ཡི་ཡོད།
ང་ཚོ་བཙན་བྱོལ་ནང་དུ་བསྡད་ནའང་ཧ་ལམ་བོད་རྒྱལ་ཁབ་ཐོབ་པ་བཞིན་སྣང་བ་སྐྱིད་པོ་ངང་ནས་བསྡད་ཀྱི་ཡོད། བོད་མི་ཕལ་མོ་ཞིག་རང་ཉིད་ཀྱི་འཚོ་ཐབས་ཆེད་སུད་ཚོང་གི་རྗེས་སུ་སྙེགས་པ་དང་སྐབས་རེས་སུད་ཚོང་ཡག་པོ་མ་འགྲིམས་ཚེ་སེམས་སྐྱོ་སྣང་ཤུགས་ཆེན་པོ་སྐྱེས་ཀྱི་ཡོད། མ་ཟད་བོད་མི་ང་ཚོའི་སུད་ཚོང་ཡག་པོ་འགྲིམས་པ་ན་ཁེ་ཕན་ཀྱང་ཆེན་པོ་ཡོད་ལ་འདོད་རྔམ་ཤུགས་ཆེན་པོ་ཞིག་སྐྱེས་ཀྱི་ཡོད། དེ་འདྲ་བའི་ང་ཚོའི་སེམས་ནང་དུ་མི་བཟང་བའི་ལས་ངན་ཐ་དག་འཁོར་གྱི་ཡོད།
ངས་གླེང་བའི་གཏམ་འདིས་སུད་ཚོང་བརྒྱབ་རྒྱུ་འདི་ལས་ཀ་ངན་པ་ཞིག་རེད་ཅེས་ངས་སྤོབས་པ་ངང་སྨྲ་མི་ཐུབ་མོད། འོན་ཀྱང་སུད་ཚོང་བརྒྱབ་ནའང་ཞོར་དུ་༸གོང་ས་མཆོག་གི་རེ་སྨོན་ཐ་དག་སྒྲུབ་མི་ཐུབ་ནའང་ཆུང་ཚགས་ཤིག་སྒྲུབ་རྒྱུར་འབད་དགོས། ང་ཚོ་བཙན་བྱོལ་ནང་དུ་བསྡད་ཡོད་ནའང་ཕྱག་ཏུ་ཁ་པར་ཡག་པོ་རྐྱང་རྐྱང་འཁྱེར་ནས་སྤྱི་ཚོགས་སྟེང་ན་ང་མ་གཏོགས་མེད་མདོག་མདོག་བྱ་ཡི་ཡོད། ཁོ་ཚོའི་བྱ་བའི་བརྒྱུད་རིམ་ལས་ངའི་སྙིང་གི་འཕར་ལྡིང་ཡང་མགྱོགས་མྱུར་དུ་ཕྱིན་གྱིན་འདུག་པས་ན། བོད་མི་ང་ཚོས་ཕལ་ཆེར་གནད་དོན་གལ་ཆེན་ཞིག་གཏིང་བརྗེད་དུ་ཕྱིན་ཡོད་སྲིད།
བོད་མི་ང་ཚོ་བསྡད་ས་དཔྲལ་བར་བསྡད། མིག་ལ་ཐལ་བ་བཏབ་ཅེས་བའི་ཁ་དཔེ་ལྟར་བོད་མི་ང་ཚོ་རང་གི་སྐད་ཡིག་དང་རིག་གཞུང་འཕྲོད་བརླག་བཏང་གིན་པའི་ཚོར་སྣང་འདུག དཔེར་ན་བོད་མི་གཞོན་སྐྱེས་ཚོས་རང་གི་སྐད་ཡིག་གཅེས་སུ་མི་འཛིན་པར་རྒྱལ་ཁབ་གཞན་གྱི་སྐད་ཡིག་ཁོ་ནར་སློབ་སྦྱོང་བྱེད་ཀྱིན་ཡོད། འདི་འདྲ་བའི་བརྒྱུད་རིམ་ཐ་དག་༸གོང་ས་མཆོག་གིས་མཁྱེན་ཚེ་ཁོང་ཐུགས་ཕམ་གནང་གི་རེད།
སྐབས་རེས་༸གང་ས་མཆོག་ཆིབས་བསྒྱུར་གནང་བའི་སྐབས་བོད་མི་རྣམས་གུས་གུས་ཞུམ་ཞུམ་ངང་ཁོང་ལ་མཇལ་ཁ་ཞུས་བཞིན་ཡོད་མོད། གཏིང་ཟབ་ཀྱི་བསམ་བློ་རེ་བཏང་ཚེ་དགོད་བྲོ་ཞིག་སྐྱེས་ཡོང་གི་འདུག། དེ་ཡང་༸གོང་ས་མཆོག་གིས་གང་གསུངས་པ་དེ་བོད་མི་ང་ཚོས་མི་སྒྲུབ་པར་མཇལ་ཁ་ཞུ་སྐབས་ཡིན་ལུགས་ཚུལ་ལྡན་ཞིག་བྱེད་ཀྱི་ཡོད་པས་དངོས་གནས་དགོད་བྲོ་བ་ཞིག་མ་རེད་དམ།
