རང་དབང་།
སྤྱི་ཟླ་བརྒྱད་པའི་ཚེས་ཉེར་གཅིག་སྟེ་གཟའ་སྤེན་པའི་ཉིན། ཏཱ་ལའི་བླ་མ་མཐོ་སློབ་ཏུ་གསར་ཞུགས་སློབ་མར་དགའ་བསུའི་སྤྲོ་ཚོགས་ཤིག་བསྡུས། སྤྲོ་ཚོགས་ཀྱི་མདོ་འཛིན་སྐད་ཡིག་དབྱིན་སྐད་དང་སྦྱར་བྱང་ངོས་ཀྱི་ཡི་གེ་ཚང་མ་དབྱིན་ཡིག་ཏུ་བྲིས་པས། དེ་གའི་བོད་ཡིག་སྡེ་ཚན་གྱི་སློབ་གྲོགས་བཅུ་བདུན་ལྷག་གིས་དངོས་སུ་ངོ་རྒོལ་རྩོམ་ཡིག་བྲིས་ནས་སློབ་ཁྲིད་ཐོག་ཁང་གི་རྩོམ་ཡིག་སྦྱར་པང་དང་དྲ་ལམ་དུ་སྤེལ་ནས་བོད་ཀྱི་མཐོ་སློབ་ཞིག་གིས་བོད་ཡིག་གཏོར་བཅོམ་བྱས་མི་ཆོག་པའི་ངོ་རྒོལ་ཤུགས་ཆེན་བྱས།
དེ་ཡང་སྤྱི་ཟླ་བརྒྱད་པའི་ཚེས་ཉེར་གཅིག་སྟེ་གཟའ་སྤེན་པའི་ཉིན་སློབ་གླིང་དེ་གའི་སྐབས་བཞི་བའི་སློབ་གཉེར་ལྷན་ཚོགས་ཀྱིས་སློབ་གྲོགས་གསར་བ་བསུ་བའི་སྤྲོ་ཚོགས་ཤིག་བསྡུས། སྤྲོ་ཚོགས་ཀྱི་གར་སྟེགས་སྟེང་དུ་དབྱིན་ཡིག་གི་སྦྱར་བྱང་ཞིག་གིས་ཇུས་བཀོད་དང་སྤྲོ་ཚོགས་ཀྱི་མགོ་རྔ་ཐམས་ཅད་དབྱིན་ཡིག་གིས་བརྩམས་ཞིང་དབྱིན་སྐད་ཀྱིས་མཇུག་བསྡུས་པས། སློབ་གླིང་དེ་གའི་བོད་ཡིག་སྡེ་ཚན་གྱི་སློབ་གྲོགས་དག་གིས་ངོ་རྒོལ་རྩོམ་ཡིག་སྤེལ། སློབ་གྲོགས་ཉི་གཞོན་གྱིས་ཐེངས་དང་བོར་སྐད་འཕྲིན་གྱི་བར་སྟོང་དུ་སྤྲོ་ཚོགས་ཀྱི་གར་སྟེགས་པར་དུ་བཏབ་ཅིང་’བོད་ཡིག་ཚིག་འབྲུ་གཅིག་ཀྱང་མེད་པའི་ངེད་མཐོ་སློབ་ཀྱི་དགེ་སློབ་གསར་ཕེབས་ཀྱི་སྤྲོ་སྐྱིད་དགོང་ཚོགས་’ཞེས་སྤེལ་མ་ཐག མཐོ་སློབ་ཀྱི་སློབ་གྲོགས་གཞན་དང་སློབ་ཟུར་བ་མང་བོས་ཞབས་མཆན་སྤེལ་ནས། གར་སྟེགས་སྟེང་དུ་བོད་ཡིག་གཅིག་ཀྱང་བྲིས་མེད་པའི་སྣང་ཚུལ་ལ་ཐེར་འདོན་དང་དགག་བཞག་འཕངས། དེ་ནས་ཅུང་མ་འགོར་བར་སློབ་གྲོགས་མང་བོས་གཅིག་རྗེས་གཉིས་མཐུད་དུ་བོད་ཡིག་མེད་པའི་སྤྲོ་ཚོགས་ཀྱི་གནས་བབ་སྐད་འཕྲིན་བར་སྟོང་དུ་སྤེལ་ནས་ངོ་རྒོལ་བྱས།
ཚེས་ཉེར་གཉིས་ཀྱི་ཞོགས་པར་སློབ་གྲོགས་པ་སངས་འོད་ཟེར་དང་འབའ་མུན་སེལ་གཉིས་ཀྱི་༼ངེད་མཐོ་སློབ་ཀྱི་ཞལ་རས༽དང༼ ཀ་ཁ་ག་ང་གང་གིས་འཚིག་སོང་༽ ཞེས་རྩོམ་ཡིག་སྤེལ་ནས་སྔར་ལས་རྣོ་ངར་ལྡན་པའི་ངང་བོད་ཀྱི་མཐོ་སློབ་ཅིག་གིས་བོད་ཀྱི་སྐད་ཡིག་བེད་སྤྱོད་མ་བཏང་བའི་གནས་བབ་ལ་ངོ་རྒོལ་བྱས། དེ་ནས་སློབ་གྲོགས་གླིང་གཅེར་བུ། གཞི་བདག ཉི་གཞོན། སྒྲེ་བོ། ཀླད་ཀོར། ཉང་ཚ་ཚེ་དཔག་སྐྱབས། འུག་མིག་སོགས་ཀྱིས་ཀྱང་ངོ་རྒོལ་རྩོམ་སྤེལ། དེའི་ཕྱི་ཉིན་སློབ་གྲོགས་བཅུ་བདུན་ལྷག་གིས་བོད་ཀྱི་མཐོ་སློབ་ཞིག་གིས་བོད་ཀྱི་སྐད་ཡིག་བེད་སྤྱོད་མི་གཏོང་བའི་་བྱ་སྤྱོད་ལ་ངོ་རྒོལ་རྩོམ་ཡིག་བྲིས་ཤིང་དཔར་དུ་བཏབ་ནས་སློབ་ཁྲིད་ཐོག་ཁང་གི་བོད་ཡིག་སྡེ་ཚན་གྱི་རྩོམ་རིག་སྦྱར་པང་དུ་སྦྱར་ནས་མཐོ་སློབ་ཀྱི་ཉག་ཕྲ་བའི་བོད་སྐད་ཡིག་གི་ཁོར་ཡུག་ལ་བླ་འབོད་བྱས།
ཚེས་ཉེར་བཞི་ཉིན་མཐོ་སློབ་ཀྱི་འགན་འཛིན་ལྷན་ཚོགས་དང་སློབ་གཉེར་ལྷན་ཚོགས་གཉིས་ནས་བོད་སྐད་ལ་དུངས་ཤ་ཟབ་པའི་སློབ་གྲོགས་དག་ལ་དགོངས་དག་དང་སྐྱོན་ཆ་ངེས་ལེན་མི་བྱེད་པའི་མི་་ཚད། སུ་ཞིག་གིས་སློབ་གྲོགས་བཅུ་བདུན་ལྷག་གིས་རང་གི་བོད་སྐད་ཡིག་་སྲུང་སྐྱོབ་དང་མཐོ་སློབ་ཀྱི་བྱ་འགུལ་ཅི་རིགས་སྤེལ་ཡང་བོད་སྐད་ཡིག་ངེས་ཅན་འབྲི་དགོས་པའི་རེ་སྐུལ་རྩོམ་བཅུ་བདུན་པོར་གྲིའམ་སྙུ་གུས་བརྒྱབ་ནས་གཤག་འདུག གྲིའམ་སྙུ་གུས་བརྒྱབ་ནས་གཤག་པའི་རྩོམ་ཡིག་དག་སློབ་ཁྲིད་ཐོག་ཁང་གི་སྦྱར་པང་ངོས་ན་ད་དུང་ཡང་རླུང་གིས་ལྷབ་ལྷུབ་ཏུ་བསྐྱོད་བཞིན་ཡོད་འདུག
དེ་རིང་ནི་དོན་རྐྱེན་བྱུང་ནས་ཉིན་ལྔ་བ་དེ་ཡིན་ན་ཡང་། འགན་འཛིན་ལྷན་ཚོགས་དང་སློབ་གཉེར་ལྷན་ཚོགས་ནས་བོད་སྐད་ལ་དུངས་ཤ་ཟབ་པའི་སློབ་གྲོགས་དག་ལ་དགོངས་དག་དང་སྐྱོན་ཆ་ངེས་ལེན་གྱི་རྣམ་འགྱུར་ཅི་ཡང་མ་བསྟན་པའི་ཁར། ད་དུང་ཡང་བོད་ཀྱི་སྐད་ཡིག་སྲུང་བའི་སྡེ་དང་བོད་སྐད་ཡིག་གཏོར་བའི་སྡེ་གཉིས་གཙུབ་བརྡར་གྱི་མཁའ་དབུགས་གྲང་མོ་ཞིག་གི་ཁྲོད་དུ་ལུས་ཡོད་འདུག
༼ཏཱ་ལའི་བླ་མ་མཐོ་སློབ་དགེ་སློབ་སུམ་བརྒྱ་ལྷག་ཡོད་ལ་དེ་ལས་རྒྱ་གར་དགེ་རྒན་གཉིས་གསུམ་ཞིག་དང་སྒོ་སྲུང་རྒྱ་གར་གཉིས་གསུམ་ཞིག་ལས་གཞན་དགེ་སློབ་ཚང་མ་བོད་རིགས་ཤ་སྟག་ཡིན་འདུག༽
རང་དབང་གིས་གནས་དེའི་བོད་སྐད་ཡིག་གཏོར་བཅོམ་གྱི་གནས་བབ་ལ་སེམས་ཀྱིས་ཉན་བཞིན་ལས་བྲེལ་གྱི་བར་ནས་མཚན་དུ་སྦྱར་བའོ། 2016/8/25
