ཟླ་བ་ཚེ་རིང་། ༼ ཧྥ་རན་སི ༽
ཟླ་སྔོན་མར་ངའི་ཕ་མ་གཉིས་རྒྱ་གར་དུ་གཉེན་འཕྲད་ལ་འབྱོར་བ་ལྟར་ང་ཁོང་གཉིས་ལ་ཐུག་པར་ངྷ་རམ་ས་ལར་ཕྱིན་པ་ཡིན། ཁོང་གཉིས་ལ་བོད་ནས་ཡུལ་མི་ཚོས་སྐུ་མདུན་ལ་འབུལ་རྒྱུའི་སྐྱབས་རྟེན་དང་བསྔོ་རྟེན་གང་མང་ཞིག་བསྐུར་འདུག་ལ། ཕྱི་ཟླ་ ༡༢ ཚེས་ ༡༥ ཉིན་ངེད་ཕ་བུ་གཉིས་དེའི་ཆེད་དུ་སྐུ་སྒེར་ཡིག་ཚང་དུ་བཅར་བ་ཡིན། སྐུ་སྒེར་ཡིག་ཚང་གི་སྐྱབས་རྟེན་ཁང་ལོ་བཞི་ལྔའི་སྔོན་གྱི་ཁང་མིག་ཆུང་ཆུང་དེ་ལས་རྒྱ་ཆེ་ཙམ་བསྐྱེད་ཡོད་པ་མ་ཟད་ནང་གི་སྒྲིག་ཆས་ཀྱང་དེང་དུས་དང་འཚམ་པར་གློག་ཀླད་སོགས་སྤྱོད་ཀྱིན་འདུག ཕྱག་ལས་གནང་མཁན་ཡང་དགེ་འདུན་པ་གསུམ་འཆར་ཅན་གྱིས་བཞུགས་འདུག ངེད་གཉིས་ཀྱིས་སྔོན་ནས་གྲ་སྒྲིག་བྱས་པ་ལྟར་ཞུ་རྟེན་འབུལ་མིའི་མིང་གཞུང་ཚན་པ་གཉིས་པོ་དགེ་འདུན་པ་གཉིས་ལ་ཕུལ་ཞིང་། ཆུ་ཚོད་གཅིག་ཙམ་འགོར་རྗེས་ཁོང་གཉིས་ཀྱིས་ཞུ་རྟེན་རེ་རེའི་བྱུང་འཛིན་དང་ལྷན་ཕྱག་མདུད་དང་མ་ཎི་རིལ་བུ་སོགས་གནང་བྱུང་། ཉིན་འགའི་རྗེས་སུ་ཨ་ཕ་ངེད་གཉིས་དེ་སྔོན་ཆད་ལྷག་བྱུང་བའི་མིང་འགའི་ཆེད་དུ་ཡང་བསྐྱར་སྐུ་སྒེར་ཡིག་ཚང་དུ་བཅར། དེ་ཉིན་ངས་བོད་ནང་གི་གྲོགས་མོ་ཞིག་དང་ཁོ་མོའི་ཨ་མའི་ནང་མི་ཡོངས་ལ་སྐྱབས་རྟེན་རེ་ཕུལ་བ་ཡིན། བྱུང་འཛིན་གཉིས་ཚུར་ལེན་སྐབས་ང་ཧ་ལས་སུ་བཅུག སྐྱབས་རྟེན་ཐོག་༼དད་ལྡན། རིན་ཆེན་སྒྲོལ་མ་ནང་མི་ཡོངས་ནས་ ༽ཞེས་པའི་ཚབ་ཏུ་༼ དེད་ལྡན། རིན་ཆེན་སྒྲོལ་མ་ནང་མོ་ཡོང་ནས་ ༽ ཞེས་བྲིས་འདུག་པ་མ་ཟད། ཚིག་རྐང་གཅིག་ནང་བྱུང་བའི་ཡིག་ནོར་གསུམ་ཆ་བྱུང་འཛིན་གཉིས་ཀའི་ནང་གཅིག་མཚུངས་སུ་ནོར་འདུག ཕྱིར་ནང་དུ་ལོག་རྗེས་ངས་དེ་སྔོན་ཕུལ་བའི་སྐྱབས་རྟེན་དང་བསྔོ་རྟེན་གྱི་བྱུང་འཛིན་རྣམས་རེ་རེ་བཞིན་ཞིབ་ཚགས་ཀྱིས་ཐེངས་གཅིག་བཀླགས་པ་ཡིན། ཨ་ཕས་བསྔོ་རྟེན་བཞི་དང་སྐྱབས་རྟེན་བདུན་ཅུ་དོན་ལྔ་ཕུལ་བའི་ནང་བྱུང་འཛིན་བཅུ་དགུ་ལ་གོང་གསལ་ལྟར་ཡིག་ནོར་ཤོར་འདུག ཡིག་ནོར་ཤོར་སའི་ཞུ་རྟེན་འབུལ་མི་རྣམས་ལས་རེ་འགའ་སྤྱིར་བཏང་གི་ལས་བྱེད་ཙམ་ཡིན་ནའང་། མང་ཤོས་ནི་ད་ལྟའི་ཆར་བོད་ནང་དགེ་རྒན་སོགས་སློབ་གསོ་དང་རིག་གཞུང་གི་ཕྱག་ལས་གནང་མཁན་ཡིན་ཞིང་ ། ཁོང་ཚོའི་ནང་ཅུང་སྙན་གྲགས་ཡོད་པའི་རྩོམ་པ་པོ་ཁག་ཅིག་ཀྱང་ཡོད་ལ། ངའི་གྲོགས་མོ་དེ་ད་ལྟ་བོད་རིག་པའི་སྐོར་ལ་འབུམ་རམས་པའི་སློབ་སྦྱོང་གནང་མཁན་ཞིག་ཡིན། སྐྱབས་རྟེན་བསྔོ་རྟེན་གྱི་བྱུང་འཛིན་ཀླད་དུ་༼ ཏཱ་ལའི་བླ་མའི་དགེ་རྩ ༽ ཞེས་པའི་ཡིག་འབྲུ་ཆེན་པོ་ལྔ་ཚོན་མདོག་དམར་པོའི་ནང་བྲིས་འདུག་ཐོག གཤམ་དུ་༼ འབྱོར་བ་ལྟར་དད་རྫས་རྣམས་ལུགས་ཟུང་སྤྱི་ཚོགས་བདེ་རྩ་ཁོ་ནར་སྨིན་གཏོང་བསྔོ་སྨོན་བྱེད། ཏཱ་ལའི་བླ་མས། ༽ཞེས་ཀྱང་འཁོད་འདུག ཨ་ཕ་ངེད་གཉིས་ཀྱི་མདུན་དུ་ཡིག་ནོར་འབྲི་མཁན་ནི་སྐྱབས་རྟེན་ཁང་གི་དགེ་འདུན་པ་རྣམ་གཉིས་རེད། འོན་ཀྱང་བྱུང་འཛིན་འདི་དག་རེ་རེ་བཞིན་དོ་བདག་ལ་འབྱོར་སྐབས་གནས་སྟངས་གཞན་ཞིག་སྟེ། ཡིག་ནོར་འབྲི་མཁན་༼ དད་རྫས་རྣམས་སྤྱི་ཚོགས་བདེ་རྩ་ཁོ་ནར་སྨིན་གཏོང་བསྔོ་སྨོན་བྱེད་མཁན་ ༽ཀྱི་ཏཱ་ལའི་བླ་མ་ཆགས་འགྲོ་ལ། བྱུང་འཛིན་ནང་འཁོད་པ་ལྟར་དོན་དངོས་ཀྱི་ཐོག་ནས་ཀྱང་འདི་དག་ཏཱ་ལའི་བླ་མའི་ཡིག་ནོར་ཆགས་ཡོད།
སྤྲུལ་སྐུ་མྱུར་འབྱོན། ཚེ་རབས་རྗེས་འཛིན། ཞབས་བརྟེན་གསོལ་འདེབས། བོད་ཕྱི་ནང་གི་བླ་སྤྲུལ་ཁག་འཁྲུངས་འདས་སྐབས་ཞུས་ངོར་བསྩལ་པའི་བཀའ་རྩོམ་ཐུང་གྲས་ཁག་ལས། ཏཱ་ལའི་བླ་མར་༼ ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ ༽ ལྟ་བུ་སྐུ་དངོས་ནས་ཕྱག་རྩོམ་གནང་བའི་བོད་ཡིག་གི་བཀའ་རྩོམ་མང་པོ་མེད། འོན་ཀྱང་ཏཱ་ལའི་བླ་མར་བོད་ཡིག་ནང་ཡིག་ནོར་འབྲི་ས་གཞན་ཞིག་ཡོད། དེ་ནི་བོད་ཡིག་གི་དཔེ་དེབ་ཁག་ཅིག་དཔར་བསྐྲུན་སྐབས་གནང་བའི་ཏཱ་ལའི་བླ་མའི་ཆེད་བརྗོད་ཁག་ནང་ཡིན། གནས་ཡུལ་གྱི་དབང་གིས་ང་ཡོད་ས་འདིར་བོད་ཡིག་གི་དེབ་མང་པོ་མེད། བཙན་བྱོལ་ནང་དཔར་བསྐྲུན་བྱས་པའི་བོད་ཡིག་གི་དཔེ་དེབ་ལྔ་བཅུ་ཙམ་ཡོད་པའི་ནང་ཏཱ་ལའི་བླ་མས་ཆེད་བརྗོད་གནང་བའི་དེབ་བཅུ་གཅིག་འདུག དེ་དག་ལས་རེ་འགའ་བོད་ཀྱི་དཔེ་མཛོད་ཁང་དང་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་། ལྡི་ལི་བོད་ཁང་། ས་པཎ་སློབ་གཉེར་ཁང་། བོད་ཀྱི་དུས་བབ་སོགས་རིག་གཞུང་གི་ཚོགས་སྡེ་ཁག་དང་། རེ་འགའ་མི་སྒེར་སོ་སོས་དཔར་བསྐྲུན་བྱས་འདུག ༼ སངས་རྒྱས་ཀྱི་དཔའ་རྟུལ་ཚོ ༽ ལྟ་བུ་བོད་བསྒྱུར་བྱས་པའི་དཔེ་དེབ་ཁག་གི་ཆེད་བརྗོད་ལས་དེ་མིན་ཚང་མ་བོད་ཡིག་ནང་བསྩལ་འདུག ཤོག་ངོས་ཕྱེད་ཀ་ལས་མེད་པའི་ཆེད་བརྗོད་ཐུང་ཐུང་ཞིག་ཡིན་ནའང་དེའི་ནང་ཡིག་ནོར་དང་གཏེགས་ནོར། ཆད་ནོར་སོགས་ཅི་རིགས་ཤིག་མཐོང་ཐུབ། ཡིག་ནོར་ཡོད་པའི་ཆེད་བརྗོད་ཁག་གི་གཤམ་དུ་༼ ཀུན་ལ་དགེ་ཞིང་ཤིས་པའི་སྨོན་འདུན་བཅས། ཏཱ་ལའི་བླ་མས།༽ ཞེས་པ་ལྟ་བུའི་སྦྱར་བྱང་ཡོད་ལ། སྦྱར་བྱང་གི་ཟུར་དུ་ཏཱ་ལའི་བླ་མའི་ཕྱག་དམ་ཆུང་ཆུང་དེ་ཕབས་ཡོད། སྐྱབས་རྟེན་ཁང་གི་དགེ་འདུན་པ་ལྟར་ཆེད་བརྗོད་འདི་དག་འབྲི་མཁན་ནི་སྐུ་སྒེར་ཡིག་ཚང་གི་སྐུ་ངོ་གང་དང་ལས་བྱ་སུ་ཞིག་ཡིན་པར་བློ་དོགས་གང་ཡང་མེད། འོན་ཀྱང་ཆེད་བརྗོད་ཅན་གྱི་དཔེ་དེབ་དེ་དག་དཔར་ཁང་བརྒྱུད་སྤྱི་ཚོགས་ཐོག་ཐོན་སྐབས་ཆེད་བརྗོད་སྩོལ་མཁན་ཏཱ་ལའི་བླ་མ་ཡིན་ལ། ཆེད་བརྗོད་ནང་གི་ཡིག་ནོར་འབྲི་མཁན་ཡང་ཏཱ་ལའི་བླ་མ་ལས་གཞན་མིན། མ་གཞི་ནས་དཔེ་དེབ་གང་ཞིག་གི་ཆེད་བརྗོད་ནི་དེའི་ནང་དོན་དང་འབྲེལ་བ་ཆགས་དགོས་ལ། བྱུང་ན་ཆེད་བརྗོད་འབྲི་མཁན་གྱིས་ནང་དོན་དེའི་སྐོར་ལ་རང་ཉིད་ཀྱི་ལྟ་ཚུལ་དང་འབྲེལ་བའི་གླེང་སློང་འོས་འཚམ་རེ་བྱེད་དགོས་པར་འདོད། ངའི་ལག་སྣེ་འདིར་ཡོད་པའི་ཏཱ་ལའི་བླ་མས་ཆེད་བརྗོད་བསྩལ་སའི་དཔེ་དེབ་ཁག་གི་ནང་དོན་ནི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་སྒེར་བའི་མི་ཚེའི་བྱུང་བ། དེ་བཞིན་དེང་སང་ཆེས་ཆར་དར་བཞིན་པའི་འབོལ་རྩོམ་དང་སྙན་རྩོམ་ཁག་དེབ་གཟུགས་སུ་བསྐྲུན་པ་དག་རེད། ཏཱ་ལའི་བླ་མ་ནི་བོད་མིའི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་དང་བོད་ཀྱི་དབུ་འཁྲིད་ཡིན་པ་ལས། ཁོང་ནི་བོད་ཀྱི་ལོ་རྒྱུས་མཁས་པ་མིན་ལ། དེ་བཞིན་འབོལ་རྩོམ་དང་སྒྲུང་གཏམ་འབྲི་མཁན་གྱི་རྩོམ་པ་པོ་མིན་ཐོག སྙན་ངག་པ་ཞིག་དེ་བས་ཀྱང་མིན། དེར་བརྟེན་རྩོམ་པ་པོ་འདི་དག་གིས་རང་ཉིད་ཀྱི་དཔེ་དེབ་ཁག་གི་ཆེད་བརྗོད་ཏཱ་ལའི་བླ་མར་ཞུས་པ་ནི་དང་པོ་ནས་ནོར་འཁྲུལ་ཞིག་ཆགས་ཡོད། འོན་ཀྱང་ཁོང་ཚོས་ཞུས་ངོ་བཞིན་སྐུ་སྒེར་ཡིག་ཚང་ནས་ཀྱང་གནང་རྐྱང་བྱས་ཡོད། སྐབས་འདིར་ཆེད་བརྗོད་འབྲི་མཁན་སྐུ་སྒེར་ཡིག་ཚང་གི་སྐུ་ངོ་དང་ལས་བྱ་གང་རུང་གིས་གཟབ་ནན་བྱེད་ས་ནི་ཆེད་བརྗོད་དང་དཔེ་དེབ་བར་གྱི་འབྲེལ་གྲུབ་དང་། ཆེད་བརྗོད་ནང་གི་ཡིག་ནོར་སོགས་མིན། ཧ་ཅང་གིས་གཟབ་ས་ནི་ཁོང་ཚོ་དང་ཆེད་བརྗོད་ཞུ་མཁན་ཚོའི་བར་གྱི་མཛའ་འབྲེལ་དང་མཐུན་འབྲེལ་དེ་ཆགས་ཡོད་པར་སྙམ།
འདས་ལོའི་ལོ་མཇུག་ཏུ་ཏཱ་ལའི་བླ་མས་བཙན་བྱོལ་བོད་མིའི་ཤེས་ཡོན་འཐུས་ཤོར་ལ་སོང་བའི་བཀའ་སློབ་ནན་པོ་ཞིག་ཕབས། ང་ངྷ་སར་འབྱོར་སྐབས་དེར་ཤེས་རིག་ལས་ཁུངས་ཀྱིས་ཚོགས་འདུ་བསྡུས་ཤིང་མཁས་དབང་རྣམས་ཞུས་ནས་བགྲོ་གླེང་གནང་སྐབས་ཤིག་རེད། འོན་ཀྱང་ཏཱ་ལའི་བླ་མའི་ཡིག་ཚང་ནང་ཕྱག་ལས་གནང་མཁན་ཚོས་འདི་ལྟར་མུ་མཐུད་དེ་ཁོང་གི་མཚན་ཐོག་ནས་ཡིག་ནོར་འབྲི་བཞིན་ཡོད། ཁོང་ཚོས་བོད་ཀྱི་ཆོས་རིག་གི་སྲོག་རྩར་ཆགས་པའི་བོད་ཡིག་གི་དག་ཆར་འགན་མི་འཁུར་བ་མ་ཟད། ཏཱ་ལའི་བླ་མའི་ཡིག་ཚང་ནང་ཕྱག་ལས་གནང་བཞིན་ཏཱ་ལའི་བླ་མའི་མཚན་གནས་རྗེས་འབྲེལ་ལའང་འགན་མི་འཁུར་བ་ནི་ཇི་འདྲའི་བློ་ངོར་མི་ཤོང་བ་ཞིག་རེད།