ང་ཚོས་༸གོང་ས་མཆོག་གིས་གང་གསུངས་པ་ཆ་ཚང་ཞིག་སྒྲུབ་མི་ཐུབ་ནའང་ཆུང་ཚགས་ཀྱི་ལས་བཟང་ཞིག་སྒྲུབ་པར་འབད་དགོས།
ཆུང་ཚགས་ནས་བཤད་ན་སྐད་ཡིག་གང་བྱུང་བསྲེས་ལྷད་མི་བརྒྱག་པ་དང་དུས་དང་རྣམ་པ་ཀུན་ཏུ་ཀུན་སྤྱོད་བཟང་བོ་ཞིག་བྱ་དགོས་པ་དང་བསམ་བློ་གཏོང་ཕྱོགས་ཡར་རྒྱས་སུ་གཏོང་རྒྱུ་ནི་༸རྒྱལ་བ་ཁོང་གི་རེ་བ་ཆུང་ཤོས་དེ་ཡིན་པས། བྱས་ཙང་དཔེ་སྟོན་གྱི་ར་བ་ཆུང་ཆུང་ནས་མགོ་བཙུགས་ཏེ་༸གོང་ས་མཆོག་གི་རེ་བ་སྒྲུབ་པར་འབད་དགོས་ཞེས་པའི་སྙིང་གཏམ་འདི་ནི་ང་དང་ང་འདྲ་བའི་དཔེ་སྟོན་སློབ་གྲོགས་ཚོ་གཙོ་བྱས་པའི་སློབ་ཆུང་སློབ་མ་རྣམས་ལ་ཞུས་པ་ལགས།
མི་ལོ་སུམ་ཅུ་ཟིན་ཙམ་ནས། རང་གིས་གང་བྲིས་བ་འདི་ལ་ཅིག་་བལྟས་ན། གཞི་ནས། ཁ་དོན་ལ་གནས་ཡོད་མེད་ལྟ་ཆོག་གི་རེད། མིག་ཕྱེ་བ་དང་རང་གི་འཁོར་ཡུག་གི་བོད་མི་མི་བཟང་བ་ཞིག་མཐོང་འདུག་དུས། ཁྱོད་འཚར་ལོང་ཡག་པོ་ཞིག་བྱུང་རྒྱུ་མིན་པ་དང་། རེ་བ་ཆེན་པོ་ཞིག་བཅོལ་ས་མི་ཉན་པའི་གསལ་སྟོན་བྱས་ཚར་བ་རེད།
བྱུང་ན་སློབ་སྦྱོང་བྱོས། དེ་མ་བྱུང་ན་རྡ་ས་ལ་ལས་ཀ་འཚོལ་དུ་ཤོག། སུད་བཙོང་ན་འདྲ། རྐུབ་བཙོང་ན་འདྲ། བོད་པ་ལ་རིག་པ་རྣོ་མི་རྣོ་དང་། གོ་སྐབས་རག་མ་རག་སོགས་ཚང་མ་གཅིག་པ་མིན་པས། ཚང་མས་ལྟོ་ཟ་དགོས་ལེ་རེད་པ་ཨ། དེ་འདྲ་ཡིན་དུས། མིས་ལྟོ་འཚོལ་སྟངས་ལ། ཇུས་གཏོགས་ཡོད་པ་མ་རེད་པ་ཨ།
རང་ངོ་མས་ངར་མ་ཞིག་ཡོད་ན། ང་རང་འདི་འདྲའི་མཁས་མ་ཞིག་ཡིན། ངས་བོད་མི་གཞོན་སྐྱེས་ཚོའི་མདུན་ལམ་ཡར་རྒྱས་ལ་གཏོང་བའི་ཤེས་བྱ་ལམ་སྟོན་འདི་འདྲ་ཞིག་བྱེད་ཐུབ། ང་རང་འདི་འདྲའི་འབྱོར་ལྡན་ཞིག་ཡིན། ངས་བོད་མིའི་ཉིན་རེ་འཚོ་བ་ལ་སྦྱིན་གཏོང་འདི་འདྲ་ཞིག་གནང་ཐུབ། དེ་འདྲ་གནང་མི་ཐུབ་ན། ང་ཡག་པོ་ཡོད། ངའི་འཁོར་ཡུག་ཡག་པོ་མི་འདུག་ཟེར་བའི་བསམ་བློ་ངན་པ་དེ་ཚོ་དོར་རན་པའི་དུས་ལ་བབ་པ་རེད། གོ་བྱུང་ངམ། དཔེ་དེ་འདྲ་ད་སྟོན་དོན་མེད།
ཨ་ཉོག་གྱི་སྐད་ཆ་རང་རེད།
རང་ལོ་བཅོ་ལྔ་ལས་མ་གསོན་པའི་བྱིས་པ་ཞིག་ཡིན་ཀྱང་། སྤྱི་ཚོགས་ཀྱི་ངན་མཚང་གི་མཐིལ་བསྔོག་ཐབས་དང་ལེགས་བྱའི་ཡོན་ཏན་བརྗོད་པ་ནི་བོད་ཕྲུག་ཞིག་ལ་མཚོན་ན་དགོས་ངེས་ཅན་གྱི་ཆ་རྐྱེན་དང་འགྲུབ་དགོས་ངེས་ཀྱི་ལས་འགན་ཞིག་ཡིན་པས། སགའ་བསུ་ཡོད།