སྐད་ཡིག་གཞན་དག་ལོས་དགོས་ཏེ་རང་གི་ཕ་སྐད་ཆུ་འདམ་དུ་བརྫངས་ན་དངོས་གནས་བཟོ་བསྲན་བྱེད་མི་ཐུབ། སུ་ཡིན་རུང་དབྱིན་ཡིག་ཅ་གེ་ཅོག་གེ་རེ་འབྲི་ཐུབ་པ་རྒྱུན་ལྡན་ཞིག་ལས་དེས་དེང་རབས་ཀྱི་རྗེས་ཟིན་པའི་མཚོན་རྟགས་སམ་ཡར་ཐོན་ཞིག་ཡིན་པ་གཏན་ནས་མཚོན་མི་ཐུབ། ཐེངས་འདིར་མཐོ་སློབ་ཀྱི་མིང་ཙམ་ཡོད་པའི་ཚོགས་སྡེ་ཞིག་གིས་འདི་ལྟར་བྱས་ན་འུ་ཚོའི་སློབ་གསོ་ཞེས་བའི་ཚིག་འབྲུ་གཉིས་པོ་དེའི་མཇུག་འབྲས་ཅི་ཞིག་ལ་བསླེབས་ཡོད་པ་མཚོན་མི་འདུག་གམ། འུ་ཐུག་ནས་བཤད་ན་ཀུ་ཅི་་་་ཀུ་ཅི་་་་བོད་སྐད་ཡིག་ལ་མཚོན་གྱིས་མ་བསྣུན་རོགས། ཁྱེད་ཅག་སྡང་ས་དང་ཞེ་མེར་ས་དེ་བོད་སྐད་ཡིག་ཡིན་ན་བོད་ཀྱི་མཐོ་རིམ་སློབ་གྲྭའི་མིང་བྱང་གཡུག་ལ་ཤོག ཕན་ཐོག་མེད་པར་སྙམ་ན་མ་སྦྱངས་ན་ཡང་ཆོག འོན་ཏེ་ནག་ཚོགས་ཀྱི་སྦྱོར་བ་མ་རྩོམ་རོགས། གྲི་ཐོག་ཏེ་ཤོག་བུ་གཙབ་རལ་དུ་གཏོང་བའི་ཇག་པ་ཁྱེད་ཚོ། ཁྱེད་ཚོར་མཐོ་རིམས་སློབ་མ་ཞིག་གི་མིང་ཐེབས་ཅག་ཅིག་ཡོད་པ་མ་རེད་དམ།
་བཞི་བའི་མ་རེད། བཞི་པའི་
གསར་པ་མ་རེ། གསར་པ་རེད།
ཐེངས་དང་བོར་མ་རེད། ཐང་མ་དང་པོར།
ངེད་མཐོ་སློབ་ཀྱིའམ། ང་ཚོ་མཐོ་སླབོ་ཀྱི
སློབ་ཟུར་བ་མང་བོས་མ་རེད། སློབ་ཟུར་པ་མང་པོས་རེད།
མི་་ཚད། ཡིན་དང་མ་ཚད་དམ། མ་ཟད་རེད།
་སྙུ་གུ་དག་གམ་སྨྱུ་གུ་དག
ཉིན་ལྔ་བ་མ་རེད། ཉིན་ལྔ་པ་རེད།
ཤ་སྟག་འདི་སྔར་ཤ་སྟ་ཏུ་བྲིས་བདེན་ན་ཡང་། ད་ནས་ཟ་སྟགས་སུ་བྲིས་མི་ནོར་བའི་ཁྱད་ཡོད།
་
August 24th, 2016 at 2:31 pm
ཕ་སྐད་ལས་མ་སྐད་འདི་རྒྱུགས་ཆེ།
ཐེངས་འདིར་འདི། ཐང་མ་འདིར་བྲིས་ཐད་ཆེ།
འུ་ཚོའམ། ང་ཚོ་དོན་གཅིག
ཞེས་བའི་མ་མ་ཡིན་པར་ཞེས་པའི་པ་ཡིག་ཐོབ།
ཀུ་ཅི་་་་ཀུ་ཅི་་་་ འདི་། སྐུ་སྐྱིད་་་་སྐུ་སྐྱིད་ཅེས་བྲིས་ན་དག་ག
མཐོ་རིམས་ལ་ས་མཐའ་མི་དགོས།
ཤ་སྟག ད་ནས་ཤ་སྟགས་སུ་བྲིས་ན་མི་ནོར་བའི་ཁྱད་ཡོད།
འདི་རང་དབང་ཞེས་པ་མི་དེ་སྐད་འཕྲིན་ནང་གི་རང་དབང་ནི་ཡིན་ས་མ་རེད། ཡ་ཡ། བོད་ཀྱི་སྐད་ཡིག་གལ་ཆེན་པོ་རེད།
དབུ་མའི་སྲིད་ཇུས་ངན་པས །
བོད་ཡིག་ཚིག་གཅིག་མི་འདུག
འཛམ་གླིང་ཨོ་རྩལ་སྟེང་ནས །
བོད་ཡིག་ཉི་འདྲ་ཤར་སོང ། །
ཀརྡོ་གཉེར་ཕྱག་པར་བཀའ་དྲིན་ཆེ། མ་སྐད་ཟེར་བ་ཞིག་ཁོ་བོས་ད་སྔ་ཚུན་ཆད་གོ་མ་མྱོང་། བོད་རང་གི་སྲོལ་ལུགས་བཞིན་དུ་བྱས་ན་ཕ་ཡུལ་ཕ་སྐད་ཅེས་ཕ་ལ་སྦྱོར་བ་ལས་མ་ལ་སྦྱོར་བའི་ནུབ་ཕྱོགས་པའི་ལུགས་དེ་འདྲ་མེད་པ་འདྲ། གཞན་ཡིག་ནོར་ཤོར་བར་དགོངས་དག་ཞུ་བ་དང་འབྲེལ་སྐུ་ཉིད་ཀྱིས་ཀྱང་བདག་སྒྲའི་ཕྲད་སོགས་ལ་སྦྱོང་བ་བྱེད་དགོས་པ་འདྲ་བས་མུ་ཏིག་ཕྲེང་མཛེས་ལྟ་བུའི་གཞུང་གཏིང་ཟབ་ཅིང་རྒྱ་ཆེ་བ་དེ་འདྲར་གོ་བ་ལོན་མི་ཐུབ་ཀྱང་ལེགས་བཤད་ལྗོན་དབང་གི་ཚིགས་བཅད་སྟབས་བདེ་བོ་དེ་འདྲ་རེ་བློར་བཟུང་ན་དགེ་མཚན་ཡང་ཆེ་ཙམ་ཡོད།
བཙན་བྱོལ་བོད་ཀྱི་ཤེས་ཡོན་ཉམས་རུལ་ནུས་མེད་བཟོས་མཁན་ནི་xx་ཁ་ཤས་རེད། ཁོ་ཚོས་བུ་རབས་ཚ་རྒྱུད་ཀྱི་ལྟོ་གོས་ཆེད་xx་རྣམས་བཀས་བཀོད་རྒྱུད་བྱས་ནས་ཤེས་ཡོན་གྱི་སྡེ་ཚང་མ་ལ་བཞག་ཡོད།ལྷག་པར་དེ་རེས་ཏཱ་ལའི་བླ་མའི་མཐོ་སློབ་འདིར་བི་ཚེ་རིང་ཟེར་བའི་བཟའ་ཚང་གཉིས་ཀྱི་སྟོབས་ཤུགས་འོག་བཟུང་ཡོད། འདི་ཚོ་ལ་བོད་དང་བོད་ཡིག་ལ་གཅེས་སྐྱོང་གི་ཚོར་བ་ཙམ་མེད་པ་གསལ་བོ་ཡིན། དོན་ངོ་མར་འདི་ཚོ་ནི་རྒྱ་གུང་ཁྲན་ལས་སྡུག་པོ་ཡིན་པ་ལོ་རྒྱུས་ནང་གསལ་ཡོད།
བར་ལམ་གོང་ས་མཆོག་ནས་བཀའ་སློབ་ཕེབས་པའི་ནང་
བསྟན་པ་འགོ་ནས་ཤིག་གི་གདུག་གསུང་པ་ལ་མངོན་པར་
སྟོད་དོ་།
སྐྱབས་བཅོལ་ནང་གི་བོད་མི་འདི་ཚོ་བོད་དང་བོད་ཡིག་ལ་ཞེ་བརྩིས་ཅུང་ཙམ་ཡང་མེད་པ་འདི་འདྲ་ག་རེ་ཡིན་ན། དཀོན་མཆོག་མཁྱེན་བསམ་བློ་མི་འཁོར་བ་ཞིག་རེད།
དེ་སྔོན་གྲོས་ཚོགས་ནང་གྲོས་ཚོགས་འཐུས་མི་འགའ་ཤས་ཀྱིས་མཐོ་སློབ་འདིའི་མཚན་སྒྱུར་བྱེད་དགོས་འདུག་ཟེར་ནས་དགོངས་འཆར་གནང་སོང་། དངོས་གནས་མཚན་བསྒྱུར་ན་དུས་ལ་བབས་འདུག རྗེས་སུ་ཞབས་འདྲེན་འདིས་ཚད་མི་ཡོང་།
དངོས་གནས་བློ་ཕམ་པོ་རེད། ད་ལོ་རེ་རེ་ནས་སྡུག་ཏུ་འགྲོ་རྒྱུ་མ་གཏོགས་རེ་བ་ལྷག་མེད་པ་རེད། དེའི་ཐོག་ཏུ་༸གོང་ས་མཆོག་ཏུ་སྐུ་ཚེ་རྫོགས་མཚམས་གླང་དར་མའི་རྗེས་ཀྱི་བོད་སིལ་བར་ཐོར་ཟེར་བ་དེ་ཆགས་རྒྱུ་ངེས་པ་རེད། ད་ལན་བོད་སིལ་བུར་ཐོར་ཟེར་བ་ལས་སྡུག་པ་བོད་མི་རིགས་རྕ་བརླག་ཏུ་སོང་ཟེར་བའི་ཉིན་མོ་ཤར་འགོ་འཚུགས་གྲབས་རེད་མི་འདུག་གམ། བཀྲིས་བདེ་ལེགས། ཡ་ངའི་སྐད་ཆ་འདི་ལ་ནོར་བཅོས་བྱེད་མཁན་མང་པོ་ཡོད་པ་ཐག་ཆོད། ཞུ་དག་ཡག་པོ་གནང་རོགས་གྱིས།