ཏ་ལའི་བླ་མའི་ཡིག་ནོར་ཟེར་བ་ལས། ཏ་ལའི་བླ་མའི་མཚན་མིང་བེད་སྤྱོད་བྱེད་མཁན་གྱི་ཡིག་ནོར་ཞེས་བཏགས་ཡོད་ན་དངོས་ནས་ཡག་པོ་ཡོད་འདུག ཡིན་ཡང་། རྩོམ་ཡིག་འདིའི་ནང་དོན་ནི་གཞུང་འབྲེལ་ལས་བྱེད་དང་ལས་ཁུངས་དེ་དག་གི་ནང་བསྡོད་མི་སྣ་དེ་དག་སེམས་ནང་དུ་འཇོག་ཐུབ་པ་ཡིན་ན་དངོས་ནས་ཡག་པོ་རེད། དེ་མིན་འདི་ནས་དེ་དག་གི་གང་ཡང་འཇོན་གྱི་མེད་རབས་བཤད་བསྡད་པ་ཡིན་ན་དེ་འདྲ་ཞིག་རེད་འདུག་གོ
གོང་གི་བསམ་འཆར་འདི་ཡག་པོ་འདུག ང་ཚོས་སྐྱོན་དེར་དཔྱད་པའི་སྐབས་ལ། ཐུག་ས་དེ་ལམ་ལུགས་ཞིག་ལ་ཐུག་འདུག
གོང་གི་འབྱུང་འཛིན་བྲི་མཁན་གྱི་གྲྭ་པ་དེ་ཚོ་བོད་རིགས་སྤྱི་དམངས་ནས་ཡིག་ཚད་བཏང་ནས་ཡོང་བའི་ཤེས་ཚད་ཅན་དེ་ལྟར་མིན་པར། གྲྭ་པ་ལོ་ཆུང་ཤ་དཀར་བ། རྣམ་པ་དྲག་པ་ལ་བརྟེན་ནས་སྐུ་སྒེར་ཡིག་ཚང་ལ་སླེབས་པ་དེར་དཔྱད་དགོས།
ཁོང་ཚོ་ནི་སྐུ་སྒེར་ཡིག་ཚང་གི་དྲུང་ཆེ་གྲྭ་རྒན་དེ་ཚོའི་ཞབས་ཕྱི་ཞུས་ནས་སླེབས་པའི་ལོ་རྒྱུས་རྣམ་གྲྭ་ཟུར་པ་མང་པོ་ཞིག་གིས་ཤོད་སྲོལ་འདུག གྲྭ་པ་འཛིན་བྲི་མཁན་དེ་ཚོ་སྐུ་སྒེར་དང་རྣམ་གྲའི་འགོ་འཛིན་དེ་ཚོའི་ཨ་ཕྲུག་རེད་ཟེར་གྱི་འདུག གྲྭ་པ་དེ་ཚོས་ཞབས་ཕྱི་གང་ཞུ་གི་ཡོད་པ་རེད་དམ།
རྣམ་པ་ཡག་དང་མི་ཡག་དེ། །
མི་བུ་རང་གི་ཚོགས་བསགས་རེད། །
སྐུ་སྒེར་ལས་ཀ་རེག་མིན་དེ། །
གྲྭ་རྒན་དག་གི་བདམ་གསེས་རེད། །
རྩོམ་ཡིག་འདིའི་ཁ་བྱང་མི་གཅིག་པ་མ་གཏོགས་རྩོམ་འབྲི་བས་བོད་ཀྱི་དུས་དེབ་སྒང་ལ་ཡང་བཀོད་འདུག
སྐྱོན་ཡོད་ས་དེ་བཤད་པ་ཡག་པོ་རེད་ལ་དེ་ཡང་གཞན་གྱི་ས་ནས་གོ་ཐོས་འདྲ་བོ་མ་ཡིན་པར་རང་གི་སྟེང་ལ་དངོས་སུ་བྱུང་། མིག་གིས་དངོས་སུ་མཐོང་བ་དེ་འདྲ་རེད་འདུག
འོན་ཀྱང་། རྩོམ་འབྲི་བས་བསམ་ཚུལ་་སྤེལ་རྒྱུ་ཙམ་མ་གཏོགས་གཞན་རྩོམ་ཡིག་གི་ཁ་བྱང་ལ་བསམ་བློ་ཞིབ་ཕྲ་ཞིག་མ་བཏང་བ་འདྲ། གལ་སྲིད་བསམ་ཚུལ་འདིའི་ཁ་བྱང་དངོས་དེ་ཏཱ་ལའི་བླ་མའི་ཡིག་ནོར་ཡིན་ན། ཏཱ་ལའི་བླ་མའི་ཡིག་ནོར་དང་རྩོམ་གྱི་བརྗོད་བྱ་གཉིས་ལ་འབྲེལ་བ་མི་འདུག རྗོད་བྱེད་ཀྱིས་བརྗོད་བྱ་མ་འཁེབས་པའི་བཟོ་འདྲ་བོ་ཞིག་འདུག
རྩོམ་མཁན་གྱིས་ཀྱང་གནད་དོན་འདིའི་རིགས་ཀྱི་མཇུག་འབྲས་ལ་བསམ་བློ་བཏང་ནས་ལབ་འདུག་མོད། འོན་ཀྱང་། ཏཱ་ལའི་བླ་མས་བྲིས་བའི་ཡི་གེ་མིན་ཕྱིན། ཏཱ་ལའི་བླ་མས་ཡིག་ནོར་ཤོར་མིན་ཕྱིན། དེ་ཏཱ་ལའི་བླ་མས་ཡིག་ནོར་མ་རེད། གཤམ་འོག་ལས་བྱེད་ཀྱི་ཡིག་ནོར་རེད། སྐུ་སྒེར་ཡིག་ཚང་ནང་གི་ལས་ཀྱི་སྣེ་མོར་གཏོགས་པ་འགའི་ཡིག་ནོར་རེད།
གཞན། བོད་པ་ཚོས་༧གོང་ས་མཆོག་གི་མཚན་དང་འབྲེལ་བའི་སྐོར་ནས་རྩོམ་ཡིག་སྤེལ་དུས། ཏཱ་ལའི་བླ་མ་ཟེར་རྒྱུའི་ཚབ་ལ་༧གོང་ས་མཆོག་དང་ཡིད་བཞིན་ནོར་བུ། རྒྱལ་བ་རིན་པོ་ཆེ། ཡེ་ཤེས་ནོར་བུ་སོགས་ཀྱི་ཐ་སྙད་དེ་བེད་སྤྱོད་བཏང་ན་ཡག་པོ་འདུག ཏཱ་ལའི་བླ་མ་ཟེར་བའི་ཐ་སྙད་འདིའི་འབྱུང་ཁུངས་ཡག བེད་སྤྱོད་གཏོང་སྟངས་ཀྱི་བརྒྱུད་རིམ་ཏན་ཏན་བསམ་བློ་གཏོང་དགོས་བ་ཞིག་ཡོད། མཚན་འདི་བེད་སྤྱད་ནས་༧གོང་ས་མཆོག་ལ་དུས་རྟག་དུ་ཁ་རྡུང་གཏོང་མཁན་རྒྱ་ནག་སྲིད་གཞུང་ཡིན། འདི་ནི་ངེད་ཀྱི་རྨོངས་འཆར་ཙམ་ཡིན།
བསམ་ཤེས།
ཞབས་ཕྱི་དེ་གཅིག་ལས་མེད། དེ་ནི་རླ་ཤ་གཉིས་སྒྲིམ་ནས། དེའི་དཀྱིལ་ལ། གྲྭ་རྒན་ཚོའི་མཚན་མ་སོབ་སོབ་དེ་ཡར་འཇུག མར་འདོན། ཡང་ཡར་འཇུག མར་འདོན་བྱ་རྒྱུ་དེ་རེད། དེ་ལ་དགོན་པའི་ནང་དམིགས་བསལ་གྱི་ཐ་ྙད་ཀྱང་ཡོད། དཔེར་ན། ཏིང་ཤག སྒ་རྒྱབ་པ། ད་དུང་། སྦོ་གཏོད་ཀྱང་ཟེར།
ཏིང་ཤག་ཟེར་ན། དགོན་པའི་ནང་ཏིང་ཤག་ཅེས། སྒྲ་ྙན་པའི་ཏིང་ཆུང་ཆུང་གཉིས་རྡུང་པ་ནང་བཞིན། ཐེངས་གཅིག་ཕར་རྡུང་། ཐེངས་གཅིག་ཚུར་ལེན་བྱེད་པའི་བྱེད་སྲོལ་ཡིན་ས་རེད།
ངའི་གོ་ཐོས་ལ། དེ་སང་ཞབས་ཕྱི་དེ་དར་ཁྱབ་ཤུགས་ཆེ་རུ་ཕྱིན་ནས། ཁྱིམ་པའི་ནང་ལ་ཡང་དར་ཡོང་གི་འདུག་ཟེར། བདེན་པ་ཡིན་མིན་མ་ཤེས།
སྐར་ཆེན་གྱི་བསམ་ཚུལ་དེ་ལ་རྒྱབ་སྐྱོར་ཡོད། རྗེས་ཕྱོགས་བོད་མི་རང་གི་རྩོམ་ཡིག་འབྲི་མཁན་ཚོས་མིང་ཚིགས་དེ་བེད་སྤྱོད་མ་བཏང་ན་ཡག་པོ་འདུག་པ་མ་ཟད། ངེད་ཅག་ལ་བོད་རང་ཉིད་ཀྱི་མིང་ཚིགས་དོན་སྙིང་ལྡན་པ་ཁ་ཤས་ཤིག་སྔ་ས་ནས་ཡོད་པ་དེ་དག་བེད་སྤྱོད་བྱེད་ཐུབ་པ་ཡིན་ན་ནི་ཡག་པོ་ཡོད་པ་མ་ཟད། བོད་སྤྱི་ཡོངས་ཀྱི་རྣ་ལམ་དུའང་ཐོས་དུས་བདེ་བོ་ཞིག་ཡོད་པ་རེད། ད་དུང་ཏ་ལའི་ཟེར་བའི་མིང་དེ་ཡང་སོག་པོའི་༧གོང་མཆོག་ལ་གནང་བས་མིང་དེ་རྒྱ་མཚོ་ཟེར་བའི་དོན་ལས་གང་ཡང་མེད་པ་དེའོ། ངེད་ཅག་གིས་སྤྱན་རས་གཟིགས། སྐྱབས་མགོན་རིན་པོ་ཆེ། པད་དཀར་འཛིན་པ། བསྟན་འཛིན་རྒྱ་མཚོ། ཟེར་བའི་མིང་ཚིགས་དོན་སྙིང་ལྡན་པ་འདི་འདྲའི་མང་བོ་ཞིག་བཞག་ནས་གཞན་ཞིག་གི་མིང་རྗེས་འགྲེང་དགོས་དོན་ཡང་མི་འདུག་སྙམ། ལྷག་པར་དུ་གོང་གི་རྩོམ་ཡིག་དེའི་ཁ་བྱང་ནི་རྩོམ་པ་པོ་རང་གི་རྩོམ་ཡིག་བྲིས་སྐབས་ཀྱི་ཁ་བྱང་མ་ཡིན་པ་འདྲ། གང་ཡིན་ཟེར་ན་དུས་བབ་ཚང་གི་བསམ་ཚུལ་གྱི་འཁྲིས་སུ་རྩོམ་ཡིག་འདི་མཚན་གནས་རྗེས་འབྲེལ་གྱི་ཡིག་ནོར་ཞེས་བཏགས་ནས་བཀོད་འདུག འདི་བྱེད་མཁན་ནི་ཕལ་ཆེར་རྩོམ་སྒྲིག་པ་ཡིན་པ་འདྲ། དེ་ལ་གསལ་བཤད་ཞིག་བྱེད་ཐུབ་པ་ཡིན་ན་ཡག་པོ་འདུག གལ་ཏེ་རྩོམ་ཡིག་སྤེལ་མཁན་རང་ཉིད་ཀྱིས་རྩོམ་ཡིག་གཅིག་ལ་མིང་གཉིས་བཏགས་པ་ནི་དངོས་ནས་ཡག་པོ་མ་རེད།
གྲྭ་པ་དེ་ཚོར་བླ་རྒན་དེ་ཚོའི་འདོད་ཆགས་སྤེལ་ཆེད་དུ་བེད་སྤྱོད་གཏོང་ཆེད། དམིགས་བསལ་ལས་ཀ་སྤྲད་ཀྱི་ཡོད་པ་འདི་རྣམ་རྒྱལ་གྲྭ་ཚང་གི་གྲྭ་པ་ཟུར་པ་འདི་ཚོས་རྒྱུན་དུ་ཤོད་བཞིན་འདུག དེ་སྔོན་ཕ་ཡུལ་དྲ་རྒྱའི་བགྲོ་གླེང་གི་ཤོག་ངོས་སྟེང་། རྣམ་རྒྱལ་གྲྭ་ཚང་གི་གྲྭ་པ་ཞིག་གིས། སྐུ་སྒེར་ཡིག་ཚང་གི་མཆོད་དཔོན་བཀྲིས་ལགས་ཀྱིས། ཁོ་པར་བཙན་གཡེམ་བྱས་པའི་སྐོར་དང་། དེ་མིན་རྣམ་རྒྱལ་གྲྭ་ཚང་གི་བླ་རྒན་དང་འགོ་པ་རྣམས་ཀྱིས་གྲ་གཞོན་ཚོར་ཁོང་ཚོའི་འདོད་མོས་མེད་པར་ཆགས་སྤྱོད་སྤེལ་བའི་སྐོར་བཀོད་འདུག
དུས་ཚོད་ཐུང་ཐུང་ཞིག་གི་ནང་ལ་རྩོམ་ཡིག་གཅིག་ལ་ཁ་བྱང་གཉིས་བཏགས་ནས་སྤེལ་དགོས་དོན་ཅི་ཡིན་ནམ། རྒྱུ་མཚན་ངེས་ཅན་ཡོད་དམ་མེད།
རྩོམ་འབྲི་བ་ཟླ་བ་ཚེ་རིང་ལགས་ནས་ལན་ཞིག་ཡོད་པར་མཁྱེན།
ཏྰ་ལའི་བླ་མ་ཞེས་པའི་མིང་ཚིག་འདི་གོང་གི་མཆན་འགོད་པ་གཉིས་ཀྱིས་གསུངས་པ་ལྟར་རྒྱ་ནག་གི་མིང་ཚིག་ནག་པོ་དེ་འདྲ་གང་ཡང་མ་རེད། འདི་ཡང་བོད་མི་ཚོས་ནམ་རྒྱུན་གུས་འབུལ་ཞུ་བའི་མཚན་༧གོང་ས་མཆོག་དང་སྐུ་མདུན། ཡིད་བཞིན་ནོར་བུ། ཐམས་ཅད་མཁྱེན་པ། རྒྱལ་བ་རིན་པོ་ཆེ། རྒྱལ་དབང་ཚང་། སྐྱབས་མགོན་རིན་པོ་ཆེ། པད་དཀར་འཛིན་པ་སོགས་དང་དམིགས་བསལ་གྱི་ཁྱད་པར་ཅི་ཡང་མེད་ལ། མཚན་གཞན་དག་གི་ནང་བོད་མི་ཚོས་ཅི་ཙམ་གྱིས་ཆེ་བརྗོད་བྱས་ཡོད་པ་ལྟར་ཏྰ་ལའི་བླ་མ་ཞེས་པའི་མིང་འདིའང་ཆེ་བརྗོད་ཀྱི་མཚན་ཞིག་ཡིན་པ་དེའི་གོ་དོན་དང་བྱུང་རབས་ནང་གསལ་བོར་བཀོད་ཡོད།
ཟླ་བ་ཚེ་རིང་ཟེར་བ་འདིས་མཛུབ་མོ་གང་ལ་འཛུགས་བསམ་པ་ཡིན་ནམ། རྩོམ་ཡིག་གི་ཁ་བྱང་དང་རྩོམ་ཡིག་གི་ནང་དོན་གཉིས་ཏག་ཏག་ཅིག་ཁྱོན་ནས་མ་རེད། འདི་ཚོས་རྒྱ་ནག་གཞུང་གི་བཤད་སྟངས་ཀྱི་ལད་ཟློས་བྱས་ནས་གོང་ས་མཆོག་ལ་མ་དགའ་བ་བྱེད་དོན་ཅི་ཡིན་ནམ། ཡིག་ནོར་དེ་བསྔོ་རྟེན་གྱི་བྱུང་འཛིན་སྤྲོད་མཁན་གྱི་ཡིག་ནོར་ཡིན་པ་ངོས་ལེན་བྱེད་བཞིན་དུའང༌། ད་དུང་མཛུབ་མོ་དེ་གོང་ས་མཆོག་ལ་འཛུགས་སྟངས་འདི་ཡག་པོ་ཁྱོན་ནས་མ་རེད།