འདི་ནི། རང་ལོ་བཅོ་ལྔ་ལས་མ་སོན་ཞིང། རྒྱ་གར་ནང་འཚར་བའི་བུ་མོ་ཆུང་ཆུང་འདི་འདྲས་བོད་ཡིག་བོད་སྐད་ལ་ཧུར་བརྩོན་བྱས་པའི་བཙན་བྱོལ་ནང་ཧ་ལམ་མཐོང་དཀོན་པའི་རེ་བ་གསར་བ་ཞིག་རེད། བརྗོད་བྱའི་ནང་ཐད་ཅུང་ཟད་རེ་ཞན་ཆ་ཡོད་པར་ཅི་སྐྱོན། ཡར་སྐྱེས་ནས་མར་རྒས་ཞིང་འཁོགས་པའི་བར་དུ་བོད་ཡིག་གཅིག་པོ་སྦྱངས་བསྡད་ཚོ་ཡང་བུ་མོ་ལོ་ཆུང་འདི་ལ་འགྲན་ཐུབ་པ་མང་པོ་ཡོད། གནམ་ཟེར་བ་དེ་ཨ་མདོ་ཞིག་ཡིན་ས་རེད། ཨ་མདོ་དེ་ཚོས་རང་གཅིག་པོ་མ་གཏོགས་ཁས་ལེན་གྱི་མ་རེད། ཡིན་ནའང་སྤྱི་ཚོགས་ནང་དངོས་ནས་བྱས་ཤེས་མཁན་དཀོན་པོ་རེད། རང་གི་བསམ་ཚུལ་འདྲ་བྲིས་ཅིག་ཡིན་མདོག་མདོག་གིས་མི་ལ་སྐྱོན་བརྗོད་བྱེད་ཀྱི་རེད། མི་ཚང་མས་ཨ་མདོའི་ཟེར་ནས་ཁྱད་མཚར་འདྲ་ཞིག་མཐོང་གི་ཡོད་ས་རེད། མི་མང་པོས་་་་ ད་ཉོབ་སོང་་་་འབྲི་མཚམས་བཞག་གི་ཡིན། བདེ་མོ།
དོན་གྲུབ་ལགས་ཡག་པོ་གསུང་སོང་ གནམ་ཟེར་བ་དེ་སུ་རེད་ག་དུས་ཡིན་རུང་མི་ལ་ཁྱད་གསོད་བྱེད་པ་ལས་གཞན་གང་ཡང་མི་ཤེས་པ་ཞིག་རེད་འདུག་ཁྱེད་བསམ་བློ་ཞིག་བཏང་དང་རང་ལོ་བཅོ་ལྡ་ལས་མ་སོན་པའི་བོུ་ཞིག་གི་རང་མི་རིགས་ལ་བཅང་པའི་བརྩེ་སེམས་ཀྱི་ཀུན་ནས་བླངས་ཏེ་སོ་སོའི་བསམ་ཚུལ་ཙམ་ཞིག་བློ་རྨོངས་ཁྱེད་འདྲ་བར་བཤད་ན་ཡང་ཁྱེད་ལ་གོ་བརྡ་ཁྲོད་རྒྱུ་ཕར་བཞག་ད་དུང་བོུ་ཆུང་ཆུང་ཞིག་ལ་སྡང་ཟུག་གི་མཆེ་བ་བཙིགས་སྡེར་མོ་གྲད་དགོས་དོན་ཅི་ དངོས་གནས་བྱས་ན་སློབ་ཕྲུག་ཆུང་ཆུང་ཞིག་ལ་ཁྱོད་ཀྱི་མངགས་བརྗོད་བྱེད་དགོས་རེད་མ་ཟད་བུ་མོ་དེས་སུས་ཚོང་བྱས་པ་སྡུག་ཆག་རེད་ལབ་མི་འདུག་ག་སུས་ཚོང་བྱེད་པའི་ཞོར་ལ་དགེ་ལས་དང་ལྷག་པར་དུ་གོང་ས་མཆོག་གི་གསུང་བཞིན་བསྒྲུབ་ཐུབ་ན་ལེགས་ཚུལ་ཙམ་མོ་རང་གི་བསམ་ཚུལབཤད་པ་ཙམ་རེད་དེ་ལ་ཁོང་ཁྲོ་བྱེད་དགོས་དོན་འདུག་གམ་ད་དུང་ཁྱེད་ལོ་བཅོ་ལྡ་སྒུག་བསྡད་ཀྱི་ཡིན་ཞེས་ཧཧཧ་དེ་དུས་ཁྱེད་སྡིག་རྡོ་བརྒྱབ་ལ
ཁུར་ནས་ཨ་ཁུའི་ཙར་ཕལ་ཆེར་ཐོན་ཚར་ཡོད་ཀྱི་རེད་