བཙན་བྱོལ་དུ་བོད་ཡིག་མེད་པར་བཟོ་མཁན་མི་དམངས་དཀྱིས་མ་ཚོ་མ་ཡིན་པར་གོང་འགོ་ཁྲིད་ཡིན་མདོག་མདོག་བྱེད་མཁན་ཚོ་རེད། དཔེར་ན།སྲིད་སྐྱོང་སློབ་ཡོན་ཟེར་ནས་འུར་བརྒྱབས་བརྒྱབས་མཐའ་མ་ཁོ་རང་གི་མིང་གྲགས་ཙམ་ལས་བོད་ཡིག་བརྒྱ་ཆའི་ ༦༠ ཙམ་ལོན་པ་བྱིན་ན། དེ་ནི་སྲིད་སྐྱོང་གི་མིང་འཁུར་ཡོད་པའི་བློ་སངས་ལ་མཚོན་ནས་བཤད་ན་བོད་ཡིག་ལ་མཐོང་ཆུང་དང་དམའ་འབབ་ཟ་དང་ཟུར་ལ་ཤེས་ཡོང་། དེ་བཞིན་ཏཱ་ལའི་བླ་མ་མཐོ་སློབ་ནང་ཚང་མ་བོད་ཡིག་བེད་སྤྱོད་མ་གཏོང་བ་དེ་ནི་སློབ་སྤྱི་ལ་རག་ལས་འདུག
སློབ་སྤྱི་སུ་རེད་ཟེར་ན་བོད་ཁྱིམ་འགན་འཛིན་ཚེ་དབང་ཡེ་ཤེས་ཀྱི་བཟའ་ཟླ་བུ་མོ་ཚེ་རིང་(བྷེ་ཚེ་རིང་ཡང་ཟེར། B.tsering) རེད། ཁོ་མོའི་ཤེས་ཡོན་ཆ་ནས་བཤད་ན་འབུམ་རམས་པ་རེད། ད་དུང་བོད་མི་མང་དབུས་གཙང་སྤྱི་ཟུར་རེད། སྔོན་མ་ཁོ་མོ་ཤེས་རིག་གི་སློབ་ཡོན་འགན་འཛིན་ཡིན་སྐབས་ཨ་རིར་བུ་མོ་ཞིག་སློབ་ཡོན་ཐོབ་པ་དེ་ཁོ་མོའི་བུ་མོ་དེའི་ཚབ་ལ་བཏང་རྗེས་ཉོག་དྲ་ཆགས་པ་མ་ཟད། སློབ་གླིང་དེས་བོད་པར་སློབ་ཡོན་སྤྲོད་པའི་ལས་གཞི་རྦད་དེ་འགག་ཚར་རེད།
དེ་རེབ་བྷེ་ཚེ་རིང་གིས་སློབ་མ་ཚང་མའི་བསམ་བློ་དང་གོམས་གཤིས་སོགས་ཕྱི་གླིང་གི་ཆ་ལུགས་དང་ཨིན་ཇིའི་བསམ་བློ་ལ་བསྒྱུར་བཞིན་འདུག འདི་ནི་ཕྱིའི་སྟོབས་ཀྱིས་བཙན་འཛུལ་མ་ཐེབས་པར་ནང་གི་བྷེ་ཚེ་རིང་ལྟ་བུའི་དབང་འཛིན་པ་ཚོས་མེད་པར་གཏོང་གི་འདུག
བོད་ཡིག་འདི་ཉམ་རེ་ང་། བོད་སྐད་འདི་ཤི་ལ་ཁད། བོད་པ་ཡིན་ན་བོད་ཡིག་ཤེས་དགོས་ལ་བོད་བཤད་དགོས།བོད་ཡིག་སྤྱོད་དགོས། བོད་ལ་ཞེན་ཁོག་ཡོད་ན།། བོད་སྐད་གཙང་མ་ཤོད།།
སྦྱར་པང་ཐོག་གི་བོད་ཡིག་ལ་གྲི་དང་སྨྱུ་གུས་བཤགས་པ་དེ་ཚོའི་པར་འདིར་བཞག་ན་ཡག་པོ་འདུག
སྔར་རྗེ་བཙུན་པདྨ་ལགས། ཤེས་རིག་བཀའ་བློན་དུ་འཁོད་ནས་བོད་ཡིག་གནས་ཚད་དམའ་དྲགས་ནས་བཀའ་བློན་ནས་དུས་ཚོད་མ་ཟིན་སྔོན་ལ་རང་མོས་ཀྱིས་དགོངས་པ་ཞུས་ནས་གནང་པ་བྱུང་ཡོད་དྲ་བོ་ཅིག་དྲ། ། མ་འོངས་པ་ལ་ཡང་། བོད་ཡིག་དང་བོད་སྐད་ཡག་པོ་མི་ཤེས་མཁན་ཚོ་ལ་སྲིད་སྐྱོང་དང་བཀའ་བློན་གྱི་གོ་ས་རག་ཐབས་མེད་པར་བཟོ་དགོས་རེད། འདིས་བོད་ཡིག་དང་བོད་ལ་མཐོང་བསླེབས་པར་ཕན་སྲིད།
ཅིག་དྲན།
བོད་ལ་མཐོང་བསླེབས་པར་ཕན་སྲིད།
འདི།
བོད་སྐད་ལ་མཐོང་བསླེབས་པར་ཕན་སྲིད།
ངོ་རྒོལ་ཡང་དག་ཅིག་བྱེད་འདོད་ན་ཏཱ་ལི་བླ་མའི་མཐོ་སློབ་ནས་ཐོན་དགོས་པ་རེད། མཐོ་སློབ་མང་པོ་ཡོད་གལ་ཏེ་མཐོ་སློབ་དེར་བོད་སྐད་བོད་ཡིག་སོགས་བོད་ཀྱི་མཐུན་མོང་མིན་པའི་ཤེས་བྱ་ཡོན་ཏན་སོགས་ཐོབ་ཀྱི་མེད་ན་རྗེས་མར་མཐོ་སློབ་དེར་འཛུལ་ཞུགས་བྱེད་རྒྱུ་ཡོད་པ་མ་རེད་གཞི་ནས་ཁོང་ཚོས་བསྒྱུར་བཅོས་གཏོང་གི་རེད། དེ་མིན་ཡུལ་ཡར་ལུང་སོག་ཁར་བསྡད་ན། ལྷ་ཡར་ལྷ་ཤམ་པོ་གསོལ་དགོས་ཞེས་པ་ལྟར། མཐོ་སློབ་དེར་འཛུལ་ཞུགས་བྱས་ཚར་དུས་མཐོ་སློབ་དེའི་སྒྲིག་ལམ་ལ་བརྩི་སྲུང་བྱེད་དགོས་པ་འཛམ་གླིང་སྤྱི་ལུགས་རེད།
ཁྱུང་སེ་ཟེར་བའི་མི་འདིས་བཤད་པའི་སྐད་ཆ་ལ་ད་འདང་ལས་ཕྱི་འདང་རྩ་བ་ནས་མི་འདུག་པས། ངོ་རྒོལ་ཡོད། ཡུལ་ལྷ་གསོ་དགོས་བ་བདེན་ན། ཧུན་སྐད་དང་ཧུན་ཡིག་བཀོལ་དགོས་བ་རེད། དེ་ནི་མི་བྱེད། ད་དུང་། སློབ་གྲྭ་ལ་བོད་སྐད་དང་བོད་ཡིག་བཀོལ་མི་ཆོག་པའི་ཁྲིམས་ཞིག་གང་ན་འདུག། xxxxx
སློབ་གྲྭ་ཟེར་བ་འདི་དགེ་རྒན་རྐྱང་ལ་དབང་བ་ཞིག་མ་རེད། སློབ་གྲྭ་ཟེར་བ་འདིས་སློབ་མའི་དགེ་འདོད་སྐོང་དགོས་བ་རེད། ༧གོང་ས་མཆོག་གི་མཚན་ཐོབ་འོག་ནས་ལས་ཀ་འདི་འདྲ་བྱས་ན། འཛིན་སྐྱོང་དང་དགེ་ལས་ཚང་མ་བོད་སྐད་དང་བོད་ཡིག་གལ་ཆེན་ཡིན་པའི་ཡིན་ལུགས་ཀྱི་སློབ་གྲྭ་ཞིག་ལ་ཟབ་སྦྱོང་དུ་གཏོང་དགོས་བ་རེད།
བཙོལ་བྱོལ་ནས་དབྱིན་ཡིག་ཤེས་མདོག་སྟོན་མཁན་གྱི་དགེ་རྒན་ཚོ། ཕྱི་རྒྱལ་ལ་ཕྱིན་དུས། རྒྱ་ཆ་དགུ་བཅུ་གོ་ལྔ་ལ་དགེ་རྒན་བྱེད་པའི་ཆུ་ཚད་མེད་པར། ཟ་ཁང་དང་རྒས་ཡོག་གི་བྱ་བ་རྐྱང་བྱས་ནས་འདུག་རབས་ནི་ཀུན་ཁྱབ་རེད། xxx
བོད་ཡིག་དང་བོད་སྐད་སྲུང་བ་ནི་ཡག་པོ་རེད། དེའི་དོན་ནི་སྐད་ཡིག་གཞན་པ་མི་དགོས་བའི་སྐད་ཆ་མ་རེད། ནང་དང་མཛད་སྒོ། དུས་སྟོན། བོད་རིགས་སྤུན་ཟླ་ཕྲད་ས་སོགས་ན་བོད་ཀྱི་རྣམ་པ་དང་བོད་སྐད་བོད་ཡིག་དངོས་བར་དུ་ཡོད་དགོས། དེ་འདྲ་མ་བྱུང་ན། བོད་མ་རེད།
ཏཱ་ལི་མ་རེད། ཏྰ་ལའི་རེད། དེ་འདྲས་རིགས་ལ་ཐུགས་སྣང་མ་གནང་ན། དཀའ་ངལ་ཕྲད་སྲིད་པ་རེད།