ཟླ་བ་ཚེ་རིང་ཟེར་བ་འདི་ང་ཚོ་གསོག་སྒར་ན་ཡོད་དུས་ཀྱི་དགེ་རྒན་ཨ་མདོ་བ་ཞིག་ཡོད་པ་དེ་ཡིན་ཤས་ཆེ། དེ་ཡིན་ན་ནི། ང་དང་གཅིག་པ། བསྔོ་རྟེན་བྱུང་འཛིན་འབྲི་མཁན་དེ་དག་དང་གཅིག་པའི་ཤེས་ཚད་ཅིག་ལས་མེད་པ་ཧོ་གོ་དོན་གསལ་ཡིན། དཔེར་ན། འདིས་བོད་ཀྱི་དུས་བབ་ནང་ལས་ཀ་འདྲ་ཞིག་བྱས་མྱོང་བ་རེད། འདི་འདྲ་བ་ཁ་ཤས་ཤིག་གི་ལག་པ་བོད་ཀྱི་དུས་བབ་ལ་འཆང་བ་ནས་དུས་དེ་རིང་བར། ཡིག་ནོར་མེད་པའི་བོད་ཀྱི་དུས་བབ་ཚགས་པར་ཞིག་ཀློག་མཁན་ཚོས་མཐོང་མ་མྱོང༌། ཆོས་དང་རིག་གཞུང་གི་སྲོག་རྩར་གྱུར་པའི་བོད་ཡིག་གི་དག་ཆར་འགན་མི་འཁུར་མཁན་ཞིག་བཙལ་བསམ་ན། བོད་ཀྱི་དུས་བབ་གསར་ཤོག་ནི་སྡུག་ཤོས་དང་ཉག་ཉེས་ཆེ་ཤོས་ཡིན། འདིས་ཉེ་བའི་ལོ་ཤས་རིང་བོད་ཡིག་གི་དག་ཆ་ལ་འགན་འཁུར་མྱོང་མེད། ཀློག་མཁན་མང་ཤོས་ཀྱི་ལྷོ་ཕྱོགས་གདན་ས་ཁག་གི་ཀློག་མཁན་མང་པོས། བོད་ཀྱི་དུས་བབ་ཇེ་སྡུག་ལ་ཕྱིན་སོང་ཞེས་སྐད་ཤོར་ནས་འདུག་གཱ ཁ་སང་དེ་རིང་གི་བོད་ཀྱི་དུས་བབ་ཀྱི་ལས་བྱེད་ཚོར་ཁོག་པའི་ནང་ན་སེམས་ཤིག་མེད་ཚོད་རེད། བོད་ཀྱི་བང་ཆེན་ལ་དགའ་བསུ་ཡོད། དག་ཆ་ཡག་པོ་འདུག འགན་ཁུར་བའི་རྣམ་པ་གསལ་པོ་འདུག
ངས་བཤད་པ་ནི་བོད་རང་གི་སྐད་དུ་མིང་ཚིགས་ཕྱུག་པོ་དེ་འདྲ་ཡོད་བཞིན་དུ་གཞན་མིས་གནང་བས་མིང་དེ་དག་གི་རྗེས་སུ་ཤར་རྒྱུགས་བྱེད་དགོས་ཀྱི་མེད་པར་བཤད་པ་ཡིན། བོད་པ་འདི་ཚང་དངོས་ནས་གཞན་ཞིག་གི་གནང་བའི་ཆོ་ལོ་ལ་དེ་འདྲ་དགའ་ནས་སྔར་ཡང་འཕོང་མྱོང་ཡོད་ལ། ཕྱིས་སུ་ཡང་འདི་ལྟར་སོང་བ་ཡིན་ན་ནི་བོད་རང་གི་མིང་ཚིགས་ཕྱུག་པོ་ཡོད་པ་དེ་དག་བེད་མེད་དུ་མི་འགྲོ་བའི་ཉེན་ཁ་གཏན་ནས་མེད་པ་ཞིག་མ་ཡིན་སྟབས། མིང་ཚིགས་གཅིག་ཡིན་ཡང་བོད་རང་གི་མིང་ཚིགས་དངོས་དེ་བེད་སྤྱོད་བྱེད་ཐུབ་ན་ལེགས་པོ་འདུག་ཟེར་བཤད་ཀྱི་ཡོད་པ་ལས་གཞན་པའི་འཁང་ར་བྱེད་འདོད་ཀྱི་བསམ་བློ་རྐྱང་བ་དེ་འདྲ་གང་ཡང་མིན་ནོ།
འདུག་ཟེར་ནས་བཤད་ཀྱི་ཡོད་པ་ལས
དེས་ན་གོང་ནས་རྩོམ་པ་པོས་རྩོམ་ཡིག་ནང་དྲངས་བའི་བྱུང་འཛིན་དང་ཆེད་བརྗོད་དེ་ཚོའི་ཐོག་གི་ཏྰ་ལའི་བླ་མ་དགེ་རྩ་ཞེས་པ་དང་། ཏྰ་ལའི་བླ་མས་ཞེས་པ་སོགས་སྐུ་མདུན་དང་སྐུ་སྒེར་ཡང་གཞན་གྱི་ཆོ་ལོ་སོགས་ལ་དགའ་དྲགས་ཡིན་ནམ། ཁྱོད་ལྟར་ན་དེ་ལྟར་ཡིན་དགོས།
ཁྱོད་ཀྱི་ཨ་ཕ་ཁོ་རང་གིས་རང་ལ་”རྡོ་ཐར”ཞེས་བརྗོད་ན་མི་བདེ་རྒྱུ་ཅང་མེད་མོད། འོན་ཀྱང་ཁྱོད་ཀྱིས་རང་གི་ཨ་ཕ་ལ་”རྡོ་ཐར”ཞེས་ཐད་ཀར་བོས་ན་མ་བདེ་བ་དང་གུས་ཞབས་མེད་པ་ཞིག་ཅི་ལ་མིན།
གོང་ནས་དྲ་གྲོགས་ཤིག་གིས་བོད་ཀྱི་དུས་བབ་དང་བོད་ཀྱི་བང་ཆེན་གཉིས་ལ་ཡིག་སྐྱོན་གྱི་ཐོག་ནས་ཁྱད་པར་ཕྱེས་འདུག དེ་བདེན་པ་མ་རེད། ངས་གསར་ཤོག་དེ་གཉིས་གང་ཡིན་ཡང་འདོན་ཐེངས་རེ་རེ་བཞིན་ཉོས་ནས་ཀློག་གི་ཡོད་ལ། དྲ་ངོས་གཉིས་ཀ་ཕལ་ཆེར་ཉིན་བཞིན་ཁ་ཕྱེས་ནས་ཀློག་གི་ཡོད། ཡིག་ནོར་གྱི་ཕྱོགས་ནས་གཉིས་ཀར་རྭ་སོར་མོ་གང་ལ་རིང་ཐུང་དང་ཤ་རྒྱ་མ་གང་ལ་ཡང་ལྕི་གང་ཡང་མི་འདུག གཉིས་ཀའི་ནང་ཡིག་ནོར་ཡོང་གི་འདུག སྤྱིར་བཏང་གསར་ཤོག་གཉིས་ཀའི་བཟང་ངན་གླེང་དགོས་ནའང་དེ་གང་ཟག་སྒེར་བ་དང་འབྲེལ་ནས་གླེང་བ་དེ་ཡག་པོ་མ་རེད་སྙམ།
བོད་ཀྱི་དུས་བབ་དང་བོད་ཀྱི་བང་ཆེན་གཉིས་བསྡུར་ནས་བཤད་ན། བོད་ཀྱི་བང་ཆེན་དགའ་རབ་ཅིག་གིས་ཡག་ག་འདུག ཚིག་སྦྱོར་དང་དག་ཆ་གཉིས་ཀའི་ཆ་ནས་ཡག་ག་འདུག ངས་འདི་སྤོབས་པ་ཆེན་པོས་བཤད་ཀྱི་ཡོད། ལྷག་པར་དུ་ང་རང་ཚགས་པར་ཀློག་མཁནཞིག་དང་དོ་སྣང་ཡོད་མཁན་ཅིག་གི་དྲང་ཚུགས་བཟུང་ནས་བཤད་ཀྱི་ཡོད། ཅི་རེད། བོད་ཀྱི་དུས་བབ་ཡག་པོ་མེད་ནའང་ཡག་པོ་འདུག་ལབ་དགོས་རེད་དམ། འདི་ངས་ངོས་ལེན་མི་ཐུབ་པའི་དོན་དག་ཅིག་རེད། ལོ་གཉིས་གསུམ་ཅིག་གི་ནང་ལ་བོད་ཀྱིདུས་བབ་ཀྱི་ཚིག་སྦྱོར་དང་དག་ཆ་གཉིས་ཀ་ཉམས་ཆག་ཕྱིན་ཡོད་པ་དེ་འགེབས་བསམ་ནའང་མ་ཁོབས་པ་ཞིག་ཆགས་ཚར་བ་རེད། ཉིན་བཅུ་རེའི་ནང་ཁྲོམ་ལ་སླེབས་ཀྱི་ཡོད་པ་རེད། ང་ཚོས་སྐད་ཆ་དྲང་མོར་བཤད་དགོས་པ་དང༌། སྐྱོན་གནད་ལ་མཛུབ་མོ་བཙུགས་ནས་བཤད་དགོས་པ་དེ་གལ་ཆེན་དོན་ཆེན་རེད། དྲ་གྲོགས་འབིག་ལགས། དེ་ལྟར་བཤད་རྒྱུ་སྔ་དྲགས་པ་རེད། ཁྱེད་རང་གིས་བོད་ཀྱི་དུས་བབ་དང་བོད་ཀྱི་བང་ཆེན་གཉིས་ཀ་ཀློག་གི་ཡོད། དེ་གཉིས་ཀྱི་དྲ་རྒྱ་ཡང་ཀློག་གི་ཡོད་ལབ་འདུག ང་ལ་དྲི་བ་ཞིག་ཡོད། ཉེ་བའི་ཟླ་བ་གསུམ་གྱི་ནང་ལ། དུས་བབ་ཀྱི་རྩོམ་སྒྲིག་པ་ཨ་མདོ་དེ་ཚོས་རང་མདོག་ངོ་མ་དེ་བསྟན་ཡོད། བོད་ཀྱི་དུས་བབ་འདོན་ཐེངས་གཅིག་ལ་ཡིག་ནོར་དྲུག་ཅུ་རེ་བརྒྱད་ལས་མེད་པ་ཞིག་དང༌། འདོན་ཐེངས་གཞན་ཞིག་ལ་ཡིག་ནོར་བརྒྱད་ཅུ་གྱ་གཉིས་ཅན། ད་དུང་དེ་ལས་སྡུག་པ་འདོན་ཐེངས་གཅིག་ལ་ཡིག་ནོར་དགུ་བཅུ་གོ་བཞི་ཡོད་པ་བཅས་བཏོན་ཡོད་པ་རེད། དེ་ལ་ཁྱེད་རང་ནས་དོ་སྣང་བྱུང་ངམ། ཨ་མདོ་བས་ཨ་མདོ་བའི་སྐྱོན་འགེབས་རེས་བྱས་ནས་ལ་དག་རྒྱུ་ཡོད་དམ།
དགེ་འདུན་རབ་གསལ་དང་བསོད་ནམས་ཚེ་རིང་གཉིས་ཀྱི་སྐབས་ལ་དུས་བབ་ལབ་ན་ཚིག་དོན་གང་ཅི་ནས་མིག་དཔེར་འོས་པ་ཞིག་བྱུང་བ་རེད། དེ་ནས་ལྷག་བསམ་དང་ལུང་རིགས་རྒྱལ་གཉིས་ཀྱི་སྐབས་ལའང་དེའི་རྒྱུན་དེ་མུ་མཐུད་ནས་སླེབས་པ་རེད། དེ་རིང་ཁ་སང་ལུང་རིགས་རྒྱལ་ལ་རྩོམ་སྒྲིག་ལས་རོགས་ཟེར་བ་དང༌། གསར་འགོད་པ་ཟེར་བ་ཁྱུ་གཅིག་ཡོད་པ་རེད། ཁྱུ་ཞིག་ཡོད་པ་དེའི་ནང་གནད་ལ་ཐུག་དུས་ཕན་ཐོགས་མཁན་མེད་སོང་བ་རེད།
མི་གཉིས་རེ་བསྡོམས་ན་གཅིག་ལ་མི་དོ་ནའང༌། བཞི་བསྡོམས་ནའང་གཅིག་ལ་མི་དོ་བ་འདི་བོད་ཀྱི་དུས་བབ་ཚགས་པར་གྱི་ཡིག་ནོར་གྱི་རྣམ་དབྱེ་ལྔ་བ་འབྱུང་ཁུངས་རེད། བོད་ཀྱི་དུས་བབ་ཡིག་ནོར་མེད་པ་ཞིག་འདོན་དགོས་ན། རྣམ་དབྱེ་ལྔ་བ་འབྱུང་ཁུངས་འདི་ཡང་དག་པ་ཞིག་དགོས་པ་རེད། དུས་བབ་ཚགས་པར་དག་ཆ་དང་ལྡན་པ་ཞིག དུས་བབ་ཚགས་པར་རིག་གཞུང་ཡར་སྤེལ་ལ་ཕྱོགས་པ་ཞིག་ནི་ཀློག་མཁན་ང་འདྲ་བ་ཚོརའི་རེ་བ་རེད། ང་ལ་མཚོན་ན། དུས་བབ་ཚགས་པར་ཁང་གིས་ངའི་མིང་ཐོག་ལ་ཚགས་པར་བསྐུར་བ་ནས་རྩིས་ན། མགྱོགས་ཤོས་འབྱོར་ན་ཉིན་གྲངས་བདུན་དང་འགོར་ཤོས་ཉིན་གྲངས་བཅུ་གཅིག་གི་ནང་ལ་འབྱོར་གྱི་འདུག དེ་ནས་ངས་རིན་ཆེན་གསེར་རྡོག་ཞིག་འབྱོར་བའི་དགའ་སྣང་ཆེན་པོས་ཀློག་གི་ཡོད། ཉེ་སྔོན་དུས་བབ་ཀྱི་དྲ་རྒྱ་གསར་བ་དེ་སྒོ་ཕྱེས་པ་དེ་ནས་བཟུང༌། གསར་འགྱུར་ཁག་ཅིག་ཚགས་པར་གྱི་སྔོན་ལ་ཀློག་ཐུབ་ཀྱི་འདུག
འདི་ལ་བདེན་ཞད་ཅིག་མཐོང་། དེ་སྔོན་རབ་གསལ་ལགས་དང་ལྷག་བསམ་ལགས་གཉིས་ཡོད་དུས་དང་ད་ལྟ་ཅུང་ཟད་མི་འདྲ། ཡིན་ན་ཡང་ད་དུང་རེ་བ་ཡོད་པའི་ཚགས་པར་ཞིག་ཡིན།
ཟླ་བ་ཚེ་རིང་གིས་རྩོམ་གཅིག་ལ་མིང་བྱང་གཉིས་འདོགས་དོན་ཅི་ཡིན་མིན་གྱི་ལན་དེར་སྒུག་ནས་བསྡད་ཡོད།
ཟླ་བ་དོན་གྲུབ་ལགས་སུ།
གཅིག ང་རང་བོད་ཀྱི་དུས་བབ་དང་བང་ཆེན་གང་ཡིན་ཡང་ཉོས་ནས་ཀློག་གི་ཡོད་ཚུལ་སྔོན་དུ་ཞུས་ཟིན། འོན་ཀྱང་དེ་གཉིས་གང་ཡིན་ཡང་ཀློག་སྐབས་ཡིག་ནོར་གང་ཐུག་པ་དེ་མ་གཏོགས། ཁྱེད་རང་ནང་བཞིན་འདོན་ཐེངས་རེ་རེའི་སྟེང་ཡིག་ནོར་ག་ཚོད་ཡོད་མེད་ཞིབ་འཚོལ་བྱས་མྱོང་མེད། མ་གཞི་ཚགས་པ་གང་ཡིན་ཡང་ཡིག་ནོར་ཤོར་བ་དེ་ཡག་པོ་མིན་པ་ལས་དེར་མང་ཉུང་གི་སྟེང་ནས་བཟང་ངན་ཕྱེས་ན་དྲང་ཚུགས་ཤིག་ཡིན་མིན་མི་ཤེས། ༼ བོད་ཀྱི་དུས་བབ་ལ་ཡིག་ནོར་ཇེ་མང་དུ་འགྲོ་བཞིན་པ་དེ་བདེན་པ་རེད་ལ། དེ་སྔོན་གུས་པས་རྩོམ་སྒྲིག་པར་དེ་སྐོར་འབོད་སྐུལ་ཞུ་རྒྱུ་བྱུང་། བོད་ཀྱི་བང་ཆེན་ལའང་ཞིབ་རྩིས་ཤིག་བྱེད་ཐུབ་ན་དེ་ལས་མང་མི་སྲིད་མ་རེད། ༽