སྐྱོན་བརྗོད་མིན་ཐལ། ལམ་སྟོན་ཡིན། རྒན་པ་ཞིག་གི་རྒན་གཏམ་ཡིན། ཆུང་ཆུང་ཚོས་རྒན་པ་ལ་ཉན་ཤེས་དགོས་བ་དེ། གལ་ཆེན་པོ་ཡིན་པ་ཤེས་དགོས་བ་རེད། ང་ཚོའི་སྤྱི་ཚོགས་འདི་རྒན་རིམ་ཡོད་པའི་ཚོགས་པ་ཞིག་ཡིན།
ངས་དྲང་པོ་ཞིག་ཞུ་འདོད་བྱུང་།
༼ནང་ཆོས་ལ་དོགས་སློངས་བྱེད་མཁན་ཡིན་ཟེར་བ་འདི་ཚོ་ཚང་མའི་ནང་ན་ནང་ཆོས་ལ་དོན་སྣང་ཡོད་མཁན་དང་དད་པ་ཡོད་མཁན་གཅིག་ལ་མེད།
སྤྱི་ཚོགས་ཀྱི་སྐྱོན་མཚང་སྔོག་འདོན་བྱེད་མཁན་ཡིན་ཟེར་བ་འདི་ཚོའི་ནང་ན་སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་མཁན་དང་སྒྲུབ་འདོད་ཡོད་པའི་ཀུན་སློང་གཙང་མ་ཅན་གཅིག་ལ་མེད།༽
ཡིན་ན་ཡང་། འདི་ཚོའི་གཡོ་གཏམ་ལ་ཨུར་འགྲོགས་བྱེད་མཁན་གྱི་བོད་པ་ཀླད་མེད་མི་ཉུང་བ་རེ་ཡོད་པས། བུ་མོ་ཆུང་ཆུང་འདི་དེ་འདྲ་ཞིག་ལ་མི་འགྲོ་བའི་རེ་བ་ཙམ་ཡིན།
ང་ཨ་མདོ་བ་ཞིག་ཡིན་ན་ལ་འདྲ། ཁམས་པ་བ་ཞིག་ཡིན་ན་ལ་འདྲ། གང་ལྟར་བཤད་འདོད་པ་དེ་ཁ་ཐུག་ལ་བཤད་རྒྱུར་དགའ་བོ་ཡོད། སྐད་ཆ་སྙན་པོ་དང་འཇམ་པོ། གུས་ཚིག་དང་ཞེ་ཚིག་གི་ཉམས་བཏོད་མི་ཤེས།
དོན་འགྲུབ་འཚོ་མོས། བྱེད་འབྲེལ་ལ་དབྱེ་བ་མེད་པའི་སྐད་ཆ་ཞིག་བཤད་འདུག་པ་དེར། ཡིད་ཚོད་ཀྱིས་གོ་བ་ཞིག་ལེན་བསམ་ཤར་ཡང་། བརྡ་སྤྲོད་མེད་པའི་སྒང་ལ་དུས་གསུམ་ཅང་མི་འདུག་པས་གོ་བ་ཞིག་ག་ལ་ཡོད། གོ་བ་ཞིག་མ་ལོན་ཐལ། ཁྱོས་ཅི་ཞིག་བཤད་བཞིན་ཡོད།
ཧཧཧཧ མཁས་པ་ལུག་ནག་ཅིག་གིས།། ཉེས་བཤད་རྒྱ་མཚོ་ཆེན་མོ།། རང་རློམས་རྟུག་དྲི་ངན་པོས།། གཟུ་བོའི་ཁོར་ཡུག་འཛད་འདུག །
ང་ཚོའི་བོད་རྒྱལ་ཁབ་ཇི་ལྟར་བྱེད་ནས་ཤོར་བ་ཡིན།
འདི།
ང་ཚོའི་བོད་རྒྱལ་ཁབ་ཇི་ལྟར་བྱེད་ནས་ཤོར་བ་རེད།
ཏ་ལའི་བླ་མ་དང་ང་ཚོའི་རེ་སྨོན་
འདི།
ཏྰ་ལའི་བླ་མ་དང་ང་ཚོའི་རེ་སྨོན་
༸གོང་ས་མཆོག་གིས་མཁྱེན་ཚེ་ཁོང་ཐུགས་ཕམ་གནང་གི་རེད།
འདི།
༸གོང་ས་མཆོག་གིས་མཁྱེན་ཚེ་ཁོང་ཐུགས་ཕམ་གནང་བགྱིད་རེད།
དཔེ་སྟོན་སློབ་གྲྭའི་སློབ་མའི་ཕ་མའམ་དགེ་རྒན་ཡང་རྫུན་གྱིས་འཚོ་བཞིན་པའི་སྙིགས་རོ་ཞིག་རེད་འདུག