ངས་སྔོན་ཆད་ཀྱང་འདི་འདྲ་ཞིག་བཤད་མྱོང་། གོང་ས་མཆོག་གི་ཁ་གཏད་དུ་ལངས་ནས་ཁོང་གི་བཀའ་དགོངས་ལོག་བཤད་དང་ལོག་སྤྱོད་བྱེད་མཁན་ནི་མི་གཞན་མ་ཡིན་པར། ཁོང་གི་སྲིང་མོ་རྗེ་བཙུན་པདྨ་དང་བོད་ཕྲུག་ཁྱིམ་སྡེ་ཡི་ལས་སྣེར་གཏོགས་པའི་རྗེ་བཙུན་པདྨའི་ཟུར་བསྟེན་དགའ་རོགས་ཚོ་རེད། གོང་ས་མཆོག་གིས་དམངས་གཙོ་དང་རང་དབང་གསུངས་དུས་ཁོ་ཚོས་སྒེར་གཅོད་སྒེར་བསྡམས་བྱས་ལ། ཡང་གོང་ས་མཆོག་གིས་ཕ་མེས་ཀྱི་སྐད་དང་རིག་གཞུང་གཅེས་སྐྱོང་དགོས་ཚུལ་གསུངས་ན་ཁོ་ཚོས་གཏོར་བཅོམ་ལ་འབད་འབུངས་བྱེད་ཡོང་། ཁྱད་པར་མཐོ་སློབ་འདིའི་སློབ་སྤྱི་ལ་བོད་ཡིག་དང་བོད་ཀྱི་རིག་གཞུང་ཡེ་ནས་མ་ཤེས་པའི་བྷེལ་ཚེ་རིང་དང་དེའི་ལག་རོགས་སུ་པདྨ་དབྱངས་ཅན་ཞེས་པ་གཉིས་བཞག་པ་ནི་དེ་དོན་རྐྱེན་ཆེན་པོ་ཞིག་མ་ཡིན་ཡང་། སྐྱེས་དམན་འདི་གཉིས་ཀྱིས་སྔོན་ཆད་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འགྲིམ་སློབ་མའི་ལམ་སྲོལ་གཏོར་ནས། ཉམ་ཆུང་མི་ཡི་བུ་ཕྲུག་གི་ཚབ་ཏུ་རང་གི་བུ་ཕྲུག་ཕྱི་རྒྱལ་དུ་བཏང་མཁན་གྱི་མི་ནག་པོ་སོལ་བ་འདྲ་བ་འདི་གཉིས་རྗེ་བཙུན་པདྨས་མཐོ་སློབ་འདིའི་སློབ་སྤྱིར་ཐད་བསྐོས་བྱས་པ་དེ་རེད། དེ་ནི་གཅིག་བྱས་ན་རྗེ་བཙུན་པདྨས་སྐྱེས་དམན་འདི་དག་གིས་ཁྱོ་ག་ཟུར་བསྟེན་བྱས་ཀྱང་། ཁོ་ཚོས་བཟོད་སྒོམ་བྱས་པར་རྗེ་བཙུན་པདྨས་དྲིན་གཟོའི་ཆེད་དུ་སྐྱེས་དམན་འདི་གཉིས་ལས་སུ་བསྐོ་བཞག་བྱས་པ་ཡིན་ནའང་། དེ་ནི་མི་ཟད་པའི་རྫོབ་ཆེན་བཟོས་པ་ཡིན་པར་མ་ཟད། ལོ་རྒྱུས་སུ་འདག་མི་ཐུབ་པའི་རྐང་རྗེས་ཤིག་ཕབ་རེད།
ད་ན་བཟུང་བོད་ཡིག་དང་ཞང་ཞུང་གི་ཡི་གེ་གཉིས་ཆ་འབྲི་དགོས་པ་རེད། །
བོད་མིའི་སྒྲིག་འཛུགས་ཀྱིས་ཞང་ཞུང་ཡེ་གེ་ལ་ཐུགས་ཁུར་མི་གནང་བ་གང་ཡིན་ནམ། །
བོད་ཁྱིམ་སློབ་མ་ཚང་མ་དོན་རྐྱེན་འདི་ལ་བརྟེན་ནས་སྒེར་ལངས་བྱ་དགོས་རེད། བོད་ནང་བོད་ཡིག་རྩ་མེད་གཏོང་དུས་སྒེར་ལངས་བྱས་པར་དགའ་དུས་རང་དབང་ལུང་བ་ནས་བོད་ཡིག་རྩ་མེད་གཏོང་དུས་དེ་ལས་སྒེར་ལངས་བྱ་དགོས་རེད། བོད་ཁྱིམ་དང་ཤེས་ཡོན་རུལ་བཅུག་ཚར་བ་དེ་ཚོ་འཛམ་གླིང་མི་དམངས་ལ་བསྟན་དགོས་རེད། ནག་ཉེས་དག་ཐབས་མེད་པའི་བྷེ་ཚེ་རིང་ཟེར་བ་དེ་ཚོ་རྩ་མེད་མ་བཟོས་བར་དུ་བཙན་བྱོལ་ཤེས་ཡོན་ལ་རེ་བ་མེད་བརྒྱ་ཆ་བརྒྱ་རེད།
བོན་པའི་སློབ་གྲྭ་ནས་བོན་ཡིག་སློབ་དང་། དེ་གས་འགྲིག་པ་རེད། ཞང་ཞུང་དང་བོན་པོ་གཉིས་ཀྱི་འབྲེལ་བ་ཆ་ཙམ་གྱིས་ཞང་ཞུང་བོན་པའི་བདག་དབང་ལ་ཡོད་དགོས་བ་ཞིག་གང་ནས་ཡིན། ཡིན་མི་སྲིད།
ཆུ་མགོ་གངས་ལ་ཐུག་མ་ཐུག་དེ་གལ་ཆེན་མ་རེད། བོན་པོ། འཐུང་ཆུ་གང་གཙང་མི་གཙང་དེ་གལ་ཆེན་པོ་ཡིན་ནི་རེད། ཧ་ཨེ་གོ། བོན་དང་བོན་ཟེར་ནས་ཤི་མ་སྡོད།
བོད་ཡིག་འབྲི་བཞིན་འབྲི་བཞིན། བོད་ཡིག་གི་རིན་ཐང་ཤེས་ན་དགའ། དེ་འདྲ་མི་འདོད་ན། བོད་ཡིག་གི་མཆན་འདེབ་མཚམས་བཞག།
སྔ་བོ་རྟ་བོ་ཆས་ཀྱིས་གསོས་ན། ཕྱོ་དྲོ་དྲིན་ལེན་འཕྲ་ཡིས་འཇལ་ཟེར་དེ་ཁྱོད་ཅན་པོ་རེད།
མཆན་ཉི་ཤུ་པ་དེར་རྒྱབ་སྐྱོར་ཡོད། བོད་ཕྲུག་ཕྱིར་འགྲིམ་སློབ་མའི་ཐད་ལ་གཡོ་བྱུས་བྱས་ཡོད་པར་བདེན་པ་ར་སྤྲོད་དགོས་ཚེ་དེ་ཡང་གྲ་སྒྲིག་ཨང་གསར་དཔང་མི་རང་ཡོད་གདའ།
ཁ་བརྡ་དྲ་བ་འདི་བདེན་དོན་གྱི་གནས་ལུགས་བརྡར་ས་དེ་མིན་པར་སྙིང་ཁམས་ཅན་དག་གི་སྙིང་ནད་སྤུངས་ས་ཞིག་ལས་མ་འདས་སོ།།
bonpoལགས། ང་ཚོ་བོད་པ་རེད་དམ། ཡང་ན་ཞང་ཞུང་པ་རེད། ང་ཚོས་ཆོས་ལུགས་བྱེ་བྲག་པ་ཞིག་གམ། ཡང་ན་ཆོས་བརྒྱུད་བྱེ་བྲག་པ་ཞིག་གཙོ་བོར་འཛིན་དགོས་སམ། ད་མཚར་བོ་རེད། ཧཧཧཧ
ཞང་ཞུང་གི་སྨར་ཆེན་སྨར་ཆུང་ཟེར་བ་དེ་འདྲ་ངག་རྒྱུན་ལ་ལུས་འདུག་པར་རེ་བ་ཆེན་པོ་བརྒྱབ་ཡིན་ཏེ་ད་བར་འདི་ཡིན་ཞེས་ཁོངས་འཁྱོལ་བའི་རྒྱུ་ཆ་ཞིག་སྟོན་རྒྱུ་མེད་འདྲ། ནམ་ཞིག་ས་འོག་གམ་བྲག་ཕུག་གང་རུང་ཞིག་ནས་སྲོང་བཙན་ཡར་སྔོན་གྱི་ཞང་ཞུང་གི་ཡིག་གཟུགས་སྣལ་མ་ཞིག་རག་ཚེ་དུས་དེ་ནས་བཟུང་སྟེ་སཾབྷོཊ་ཟེར་བའི་རྟོག་བཟོ་ཡི་ཡིག་འཆལ་དེ་དག་ཆུ་ལ་བསྐུར་རྒྱུ་ཡིན། ཆོས་འབྱུང་ཞེས་བའི་ལྷ་སྒྲུང་དེ་དག་མེ་ལ་བསྲེག་རྒྱུ་ཡིན། དེ་མིན་བྱིས་པའི་ལབ་རྡོལ་དེ་འདྲ་བཤད་གི་མ་བསྡད་ན་ཨེ་མི་དགའ། ཞང་ཞུང་གི་ཡི་གེ་ཞེས་འུར་ཆེན་པོ་བརྒྱབ་ཀྱང་དོན་ལ་འདི་ཡིན་ཞེས་སྟོན་དུ་རུ་བ་མེད་པས་ཁ་ཤོབ་དེ་འདྲ་རྒྱག་གི་མ་བསྡད་ན་ཁོར་ཡུག་ལྷིང་འཇགས་ལའང་ཕན་ནོ།།
མཐོ་སློབ་ཀྱི་སློམ་མ་ཚོས་ལས་འགུལ་དེ་འགྲིགས་པ་ཞིག་རེད། མང་པོ་མི་བཤད། ང་བོད་ཡིག་དགའ།
བཙན་བྱོལ་སྤྱི་ཚོགས་ནང་བོད་ཡིག་སྲུང་སྐྱོབས་
ཟེར་བ་ཁ་སྒྲུང་ཙམ་རེད་ལ་སྤྱི་ཚོགས་དྲང་བདེན་ཟེར་བ་ལུང་བསྟན་ཙམ་རེད་དོན་དངོས་ཐོག་འགོ་འདྲེན་དང་ཕྱོགས་གཏོགས་སྐབས་འཚོལ་བའི་