གཉིས། ཡིག་ནོར་མང་ཉུང་གིས་རབ་གསལ་དང་བསོད་ནམས་ཚེ་རིང་སོགས་ཀྱི་སྐབས་དུས་བབ་ཡག་རབས་རྒྱན་རབས་དང་། ད་ལྟ་ཉེས་རབས་སྡུག་རབས་བཤད་པ་ནི་དོན་ལ་གནས་མི་འདུག་སེམས། གསར་ཤོག་ཅིག་གི་བཟང་ངན་ནི་དེའི་ངོ་བོ་དང་འགན་ཁུར་གྱི་སྟེང་ནས་འཇོག་དགོས། བོད་ཀྱི་དུས་བབ་ནི་རང་དབང་དང་གནས་ཚུལ་དྲང་བདེན་དང་ཁུངས་ཐུབ་གཞིར་རྩར་བཟུང་བའི་གསར་ཤོག་ཅིག་ཡིན་པ་ཁོ་ཚོས་བཏོན་པའི་དེབ་རིགས་ཁག་གི་མདུན་རྒྱབ་ཀྱི་ངོ་སྤྲོད་ལས་ཤེས་ཐུབ། གནད་འདི་གཞིར་བཞག་གིས་བཤད་ན་བོད་ཀྱི་དུས་བབ་དེ་སྔོན་ལས་ཡར་རྒྱས་ཕྱིན་མེད་ནའང་མར་འགྲིལ་ལ་སོང་མེད་པ་ཤེས་ཐུབ། ༼ བོད་ཀྱི་བང་ཆེན་དེ་ལྟར་མ་རེད་ཟེར་གི་མེད་ལ། དེ་ལྟར་ཡིན་མིན་ཁ་གསལ་གཏོད་དགོས་པའང་མི་འདུག ༽
གསུམ། བོད་ཀྱི་དུས་བབ་ཀྱི་ལས་བྱེད་ཚོའི་འབྱུང་ཁུངས་དེ་ཡིག་ནོར་དང་ཉེས་སྐྱོན་ཚང་མའི་ཡོང་ཁུངས་ཨ་མ་དེ་ཡིན་པར་བཤད་འདུག འདི་ལ་སྐྱོན་ཞིག་ཏན་ཏན་འདུག ཡིན་ནའང་དེ་ཡང་སྤྱང་གྲུང་འཛོམས་པའི་སྐད་ཆ་ཞིག་མ་རེད། དེས་ན་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ནི་ཆོལ་གསུམ་ཁ་གསུམ་ཐུན་མོང་གིས་གྲུབ་པའི་གསར་འགྱུར་སྡེ་ཚན་ཞིག་རེད། དེའི་དྲ་ངོས་ཀྱི་ཡིག་ནོར་དང་ཚིག་སྦྱོར་མི་བདེ་བ། ཐ་ན་དེར་བོད་སྐད་དང་བོད་ཡིག་མིན་པའི་བརྗོད་པ་གང་མང་ཞིག་ཡོད་པ་དེ་ཅི་ཞིག་གིས་ཐན་པ་བྱུང་བཅུག་པ་རེད། གསར་ཤོག་ཅིག་གི་ལས་བྱེད་ཚོའི་ཡོང་ཁུངས་ལས། ཡོང་ཁུངས་དེ་ནས་ཡོང་བའི་ལས་བྱེད་ཚོས་གསར་ཤོག་བརྒྱུད་སུ་ལ་ཞབས་ཞུ་སྒྲུབ་བཞིན་པ་གཙོ་བ་ཆགས་ཡོད། དེ་ཡང་སྒེར་ཚུགས་ཡོད་པ་གཙོ་བོ་ཆགས་ཡོད། ༼ འདི་ཡང་བོད་ཀྱི་བང་ཆེན་གྱི་ཆད་སྐྱོན་ཞིག་རེད་ཟེར་གི་མེད། འོན་ཀྱང་སྤྱི་ཚོགས་སྟེང་འདི་འདྲའི་བཤད་སྲོལ་ཞིག་འདུག དུས་བབ་དམངས་གཙོའི་སྤྲུལ་སྐུ་དང་བང་ཆེན་དྲང་བདེན་གྱི་ཡང་སྤྲུལ་རེད་ཟེར། ངས་དེ་ལྟར་ངོས་འཛིན་བྱེད་ཀྱིན་མེད་ནའང་བརྟག་རྒྱུ་ཞིག་མེད་དམ་འདོད ༽
བཞི། ཐུགས་བསམ་བཞེས་རྒྱུ་ཞིག་ལ། བསམ་ཚུལ་སོགས་དྲང་ཚུགས་ཡིན་ན་ཆོལ་ཁ་དང་ལུང་ཚན། ཆོས་ལུགས་སོགས་ཀྱི་ཚོར་ཤུགས་དང་འདྲེས་རྒྱུ་ཡོད་ནི་མ་རེད། ཚོར་ཤུགས་དེ་འདྲེས་རྗེས་ཀྱི་བསམ་ཚུལ་སུས་ཀྱང་དྲང་ཚུགས་ལ་འཇོག་གི་མ་རེད། ༼ བསམ་ཚུལ་དེ་རིགས་དྲང་ཚུགས་དུ་བརྩི་མཁན་ནི་དེའི་ཕྱོགས་གཏོགས་ཚོ་ལས་གཞན་མེད། ༽
འདིར་ བོད་ཀྱི་དུས་བབ་ཀྱི་ལས་བྱེད་པས་ བྲིས་པའི་དག་ཆའི་སྐོར་ལ་སྐྱོན་བརྗོད་བྱས་འདུག་ལ། དེ་དག་ཀྱང་། ང་དང་བསོད་ནམས་ཚེ་རིང་གི་མིང་ནས་བོས་ཏེ། སྐབས་དེ་དང་བསྡུར་ནས་བཤད་འདུག སྤྱིར་དག་ཆའི་སྐོར་འདི་ལག་ནས་ཤོར་སླ་ལ། ཤོར་ན་བཅོས་དཀའ་བའི་རང་བཞིན་ཅན་ཞིག་ཡིན་པ་དང་། གཉིས་ནས་དག་ཆ་ཁོ་ནའི་ཐོག་ནས་དུས་དེབ་དང་ཚགས་པར་ལ་རིན་ཐང་འཇལ་མི་རུང་བ་ནི་ཞུ་ག་ལ་དགོས། ངེད་ཀྱིས་འདིར་གསལ་བཤད་ཅིག་ཞུ་འདོད་པ་ནི། དུས་བབ་ཀྱི་གསར་འགྱུར་རྣམས་ནི་སྔོན་ལས་ཡར་རྒྱས་སུ་སོང་འདུག་པ་དེ་ཡིན། ཚགས་པར་ཐོག་བྲིས་པའི་གསར་འགྱུར་རྣམས་ནི་རྩོམ་ཡིག་བྱེ་བྲག་པ་ཞིག་རེད་ལ། རང་གི་རྣམ་པ་དང་མཚན་ཉིད་ཐུན་མིན་དུ་གནས་པའི་རྩོམ་ཡིག་ཅིག་རེད། དུས་བབ་ཀྱི་ཐོག་གི་གསར་འགྱུར་རྣམས་ལ་ནི་དེ་ལྟ་བུའི་རྣམ་པ་འཛོམས་པ་དེས། ཡར་རྒྱས་སུ་སོང་བའི་རྟགས་མཚན་འབུར་ཐོན་དུ་མངོན་འདུག གསར་འགྱུར་རྩོམ་ཡིག་གི་མགོ་བརྗོད་དང་སྒྲོམ། མཇུག་སྡོམ་འབྲི་ཚུལ། དེ་ནས་ བདེན་པ་དང་ཁུངས་འཕེར། ཆ་སྙོམས་བཅས་ཀྱི་རང་བཞིན་ལྡན་པ་སོགས་གང་ཅིའི་ཐད་ནས་ད་ལྟའི་ཆེད་དུས་བབ་ཀྱི་གསར་འགྱུར་རྩོམ་ཡིག་གིས་བོད་ཀྱི་གསར་འགོད་པའི་ལམ་ཕྲན་འདིའི་སྣེ་འཁྲིད་ནས་བསྐྱོད་བཞིན་འདུག་ཅེས་ཞུ་འདོད་བྱུང་།
ཟིན་བྲིས་འདིའི་རྗོད་བྱ་གཙོ་བོ་སྟེ་ཏཱ་ལའི་བླ་མའི་ཡིག་ནོར་ཟེར་བ་འདི་ལ་བསམ་ཚུལ་ཐུང་ཐུང་ཞིག་ཞུའོ།
༡༽སྤྱིར་ཡིག་ཆའི་སྟེང་ལ་སུའི་མཚན་རྟགས་བཀོད་ཡོད་ན། མཚན་འགོད་མཁན་དེར་འགན་ཡོད་པ་ནི་དེང་དུས་ཀྱི་ཁྲིམས་ལུགས་ཀྱི་ྩ་འཛིན་རེད་འདུག དཔེར་ན། བྔོ་འབུལ་ཞུ་བྱ་ལ་མཚོན་ན། བོད་པ་རྣམས་ཀྱིས་དངུལ་དེ་རྒྱལ་བ་རིན་པོ་ཆེ་ལ་ཕུལ་ཡོད། འབྱུང་འཛིན་དེ་རྒྱལ་བ་རིན་པོ་ཆེའི་སྐུ་སྒེར་གྱི་ལས་ཁུངས་ནས་གནང་ཡོད་སྟབས། ངེས་པར་དུ་འབྱུང་འཛིན་གྱི་ནང་དོན་དང་། དག་ཆ་སོགས་ལ་གཟབ་གཟབ་བྱེད་དགོས་པ་འདི་ཤིན་དུ་གལ་ཆེན་པོ་རེད། དེར་རྟེན་ཟིན་བྲིས་ཀྱི་མིང་ལའང་ཏྭ་ལའི་བླ་མའི་ཡིག་ནོར་ཞེས་ཟུར་ཟ་ལྟ་བུར་འགོད་འདུག
༢༽ ངས་ལྟས་པ་ཡིན་ན། སྤྱིར་རྒྱལ་དབང་ཁོང་ནི་ནམ་ཡིན་ཡང་བོད་ཀྱི་རིག་གནས་ལ་དོ་སྣང་ཆེན་པོ་གནང་མཁན་ཞིག་ཡིན་པས། བོད་ཡིག་ལ་སྣང་ཆུང་ནི་ནམ་ཡང་མི་གནང་བ་ངས་ཁས་ལེན་ཐུབ་ཀྱི་འདུག ཡིན་ནའི་སྐུ་སྒེར་ཡིག་ཚང་ནང་ཕྱག་ལས་གནང་མཁན་ཁག་གཅིག་ལ་བོད་ཀྱི་རིག་གནས་དང་སྐད་ལ་དེ་ཙམ་གྱི་དོ་སྣང་ཨེ་ཡོད་ྙམ་པ་ྔོན་མ་ནས་ཡོད། དཔེར་ན། ཏྭ་ལའི་བླ་མའི་༼dalailama.com༽དྲ་རྒྱ་ཟེར་བ་འདི་དབྱིན་ཇིའི་སྐད་དང་རྒྱའི་སྐད་བཅས་ནང་བཏོན་ཡོད་རུང་ད་བར་བོད་ཡིག་ནང་ྩ་བ་ནས་བཏོན་མ་སོང་། དེ་ྔོན་བོད་ཀྱི་རིག་གནས་དྲ་རྒྱ། ༼Tibetcul.com༽ཟེར་བའི་ནང་བོད་ནས་བོད་ཕྲུག་ཁག་གཅིག་གིས་དེའི་སྐོར་ལ་གླེང་སློང་བྱས་སོང་། ཁོང་ཚོའི་སྡོམ་ལ། “རྒྱལ་དབང་ཁོང་ནི་འཛམ་གླིང་མི་དམངས་ཚང་མའི་ཞི་བདེའི་བདག་པོར་འགྱུར་ཡོད་སྟབས། གནས་ཚུལ་ཡོད་དོ་ཅོག་ལ་འཇུས་གཏོགས་གནང་བའི་འཁོམ་པ་མེད། དེར་བརྟེན་རྒྱལ་བའི་ཁྲིས་ལ་ཡོད་པའི་ལས་བྱེད་ཚོས། ྔར་ལས་ལྷག་པའི་སྒོ་ནས་ཤུགས་སྐྱོན་ནས་བསམ་བློ་རྒྱ་སྐྱེད་ཀྱིས་སྐུ་སྒེར་གྱི་བྱ་བ་རྣམས་ལ་ནོར་འཛོལ་མེད་པ་བྱེད་དགོས་ཟེར།
ཡ་མཚན་རང་རེད། སྔོན་དང་བསྡུར་བ་ཡིན་ན། དེ་རིང་ཁ་སང་གི་བོད་ཀྱི་དུས་བབ་ཉམས་ཆག་ཕྱིན་འདུག་ལབ་ན། དེ་བོད་ཀྱི་བང་ཆེན་དང་བསྡུར་དགོས་པའི་ཨ་ཚུགས་འདྲ་ཞིག་བཤད་པ་དེས་ལྷ་ཕོག་ཀླུ་ཕོག་ལྟ་བུ་བྱུང་འདུག་པའི་ཚོར་སྣང་བྱུང༌། འབིག་ལགས་ཀྱིས་བོད་ཀྱི་དུས་བབ་ལ་ཡིག་ནོར་ཇེ་མང་དུ་འགྲོ་བཞིན་པ་དེ་བདེན་པ་རེད་ཅེས་ཁས་ལེན་ཀྱིན་ལེན་ལེན་ཀྱིན་ལ། བོད་ཀྱི་བང་ཆེན་ལའང་རྩིས་ཞིབ་རྩིས་ཤིག་བྱེད་ཐུབ་ན་དེ་ལས་མང་མི་སྲིད་པ་མ་རེད་ཅེས་མ་འདོད་པ་ཆེན་པོ་བཤད་སོང༌། ང་ལ་ནི་ཁ་མཆུ་བོགས་མར་ལེན་འདོད་མེད། དེ་ཁྱེད་རང་གིས་གྲངས་རྩིས་བསྐྱོན་དང་ས་རིས་ཐང་གསལ་ཆགས་ཀི་རེད། ཡང་འབིག་ལགས་ཀྱིས། ཡིག་ནོར་མང་ཉུང་གིས་རབ་གསལ་དང་བསོད་ནམས་ཚེ་རིང་སོགས་ཀྱི་སྐབས་དུས་བབ་ཡག་རབས་རྒྱན་རབས་དང༌། ད་ལྟ་ཉེས་རབས་སྡུག་རབས་བཤད་པ་ནི་དོན་ལ་གནས་མི་འདུག་སེམས་ཞེས་མཐའ་བཟུང་གི་ཚིག་གིས་གོང་འོག་གི་རྗོད་ཚིག་ནང་འགལ་དུ་བྱས་འདུག་པ་གོ་དོན་གཅིག་ཏུ་འབབ་པ་ཞིག་མ་རེད།
ཡང་ཚིག་གཅིག་ལ་ནི། བོད་ཀྱི་དུས་བབ་ནི་རང་དབང་དང་གནས་ཚུལ་དྲང་བདེན་དང་ཁུངས་ཐུབ་གཞི་རྩར་བཟུང་བའི་གསར་ཤོག་ཅིག་ཡིན་ཡིན་པ་ཁོ་ཚོས་བཏོན་པའི་དེབ་རིགས་ཁག་གི་མདུན་རྒྱབ་ཀྱི་ངོ་སྤྲོད་ལས་ཤེས་ཐུབ་ཅེས་བརྗོད་འདུག ངས་བོད་ཀྱི་དུས་བབ་ཀྱིས་རིག་གཞུང་གོང་སྤེལ་གྱི་འགན་ཁུར་ཐེག་གི་མེད་པའི་སྐོར་ཞུ་ཡི་ཡོད་མ་གཏོགས། དུས་བབ་ཀྱིས་གནས་ཚུལ་དྲང་བདེན་དང་ཁུངས་ཐུབ་འགོད་ཀྱི་མི་འདུག་ཟེར་གྱི་མེད། ད་དུང་འབིག་ལགས་ཀྱིས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲ་རྒྱ་ལ་ཡིག་ནོར་དང་ཚིག་སྦྱོར་མི་བདེ་བ། ཐ་ན་བོད་སྐད་དང་བོད་ཡིག་མིན་པའི་བརྗོད་པ་གང་མང་ཞིག་ཡོད་པ་དེ་ཅི་ཞིག་གིས་ཐན་པ་བྱུང་བཅུག་པ་རེད་ཅེས་ང་ལ་དྲི་བ་བཀོད་ནས་སླེབས་སོང༌། དེ་ལ་ལན་ཚིག་གཅིག་ཡོད། བོད་ཀྱི་དུས་བབ་གསར་ཤོག་དང་ཆ་འདྲ་རིག་འདྲའི་རྣམ་དབྱེ་ལྔ་བ་འབྱུང་ཁུངས་མ་འགྲིག་པ་རེད་ཅེས་བསྐྱར་དུ་ལན་ལྡོན་ནོ།།