དྲ་གྲོགས་ཚོ་གནམཟེར་བའི་མི་དེ་ལ་དོག་ཟོན་གནང་རོག་གནང་གང་ལ་ཟེར་ན་དེང་སང་ངཚོའི་སྤྱི་ཚོགས་ནང་ལུག་གུའི་དཀྱིལ་ལ་སྤྱང་ཀི་མང་པོ་ཡོད་པ་གོ་རྒྱུ་འདུག།
སྙེ་ལྷའི་ཐུགས་སྲས་ལགས་ཁྱོས་ཉོན། ངས་ཁྱོད་ལ་དམིགས་བསལ་རྩ་བ་ནས་མི་གཏོང་། ཁྱོད་ཀྱིས་བྲིས་བའི་ཡི་གེ་ལ་གོ་བ་ཞིག་འདུག་གམ། ལྟོས་དང་། ཀློགས་དང་། བརྡ་སྤྲོད་ལ་བརྡ་ལོག་ག་ཚོད་འདུག། མིང་ཚིག་ལ་དག་ནོར་ག་ཚོད་འདུག། ར་མགོ་ལུག་སྦྱར་གྱི་དཔེ་དང་དཔེ་འཇོག་དེ་ཚོ་ལ་ཅིག་ལྟོས་དང་། ད་དུང་ང་ལ་ཅིག་བཤད་ཁུལ་བྱེད།
ངས་བུ་མོ་ཆུང་ཆུང་དེའི་ཡིག་ནོར་དང་བརྡ་ནོར་ལ་ཞུ་དག་བྱས་མེད། རྒྱུ་མཚན་མོ་ད་དུང་སློབ་མ་རེད། ཡར་རྒྱས་ལ་ཉིན་རེ་བཞིན་འགྲོ་རྒྱུ་ཡིན་པས། དེ་ལ་གལ་ཆེན་པོ་མ་མཐོང་། ཡིན་ན་ཡང་། བསམ་བློའི་འགྲོ་ཕྱོགས་ལ་ད་ལྟ་ནས་བདག་རྒྱག་གནང་དགོས་བ་དེ། བོད་མི་ལ་ཤ་ཚ་བ་ཚང་མིའི་འགན་རེད། དེ་ཙམ་མི་ཤེས་ན། ཁྱོད་ལ་མ་འོངས་སྐྱོང་བའི་ལྟ་སྟངས་དང་ཞིག། རྟོག་པ་མངོན་གསལ་ཞིག་མེད་པ་གསལ་པོ་རེད། མི་དེ་འདྲ་ནི་སེམས་དཀར་ཤ་ཚ་ཅན་གྱི་གྲལ་དུ་མི་ཚུད་པས། ཁྱེད་རང་བོད་ཡིག་སློབ་དུ་མར་ཞིག་ལ་སོང་ཤིག། གོ་བྱུང་ངམ། ཧ་ཧ་ཧ།
གོང་གི་ཡི་གེ་དེ་ལྷོ་འབྲུག་ལ་ཡིན།
༄། བོད་པའི་་ཞི་མོ་ཁྱོད་བོད་ཡིག་ཡག་པོ་བྲིས་འདུག། དངོས་གནས་དེའི་ཐོག་ལ་རེ་བ་ཏོག་ཙམ་འདུག། དཔེ་ལ་ཨོ་ཡོ་སློན་པའི་སྐྱག་པའི་མཚན་ཉིད་མི་ཤེས་ཞེས་པ་ལྟར་ད་ལྟ་ནས་ཁ་གཏོང་ཡག་དེ་སྔ་དྲག་པ་དང། བོད་མི་སུ་ཚོང་བའི་བཀའ་དྲིན་ལ་བརྟེན་ནས་་ཁྱོད་རང་སློག་གྲ་དང་ཁ་གཏོང་ཤེས་པ་དེ་ཆག་པ་རེད། ལྷག་པར་རང་དོན་ཚོང་ལས་རྣམས་མང་ལ་བརྟེན་ནས་བོད་པ་ཞེས་འཚོ་ཐུབ་པ་དང་ བོད་ཕྲུག་རྣམས་ཁ་བདེ་རུ་དང། དེང་དུས་ཀྱི་ཡོན་ཏན་ཅན་སོགས་བཟོ་བཞིན་ཡོད་ལ། བོད་ཀྱི་ལོ་རྒྱུས་ནང་བོད་ས་མ་ཤོག་གོང་དང་། ས་ཤོར་ནས་བཙན་འབྱོར་ལ་འབྱོར་དུས་་དང་། གོང་ས་མཆོག་དང་ལྷག་བསམ་གྱི་ཕྱུགས་པའི་བོད་མིས་བཀའ་དྲིན་དང་ཆབ་ཅིག་སྙོག་དྲ་དང་། བོད་རྒྱ་་ཞི་བའི་གྲོལ་མོལ་བྱུང་རིམ་དང། གོ་སྐབས་ཡག་པོ་མང་པོ་ཤོར་ཚུལ་སོགས་མང་པོ་ཞིག་བོད་སྤྱིའི་ལོ་རྒྱུས་དང་། མི་སྒེར་གྱི་ལོ་རྒྱུས་དཔེར་ན་། སྐུ་ངོ་ཏ་ར་དང་། འཇུ་ཆེན་དང་ དེ་མིན་མང་པོ་ཡིག་ཐོག་ལ་ཡོད་པ་རྣམས་་ཀློག་ནས་ཉམས་ཞིབ་དང། དེ་ནས་བོ་མོ་ཁྱེད་རང་ནས་ག་ཚོད་ཙམ་བྱེད་ཐུབ་ས་རེད་ཨ་ནིའི་ཡིན་ན་ཧ་གོ་ཡོང་བར་སེམས། ཧ་ཧ་ཧ་་ཧ་བོ་མོ་ཆུང་ཆུངགི་་སེམས་ཤུགས་དེ། ལོ་ཆེ་རུ་འགྲོ་དུས་རང་གནས་སུ་སྡོད་ཐུབ་པའི་སྨོན་འདུན་ཞུ།
གོང་གི་མིག་དམར་ཆོས་སྒྲོན་ཟེར་བས་བྲིས་པ་དེར་དག་ནོར་དང་བརྡ་སྤྲོད་ཀྱི་འགྲོས་དང་མི་མཐུན་པ། ཚིག་ལོག་བརྡ་ལོག་མང་བ། གོང་འོག་འཆུག་པ། གོ་རིམ་འཁྲུགས་པ། གནད་ལ་མ་འཁེལ་བ། བསྐྱར་ཟློས་ཡང་བཟླས་མང་བ། སྤྱི་ཚོགས་ལ་དཔྱད་ཞིབ་བྱས་པའི་བློ་མིག་དམན་པ་བཅས་ཚིག་དོན་གཉིས་ཆར་སྐྱོན་གྱི་ཆ་ཧ་ཅང་མང་ནང་། དངོས་གནས་སློབ་ཕྲུག་ཅིག་གིས་བྲིས་པ་ཡིན་ན་བསྟོད་བསྔགས་བྱ་དགོས་པ་ཞིག་རེད། བཙལ་བྱོལ་དུ་འཚར་བའི་སློབ་མ་ཆུང་ཆུང་ཞིག་གིས་འདི་འདྲ་འབྲི་ཤེས་ན་དེ་ནི་རྦད་དེ་གཏམ་བཟང་ཞིག་ཡིན་པ་སྨྲོས་ཅི། དཔེ་སྟོན་སློབ་གྲྭའི་གྲུབ་འབྲས་སུ་འགྲངས་ཆོག ཡིན་ནའང་དགེ་རྒན་ཞིག་ལ་བསྟན་ཏེ་ཞུ་དག་གནང་ཡོད་ན་ཧ་ཅང་འགྲིག་འདུག་སྙམ། སློབ་མ་ཞིག་གི་ངོས་ནས་སེམས་ཤུགས་མ་ཆག་པར་འདི་ལྟར་མུ་མཐུད་དུ་འབྲི་ཐུབ་ན་ཡར་རྒྱས་སུ་འགྲོ་ངེས་ཤེས་ཤིག་རེད།
གོང་གི་མཆན་འདེབས་པ་འདི་དག་གིས་མཆན་འདེབས་ཚུལ་ལ་བལྟས་ན་རྒྱུན་ཤེས་ཀྱི་སློབ་གསོ་མྱངས་མ་མྱོང་བའི་ཀླད་མེད་ཁྱུ་གཅིག་གི་འཆལ་གཏམ་ལས་གོ་རྒྱུ་ཅན་གྱི་སྐད་ཆ་ཞིག་བཤད་མི་འདུག དེ་ལེར་ཡིན་སློབ་གསོ་ཐོབ་མ་མྱོང་བའི་མི་ཞིག་ལ་མཚོན་ན་སྐད་ཆ་འདི་འདྲ་བཤད་རྒྱུ་ནི་ཁོ་བ་ཚོའི་གྲིབ་གཟུགས་སུ་གྲུབ་ཡོད་པས་ན་ཁག་མི་འདུག ཡིན་ནའང་འདི་འདྲ་བའི་སློབ་གསོ་ཐོབ་མ་མྱོང་བའི་མི་མང་དག་ཅིག་ཡོད་པས་ན་སྤྱི་ཚོགས་འདིའི་རྒྱབ་མདུན་མེད་པར་ཁ་ཐུར་དུ་འཐེན་གྱིན་ཡོད་པས་ན་གླེན་རྟགས་མི་སྟོན་པར་བཞུགས་རོགས་གནང་ཟེར་བ་དེ་ཡིན། ངས་འདི་ལྟར་ཟེར་དོན་ནི་ཁོ་བ་ཚོས་མཆན་འདེབས་གླིང་ག་འདི་ནག་གེར་བཏང་གིན་འདུག་ཟེར་བ་དེ་ཡིན། སྤྱིར་མཆན་འདེབས་པ་ཞིག་ལ་མཚོན་ན་སོ་སོའི་བསམ་བློའི་གཏིང་རིམ་ན་ཚོགས་སྤྱི་དྲོན་མོའི་རྒྱུན་