མདུན་མི་མང་འཚོ་བཞིན་པ་མ་རེད་དམ་།
ཁྱེད་ཚོས་བཟང་ངན་གྱི་མཆན་ཇི་ལྟར་བརྒྱབ་ན་འགྲིག་པ་ཞིག་རེད་མོད། ཧ་ཅང་མི་སྒེར་གནད་དུ་བཟུང་ནས་སྐྱོན་བརྗོད་རིགས་མི་བྱ་རོགས། རབས་ཡིན་ན་བཙན་བྱོལ་བ་སྤྱིའི་བོད་ཡིག་གི་གནས་བབ་དང་བོད་ཡིག་ལ་སྤྲད་པའི་རིན་ཐང་དང་བཀོལ་སྤྱོད་ངོས་ནས་གླེང་རོགས། ང་ཚོའི་བསམ་པ་ཡང་ནམ་ཞིག་བཙན་བྱོལ་བ་ཡོངས་ཀྱིས་རང་གི་སྐད་ཡིག་གི་རིན་ཐང་ཞིག་ངོས་ཟིན་རྒྱུ་དང་དུས་དང་གནས་ག་ཚོད་ཅིག་ལ་རང་སྐད་རང་ཡིག་བཀོལ་ཐབས་ཤིག་གི་ཆེད་དུ་ཡོད་ཚད་ཀྱི་ཁ་རྡུང་དང་སྤྱི་ཚོགས་འདིའི་ནང་གི་ལྟ་སྟངས་ངན་པ་ཚུན་ཆད་ཁུར་ནས་དེ་ལྟར་བྱས་པ་ཡིན་ལ། གནས་སྐབས་འདི་འདྲར་ཐུག་དུས་ང་ཚོས་དངོས་བཙན་བྱོལ་བའི་མཐོ་མཐོ་ཆེ་ཆེ་དག་གིས་བོད་སྐད་བོད་ཡིག་བཤད་ནས་ཨག་སྐད་ཅི་ཙམ་བཏོན་པ་མུད་ཐག་ཙམ་ཡིན་པ་ཧ་གོ་ཡོང་བ་ཞིག་རེད། དེ་བས་གནས་བབ་འདི་འདྲར་ཐུག་དུས་ང་ཚོ་སྐྲག་དགོས་ས་དེ་ཕྱི་མ་ཡིན་པར་ནང་ཡིན་པ་གསལ་ཞིང་གསལ་བ་ཞིག་རེད། ང་ཚོས་ནི་མི་རིགས་རང་ལུགས་ཀྱི་ལྟ་ཚུལ་གུ་དོག་མོ་ཞིག་ཁུར་ནས་འདི་ལྟར་རྩོམ་པ་མ་ཡིན་མོད། ཁ་ནས་བོད་སྐད་བོད་ཡིག བོད་ཀྱི་རིག་གཞུང་སོགས་ཆེན་པོ་ཆེན་པོ་ཏག་ཏག་བཤད་ནས་དོན་དངོས་སུ་ང་ཚོར་ད་ལྟ་བར་དུ་ཟ་ཟུར་མང་པོ་ནས་བརྙས་བཅོས་བྱས་པ་དང་ང་ཚོའི་འདུ་ཤེས་ཤེས་ཀྱི་ངོས་ལ་མཐོང་ཆུང་བྱས་བཞག་པ་ཧ་ཅང་མང་། གནད་དོན་དེ་འདྲ་ཞིག་གི་རྐྱེན་གྱིས་ང་ཚོའི་སེམས་ཀྱི་དམར་དམར་བོ་ཕྱི་ལ་བཏོན་དགོས་སོང་བ་ལས། ང་ཚོས་དབྱིན་ཡིག་བྲིས་མི་ཆོག་བཀོལ་མི་ཆོག་རིགས་ཤིག་གཏན་ནས་བཤད་མ་མྱོང་ལ་བཤད་ཡང་མི་སྲིད། ང་ཚོས་བཤད་པ་དེ་དབྱིན་ཡིག་དང་ཡིག་རིགས་ཅི་ཞིག་བཀོལ་ན་ཡང་བོད་སྐད་བོད་ཡིག་བཀོལ་རྒྱུ་མ་བརྗེད་པ་གནང་རོགས། བོད་པ་ཞིག་ཡིན་པས་ཆ་ནས། བོད་ཀྱི་མཐོ་སློབ་ཞིག་ཡིན་པས་ངོས་ནས་བཤད་ཡིན་མོད། ཁོ་ཚོས་དེ་ཙམ་ཞིག་ཀྱང་ངོས་ལེན་བྱེད་ཐུབ་ཀྱི་མི་འདུག ད་དུང་ང་ཚོས་བསམ་ཚུལ་ཙམ་བཏོན་པའི་རྩོམ་ཡིག་དག་རལ་ནས་གཤག་ནས་བུད་སོང་ན་ཡང་། གཞུང་ངོས་ནས་ཡ་ལན་ཙམ་ཡང་སྤྲད་མ་སོང་། དང་པོ་ང་ཚོས་སྤྱི་ཚོགས་དྲ་བར་མི་གཏོང་རྒྱུ་བྱས་ན་ཡང་ཁོ་རང་ཚོས་དོན་དེ་གསར་འགྱུར་དུ་བཟོས་ནས་བུད་སོང་། གང་ལྟར་ང་རང་ནི་གནས་ཚུལ་འདི་དངོས་སུ་མཐོང་བ་དང་མྱོང་མཁན་ཞིག་ཡིན་པས་ངོས་ནས་གསལ་བཤད་ཙམ་ཡིན། ད་ནི་དངོས་ནས་ང་ཚོ་ཚང་མའི་བཙན་བྱོལ་བ་སྤྱིའི་བོད་སྐད་ཡིག་ལ་བཟུང་བའི་ལྟ་ཚུལ་དང་གནས་བབ་ཡོངས་ལ་གསར་བརྗེ་ཞིག་བྱ་དགོས་པའི་དུས་ལ་བབ་འདུག
བཙན་བྱོལ་ནང་གི་བོད་ཀྱི་སྐད་ཡིག་ལ་ངོས་འཛིན་ནི་ཆོས་ལུགས་དང་ཆབ་སྲིད་ཀྱི་གོ་བ་ཙམ་ལས་མེད་དེ་གནད་འགག་རེད། ཁོང་ཚོས་སྐད་ཡིག་ནི་ཆོས་འདོན་སྤྱད་ཙམ་དང་། ཡང་ན་རྒྱ་ནག་ལ་ངོ་རྒོལ་བྱེད་སྤྱད་ཙམ་དུ་བལྟས་ཡོད།
མཐའ་ན་སྲིད་སྐྱོང་གིས་ཀྱང་སྐད་ཆ་འདི་བཤད་ཀྱིན་ཡོད
སྔོན་མ་བོད་ནང་ནས་སློབ་མ་ཚོས་བོད་ཀྱི་སྐད་ཡིག་གི་ཆེད་དུ་འོས་ལངས་བྱ་དུས། ཟམ་གདོང་རིན་པོ་ཆེས་ང་ཚོས་དེ་ལ་སྐད་ཆ་བཤད་བདེ་མི་འདུག མ་གཞི་བྱས་ནས་ངོ་རྒོལ་དེ་བོད་ནང་དུ་མ་བྱུང་བའི་སྔོན་ལ་བཙན་བྱོལ་ནང་ནས་འབྱུང་དགོས་པ་རེད། གང་ཡིན་ཟེར་ན་བཙན་བྱོལ་ནང་ངོ་རྒོལ་བྱ་བའི་རྐྱེན་དེ་སྔོན་མ་ནས་ཚང་ཡོད་ཚུལ་གསུངས་སོང།
འོན་ཀྱང་ད་བར་བཙན་བྱོལ་ནང་བོད་ཡིག་གི་ཆེད་དུ་ལས་འགུལ་རང་བཞིན་གྱི་སྐད་སྒྲ་སྒྲོག་མཁན་མ་བྱུང་བའམ་འབྱུང་མ་ཐུབ་པ་རེད།
ངས་དྲང་པོ་བྱེད་པར་འདོད། ཨ་མདོ་བ་ལྷ་མོ་དོན་གྲུབ་ཞུ་བའི་ཕ་ཡུལ་སྟག་འཚེར་གྱི་ཨ་མདོའི་བུ་ཞིག་རྗེས་མ་སྡེ་པ་གཞུང་གིས་ཏཱ་ལའི་བླ་མའི་མཚན་གནས་སྤྲད་ནས་དབུས་ལ་དྲན་དྲངས། བོད་ལ་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་དཀའ་ངལ་འཕྲད་པའི་སྐབས་ལ། ལྷ་མོ་དོན་གྲུབ་རྒྱ་གར་ལ་ཕེབས་ནས་བཙན་བྱོལ་བོད་གཞུང་བཙུགས།
ཁོང་གིས་འཛམ་གླིང་ནང་ཡར་རྒྱུགས་མར་རྒྱུགས་བྱས་ནས་སྒོར་མོ་བསླངས་ནས་བཙན་བྱོལ་ནང་ལ་ཡོད་པའི་བོད་པ་ཚོར་སློབ་སྦྱོང་རེ་ཐོབ་ཐབས་བྱས།
བོད་ལ་དོ་སྣང་དང་། བོད་ཀྱི་མི་རབས་གསར་པ་རྣམས་ལ་སློབ་སྦྱོང་གི་གོ་སྐབས་བཟང་པོ་རེ་ཐོབ་པའི་རེ་བས་རྒྱ་གར་གྱི་དེང་རབས་ཚན་རིག་གི་རྒྱལ་སར་གྲགས་པའི་སྦེང་ལོར་ལ་ས་ཆ་རྒྱ་ཁྱོན་ཆེན་པོ་ཞིག་ཉོས་ནས། དེར་ཁོང་གི་མིང་ཐོག་ལ་སློབ་གྲྭ་ཞིག་བཙུགས་ནས་མ་འོངས་པར་རིམ་བཞིན་ཡར་རྒྱས་གཏོང་འཆར་འདུག