དགེ་འདུན་རབ་གསལ་ལགས་ཀྱིས་དག་ཆ་ནི་ཤོར་སླ་ལ། ཤོར་ན་བཅོས་དཀའ་བའི་རང་བཞིན་ཅན་ཞིག་ཡིན་པར་བཤད་སོང༌། ཁྱེད་རང་གི་སྐབས་ལ་ཤོར་དཀའ་ལ། ཤོར་ན་བཅོས་སླ་བའི་སྐབས་ཤིག་བྱུང་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། དེ་ནི་ངས་དུས་བབ་འདོན་ཐེངས་སྔ་ཕྱི་མང་པོ་བཀླགས་པའི་རི་མོ་རེད། ད་ལྟ་ཁྱེད་རང་དུས་བབ་ཀློག་མཁན་ང་དང་གཅིག་པ་རེད། ཡིག་ནོར་མང་བའི་དུས་བབ་གསར་ཤོག་རེ་ཀློག་སྐབས། ཁྱེད་ལ། ད་ནི་དཔེ་མི་སྲིད་པའི་ཡར་རྒྱས་ཕྱིན་འདུག་བསམ་པ་སྐྱེས་ཀྱི་ཡོད་དམ། ལར་ནས་གསར་འགྱུར་རྩོམ་ཡིག་ལ་ཁོ་རང་གི་འབྲི་སྟངས་དང༌། ཁོ་རང་གི་མཚོན་སྟངས། ཁོ་རང་གི་མངོན་སྟངས་མ་འདྲ་བ་ཞིག་ཡོད་པ་དེ་བདེན་པ་རེད། དེ་ནི་གསར་འགྱུར་རྩོམ་ཡིག་སྤྱིའི་འགྲོས་ཤིག་རེད་མ་གཏོགས། ད་ལྟའི་དུས་བབ་གསར་ཤོག་གིས་བོད་ཀྱི་གསར་འགོད་པའི་ལམ་ཕྲན་འདིའི་སྣེ་འཁྲིད་ནས་བསྐྱོད་བཞིན་འདུག་ལབ་ན། དེ་ནི་ཨུ་ཚུགས་རེད། བརྒྱ་ཆ་བརྒྱ་བདེན་པ་མ་རེད། བོད་ཀྱི་གསར་འགོད་པའི་ལམ་ཕྲན་འདིའི་སྣེ་འཁྲིད་ནས་བསྐྱོད་ཐུབ་པའི་དུས་བབ་གསར་ཤོག་ཅིག་གི་རེ་བ་རྒྱག་ན། དམའ་མཐར་ཡང་ཡིག་ནོར་མེད་པ་ཞིག་བྱུང་ན་གཟོད་རེ་བ་ཙམ་རྒྱག་ཆོག་གི་རེད། ངས་ཁྱེད་རང་དང་བསོད་ནམས་ཚེ་རིང་གཉིས་ཀྱི་མིང་ནས་བོས་པ་ལ་སྐྱོན་ཅི་ཡོད། ད་ལྟའི་དུས་བབ་གསར་ཤོག་གིས་ཁྱེད་གཉིས་སྐབས་ཀྱི་དུས་བབ་ཀྱི་ཞབས་སྣེར་ཐགས་པ་བཏགས་ནས་འདུག་ཞུ་ཡག་ལ་ཁྱེད་གཉིས་ཀྱི་མིང་སྨྲོས་དགོས་ཤོར་སོང༌། སྐུ་མཁྱེན། དུས་བབ་གསར་ཤོག་ཉམས་ཆག་གི་གནས་སྟངས་འདི་སེམས་ཀྱིས་མ་བཟོད་ནས་འདི་ལྟར་ཞུ་བར་ཐལ་སོང༌། དུས་བབ་ཀྱི་མཚན་སྙན་གྲགས་ལ་གནོད་པ་བསྐྱལ་བསམ་པ་ཡེ་ནས་མེད།
ད་ཡིན་ན་རེད་མ་ཐི།
ཨ་རོ་ཁྱོད་གང་ཟེར།
ཁོ་རེ་དར་རྒྱས། ཕོ་ཁྱོ་ཀའི་སྐད་ཆ་ག་རེ་ཡིན་ན་ཤོད་ཤོག གང་ཟེར་རྗེས་ལ་བལྟ་རྒྱུ་རེད།
ཁྱེད་ཚོས་ཡིག་ནོར་མཐོང་འདོད་ན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་སོང་དང་། དེ་ན་ཡིག་ནོར་བླུགས་སའི་དྲྭ་རྒྱ་ཞིག་ཁ་ཕྱེ་འདུག གཤམ་དུ་ངས་ཁོང་ཚོའི་དྲྭ་རྒྱ་ལས་དེ་རིང་གི་གསར་འགྱུར་ཞིག་བརྒྱུད་དགོད་བྱེད་རྒྱུ་ཡིན་ན། མི་ལོ་ལོན་འདྲ་ཡིན་ན་མ་ཀློག་མ་གཏོགས་དབུགས་འགག་ཡོང་། ༼པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ཕྱི་ལོ་གཅིག་སྟོང་དགུ་བརྒྱ་བརྒྱད་བཅུ་གོ་ལྔ་ལོར་དགོངས་པ་རྫོགས་ཏེ་རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་ཡང་སྲིད་དུ་ཁྲི་འདོན་བྱས་ཡོད་ཅིང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་གནང་བའི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་གར་ཡོད་ཤེས་རྟོགས་མེད་པར་གྱུར་ཡོད་ནའང་བོད་རིགས་ཕལ་མོ་ཆེས་༸གོང་ས་མཆོག་གིས་ངོས་འཛིན་གནང་བའི་ཡང་སྲིད་ལ་ཡིད་ཆེས་དད་པ་ཞུ་བ་ལས་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་དགོས་མཁོར་བསྟུན་ནས་ཁྲི་འདོན་བྱས་པའི་རྒྱལ་མཚན་ནོར་བུ་ལ་རང་མོས་ཡིད་ཆེས་དང་དད་པ་ཞུ་མཁན་མེད་པ་རེད།༽ངས་ཐེངས་ཁ་ཤས་ལ་རླུང་འཕྲིན་ཁང་གི་དྲྭ་ངོས་སུ་ཡིག་ནོར་མང་པོ་འདུག་པས་ཡར་རྒྱས་སུ་གཏོང་རོགས་ཟེར་ནས་རེ་བསྐུལ་ཞུ་མོད་ཁ་ཡ་བྱེད་མཁན་མི་འདུག མ་གཞི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་པའི་ལས་བྱེད་དེ་ཚོ་མང་ཆེ་བ་ཤེས་ཡོན་ཅི་ཡང་མེད་པའི་རྒན་ཁོག་ཁྱུ་གཅིག་རེད་འདུག
ཨ་རིའི་སྒྲ་སྐད་རླུང་འཕྲིན་ཚང་གིས་ད་དུང་བོད་ཡིག་གི་དྲ་རྒྱ་མི་གཉེར་བ་འདིར་བསམ་ཚུལ་ཇི་འདྲ་ཡོད་ལགས།
ཡིན་ན་ཡང་དེ་ཚང་གི་ཀུན་གླེང་ལེ་ཚན་དེ་ཡག་པོ་འདུག དེ་འདྲ་ཞིག་ཨེ་ཤི་ཡ་ཚང་ལ་ཡང་ཡོད་ན་ལེགས། གང་ལྟར་ད་བར་དུ་བོད་མི་དམངས་ལ་ཞབས་ཞུ་ཞུས་པ་རེད།
ད་ནི་ནམ་ལངས་འགྲོ་བདེ། ཁ་གསང་བཤད་བདེ་ཆགས་ཡོང་གི་འདུག་གཱ། སྐུ་སྒེར་གྱི་བསྔོ་རྟེན་བྱུང་འཛིན་ནས་བོད་ཀྱི་དུུས་བབ་ཚགས་པར། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲ་རྒྱ་བར་དུ་གླེང་སོང༌། དེ་རིང་ང་ཚོས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐོར་གླེང་དགོས་པ་འདྲ། གོང་དུ་དཀོན་མཆོག་ལགས་ནས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་ལས་བྱེད་ཚོར་ཤེས་ཡོན་ཡོད་མེད་བཤད་འདུག དེ་འདྲ་གསུང་རྒྱུ་ཨེ་ཡོད། བུད་མེད་སྙན་ངག་པ་ཨ་མདོ་ལྕགས་མོ་འཚོ་དང༌། ཨ་མདོ་དཔལ་ལྡན་རྒྱལ་སོགས་ཡོད་པ་རེད་དཱ། ཞིབ་འཇུག་སློབ་མ་དང་སློབ་ཆེན་པ་འདི་ཚོར་དམའ་འབེབས་བྱེད་ཀྱི་ཡོད་པས། དེ་འདྲ་ལབ་རྒྱུ་ཨེ་ཡོད། དེ་ལས་བོད་ཀྱི་དུས་བབ་ཚགས་པར་དང་ཨེ་ཡ་ཤ་རང་དབང་རླུང་འཕྲིན་ཁང་གི་དྲ་རྒྱ་གཉིས་ཀྱིས་བོད་ཀྱི་སྐད་ཡིག་ཡར་རྒྱས་ལ་གནོད་པ་བསྐྱལ་གྱི་འདུག དེར་ལས་ཀ་དང་འགན་ཡོད་མཁན་ཚོས་གཟབ་གཟབ་གནང་རོགས་ཞེས་འབོད་སྐུལ་ཉི་མ་རྟག་པར་ཞུས་པ་ཡིན་ན། ཁྱད་པར་ཅིག་ཏན་ཏན་སླེབས་མི་ཡོང་ངེ༌།
ཡི་གེའི་དག་ཆ་རིན་པོ་ཆེ།།
མ་ཤེས་པ་རྣམས་ཤེས་པ་དང༌།།
ཤེས་པ་ཉམས་པ་མེད་པར་ཡང༌།།
གོང་ནས་གོང་དུ་འཕེལ་བར་ཤོག།
སྐུ་སྒེར་བསྔོ་རྟེན་བྱུང་འཛིན་དང༌།།
བོད་གཞུང་བདེ་སྲུང་གསལ་བསྒྲགས་དང༌།།
ཨེ་ཤ་ཡ་ཡི་རླུང་འཕྲིན་དྲར།།
དག་ཆའི་ཉི་མ་འཆར་བར་ཤོག།
ཅེས་ཀྱང་བསྔོའོ།།
༄༅། མི་སོ་སོའི་མིང་འབྲི་སྲོལ་ཐད་ཁ་སྐད་དང་ཡིག་སྐད་དུ་སྤྱོད་པའི་ལམ་ལུགས་གཉིས་ཀ་འདུག འོན་ཏེ་ང་ཚོས་ཏཱ་ལའི་བླ་མའི་མཚན་མཐོང་ལ་སྲུང་སྐྱོབ་བྱ་དགོས་ན་ངེས་པར་དུ་ཟླ་བ་ཚེ་རིང་ལྟ་བུའི་ང་ཆེ་ང་མཐོ་ལྟ་བུའི་མི་ཆུང་བསམ་ཤེས་དེ་འདྲ་བྱེད་མི་ཉན། ཁོས་རང་ཉིད་ཕྱི་ཡུལ་ནས་མཁས་དྲག་སྟེ་རྡ་སར་བྱིན་པ་གཏོང་བར་ཡོང་བའི་ངང་ཚུལ་བཟུང་གི་འདུག ཁྱོད་ལ་བྱུང་འཛིན་མང་པོ་དེ་འདྲ་ལེན་རྒྱུ་ཡོད་སྐབས་རེ་རེ་བྱས་ཏེ་ལྟ་ཞོར་ཁར་ཐུག་ཏུ་དག་ཆ་དེ་ཚོ་བཅོས་ཐབས་ལ་རེ་བ་མ་བཏོན་པ་དེ་ཁྱོད་དེ་ལ་མི་དགའ་བའི་ཟུར་ཞིག་དེ་རང་དུ་ལུས་འདུག ཕྱིར་ཐོན་ཟིན་སྐབས་རང་ནང་གི་ཡོད་ཚད་སྐྱོན་དུ་མཐོང་སྟེ་དེ་ཡང་ཕྲན་བུ་གནམ་དུ་འཆར་ཏེ་དོན་མེད་ྋགོང་ས་མཆོག་གི་མཚན་རིན་པོ་ཆེའང་རྩོམ་གྱི་འགོ་བརྗོད་དུ་བཀོད་དེ་ཚིག་གི་དམའ་འབེབས་གཏོང་བ་དེ་ནི་དངོས་གནས་ཡ་མཚན་པ་ཞིག་རེད། ཁྱོད་ཀྱིས་ཡི་གེ་འབྲི་མ་ཤེས་པར་འགོ་བརྗོད་རང་དགར་བེད་སྤྱོད་ཀྱིས་དེ་ལས་ལྷག་པའི་བོད་མིའི་མང་པོའི་སེམས་ནང་སེམས་སྡུག་བཟོས་སོང་བས་ཟླ་ཚེས་ཁྱོད་ཀྱང་ཅི་བསམ་མཁན་ཞིག་ཡིན་པ་མ་ཤེས་པས། གཅིག་བྱས་ན་ཁྱོད་ཀྱིས་གཤིས་སྤྱོད་ཀྱི་རྣམ་འགྱུར་ཕྱིར་མངོན་སྟབས་བསྔོ་རྟེན་འབྲི་མཁན་གྱིས་ཀྱང་ཁྱོད་ལ་སྤྱོད་པ་སློག་སྟེ་ཆེད་དུ་མིང་གི་དག་ཆ་ནོར་བ་བཀོད་པ་ཡིན་ཤས་ཆེ། ཧ་ཧ་ཧ་ཧ་་་་་་་་་་་་་་་
གཞན་དག་ཨོ་ཙམ་བྲིས་འདུག་ཀྱང༌། ཨེ་ཤ་ཡ་ཡི་རླུང་འཕྲིན་དྲར།། ཞེས་ཚིག་བརྗོད་བདེ་པོ་ཁྱོན་ནས་མེད་པ་ཞིག་ཏུ་གྱུར་འདུག
བོད་ཡིག་གི་དག་ཆ་དང་རྡ་སྤྲོད་ལ་དོ་སྣང་བྱེད་རྒྱུ་དེ་གལ་ཆེ་ཡིན། དེ་དང་མཉམ་དུ་མཁས་དབང་རྣམས་ཀྱིས་ཀྱང་དེ་དག་ཅུང་བཀོལ་སླ་རུ་གཏོང་ཐུབ་ན་ཕན་པ་ཆེ། ང་རང་གིས་ཧ་གོ་བའི་སྐད་ཡིག་མི་འདྲ་བ་ཉུང་ཤས་ནང་ནས། བོད་ཡིག་དེ་དག་ཆ་དང་རྡ་སྤྲོད་གཉིས་ཀ་ཅུང་རྙོག་ཟིང་ཆེ་བ་དང་། བཀོལ་ཁག་པ་འདུག དཔེར་ན། བརྡ་སྤྲོད་ལ་མཚོན་ན། དབྱིན་ཡིག་ནང་། For ཟེར་བའི་ཚིག་འཕྲད་གཅིག་ལ་བོད་ཡིག་ནང་ལ། ལ། སུ།ར། རུ། ཏུ་དང་། ཆེད་དུ། དོན་དུ། ཕྱིར། ཟེར་བ་སོགས་མང་པོ་གཅིག་བཀོལ་དགོས་ཀྱི་འདུག་ལ།