ཤེས་ཀྱི་བསམ་བློ་ཞིག་ཡོད་དགོས་པས་ན། ཁོ་བ་ཚོས་རྩོམ་ཐུང་ཞིག་གི་རྒྱབ་ལྗོངས་ཀྱི་འཚོ་བའང་མྱོང་གྲུབ་ཐུབ་མེད་པར་མ་ཟད། རྩོམ་པ་པོ་དང་རྩོམ་པ་པོའི་ན་ཚོད་ལ་ཡང་རྒྱུས་ལོན་ཏིལ་འབྲུ་ཙམ་ཡང་མ་བྱས་པར་རང་སྣང་གང་ཤར་གྱིས་ཚོགས་སྤྱི་ཞིག་ལ་འགན་ཁུར་བའི་གླེན་རྟགས་ཁོ་ན་བསྟན་འདུག་ཟེར་བ་དེ་ཡིན། ངས་བལྟས་ན་བུ་མོ་ཆུང་ཆུང་འདིའི་བསམ་བློ་ནི་འཛིན་ཁང་ཆུང་ཆུང་གི་སྒོ་ར་ལས་སློབ་གྲྭའི་སྒོ་ར་དང་སློབ་གྲྭའི་སྒོ་ར་ནས་མི་རིགས་ཤིག་གི་རིག་གཞུང་གི་སྒོ་ར་ལ་ལག་འཇུ་བྱ་བའི་བསམ་བློའི་རྒྱགས་ཕྱེ་དྲོན་མོ་དེ་འདུག་ཟེར་བ་དེ་ཡིན། འདི་འདྲ་བའི་བུ་མོ་ཆུང་ཆུང་ཞིག་གི་བསམ་བློའི་སྒོ་མོ་ཡངས་བོར་ཕྱེས་ཡོད་པ་འདི་ངེད་བོད་པ་ཚང་ལ་མཚོན་ན་དགའ་འོས་པའི་བྱ་བ་ཞིག་ཡིན་པ་ལས་ཕྲག་དོག་ཟ་དགོས་པའི་རྒྱུ་མཚན་མི་འདུག་སྙམ། གཅིག་བྱེད་ན་ཕྲག་དོག་ཟ་དང་ཟ།རྒྱུ་མཚན་སོ་སོ་ན་ཚོད་འདི་འདྲ་ཆུང་ཆུང་ཡིན་སྐབས་འདི་འདྲའི་སློབ་གསོ་ར་བ་བརྒྱུད་ནས་ན་ཚོད་ཆུང་ཆུང་འདི་འདྲ་ཡིན་དུས་རྩོམ་ཡིག་འདི་འདྲ་སྙམ་མོ་དང་གནས་ལུགས་སྟོང་དང་བསམ་བློ་སྟོང་གིས་ཕྱུག་པའི་རྩོམ་ཡིག་འདི་འདྲ་བྲིས་པའི་ལོ་རྒྱུས་མེད་པས་ན་ཕྲག་དོག་ཟ་ཡང་ཆོག་སྙམ། ཡིན་ནའང་ཕྲག་དོག་དེ་ཡང་ཟ་སྟངས་ཤིག་ཡོད་པ་ལས་ཁྱི་སྨྱོན་ལྟར་གང་ཐུག་གང་མཐོང་ལ་ཁྱི་སྐད་བརྒྱབ་ན་རང་མཚང་རྗེན་པ་ཕྱི་ལོག་ཏུ་བཏོན་པ་ལས་གཞན་ཅི་ཡོད། ཤེས་རྨོངས་བའི་མི་འདི་ཚོས་མཆན་འདེབས་གླེང་སྟེགས་ཀྱི་ཁོར་ཡུག་འདི་བཙོག་པོ་བཟོ་ཡི་འདུག་པས་ན། ཁ་བརྡ་ཚང་གིས་བསམ་བློ་རེ་གཏང་དགོས་པར་འདོད། རྒྱུ་མཚན་མི་འདི་ཚོ་ཡོད་པས་བོད་སྐད་ཡིག་གི་ཁོར་ཡུག་དེ་བརླག་གི་འདུག་ཟེར་བ་དེ་ཡིན་ནོ། བུ་མོ་ཆུང་ཆུང་ལགས་མུ་མཐུད་ནས་ཁྱེད་ཀྱི་གསེར་སྙུག་གི་གྲིབ་གཟུགས་དེ་ཁ་བརྡ་རུ་གང་མང་མཇལ་བར་སྨོན་ལམ་འདེབས་སོ།།
ཧཧཧ ཁྱོས་ཟེར་མཁན་ཁྱོད་ཉོན་ཅིག