དམིགས་ཡུལ་གཙོ་བོ་རིམ་བཞིན་རྒྱ་གར་ནང་གི་ཚན་རིག་གི་སློབ་སྦྱོང་ཚད་ལྡན་རྣམས་སློབ་གྲྭ་དེར་བཙུགས་ནས། བོད་པ་ཚོར་སྨན་ཞབས་པ་དང་། གློག་ཀླད་འཛིན་གྲྭ། དེ་བཞིན་ཚོང་གི་འཛིན་གྲྭ་སོགས་གཉེར་ནས་དེ་ལ་རྒྱ་གར་གཞུང་གི་ཚད་ལྡན་ལག་ཁྱེར་ཐོབ་ཐབས་ལ་འབད་བཞིན་མུས།
ད་རེས་དབྱིན་ཡིག་ནང་ལ་སློབ་གྲྭའི་ལས་ཚན་ཞིག་གོ་སྒྲིག་བྱས་པར། ལྷ་མོ་དོན་གྲུབ་དགྲར་རྩི་མཁན་རྒྱ་ནག་གཞུང་གི་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་དང་། དོལ་རྒྱལ་སངས་རྒྱས་ལ་ལྟ་བའི་ལོག་ལྟ་ཅན་ལི་ཐང་ཨ་དར། དེ་བཞིན་ཆོས་ལུགས་འཐེན་ཁྱེར་གྱི་ནད་ཀྱིས་བཅོམས་པའི་གྲྭ་པ་དང་གྲྭ་ལོག་ཉུང་ཤས་ལྐོག་མིང་འོག་ཡོང་ནས་ཁོང་ལ་རྒོལ་བརྡུང་དྲག་པོ་གཏོང་བའི་སྐབས། བོད་ཀྱི་སྐད་ཡིག་ལ་ཤ་ཚ་ཡོད་པའི་བོད་རིགས་ན་གཞོན་བ་ཚོས་ཀྱང་ཤ་ཚའི་གཏམ་རེ་གཉིས་འདིར་བྲིས་འདུག
ལྷ་མོ་དོན་གྲུབ་འཇིག་རྟེན་འདི་ནས་ཕྱི་མར་ཕེབས་པའི་སྐབས་ལ། བོད་རིགས་ཚོ་ནི་དཀར་ཡོལ་ས་ལ་བརྡབ་པ་བཞིན་དུམ་བུ་མང་པོ་འགས་པར་བྱེད། དེའི་སྐབས་ལ་ཁོང་གི་དགོངས་པ་རྣམས་རྟོགས་ནས་དགྱོད་པ་ཡོང་སྲིད་པས། ཚང་མས་གནས་སྐབས་ཐུགས་རྣལ་ལ་ཕབ་ནས། ཕུགས་ལ་དགོངས་པ་གཅིག་ཞེས་རོགས།
བསམ་ཤེས་ལགས། ཐུགས་རྗེ་གཟིགས་་་་་བོད་པའི་སྐད་ཡིག་རྡོག་རོལ་གཏོང་འོང་དུས་དེར་གསལ་བཤད་ཐོག་ནད་མི་ཐེག་ནས་སྐད་ངན་ལོས་ཤོར། ག་དུས་ཡིན་ནའང་་་་གོང་ས༧མཆོག་གི་མཚན་གནས་འདྲུད་མ་ཡོང་ཞུ། འདི་ན་སུ་གང་གིས་རྒྱལ་བ་མཆོག་ལ་སྐྱོན་འཛུགས་མི་འདུག་གདའ། མཐོ་སློབ་དེའི་གནད་ཡོད་མི་སྣ་སུ་ཡིན་ན་དེར་བཤད་ཀྱི་ཡོད་དོ།།
རྣོ་ལགས།
ཨ་རོགས་ཁོ་རེ་ཉོན་ཨ། ཁྱོད་མྱི་མཚར་པོ་ཞིག་རེད། ངོ་མ་རྫོ་ལེ་ཡིན། །
ཁྱོད་ཀྱིས་ཆོས་ལུགས་བྱེད་བྲག་ཅིག་ཅིག་མག་མག་ཟེར་ནས་བཤད་འདུག་དེ་ལ་ལན་འདི་ལྟར་བརྒྱབ་ན་ཁྱོད་ལ་ཅི་སྨྲ་རྒྱུ་ཡོད་དམ་ལགས།
བོད་གངས་ཅན་གྱི་ཞིང་ཁམས་སུ་རང་ས་རང་ཡུལ་གྱི་བོད་མི་ཚོ་མི་བྱེ་བྲག་པ་ཞིག་ལ་གྱུར་སོང་ན། བོད་གངས་ཅན་ཞིང་ཁམས་སུ་རང་ས་རང་ཡུལ་གྱི་བོན་ལུགས་འདི་ཆོས་བྱེ་བྲག་པ་ཞིག་ལོས་འགྱུར་འགྲོ །
ཡིན་ནའང།
བོད་གངས་ཅན་གྱི་ཞིང་ཁམས་སུ་རང་ས་རང་ཡུལ་གྱི་བོད་མི་ཚོ་མི་བྱེ་བྲག་པ་ཞིག་ལ་བརྩི་རུ་མི་རུང་ན།
བོད་གངས་ཅན་ཞིང་ཁམས་སུ་རང་ས་རང་ཡུལ་གྱི་བོན་ལུགས་འདི་ཆོས་བྱེ་བྲག་པ་ཞིག་ལ་དུས་ནམ་ཡང་བརྩི་རུ་མི་རུང་ངོ་། །
bonpoལགས། ད་གད་མོ་སློང་མ་ཡོང་ཨང་། ཧཧཧཧ
ཀྲུང་གོའི་དངུལ་ལོར་སྒང་ལ་ཡིག་རིགས་མི་འདྲ་བ་བཞི་ཙམ་བྲིས་ཡོད་ས་རེད། གཅིག་བྱས་ན་དེའི་ནང་ལ་བོད་ཡིག་ཀྱང་ཡོད་སྲིད། དེ་བཞིན་རྒྱ་གར་གྱི་དངུལ་ལོར་སྒང་ལ་ཡིག་རིགས་མི་འདྲ་བ་ཉེར་གཉིས་ཙམ་བྲིས་ཡོད་སྐད་རེད། དེའི་ནང་ལ་བོད་ཡིག་ཡོད་མེད་ནི་མི་ཤེས། ད་དེ་འདྲ་ཡིན་དུས་རྡ་རམ་ས་ལས་ཞང་ཞུང་གི་ཡེ་གེ་སོགས་བོད་ཀྱི་ཡིག་རིགས་རྙིང་གྲས་དེ་ཚོར་མཐོང་ཆུང་གཏོང་མི་ཉན། གཡས་གཡོན་གྱི་ཁྱིམ་མཚེས་དེ་ཚོས་ག་རེ་གནང་གི་འདུག་ཏོག་ཙམ་གཟིགས་པ་ཡིན་ནའང་སྐྱོན་གང་ཡོད། །
བོད་མི་རིགས་ཀྱི་སྐད་ཡིག་ལ་ཆེ་མཐོང་དང་རྩི་བཀུར་རྒྱུན་གནས་ཐུབ་དགོས་ན་དང་པོ་བོད་མི་རིགས་ལ་སྲུང་སྐྱོབས་བྱ་དགོས་པ་རེད་། གཉིས་པ་བཙན་བྱོལ་སྤྱི་ཚོགས་ནང་བོད་ཡིག་དང་བོད་སྐད་ཀྱི་བརྒྱུད་ལམ་ལ་སྲུང་སྐྱོབས་དགོས་པ་རེད་། གསུམ་པ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ནང་གི་ཡིག་ཆ་ཡོངས་རྫོགས་བོད་ཡིག་ཐོག་སྐོལ་སྤྱོད་དགོས་པ་རེད་། བཞི་པ་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་བཙན་བྱོལ་སྤྱི་ནང་བོད་ཡིག་དང་བོད་སྐད་བརྒྱུད་ནས་བོད་མི་ནང་ཁུལ་འབྲེལ་བ་བྱ་དགོས་པའི་ཁྲིམས་སྒྲིག་གཏན་འབེབས་གནང་དགོས་།
གོང་རིམ་གྱི་དོན་ཚན་བཞི་ལ་དབུས་བོད་མིའི་སྒྲིག་འཛུགས་དང་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ཁྱབས་ཆེ་བའི་ཞི་བའི་མི་མང་བཅས་ནས་རང་འགན་རང་གི་བླང་མ་ཐུབ་ཚེ་སྐད་ཡིག་སྲུང་སྐྱོབས་ཟེར་བ་དང་རིག་གཞུང་སྲུང་སྐྱོབས་ཟེར་བ་ཚང་མ་ཁ་སྒྲུང་ཙམ་དང་
བསམ་མེད་ཕྲུ་གུར་མངར་མོ་སྦྱིན་དང་ཁྱད་པར་པུ་ཙམ་མེད་པ་དེ་ཡང་མཁྱེན་པ་གནང་རོགས་ཐུགས་རྗེའི་གཟིགས་བཀྲིན་ཆེ་།
ངས་ལག་པར་འབྱུང་བའི་ཀྲུང་གོའི་དངུལ་ལོར་ནང་ལ། མའོ་རྫབ་ཆེན་གྱི་པར་རིས་དང་། ཞོགས་གཞན་པ་དེ་ལ་མཆོད་རྟེན་གསུམ་སོགས་དང་། བོད་སྐད་དུ། ཀྲུང་གོའི་མི་མང་དངུལ་ཁང་། སྒོར་གཅིག ་་་་ བྲིས་འདུག
བོན་པོ་ལགས།།
bonpoལགས། ཧཧཧཧཧ