དེ་དག་བཀོལ་བར་ཁྲིམས་དང་། འཇུག་པ་དང་། འགྲོ་སྟངས་དང་། དེ་བཞིན་འགྲེལ་པ་དང་། གཞུང་དང་། ལུགས་སྲོལ་དང་། ཁྱད་པར་དང་། རྣམ་དབྱེ་དང་། རྟགས་ཀྱི་འཇུག་པའི་ཚུལ་དང་། སུམ་ཅུ་པའི་འཇུག་ཚུལ་དང་། རྩོད་པ་དང་། རང་ལུགས་དང་། འགག་བྱ་དང་། ལྕི་བ་དང་ཡང་བ་དང་། རིང་བ་དང་ཐུང་བ་དང་། དེ་བཞིན་འཇུག་པའི་སྐྱོན་དང་། མི་འཇུག་པའི་སྐྱོན་དང་། ཡང་འཇུག་པའི་དགེ་ཚན་དང་། མི་འཇུག་པའི་དགེ་ཚན་དང་། དེ་བཞིན་བླ་མ་སོ་སོའི་དགོངས་པ་མི་འདྲ་བ་དང་། མཐར་གནད་འགག་དང་བཅས་པ་མང་ཐག་གཅོད་ཤིག་འདུག
བྱས་ཙང་ངེད་ཚོས་དེ་ཅུང་སྟབས་བདེ་རུ་གཏོང་ཐུབ་ན་མི་འགྲིགས་སམ། སྔོན་མ་རུམ་སྟེགས་ནས་ཕེབས་པའི་ཁམ་པའི་བཀའ་རྒྱུད་པའི་སྐུ་ཞབས་ཤིག་དང་། བོད་ནས་གསར་འབྱོར་བ་བོད་ཡིག་ལ་དོ་སྣང་ཡོད་པ་གཉིས་རྣམ་དབྱེ་གཉིས་པ་དང་བཞི་པའི་སྐོར་ལ་རྩོད་པ་ཤོར། རུམ་སྟེགས་ཀྱི་སྐུ་ཞབས་ཀྱིས་སི་ཏུའི་འགྲེལ་ཆེན་དེ་དྲངས། གསར་འབྱོར་བ་དེས། སི་ཏུའི་འགྲེལ་ཆེན་དེ་ལ་སྐྱོན་བརྗོད་ཆེན་པོ་བྱས། བཤད་རྒྱུར། “སི་ཏུ་དེ་སྨྱོན་པ་ལྟ་བུ་རེད། ཡི་གེ་ཀྱང་ཟེར་བ་ལ་ཀྱང་ཟེར་མ་བྲིས་པར། ལོག་སྐད་དང་འགབ་ཚིག་ལྟ་བུ་བཟོས་ནས། གང་མིང་རྗོད་པའི་དང་པོ་རུ། གསུམ་པ་ལ་ནི་གཉིས་པ་སྦྱར་ཟེར་བ་ལྟ་བུ་དེ་སྨྱོན་པའི་ལབ་རྟོལ་འདྲ་པོ་མིན་འདུག་གམ་ཟེར། ”
སྐུ་ཞབས་དེས་སི་ཏུ་ནི་ངེད་ཚོ་བཀའ་རྒྱུད་པའི་བླ་མ་ཆེན་པོ་རེད། ཁོང་སྨྱོན་པ་ཡིན་ན། ཁོང་གི་བུ་རྒྱུད་ཚང་མ་སྨྱོན་ཕྲུག་རེད། ང་ཚོ་བཀའ་རྒྱུད་པ་སྨྱོ་ཆོས་བྱེད་མཁན་རེད་ཟེར་གྱི་ཡོད་པས་ཟེར། ཁྱེད་ཀྱི་ཤོད་སྟངས་འདི་ལས་སླ་བོར་འཇོག་རྒྱུ་མིན་ཟེར་ནས། གསར་འབྱོར་བ་དེ་ལ་ཁུ་འཚུར་བརྡེགས་སོང་། མཐར་ཁོང་གཉིས་དབར་ལ་བར་མི་བྱེད་མཁན་དེ་སྐུ་ཞབས་དེའི་ཕྱི་རྒྱལ་གྱི་སློབ་མ་ཞིག་རེད། ཁོ་པས་ཟེར་རྒྱུར། ངའི་བླ་མ་ཞི་ཞིང་འདུལ་བ་དེས་ད་རེས་གཞོན་ནུ་དེ་ལ་དེ་ལྟར་རྡེག་པ་དེ། དངོས་ནས་མར་པས་མི་ལ་བརྡུང་བ་ལྟ་བུ་བྱུང་སོང་། ཁོང་ངོ་མ་ཁོང་ཁྲོ་ལངས་དུས་མར་པའི་ཁྱད་ཆོས་ཚང་མ་འདུག་ཟེར་ནས་དད་གུས་ཆེན་པོ་བྱེད་ཀྱི་འདུག ད་ངའི་སེམས་ལ། བོད་ཡིག་གསར་གཏོད་བྱེད་མཁན་སྨྱོ་བ་རེད། སི་ཏུ་སྨྱོ་བ་རེད། ཁོང་ལ་འགག་པ་རྒྱག་མཁན་གསར་འབྱོར་བ་དེ་སྨྱོ་བ་རེད། སི་ཏུའི་རྗེས་བྲངས་དགེ་འདུན་དེ་སྨྱོ་བ་རེད། ཡང་ན་ཁོ་བོའི་ཕྱི་རྒྱལ་གྱི་སློབ་མ་དེ་སྨྱོ་བ་རེད། དེ་མིན་ང་རང་དེ་དག་སྨྱོན་རྟགས་ལ་མཐོང་བ་དེ་སྨྱོ་བ་རེད་སྙམས་ནས་མཚན་གང་དེའི་སྐོར་ལ་བསམ་བློ་འཁོར་བྱུང་།
བོད་ཡིག་གི་བརྡ་སྤྲོད་སྐད་ཡིག་གཞན་པ་ལས་ཀྱང་ལྷག་པ་འདུག་པས་བཟོ་བཅོས་གཏོང་མི་དགོས་ལ། དགོས་པའི་དབང་དུ་བཏང་ཡང་ཨ་མདོ་གསར་འབྱོར་བ་བོད་ནས་སློབ་གྲྭ་རྒྱུགས་མ་འཕྲོད་པ་དང་། གྲྭ་བ་ལོག་འདོད་ནས་ཡོང་བའི་གསར་འབྱོར་བ་ཚོ་ལ་སྐད་ཡིག་བཟོ་བཅོས་ཀྱི་ནུས་པ་མེད་པ་གསལ་བོ་རེད། གལ་སྲིད་མི་ཞིག་ཡོད་ན་བོད་ཀྱི་ཡི་གཟུགས་འདི་ངོ་ནས་འབྲི་བདེ་བོ་མེད་པ་དང་ཆུ་ཚོད་མང་པོ་གཏོང་བ་དགོས་པའི་བོད་ལ་ཡིག་གཟུགས་དུས་རབས་དང་མཐུན་པའི་སྤུས་དག་ཅིག་གསར་བཟོ་དགོས་ཀྱང་། དེ་ནི་ཨ་མདོའི་གསར་འབྱོར་ཚོས་ནུས་པ་ཞིག་མ་ཡིན་དང་པོ་ཤེས་ན་བཟང་། གུག་བཀྱེད་བརྩེགས་འདོགས་སོགས་ངོ་ནས་ལས་ཀ་ཐེ་བ་མང་པོ་འདུག་པས་ཡིག་གཟུགས་སླ་བོ་ཞིག་མཁོ་བ་མཐོང་།
hi dawa dondup .you always say amdo amdo .what did mistake by amdo ? are you hate to amdo ? if yes you must bite your own heart . otherwise you can’t do to amdo. thanks
ཡི་གེ་བཟོ་བཅོས་ཨ་མདོ་གསར་འབྱོར་བ་ཚོ་ལ་མེད་ན་སུ་ལ་ཡོད། དེ་མ་ཡིན་པ་ཚང་མས་བོད་ཡིག་ཡག་པོ་མི་ཤེས་པས་དེ་བས་ཀྱང་བཟོ་བཅོས་བྱེད་ཐུབ་མཁན་ཞིག་མེད། བོད་ཡིག་གི་བརྡ་དག་སྙན་ངག་སོགས་ལ་ཨ་མདོ་གསར་འབྱོར་བ་ཚོས་འཇོན་ཡོད་པ་རེད། གཞན་ཨ་མདོ་བ་ལ་མཁས་པ་མེད་པ་བདེན་སྲིད་ཀྱང༌། བོད་ཡིག་གི་གཞི་རིམ་ཤེས་ཡོན་ཐད་ནས་གཞན་སུ་གཅིག་གིས་ཁ་གཏད་གཅོག་ཐུབ་ཀྱི་མ་རེད། ཤེས་སོང་ངམ།
གང་བཤད་ཀྱང་མ་བཤད་ཀྱང༌། སྐུ་སྒེར་དྲུང་ཆེའི་ནང་དུའང་ཨ་མདོ་གསར་འབྱོར་བ་ཞིག་ཡོད་པ་མིན་ནམ། འདི་ཡང་ཤེས་མཁན་ཡིན་ནས་བཞག་པ་ཡིན་རྒྱུ་རེད་བསམ་པ་ལས། མ་ཤེས་ནས་བཞག་པ་ཡིན་གྱི་མ་རེད།
ལྷ་སྨོན་པ་ལགས། ད་ང་སྡོད་ཆུགས་ཨཱ། ག་རེ་ཨ་མདོ་བ་ཚོས་ཅིག་འཇོན་རབས་བཤད་ཀྱི་ཡོད་པས། སྙན་ངག་པ་ཡིན་ཟེར་མཁན་གྱི་ཕོ་གསར་དེ་ཚོ་ཟེར་གྱི་ཡོད་པས། འོ་ན། གཞན་གྱི་གྲུབ་འབྲས་བརྐུ་མཁན་དེ་ཚོ་ཟེར་གྱི་ཡོད་པས། སུས་གང་འཇོན་ཡོད་པ་རེད། བཤད་ཡག་ཡོད་ན་ཤོད་དང༌། ལོ་གཉིས་ཀྱི་གོང་ལ་གཏེར་ལུང་དགེ་འདུན་ཟེར་བའི་ཨ་མདོ་བ་ཞིག་གིས་སྡེ་རོང་ཚེ་རིང་དོན་འགྲུབ་ཀྱི་༼བདག་གི་རེ་སྨོན༽་རྒྱ་ཡིག་དེབ་དེ་བོད་ནང་གི་མཁས་པ་ཁག་ཅིག་ནས་བོད་བསྒྱུར་བྱས་ནས་དཔར་སྐྲུན་བྱས་ཡོད་པ་ཉི་ཤར་སྤར་མོས་མི་ཁེབས་པའི་ཚུལ་དུ་ཡོད་ཀྱིན་ཡོད་ཀྱིན་ལ། དེ་རང་གིས་བསྒྱུར་བའི་མིང་ཐོག་ནས་འགྲེམས་སྤེལ་བྱས་པ་རེད། ཉིན་ཤས་སྔོན་ཨ་མདོ་བསྟན་འཛིན་རིག་བཟང་ཟེར་བ་ཞིག་གིས་སྐུའི་གསུང་སྒྱུར་དགེ་བཤེས་ལྷག་རྡོར་སོགས་ཀྱིས་དབྱིན་ཡིག་ནས་བོད་ཡིག་ཏུ་བསྒྱུར་ཏེ་ ༢༠༠༧ ལོའི་ཟླ་དགུ་བའི་ནང་ཕོ་བྲང་དུ་འཚོགས་པའི་ཚན་རིག་པ་དང་ནང་པའི་མཁས་པ་ཚོའི་བགྲོ་གླེང་སྐབས་བཀྲམས་པའི་ཟིན་བྲིས་༼འཇིག་རྟེན་གཅིག་ཁོ་ནའི་ནང་གི་འཇིག་རྟེན༽ཞེས་པ་དེར་མིང་ཚིག་ཁ་ཤས་ཤིག་བརྗེ་བསྒྱུར་གྱི་འདྲེ་ལག་བརྐྱངས་ནས་རང་གིས་བསྒྱུར་བ་ཡིན་ཞེས་ཨུ་ཚུགས་ཀྱིས་དཔར་སྐྲུན་བྱས་ཏེ་བཀྲམས་པ་ལྟ་བུ་འདི་ཚོ་ནི་གཞི་རིམ་གྱི་ཤེས་ཡོན་ཐད་ནས་སུ་གཅིག་གིས་ཁ་གཏད་གཅོག་ཐུབ་ཀྱི་མ་རེད་ཟེར་བའི་ཨ་མདོ་བ་དེ་ཚོའི་གྲས་རེད་པས། འོ་ན། དག་ཡིག་གསར་བསྒྲིགས་ལ་འདྲེ་ལག་བརྐྱངས་ནས་མ་དག་པར་བྱས་པ་དེ་ཚོ་རེད་པས། སྐུ་མཁྱེན། གསུང་ལན་ཞིག་བསྐྱོན་རོགས། ངས་ཁ་སང་བོད་ཀྱི་དུས་བབ་དྲ་རྒྱ་བཀླགས་པར། བདེན་པ་དང་གནས་ལུགས་འཚོལ་བའི་བློ་ལྡན་པ་འགའ་ནས། གཞན་གྱི་གྲུབ་འབྲས་བརྐུ་སྤྱོད་བྱེད་པ་ཡག་པོ་མིན་པའི་སྐོར་གྱི་བསམ་ཚུལ་མང་པོ་སྤེལ་འདུག ངས་མཆན་བུ་སྔ་མ་རྣམས་སུ་བོད་ཀྱི་དུས་བབ་སྐོར་ལ་ཚིག་ཁ་ཤས་ཞུ་ཐལ་ཤོར་བ་ལ། ངར་ངར་རྫིག་རྫིག་བྱེད་དགོས་དོན་ཨེ་ཡོད། ངས་ནི། ཨ་མདོ་བ་ཚོས་དངོས་གནས་ཅིག་འཇོན་གྱི་ཡོད་ན་ནི། བོད་ཀྱི་དུས་བབ་ཚགས་པར་འདི་དམའ་མཐར་ཡང་དག་ཆའི་ཆ་ནས་མཐེ་བོང་བསྒྲེངས་ས་ཞིག་འཇོན་དགོས་པའི་རེ་བ་བྱེད་ཀྱི་ཡོད་དེ། ད་འདི་ལྟར་བལྟས་ཡོང་དུས། ངའི་རེ་བ་དེ་ཐག་རིང་ཐག་རིང་ཅིག་ལ་འཐམས་ནས་ཡོད་པའི་ཚོར་བ་སྟེར་བར་འདུག
ང་ནི་ཀ་ངོ་ཡིག་ངོ་ཙམ་ཆོད་མཁན་ཞིག་ལས་ཅི་གང་མི་ཤེས་མཁན་ཞིག་ཡིན། འོན་ཏེ། ཨ་མདོ་བ་ཚོས་མ་གཏོགས་བོད་ཡིག་ཤེས་ཀྱི་མ་རེད་མདོག་མདོག་བཤད་ན། དེ་ལ་བཟོད་པ་བསྟེན་པ་དང་དགའ་བ་སྒོམ་རྒྱུ་གཉིས་ཀ་ཡོང་བ་མི་འདུག བོད་ཀྱི་དུས་བབ་ཚགས་པར་ནི་སྤྱི་ཚོགས་ནང་ཡིག་ནོར་སྤེལ་མང་ཤོས་རེད་ལབ་ན། ཅིག་རེད་མིག་རེད་ལབ་ནས་ངོས་ལེན་མི་བྱེད་པའི་ཁར། ད་དུང་ངན་པའི་རྒྱབ་ནས་ལངས་ཏེ་འཇིགས་འཇིགས་བྱེད་པ་འདིར་མགོ་བོ་སྒུར་བསམ་པ་ནམ་ཡང་མེད། གལ་སྲིད་དུས་བབ་ཚགས་པར་འདི་དབུས་པ་ཁག་ཅིག་ནས་རྩོམ་སྒྲིག་བྱེད་ཀྱི་ཡོད་པའི་དབང་དུ་བཏང་ན། ཨ་མདོའི་སྙན་ངག་པ་ཚོའང་ཡར་ལངས་ནས་ཡས་བཤད་མས་བཤད་བརྒྱ་སྟོང་ཁྲི་འབུམ་བྱེད་ཀྱི་རེད། འདིར་ཡང་ཚིགས་སུ་བཅད་ནས་ངལ་ཅིག་གསོ་བར་བྱས་ན།
བོད་ཀྱི་དུས་བབ་ཚགས་པར་སྟེང་ན་བརྡ་ནོར་ཡིག་ནོར་འཚང་ཁ་ཆེ།།
མ་དག་དག་པར་སྐུལ་བའི་གཏམ་ལ་རྣ་བ་གཏོད་པའི་རྨི་ལམ་ཐུང༌།།
ད་ནི་གཉིད་ལ་སྐྱིད་པོ་ཞིག་ལས་རྨི་ལམ་འཇམ་པ་དེ་བཟང་ཞེས།།
དབུས་པ་རྒན་པོའི་ཁ་དཔེའི་སྡོམ་འདི་ལམ་གྱི་རིམ་པར་བསྟེན་འོས་མཆི།།
སྔོན་ཚེ་པ་པོ་བ་བོའི་སྐོར་ལ་མཁས་དང་མི་མཁས་རྩོད་པར་ཞུགས།།