གནམ་ཟེར་བའི་ཚིགས་དེའི་མཇུག་ཏུ་ངན་ཞིག་སྦྱར་ན། གནམ་ངན་ཞེས་རང་བཞིན་གྱིས་ཡིད་ལ་སྐྱོ་སྣང་སྦྱིན་པར་བྱེད་པའི་གནམ་གཤིས་ངན་པ་ཞིག་ལ་གོ གནམ་ཟེར་བའི་ཁ་རྒྱགས་ཅན་ལགས། ཉིད་ཀྱི་བརྒྱ་བཤད་སྟོང་བསྡུས་ཀྱི་སྣེ་མོ་(སྙེ་ལྷའི་ཐུགས་སྲས་ལགས་ཁྱོས་ཉོན་)ཞེས་ནོར་བ་མང་པོ་ཞིག་བཤད་ནས་མཐའ་མཇུག་ང་ལ་བོད་ཡིག་སློབ་དུ་སོང་ཞེས་ལམ་སྟོན་གནང་བ་བཀའ་དྲིན་ཆེ། འོན་ཀྱང་ངས་ཁྱོད་ལ་ཁྱོས་ནོར་ཞེས་ཁྱོས་ལ་ཁྱོད་བྲིས་ཞེས་བརྗོད་པར་འདོད། མ་ཟད་ཁྱེད་ཀྱང་ང་མཉམ་དུ་སློབ་གྲྭར་མཉམ་དུ་འགྲོ་ཞེས་བརྗོད་ཀྱི་ཡིན།
ལགས་སོ། གནམ་ངན་མ་ཟེར་རོགས་ཞུ། སེམས་ལ་གནོད་པོ་ཞེ་བོ་འདུག་ ཧ་ཧ་ཧ། ཁ་བརྡ་དྲ་བར་བོད་ཡིག་བྲིས་བ་ཡིན། ཁྱོས་དེ་ཁྱོད་ཀྱིས་ཀྱི་བསྡུས་ཚིག་རེད། ཞ་སྙུག་དམར་པོ། ངས་ཁྱོད་ལ་དབྱིན་ཡིག་མིང་ཚིག་ཞིག་གི་ཞལ་འདེབས་ཕུལ། constractive feedback ལ་གོ་ཤེས་བྱེད་མི་ཐུབ་པའི་མི་ལ་ཡར་རྒྱས་ཟེར་བ་ཞིག་ཡོང་མི་སྲིད་པ་རེད། ཡར་རྒྱས་ལ་འགྲོ་དགོས་ན། constractive feedback ནི་མེད་དུ་མེད་པའི་ཤ་ཚའི་སྐད་ཆ་རེད། གོ་བྱུང་ངམ།
ཁ་བརྡ་དྲ་བར་བོད་ཡིག་བྲིས་བ་ཡིན། ཁྱོས་དེ་ཁྱོད་ཀྱིས་ཀྱི་བསྡུས་ཚིག་རེད།
འདི།
ཁ་བརྡ་དྲ་བར་བོད་ཡིག་བྲིས་༼པ་༽ཡིན། ཁྱོས་དེ་ཁྱོད་ཀྱིས་ཀྱི་བསྡུས་ཚིག་༼མ་༽རེད།
ས་ཆ་རེ་ན་སྐད་བརྡ་རེ། སྐད་བརྡ་རེ་ལ་སྐད་ཡིག་རེ། བོད་སྐད་སྟོད་སྨད་བར་གསུམ་གྱི། སྐད་འགྲོས་ཁོངས་སུ་མ་ཆུད་ན། ཀརྡོ་འདྲ་བ་སྙིང་རྗེ་མང་། ཧ་ཧ་ཧ། ཀརྡོ་ལགས། རང་གི་ཀླད་པའི་ནང་གང་ཡོད་པ་དེ་མ་འབྲི་རོགས། རང་གིས་རང་གི་འཁོར་ཡུག་གི་བོད་པའི་ངག་ན་སྒྲ་ག་རེ་ཡོད་པ་དེ་འབྲི་བར་རྩོམས་དང་། དེ་ནས། རང་སེམས་སྐྱིད་པོ་བྱས་ནས་ཤི་ཐུབ་ནི་རེད། ཨེ་གོ་ཐལ། གྲོགས་པོ།
གནམ་ལགས། བཀའ་དྲིན་ཆེ། ཉིད་ཀྱི་བསྡུས་ཚིག་དཔེ་གསར་ཅན་གྱི་བོང་བུ་འདི་གངས་ཅན་པའི་སྲོལ་བཟང་ཅན་གྱི་རིགས་གཞུང་རྩ་ཆེན་དེའི་ཞིང་ནང་དུ་ནམ་ཡང་མི་གློད་རོགས།
# 19 གནམ་ལགས་ཀྱིས་མཆན་བཏབ་པ།:
ཀརྡོ་འདྲ་བ་སྙིང་རྗེ་མང་། ཧ་ཧ་ཧ། ཀརྡོ་ལགས། རང་གི་ཀླད་པའི་ནང་གང་ཡོད་པ་དེ་མ་འབྲི་རོགས། རང་གིས་རང་གི་འཁོར་ཡུག་གི་བོད་པའི་ངག་ན་སྒྲ་ག་རེ་ཡོད་པ་དེ་འབྲི་བར་རྩོམས་དང་། དེ་ནས། རང་སེམས་སྐྱིད་པོ་བྱས་ནས་ཤི་ཐུབ་ནི་རེད། ཨེ་གོ་ཐལ། གྲོགས་པོ།