Bonpoརྟག་པར་རྡ་རམ་ས་ལར་ཞེ་མེར་བ་དེ་ག་རེ་ཡིན་ན། ཆོས་བ་ཞིག་ཡིན་ན་ཆོས་ལ་ཐོས་བསམ་སྒོམ་གསུམ་བྱོས། རང་བརྒྱུད་ཀྱི་ཉོན་མོངས་རྦ་རླབས་བཞིན་འཕྱོ་བཞིན་ཡོད་ན་སྟོན་པ་གཤེན་རབ་མི་བོ་ཆེ་ལ་གསོལ་བ་ཐོབས། སྨན་རིའི་ཁྲི་འཛིན་ལ་མིག་དཔེ་བྱོས། ལོ་རྒྱུས་ཀྱི་ནད་རྙིང་ཞིག་མ་ཐེག་པར་གཟར་རྒྱག་གི་ཡོད་ན་རང་གི་སྡུག་གྱོང་རེད། ལོ་རྒྱུས་ནི་ལོ་རྒྱུས་རེད། འདས་ཟིན་པ་རེད། ལོ་རྒྱུས་འདས་ལོག་རྒྱག་གི་མ་རེད། ཨ་རི་དང་ཉི་ཧོང་ལྟ་བུ་ཉེ་རབས་ཁྲག་གི་འཁོར་ལོ་སྐོར་མཁན་དེ་ཚོ་ཡང་ད་ཆ་ཕན་ཚུན་གྲོགས་ཀྱི་འདུ་ཤེས་བཟུང་སྟེ་འཆམ་མཐུན་དང་མཉམ་འབྲེལ་གྱི་སྦྱོར་བ་རྩོམ་གྱིན་པ་མ་རེད་དམ། རིགས་གཅིག་སྤུན་ཟླའི་བར་དུ་དེ་འདྲའི་སྙིང་རླུང་མ་དྭངས་བ་ག་རེ་ཡིན་ན། འཇིག་རྟེན་ན་ཆོས་བའི་མིང་ཙམ་འཁུར་མཁན་གྱི་དམེ་བོ་འདི་ཚོ་ལས་རྙིང་ཞེན་དང་ལྟ་བ་མཁྲེགས་པོ་ཞིག་གཞལ་ནས་མི་འདུག
ད་ཐེངས་ཏཱ་ལའི་བླ་མ་མཐོ་སློབ་ཀྱི་སློབ་བུ་འགས་དཔའ་རྟགས་ངོ་མ་ཞིག་མངོན་འདུག བཀའ་དྲིན་ཆེ།
མཐོ་སློབ་ཀྱི་སློབ་བུ་དེ་ཚོ་ལ་ཅིག་བྱས་ན་རྗེ་བཙུན་པདྨས་ཉེས་བཅད་གཏོང་ཉེན་ཆེ། གང་ཡིན་ཞེ་ན་བཀའ་བཀོད་འོག་ཏུ་མ་ཉན་ནས་བདེན་པར་བརྡར་འོང་དུས་འཚངས་ལ་ཕོག་ཀི་ཡོད་པས་འཇུག་འབྲས་དཀའ་ངལ་ཅིག་འོང་ཉེན་ཡོད་་་་་་རྗེས་སུ་གཟིགས་ཨ་་་་་་
རྒྱལ་ཁབ་འདྲ་མིན་གྱི་དངུལ་ལོར་སྟེང་བོད་ཡིག་བྲིས་པ་དང་
རྩེད་ཐང་འདྲ་མིན་སྟེང་བོད་ཡིག་བྲིས་པ་རྒྱང་སྦྱར་འདྲ་མིན་
སྟེང་བོད་ཡིག་བྲིས་པ་ཙམ་གྱི་བོད་ཀྱི་སྐད་ཡིག་སྲུང་སྐྱོབས་
ཐུབ་པར་ངོས་འཛིན་གནང་མཁན་ཡོད་ན་ལས་སླ་པོ་རེད་འདུག་དགའ་།
ཞང་ཞུང་གི་ཡི་གེ་ཡང་མི་ཤེས། ཀླུ་འབུམ་དཀར་ནག་ཡིན་ནམ། དཔེ་ཆ་ཞིག་གི་མགོ་ན། ཞང་ཞུང་སྐད་དུ། མིང་ཚིག་འགའ་བྲིས་ཡོད་ཀྱང་། ད་ལྟར་དྲན་ཡུལ་དུ་མེད། བོད་སྐད་དུ། འདི་དང་འདི་ཞེས་བྲིས་ཡོད་ཀྱང་། དེ་ཡང་མི་དྲན། ངའི་ལུང་པ་ན། ཁ་ཏི། སྣ་ཏི ཟེར་བ་ཡོད་ཀྱང་། མིག་ཆུ་ལ་མིག་ཏི་ཞེས་པ་གོ་མ་མྱོང་། BONPOམཆོག་ལ་བཀའ་འདྲི། ཞང་ཞུང་གི་ཡི་གེ་བོད་ན་ཡོད་དམ། བོན་པོ་ཞེས་པ་ཞང་ཞུང་གི་་ཡི་གེ་ལ་འབྲི་ན། ཇི་ལྟར་འདྲི། ངས་ནི་ཞང་ཞུང་ཡི་གེ་ཤེས་པ་མེད་པས། ཁྱེད་ཀྱིས་ཅི་གསུང་ལ་ལེགས་སོ་ལས་གཞན་ཞུ་མི་ཐུབ་བོ།
ཏཱ་ལའི་བླ་མ་མཐོ་སློབ་ཞེས་པའི་མིང་བྱང་རྫིག་པོ་ཞིག་གི་འོག་ནས་བོད་མི་རིགས་ཀྱི་ཚེ་སྲོག་ལྟ་བུའི་སྐད་ཡིག་ལ་སྣང་མེད་རྡོག་རྫིས་བཏང་བ་ནི་གོང་ས་མཆོག་ལ་མཚན་ཤས་བཟོས་པ་རེད། འདི་ལྟ་བུའི་བྱ་སྤྱོད་སྤེལ་མཁན་དག་ནི་རྒྱ་ནག་དམར་པོའི་དཔོན་པོ་དག་དང་ཁྱད་པར་ཅི་ཞིག་ཡོད་དམ། རྒྱ་གཞུང་གིས་ཀྱང་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་བ་ལས་ལྷག་པའི་བྱ་བ་ཅི་ཞིག་སྒྲུབ་རྒྱུ་ཡོད།
རྗེ་བཙུན་པདྨས་འགོ་ཁྲིད་པའི་སློབ་གྲྭ་གང་ཞིག་ཡིན་ཡང་བོད་ཡིག་ལ་གདོན་རྫས་ལྟ་བུར་ལྟ་བའི་བཀྲ་མ་ཤིས་པ་རྐྱང་ཡིན་དོན་ཅི་རེད། ཁོ་མོས་བོད་ཁྱིམ་སློབ་གྲྭའི་འགོ་ཁྲིད་ནས་ར་མ་ལུག་གི་བོད་ཕྲུག་མང་པོ་གསོ་སྐྱོང་བྱས་པ་འདིས་བོད་མི་རིགས་ཀྱི་མདུན་ལམ་ལ་ཕན་ལས་གནོད་ཆེ་བ་བསྐྱལ་ཡོད། ད་དུང་དེས་མ་ཚིམ་པར་ཏཱ་ལའི་བླ་མའི་མཐོ་སློབ་ཡང་ར་མ་ལུག་གི་སློབ་གྲྭ་ཞིག་ལ་བསྒྱུར་རྩིས་ཡིན་ནམ། ངོ་མ་བློ་ཕམ་སོང་། ཡིད་མུག་སོང་།
ཞང་ཞུང་གི་སྐད་དུ་ཞེས་པ་དེ་སྐད་ཙམ་ལས། ཡིགེ་ཡོད་པི་ཁུངས་སུ་མི་འགྲོ་སྟེ། ཞང་ཞུང་གི་སྐདུ་བྲིས་པའི་ཡིག་ཕྲེང་དེ་གའི་འོག་ལ་ལནྫའམ། ཝརྟུའི་གཟུགས་སུ་བྲིས་པ་མང་བས་སོ།།
ཞང་ཞུང་དམར་ཡིག་གཅིག་ཡོད་པ་དང་། དེ་ཡང་སྲོང་བཙན་སྔོན་གྱི་བོད་ཡིག་གི་ཡིག་རྒན་དུ་གྱུར་པ་ཡིན་པར་ངོས་འཛིན་མ་ཐུབ་པར་ཕན་ཐོགས་གང་ཡང་མེད། ཡིན་ན་ཡང༸་རྗེ་སྲོང་བཙན་གྱི་སྐུ་མཆེད་ཞང་ཞུང་རྒྱལ་པོར་བག་མར་བརྫངས་པ་སད་མ་ཀར་གྱི་མགུར་གླུ་ནང་ལ། ཡེ་གེ་༼ ནང་དོན་གསང་བ་ཤོར་དྭོགས་ཀྱིས་ ༽ ནི་མེད། གཡུ་འདི་རྣམས་ལོངས་ཤིག་སོགས་གསུང་སྟངས་ལ་བལྟས་ན། ཞང་ཞུང་རྒྱལ་པོར་ཡི་གེ་ཡོད་ཅིག་པ་གོ་ཐུབ་པ་འདུག་ཀྱང་། ཞང་ཞུང་ཡུལ་དུ་བེད་སྤྱོད་བྱེ་བཞིན་པའི་་ཡི་གེ་དེ་ཡང་ཞང་ཞུང་དམར་ཡིག་ཡིན་པའི་ངེས་པ་མེད། ཞང་ཞུང་དམར་ཡིག་དང་། བོད་ཡིག་གཉིས་ལ་འདྲ་མཚུངས་གང་དང་གང་ཡོད་གསལ་བཟད་ཐུབ་པ་དགོས། དེང་སང་ཞང་ཞུང་གི་ཡི་གེ་ཡིན་མདོག་གིས། བོན་ཆོས་པ་ཚོས་ཀ་ཡིག་གི་མགོ་ཟ་རེ་ཟི་རེ་ཡོད་པ་འདི་ནི། ཐོན་མིས་གསར་གཏོད་རྗེས་ཀྱི་ཡིག་གཟུགས་ཡིན་པ་དགོས་པ་ནི། ཀ་ཁ་ག་གྷ་ང་། སོགས་རྒྱ་གར་གྱི་ཡི་གེའི་ཀ་མད་བང་སྒྲིག་སྟངས་ལས་ཟུར་དུ་ཅང་མི་འདུག་པས་སོ།།