གཞུང་ལུགས་གཏན་ཚིགས་གནམ་ལྕགས་ཐོག་གིས་སྤོབས་པ་རྫུན་མའི་རི་དག་བསྙིལ།།
དེ་ཚེ་དེ་ཡི་དུས་ཀྱི་མཁས་རྣམས་ཡང་དག་ལུང་རིག་རྗེས་འགྲོ་སྟེ།།
ད་ལྟའི་དུས་ཀྱི་བློ་གསར་འདི་དག་ཨུ་ཚུགས་ཁོ་ན་སྟེགས་སུ་འཆའ།། ཞེས་ཀྱང་ཞུ་བར་ཐལ་ལོ།།
དྲ་གྲོགས་ཚོ་ལགས། ང་རང་ལ་ཞུ་རྒྱུ་ཞིག་ཡོད་པ་ནི་ཨ་མདོ་དང་ཨ་མདོ་ཟེར་བ་སོགས་མདོ་དབུས་ཁམས་གསུམ་ལ་དབྱེ་འབྱེད་སོགས་ཀྱི་སྐད་ཆ་དེ་དག་རྗེས་ཕྱོགས་དྲ་ཚིགས་གང་ས་ནས་མི་མཐོང་བའི་རེ་བ་ཡོད་ལ། བོད་ཀྱི་རིག་གཞུང་གི་སྲུ་ཞུ་བ་སུ་ཞིག་ཡོད་ན་དེ་དག་ལ་ཚང་མའི་དཔྱད་པ་ཡོད་པའི་སྒོ་ནས་སྐད་ཆ་ཤོད་པ་ལས་མི་ཞིག་གིས་བྱས་ཚུལ་བརྐུ་བཤུ་ཡིན་རབས། མིང་དང་སྙན་གྲགས་ཡོད་མཁན་དེ་ཚོ་མ་གཏོགས་ཤེས་ཡོན་པ་མེད་མཁན་སོགས་ཆོལ་མེད་ཀྱི་སྐད་ཆའི་སྙིགས་རོ་དེ་དག་ལ་གང་གཟབ་གཟབ་ཞིག་གནང་དེ་བོད་པ་ཚང་གཉེན་འཕྲེང་གི་དུས་ཚོད་འདི་ལ་ཕྱོགས་རུས་ཀྱི་སྐད་ཆ་དེ་དག་དྲ་ཚིགས་གང་ས་ནས་ཤེས་ཡོན་པའི་སྡེ་ཁག་དུ་འབོད་པའི་སྨྱུག་ཐོག་པ་གང་ན་སུ་ཡོད་པ་དག་གིས་ནམ་ཡང་མི་གླེང་བའི་རེ་སྐུལ་ཤུགས་དྲགས་སུ་ཞུའོ། དེ་མིན་དྲ་ཐོག་ནས་ཕན་ཚུན་གྱི་ཕྱོགས་རུས་དབྱེ་འབྱེད་སོགས་ཀྱི་སྐད་ཆ་བཤད་དེ་བསྡད་པ་ཡིན་ན་ནི། བླ་བཙག་ལ་དགའ་བས་ལོ་ལོན་ཚོས་ཉིན་མ་མ་ཆོད་པར་བཤད་བཞིན་པའི་སྐད་ཆ་དེ་དག་གི་གོང་ཚད་ལས་གཏན་ནས་མི་འདུག་ན། སྐུ་མཁྱེན། ཤེས་ཡོན་པའི་སྡེ་ཁག་གམ་སྨྱུག་ཐོག་པ་བོད་མི་ཚོ། ད་ནི་ཁ་ནང་དུ་འཁོར་ནས་བསམ་གཞིགས་བྱེད་པའི་དུས་ཡིན་པ་ལས། ད་དུང་ཁ་ཕྱི་ལ་འཁོར་ནས་རང་རློམ་ཕྲན་པུ་རེ་བྱས་དེ་བསྡོད་པའི་དུས་ནི་མ་ཡིན་ནོ།
ཨ་མདོ་གསར་འབྱོར་ཚོ་རྒྱ་གར་ལ་འབྱོར་བ་དང་མཁས་པ་ཡིན་མདོག་མདོག་གིས་གནས་ཚུལ་ཚང་མའི་སྒང་ལ་དགག་པ་བརྒྱག་གི་རེད། སྙན་ངག་འབྲི་གི་ཡིན་ཟེར་བ་དང་དེབ་བཏོན་པ་རེད་ཟེར་བ་སོགས་འུར་མང་པོ་བརྒྱག་གི་རེད། གནད་འགག་རྒྱ་གར་ནང་བོད་མི་ཚོའི་བོད་ཡིག་ཤེས་ཀྱི་མེད་པ་དང་བསྡུར་ན་བོད་ནས་ཡོང་བའི་གསར་འབྱོར་བ་ཚོ་ཡག་པོ་ལོས་ཡོད། འོན་ཀྱང་ཁོ་ཚོ་ཤེས་ཚད་མཐོ་བོ་ཡོད་མཁན་དེ་འདྲ་མ་རེད། ཡིན་ནའང་ང་ཡིན་ཟེར་མཁན་རྐྱང་རེད། ཁོ་ཚོ་དང་སྐད་ཆ་ཤོད་དང་ངས་ཆེན་པོ་ཞིག་བྱས་ཡིན་དང་། ངས་ཡ་མཚན་ཞིག་བཤད་ཡིན། ངས་མ་འདྲ་བ་དམིགས་ཞིག་དྲན་ཡོད་སོགས་གང་ལྟར་རང་བསྟོད་ཁོ་ན་བྱས་ནས་འདུག་རོགས་སུན་ནས་ཐང་ཆད་བཅུག་བཞག་གི་རེད། བདེན་པ་ཡིན་མིན་དྲ་ཁང་འདི་ནང་གི་མི་ཚོའི་བཟོ་ལྟ་ལ་ལྟོས་དང་ཤེས་སླ།
གདོང་དམར་གྱི་བུ་ལ་ཞུ་རྒྱུར།
ཨ་མདོ་བ་ཉུང་ཤས་ཤིག་གིས། ང་རྒྱལ་དང་རང་བསྟོད་ཀྱི་ལས་སུ་འཇུག་ནས། རང་མཐོ། གཞན་དམན་གྱི་ལྟ་བ་འཛིན་མཁས་ཡོད་ཤས་ཆེ། དེ་ལྟ་བུའི་མི་ནི་ཆོལ་ཁ་གསུམ་ཀ་དང་། མི་ཡི་ཁོངས་སུ་གཏོགས་པའི་སྤྱི་ཚོགས་ཚང་མའི་ནང་་ལ་ཡོད། མཐའ་ན། འགྲོ་བ་མིའི་ཐག་ཉེ་ཤོས་ཀྱི་རིགས། སྤྲ་དང་མི་རྒོད་སོགས་ཀྱི་ནང་ལ་ཡང་དེ་ལྟར་ཡོང་གི་འདུག དཔེར་ན། Bonono ཟེར་བ་ཨ་ཧྦེ་རི་ཀའི་ཀོང་གོ་རྒྱལ་ཁབ། (Congo) ནང་ཡོད་པའི་སྤྲ་རིགས་དེ་ཚོའི་ཕོ་གསར་ཚོས། སྤྲ་མོ་མང་བ་འཐོབ་ཆེད། བཙོག་བུར་སྡོད་སྐབས། ཕོ་མཚན་དེ་ལག་པས་ཡར་སྟེགས་ནས་སྡོད་ཟེར། རྒྱུ་མཚན་ནི། ངའི་ཕོ་མཚན་དེ་གཞན་ལས་ཆེ་བ་ཡོད་པ་དང་། སྤྲ་དེ་ཉིད་གཞན་ལས་ལེགས་པ་ཡོད་པའི་མཚོན་ཆེད་རེད། རྒྱུ་མཚན་ནི། འགྲོ་བ་མི་ཐོག་མ་ཆགས་པ་དང་། དེ་ནས་གོང་འཕེལ་སོང་བའི་ལོ་རྒྱུས་ནང་། སྤྱོད་པ་དེ་ཚོ་ནི་རང་བཞིན་གྱིས་མིའི་གཤིས་ཀའི་ནང་ཡོད།
བྱས་ཙང་ཁྱེད་ཨ་མདོ་བ་ཉུང་ཤས་ཤིག་གིས་དེ་ལྟར་གྱི་སྤྱོད་པ་འཁུར་བ་དེར། མི་དགའ་བ་བྱ་མི་དགོས། དབུས་པའི་ནང་དང་ཁམས་པའི་ནང་དེ་ལྟར་མི་ཉུང་བ་ཡོད།
ཡིན་ནའི་དངོས་ཡོད་གནས་ཚུལ་གཅིག་བཀོད་ན། བོད་ཕྱི་ནང་ཚང་མར། བོད་ཡིག་གི་འགན་འཁུར་ཁྱེར་མཁན་མང་ཤོས་དེ་ཨ་མདོ་བ་ཚོ་ཆགས་འདུག ལོ་གཅིག་ལྷག་ཙམ་གྱི་གོང་ལ་ང་ཡང་ལྷ་སར་བསྐྱོད་པ་ཡིན། ལྷ་སའི་ཚགས་པར་ལས་ཁུངས་དང་། སྤྱི་ཚོགས་ཚན་རིག་ཁང་། བོད་ལྗོངས་ྩོམ་རིག་སྒྱུ་ྩལ་ཟེར་བ་དེ་ཚོའི་ནང་བོད་ཡིག་གི་ྩོམ་སྒྲིག་པ་མང་ཆེ་བ་དེ་ཨ་མདོ་བ་ཚོ་རེད། ཁོང་ཚོ་ལས་ཁུངས་དེ་ཚོར་ང་རྒྱལ་གཅིག་པུ་དང་ཁ་གཅིག་པུ་བཤད་ནས་སླེབས་ཨེ་ཡོད། བོད་གཞུང་གི་བོད་ཡིག་སྡེ་ཚན་ཁག་དང་། གཞུང་འབྲེལ་མིན་པའི་ཚགས་པར་དེ་ཚོའི་ྩོམ་སྒྲིག་པ་དེ་ཚོ་ཡང་ཨ་མདོ་བ་ཚོ་རེད། འོ་ན་ཁོང་ཚོ་དེ་གར་ཁ་གཅིག་པུ་བཤད་ནས་སླེབས་པ་རེད་དམ། ད་ལྟ་བོད་མིའི་ཆེས་མཐོང་ཆེ་ཤོས་ཀྱི་རྒྱལ་བའི་སྐུ་སྒེར་ཡིག་ཚང་གི་བོད་ཡིག་སྡེ་ཚན་གྱི་དྲུང་ཆེ་དེ་ཡང་མདོ་སྨད་པ་ཞིག་རེད། ཁོང་ཁ་གཅིག་པུ་བཤད་ནས་དེ་གར་སླེབས་སམ།
རྒྱལ་བ་རིན་པོ་ཆེའི་མཛད་རྣམ་སྒྲིག་མཁན་དེ་ཚོའི་ནང་ཨ་མདོ་བ་གསར་འབྱོར་ཁ་ཤས་ཡོད་ཚོད། ཁོང་ཚོ་ཁ་གཅིག་པུ་བཤད་ནས་སླེབས་པ་རེད་དམ།
དེ་ལྟར་མ་རེད། བོད་ཡིག་དེ་ཨ་མདོ་བ་ཚོ་ལེགས་པ་འདུག ཤོད་མི་ཤོད་མིན་འདུག
བྱས་ཙང་ངེད་ཚོས་ཁོང་ཚོ་བོད་ཀྱི་རིག་གཞུང་བདག་གཉེར་བྱེད་པའི་བྱ་བ་ཆེན་པོ་འདིའི་ནང་ལེགས་སྐྱེས་ཆེན་པོ་འབུལ་ཐུབ་ཀྱི་འདུག་ྙམ་ནས་བཀའ་འདྲིན་ལ་བསམ་ཤེས་བྱེད་ཐུབ་ན་ལེགས། བོད་པ་འདི་ཉམས་རྒུད་འགྲོ་བའི་རྒྱུ་གཙོ་བོ་གཅིག་ནི། ཡོན་ཏན་ཅན་དང་འཇོན་ཐང་ཅན་གྱི་མི་མགོ་རྡེག་ས་མེད། དེ་དག་ལ་ཕྲ་གདོག་དང་བརྣབ་སེམས་བྱས་ན། ངེད་ཚོའི་སྤྱི་ཚོགས་འདི་ཇི་ལྟར་ཡར་རྒྱས་འགྲོ་ཐུབ།
“མཐའ་ན། འགྲོ་བ་མིའི་ཐག་ཉེ་ཤོས་ཀྱི་རིགས། སྤྲ་དང་མི་རྒོད་སོགས་ཀྱི་ནང་ལ་ཡང་དེ་ལྟར་ཡོང་གི་འདུག དཔེར་ན། Bonono ཟེར་བ་ཨ་ཧྦེ་རི་ཀའི་ཀོང་གོ་རྒྱལ་ཁབ། (Congo) ནང་ཡོད་པའི་སྤྲ་རིགས་དེ་ཚོའི་ཕོ་གསར་ཚོས། སྤྲ་མོ་མང་བ་འཐོབ་ཆེད། བཙོག་བུར་སྡོད་སྐབས། ཕོ་མཚན་དེ་ལག་པས་ཡར་སྟེགས་ནས་སྡོད་ཟེར། རྒྱུ་མཚན་ནི། ངའི་ཕོ་མཚན་དེ་གཞན་ལས་ཆེ་བ་ཡོད་པ་དང་། སྤྲ་དེ་ཉིད་གཞན་ལས་ལེགས་པ་ཡོད་པའི་མཚོན་ཆེད་རེད། རྒྱུ་མཚན་ནི། འགྲོ་བ་མི་ཐོག་མ་ཆགས་པ་དང་། དེ་ནས་གོང་འཕེལ་སོང་བའི་ལོ་རྒྱུས་ནང་། སྤྱོད་པ་དེ་ཚོ་ནི་རང་བཞིན་གྱིས་མིའི་གཤིས་ཀའི་ནང་ཡོད།” ཨ་མདོའི་གསར་འབྱོར་བ་ཚོ་རང་བསྟོད་བྱེད་མཁས་པོ་ཡོད་པ་རེད། འོན་ཀྱང་བསྟན་འཛིན་གྱིས་ཨ་མདོ་ཚོ་ཨ་ཧི་རི་ཀའི་སྤྲ་ཚོ་མཚན་པའི་བཟུང་ནས་ངོམ་ཚོ་དང་སྦྱར་ནས་བཤད་པ་དེ་བསྟོད་པའི་ཟོལ་གྱིས་སྨད་པ་མིན་འགྲོ། ཁོ་ཚོ་སྤྲ་མཇེ་ངོམ་མཁན་དེ་ཚོ་ལས་ལྷག་ཅིག་ཡིན་པ་མིག་བཙུམ་ནས་བཤད་ཆོག་སྙམ། མི་ལ་དེ་འདྲ་འཕྱ་དམོད་མ་བྱས་ན་མི་བཟང་ངམ། སྤྱིར་བཏང་ང་ཨ་མདོ་གསར་འབྱོར་རྙོག་དྲ་ཚ་བོ་ཁོ་ཚོ་ལ་དགའ་བོ་མེད་ཀྱང་། དེ་འདྲ་ངན་པ་ཞིག་ལ་བརྩི་མ་མྱོང་།
སྤྱིར་བཏང་ལུང་ཚན་གི་དབྱེ་འབྱེད་མང་པོ་ཅིག་བྱེད་མཁན་དེ་ཚོ་ལུང་ཁུག་ཅིག་ལས་ཕྱི་ལ་ཐོན་མ་མྱོང་བའི་ཁྲོན་པའི་སྦལ་བ་ལྟ་བུ་ཞེ་ཅིག་གིས་བཤད་རྒྱུ་ཅིག་ཡིན་ན་ཤེས་ལྡན་པ་དག་ནས་ངེས་པར་སྤང་བར་རིགས་སོ། དེ་ནི་རང་ཉིད་གི་ནང་ཁྲོལ་རང་གིས་ཁྲོམ་སྟོན་བྱས་པ་ཙམ་མ་གཏོགས་གཞན་གང་ཡང་མ་ཡིན་ན་མི་དེ་རིགས་ལ་ཁ་མ་གཙེས་ན་བཟང་། མིང་ལ་གདོང་དམར་གྱི་བུ་ཡིན་ན་ཅིག་བཏགས་ནས་གདོང་དམར་བོད་མི་ནང་ཁུལ་དཀྲུག་པའི་ཐུར་མ་མ་བྱེད་རོགས།
ཟླ་བ་ཚེ་རིང་གིས་ངེད་ཀྱི་དྲི་བར་ད་དུང་ཡང་ལན་བརྒྱབ་མ་སོང་།
ད་དྲི་བ་བསྐྱར་འགོད་མི་བྱེད། རྗེས་ཕྱོགས་རྩོམ་གཅིག་ལ་ཁ་བྱང་གཉིས་བཏགས་ནས་སྤེལ་ན། དེ་དུས་དཔྱད་ཞིབ་དང་ཞིབ་འཇུག་བྱས་ནས་རྨོངས་འཆར་ཞིག་འབྲི་ཨེ་ཐུབ་བལྟ་གི་ཡིན།
hi dawa dondup .did you read my comment? and dong mar gyi bu .hahhahah you really hate to amdowa and other new comers. you also meight do like dawa dondup lo.