༢༠༡༥ ལོའི་སྐབས་གསུམ་པའི་རྒྱ་ཡིག་སློབ་དེབ་འདི་རེད་འདུག
<> 2015 年 中文年刊第三期
[ 晨钟 ]
བོན་པོ་དང་ཁྱུང་སེ་ངར་ཤོག་ཨ་ཞ་ཞུང་ཡི་གེ་སྐད་གྲགས་ཆེན་པོ་ཡང་དག་པ་དེ་འདིར་བཀོད་རོགས་ང་ཚོས་སློབ་སྦྱོངས་བྱེད་ནས་བདག་པོ་རྒྱབ་ཆོག་གང་འགྱོག་ཡིན་གདའ་ཧཧཧ
མི་གི་སྤྱི་ཚོགས་ཡོད་ན་དེར་སྤྱི་ཚོགས་འཚོ་བའི་
ཆེད་སྐད་ཡིག་ཡོད་ལ་རིག་གཞུང་ཡང་ཡོད་སྤྱི་ཚོགས་འཕེལ་རིམ་གྱི་བརྒྱུད་ནས་རྒྱལ་ཁབ་དང་སྤྱི་ཚོགས་མི་རིགས་སྐད་ཡིག་བཅས་རྩ་མེད་སྟོང་ནས་
འཛམ་གླིང་ནང་ལོ་རྒྱུས་ངོ་སྤྲོད་བྱེད་སའི་འགྲེམས་
སྟོན་ཙམ་ལས་ང་ཚོའི་མཐོང་ཡུལ་དུ་མེད་པ་དེ་ཡང་
མཁྱེན་དགོས་པ་རེད་བོད་སྲིད་པ་ཆགས་པའི་སྐབས་ལ་ཞང་ཞུང་ལ་མ་བརྒྱུད་པའི་བོད་ཀྱི་ཆབ་དཔལ་སྲིད་གསུམ་འདི་རེད་ཟེར་བའི་རྒྱལ་རབས་དང་ཆབ་སྲིད་ངག་རྒྱུན་སོགས་གང་ནས་ཀྱང་འནྲེལ་བཤད་མེད་པ་ངས་ཚིག་ཐག་བཅད་ཐུབ་།
དྲང་སྲོང་ལགས་ཁྱོད་ཀྱི་དཔའ་དཔུང་ངོམ་ས་དེ་སྤུན་ཟླ་ནང་ཁུལ་ལ་མིན་པར་ཤེས་དགོས། ཁྱོད་ཀྱི་ཕ་ས་འཕྲོག་མཁན་དང་ཁྱོད་ཀྱི་མ་ཁྱིམ་བཅོམ་མཁན་དེ་བོན་པོ་མིན་པར་ཤེས་དགོས། ཁྱོད་ཀྱི་ཕ་མེས་ཡང་མྱེས་ཀྱི་ཤ་རུས་ལ་ཐིམ་པའི་ཆོས་དཔལ་རིག་གསུམ་དེ་ཁྱོད་ཀྱིས་མཐུ་གླུད་བྱེད་ས་མིན་པར་ཤེས་དགོས། བོད་བཙན་པོའི་རྒྱལ་རབས་སུམ་ཅུ་སོ་གཉིས་ཡན་ལ་ཆོས་ཡིན་ནའང་འདྲ་སྒྲུང་ཡིན་ནའང་འདྲ་ནག་པོ་ཡིན་ནའང་དཀར་པོ་ཡིན་ནའང་འདྲ་དེ་ཁྱོད་ཀྱི་ཕ་མེས་ཀྱི་གཅེས་ནོར་ཡིན་པར་ཁྱོད་ཀྱིས་ཁས་ལེན་ཀྱང་རུང་མི་ལེན་ཀྱང་རུང་དངོས་པོའི་གནས་ཚོད་ལ་གྲུབ་ཟིན་པ་ཞིག་རེད། ངས་ཆོས་རྩོད་བྱེད་འདོད་མེད་ལ་བྱས་ཀྱང་ཕན་པར་མཐོང་གི་མེད། ཁྱོད་དང་ཁྱོད་ལྟ་བུས་ནང་དམེ་རྐྱང་རྐྱང་བྱས་ཏེ་ད་ལྟའི་ཁྱོད་དང་ང་ཚོའི་གནས་སྟངས་འདི་ཆགས་པ་རེད། མི་ཡུལ་ལ་ཁྱི་བཞིན་འཁྱམ་དགོས་པ་ཆགས་པ་རེད། རྒྱལ་རབས་སོ་གཉིས་ཡན་ལ་བོད་ལ་རང་བཙན་ཡོད་ལ་རང་དབང་ཡོད། རང་ཡུལ་ཡོད་ལ་རང་བདག་ཡོད། བོད་འདི་ག་དུས་ནས་ཕུངས་པ་རེད་དམ། དེ་ཁྱོད་ཀྱིས་ངོས་ཤེས་དགོས། མི་རིགས་ཅི་འདྲ་ཞིག་ཡིན་རུང་རང་རང་གི་ཤེས་རིག་ལོ་རྒྱུས་དེ་ཡུན་ག་ཚོད་རིང་རིང་དུ་གཏོང་དགོས་བསམ་པ་ལས་དེ་ལ་མཐུ་གླུད་འདེབས་སྲོལ་མེད། ཁ་ཟས་སྤང་ནས་ཟས། རིལ་མ་ནགས་སུ་གཏོང་འདོད་ན་ཁྱོད་རང་གིས་ཤེས། ལེགས་ཚད་ཐམས་ཅད་གཞན་ལས་བྱུང། ཉེས་ཚད་ཐམས་ཅད་ཨ་མྱེས་ཡང་མྱེས་ཀྱི་མགོ་ལ་གཡོགས་ཚུལ་འདི་མི་བུ་ཁྱོད་འདྲ་ཞིག་གིས་བྱེད་བབ་ལས་གཞན་གྱིས་ལྟས་ན་ངོ་རེ་ཚ།
ལྐོག་ཟ་རུལ་སུངས་དང་རྒྱལ་བཙོང་བ་དེ་ཚོས་བོད་ཡིག་རྩ་མེད་བཏང་སྟངས་དང་། བོད་རང་བཙན་གྱི་འཐབ་རྩོད་ནུས་མེད་བཟོ་སྟངས་འདི་ཚོར་བོད་མི་ཡོངས་ཀྱིས་ཤེས་དགོས་པར་གལ་ཆེན་པོ་རེད། ལྐོག་ཟ་རུལ་སུངས་དང་རྒྱལ་བཙོང་བ་ཚོས་བཙན་བྱོལ་སྤྱི་ནང་དུ་བོད་ཡིག་དང་བོད་ཞེན་སྣམ་ཟད་མར་མེ་ལྟ་བུ་ལ་སྒྱུར་ཨེ་ཐུབ་བལྟ་བཞིན་ཡོད་པ་འདིའི་ཁ་ཐད་བོད་མི་རྣམས་ཀྱིས་བཅག་དགོས་ངེས་རེད་སྙམ།
ཁྱུང་སེ་ལགས་དེ་ལ་ངས་ལན་རྒྱབ་འདོད་མེད་ཧཧཧཧ།
དྲྭ་གྲོགས་ཚོས་འོ་ཅག་གི་ཞང་ཞུང་གི་ཡི་གེའི་སྐོར་ལ་ཐུགས་ཁུར་ཆེན་པོ་གནང་བར་སྐུ་དྲིན་ཆེ་ཞུ་འདོད་པ་ཡིན། བདག་རང་ཉིན་ཤས་རིང་བྲེལ་ཟིང་ངང་གནས་ཡོད་པས་མཆན་འབྲི་མི་འདོད། རྗེས་སུ་དངུལ་ཆུ་ཐོན་ཐོན་རྩོད་གླེང་བྱེད་ཆོག བྲེལ་བ་མ་གནང་ཨ། །
ཞང་ཞུང་གི་ལོ་རྒྱུས་ལ་མ་བརྒྱུད་པའི་བོད་ཀྱི་རྒྱལ་རབས་དང་ཆོས་འབྱུང་
སྤྱི་ཚོགས་ཀྱི་འཕེལ་སོགས་ལ་ཆུ་འགོ་གངས་ལ་གཏུགས་མ་དགོས་པའིའབྲེལ་བཤད་ཁུངས་ལྡན་གནང་རྒྱུ་ཡོད་ན་འདིར་གསལ་སྟོན་གནང་དང་།
ངའི་བློར་ཞང་ཞུང་ཞེས་པ་དེ་ཕྱིས་སུ་གུ་གེ་ཞེས་པར་གྱུར་ཏོ་སྙམ། ཕྱིས་ཀྱི་གུ་གེའི་རྒྱལ་བརྒྱུད་མེད་པར་བཟོས་པ་ལ་དྭགས་པ་ཡིན་ན། ལ་དྭགས་པས་གུ་གེ་ལ་དགོངས་དག་ཞུ་འོས་སུ་མཆིས་སོ།
༅༅། སོ་སོའི་སྐད་ཡིག་ཤེས་ཀྱང་བེད་མ་སྤྱོད།
ཀ་ཁ་ག་ང་སྦྱངས་ཀྱང་བརྩི་བཀུར་མེད།
མེས་པོའི་གདུང་རྒྱུད་ཡོད་ཀྱང་བདག་འཛིན་མེད།
ཁ་ནས་བཤད་བཤད་མང་ཡང་སྟོང་པ་རེད།
བོད་ཡིག་བེད་སྤྱོད་བྱེད་པར་ངོ་ཚ་ན།
བོད་པ་ཡིན་ཞེས་ཁ་ནས་མ་འདོན་པར།
རྒྱ་མིའི་མི་རིགས་ཡིན་ཞེས་བྲང་ལ་བྲིས།
དབྱིན་ཇིའི་མི་རིགས་ཡིན་ཞེས་རྒྱབ་ལ་བྲིས།
རྒྱ་གར་མི་རིགས་ཡིན་ཞེས་གདོང་ལ་བྲིས།
རྒྱ་ཚན་ལྡན་པ་ཞིག་བྲིས་འདུག་ཐུགས་རྗེ་ཆེ་བཀྲིན་ཆེ་།
༅༅། རང་ཡུལ་བྲལ་ནས་ཡོང་དུས་། སུ་ཡང་དྲན་པ་མ་བྱུང།
ལ་མོ་གཅིག་བརྒྱབ་གཉིས་བརྒྱབ་། ཕ་མ་སྤུན་མཆེད་དྲན་བྱུང།