hi dawa dondup. did you read my comment . and dongmar gyi bu you also hate to amdowa and other new comers. you must do like dawadondup ohter wise you can’t do anythings to amdowa and new comer lo
sherab gya la . sorry for my mistake
ཟླ་བ་ཚེ་རིང་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱོད་ཀྱིས་སྐད་ཆ་འདི་བཤད་ཕོད་པ་ཁོ་རང་ཡག་པོ་རེད། རང་རེའི་སྤྱི་ཚོགས་ཆུང་ཆུང་འདི་ཡིག་ནོར་གྱི་ཁོར་ཡུག་ཆེན་པོ་ཞིག་རེད། བྱུང་འཛིན་ཐོ་འགོད་པ་ཡིན་མིན་མི་ཤེས་ཀྱང༌། ད་ལྟར་སྐུ་སྒེར་ནང་ངའི་གོ་གསལ་བྱས་ན་ཕྱག་ལས་འདི་རེད་ཟེར། བདེན་པ་ཡིན་མིན་མི་ཤེས། ཁམས་ཁྱུང་པོ་ནས་ཡིན་པ་དགེ་བཤེས་ལྷ་རམ(ང་དང་འཛིན་གྲྭ་གཅིག་པ)ཡིནཔའི་བླ་མ་ཚ་འབྲོང་སྤྲུལ་སྐུ། ལྷོ་ཁ་ནས་ཡིན་པའི་དགེ་བཤེས་ལྷ་རམས(ང་དང་འཛིན་གྲྭ་གཅིག་པ་)གཟིམས་གོང་སྤྲུལ་སྐུ། ཨ་མདོ་བཛྲ་འཕྲིན་ལས་གསུམ་རེད་ཟེར།
བསྟན་འཛིན་ལགས་ཀྱིས་སྐུ་སྒེར་ཡིག་ཚང་གི་སྐུ་ངོ་དྲུང་ཆེ་ཨ་མདོ་རེད་གསུངས་འདུག ད་ལྟར་དྲུང་ཆེ་དབུས་གཙང་གི་སྐུ་ངོ་བྲེ་སྲོང་རེད། དེའི་སྔོན་ལ་ཁམས་ཀྱི་ཚ་བ་བློ་བཟང་སྦྱྱིན་པ་རེད། རྔ་པ་ཚེ་རྒྱལ་ནི་སྐུ་སྒེར་རྒྱ་ཡིག་དྲུང་ཆེ་རེད། ཕལ་ཆེར་དེ་དང་ནོར་བ་ཡིན་སྲིད། ཡིག་ནོར་དང་དོན་ནོར་གཉིས་ཀ་ནོར་བའི་ཁོངས་ལ་འགྲོ་རྒྱུ་ལས་མེད་པས། རྗེས་མར་དྲ་གཏམ་བཤད་སྐབས་སྔོནམ་ལ་རང་གིས་མཁྱེན་པ་གནང་ན་དྲ་གྲོགས་ཚོ་ལ་ཕན་ཐོགས་ཆེ། ང་རང་ཡང་ཡིག་ནོར་མང་པོ་ཤོར་མཁན་ཞིག་ཡིན། ང་ཚོས་ད་དུང་ཟླ་བ་ཚེ་རིང་ནང་བཞིན་འགན་ཁུར་ནས་ཡིག་ནོར་ཞིབ་བཅོས་ཐོག་དོ་སྣང་རྒྱ་ཆེན་པོ་གནང་དགོས་ཀྱི་འདུག ད་དུང་བློ་ཁོག་ཡོད་ན་སྤྱི་འཐུས་རྒྱུན་ལས་ནང་ཕྱག་ཡིག་གནང་དང་། ཕྱོགས་མཐའི་ས་གནས་ཁག་ལ་གཞུང་འགྲེལ་ཁྱབ་བསྒྲག་གནང་ཐུབ་པས། ཕན་ཐོགས་ངེས་ཅན་རེ་བཟོ་ཐུབ་སྙམ།
བདེན་པ་དངགནས་ལུགས་ཀྱི་སྲང་ལ་འདེགས་རྒྱུ་གང་ཡོད་པ་ཐམས་ཅད་འདེགས་ཐུབ་པ་གནང་རོགས། སྐུ་སྒེར་དྲུང་ཆེ་དེ་བྲེ་སང་ཡིན་དང་སུ་ཡིན་གྱི་ཁྱད་མ་རེད། ང་ཚོར་བསྔོ་རྟེན་བྱུང་འཛིན་མི་ལ་སྟོན་དུས་བློ་ཕམ་མི་ཡོང་བ་ཞིག་དགོས་ཀྱི་ཡོད་པ་རེད། ད་ཡོད་བསྔོ་རྟེན་གྱི་བྱུང་འཛིན་གནང་མཁན་ཚོར་མཚོན་ན། དག་ཆ་ཟེར་བའི་རིན་ཐང་མི་ཤེས་མཁན་རྐྱང་རེད། དེ་ཚོར་འགྱུར་བ་འགྲོ་ཐབས་ཤིག་ཡོད་མེད་དེ་རེད། རྡ་རམ་ས་ལ་ན་དག་ཆ་ཡག་པོ་ཡོད་མཁན་དེ་འདྲ་ཡོད་ཀྱི་རེད་སྙམ། དེ་ཚོར་འབོད་སྐུལ་ཞུ་དགོས་ནའང་ཞུས་ཏེ། བྱུང་འཛིན་ཡིག་ནོར་མེད་པ་རེ་གནང་ཐུབ་ན་དེ་ནི་ཡག་ཐོག་ལེགས་རྩེག་ཡོང་བ་འདུག་སྙམ། རྡ་རམ་ས་ལ་ན་ཡོད་མཁན་ཚོས་ཤུགས་བསྐྱོན་རྒྱུ་གལ་ཆེན་པར་མཐོང་ནས་བསམ་ཚུལ་འདི་ཞུ་ཡི་ཡོད།
བེ་རི་འཇིགས་མེད་ལགས།
གཟིམ་གོང་སྤྲུལ་སྐུ་ཟེར་ན་ག་རེ་ཟེར་གྱི་ཡོད་པ་རེད། ཤུགས་ལྡན་སྐོར་གྱི་དེབ་ཚོའི་ནང་ན་གཟིམ་གོང་སྤྲུལ་སྐུ་ཟེར་བ་ཞིག་ཡོད་པ་རྒྱལ་དབང་ལྔ་བ་མཆོག་གིས། དམ་མིན་དམ་བརྫུ་གྲགས་པ་རྒྱལ་མཚན་ཞེས་མིང་དངོས་སུ་སྨྲོས་པའི་འབྱུང་པོ་དེའི་སྤྲུལ་སྐུ་རེད་ཅེས་དམའ་འབེབས་བྱེད་ཀྱི་ཡོད་པ་ཡིན་ནམ་ཅི།
སྐུ་སྒེར་ཡིག་ཚང་གི་བསྔོ་རྟེན་བྱུང་འཛིན་སྟེང་ཡིག་ནོར་འབྲི་མཁན་ནི་ལྷ་རམས་དགེ་བཤེས་གཉིས་དང་ཨ་མདོ་བཛྲ་འཕྲིན་ལས་གསུམ་རེད་ཅེས་ཁྱེད་རང་གིས་གྲངས་ཀས་བཅད་ནས་བཤད་འདུག དེ་གསུམ་ཡིན་ན། ཁྱེད་རང་དགེ་ལུགས་སྤྱི་འཐུས་ཀྱི་མིང་ཡོད་མཁན་ཞིག་གིས་དེ་ཚོར་འགན་འཁྱེར་དགོས་རྒྱུ་ལ། དེ་མ་བྱུང་ནས་འདུག་པ་ཅིས་ལན། སྤྱི་འཐུས་ཚོས་སོ་སོའི་ཉེ་འཁོར་ཙམ་ལའང་ཕྱག་དང་ཞལ་གྱིས་སྙོབས་ཀྱི་མེད་པ་ཅིས་ལན།
སྤྱི་འཐུས་རྒྱུན་ལས་ལ་གཞན་ཞིག་གིས་སྙན་ཞུ་བརྒྱབ་ན་མ་གཏོགས་ཨ་ལན་བརྡ་ལན་དང་འགུལ་སྐྱོད་རྒྱག་མི་དགོས་པའི་ཁྲིམས་སྲོལ་ཞིག་ཡོད་པ་རེད་དམ། དྲི་བ་འདི་ཚོར་ལན་ཞིག་ཡོད་པ་ཞུ། ད་དུང་ཁྱེད་རང་གི་བརྩམས་ཆོས་དག་གི་དག་ཆའི་སྐོར་སོགས་རྗེས་ལ་ཡུན་གྱིས་གླེང་འདོད་ཡོད། དེ་སྐོར་གླེང་ཆོག་པའི་ཆོག་མཆན་ཞིག་ཀྱང་སྟབས་གཅིག་ཏུ་ཞུ་ཡི་ཡོད། གླེང་མ་ཡོང་གསུངས་ན་ལེགས་སོ་ཞུ།
ཟླ་བ་དོན་འགྲུབ་ལགས། གཟིམས་གོང་སྤྲུལ་སྐུ་གྲགས་རྒྱན་སྐོར་དུ་ཀཱུ་ལའི་གོས་བཟང་ནང་ཡོད་པ་དེ་མ་རེད། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྤྲུལ་སྐུ་རེད། ཁྱོད་དང་ང་གཉིས་ཀྱིས་རིན་གོང་རྒྱག་མི་ཤེས་མཁས་བཙུན་གཉིས་ལྡན་ཞིག་རེད། དག་ཆ་ནོར་ནས་འབྲི་མཁན་དེ་ཁོང་རྣམ་པ་གསུམ་རེད་ཅེས་ང་ལ་གསལ་པོ་ཞུ་རྒྱུ་མེད། ཁོང་རྣམ་པ་གསུམ་ཀ་གྲྭ་པ་ཚད་ལྡན་རེད། དག་ཆ་ཡང་ཤེས་མཁན་གྲས་རེད། དགེ་ལུགས་སྤྱི་འཐུས་ཀྱི་ མིང་ཡོད་མཁན་ཞིག་མིན་ན་འང་དེ་ཚོར་འགན་ཁུར་ཆོག་ལེ་རེད། ཁུར་གནང་ན་དགའ་བསུ་ཞུ་རྒྱུ་ཡིན། ད་དུང་ཡག་ཤས་དེ་སྐུ་སྒེར་དྲ་རྒྱ་ཐོག་ཐད་ཀར་གནང་ན་འབྲེལ་ཆེ་ལ་འགྱོགས་ཀྱང་ཆེ། དྲ་བྱང་དགོས་ན་ངས་འབུལ་ཆོག འབེན་དམར་ཐིག་མགོ་ལ་བཞག མདའ་རྣོན་པོ་རྐུབ་ལ་འཕེན་པ་ལས་བཟང་བ་ཞིག་ཅིས་ཀྱང་ཡོང་ངེས། དྲ་ངོས་འདིར་འཛུལ་ཐེངས་རེར་ཁ་རྡུང་རེ་རག་དགོས་པ་དེ་ལས་དབང་ཡིན་པ་འདྲ། ཡིན་ནའང་དྲ་གྲོགས་འདི་ཚོ་ལྷག་བསམ་རྣམ་དག་ཡིན་པས་ཁོང་ཁྲོ་ལང་དོན་མི་འདུག
ཡིག་ནོར་སྐོར་འདི་སྤྱི་ཡོངས་གི་གནད་དོན་ཅིག་ཡིན་པས་སྐུ་སྒེར་ཡིག་ཚང་ལ་ཡི་གེ་ཅིག་བསྐུར་ནས་ཐག་ཆོད་པ་ཅིག་མ་རེད་ལ་ཁོངས་གང་དང་གང་ཡིན་པ་དེར་ཡི་གེ་ཅིག་བྲིས་ནས་ཐག་ཆོད་པ་ཅིག་མ་རེད། འདི་བོད་སྤྱི་ཚོགས་ཡོངས་ལ་ཁྱབ་པའི་གནད་དོན་ཅིག་རེད། མི་སྒེར་གི་ཡིག་ནོར་དེ་མི་སྒེར་ལ་ཐུག་པ་རེད། གཞུང་དང་གཞུང་འབྲེལ་ལས་ཁུངས་ཁག་གི་ཡིག་ནོར་དེ་བཅོས་ཐབས་མེད་པ་ཅིག་མ་རེད།
གཞུང་དང་གཞུང་འབྲེལ་གི་ལས་ཁུངས་གང་འདྲ་ཅིག་ཡིན་ན་ཡང་མཐོ་འགན་འཛིན་ནས་གད་པ་ཚུན་ཆད་སྤྱི་ཡོངས་ཁྱབ་བསྒྲགས་གིས་ཡིག་ཚད་དང་ཡང་ན་ཆ་རྐྱེན་འོག་བཅར་འདྲི་བྱས་ནས་ལས་མི་འདེམས་པ་ཡིན་ན་ལས་བྱེད་གི་ཚད་གཞི་དང་སྤུས་ཀ་ཇེ་མཐོར་འགྲོ་རྒྱུ་ཡིན་པས་ཡིག་ནོར་གིས་མཚོན་པའི་དོན་དག་མང་པོ་ཅིག་རང་བཞིན་གིས་ཐག་ཆོད་འགྲོ་གི་རེད།
ང་ཚོའི་བཙན་བྱོལ་སྤྱི་ཚོགས་ལ་མཚོན་ན་གཞུང་ཞབས་དང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གིས་མཚོན་ཉུང་ཤས་ཤིག་ནས་སྤྱི་ཡོངས་ཁྱབ་བསྒྲགས་གིས་ལས་བྱེད་འདེམས་བསྐོ་བྱེད་གི་ཡོད་པ་བསྔགས་འོས་སུ་མཆིས་ན་ཡང་ད་རུང་ལས་རིགས་མང་པོ་ཅིག་རང་གི་ངོ་ཤེས་གྲོགས་པོ་དང་ཕ་ཡུལ་གཅིག་པའི་བརྒྱུད་ལམ་ནང་འཁོར་བསྡད་ཡོད་པ་འདི་ཡར་ཐོན་གི་རྐང་ལག་སྡོམ་བྱེད་ཀོ་གྱོང་ལྟ་བུ་ཡིན་པ་ཤེས་དགོས་པ་གལ་ཆེ་སྙམ།
མཐོ་སྐུ་ངོ་དང་བླ་སྤྲུལ་དགེ་བཤེས། མཁས་མིང་ཅན། ད་ལྟ་ང་ཚོའི་ནང་གི་ཤེས་ལྡན་པའི་མིང་ཅན་སྤྱི་ཚོགས་གིས་འགྲིགས་མ་འགྲིགས་མང་པོ་ཅིག་ལབ་མཁན་དེ་ཚོ་ཚུན་ཆད་ནས་གནས་སྔ་མོའི་ཚོ་ཤོག་གི་ལམ་ཁ་འདི་རང་དེད་ནས་འགྲོ་གི་ཡོད་པ་དེ་ཤེས་པར་གྱིས། དཔོན་གནས་རྒྱུད་འཛིན་གི་ལམ་ལུགས་དེ་མེད་པར་ཕྱིན་ཡོད་ཤས་ཆེ་ཡང་ལས་གནས་དགའ་ཉེས་འཛིན་པའི་ལམ་ལུགས་མང་པོ་ཅིག་རྒྱ་དམར་གུང་ཁྲན་གི་དཔོན་གནས་འཕོ་འགྱུར་གི་ལམ་ལུགས་དང་གཅིག་མཚུངས་སུ་བོད་སྤྱི་ཚོགས་གི་གྲུ་ཁ་གང་སར་གནས་འདུག
གྲོགས་བེ་རི་ལགས། དགོངས་འཆར་གནང་བར་རྗེས་སུ་ཡི་རང་ཞུ། ཁྱེད་རང་རྡ་ས་ན་བཞུགས་མཁན་སོང་ཙང༌། དེ་རིང་སེམས་འཚབ་ངང་དྲི་བ་ཞིག་འདྲི་དགོས་བྱུང་སོང༌། ངས་ད་ལྟ་རང་དུས་བབ་དྲ་རྒྱའི་ཁ་ཕྱེས་ནས་བཀླགས་པ་ཡིན། ཚེས་གཉིས་ཉིན་གོང་ས་མཆོག་རྡི་ལི་ལ་ཕེབས་ནས་ཚེས་གསུམ་ཉིན་ཕྱིར་རྡ་སར་ཞབས་སོར་འཁོད་ཀྱི་ཡོད་པ་དང༌། ཕེབས་དོན་ནི་སྐུ་ཕྱག་ལ་བརྟག་དཔྱད་གནང་ཆེད་ཡིན་པ་བཀོད་འདུག རྒྱལ་བ་རིན་པོ་ཆེའི་སྐུ་ཕྱག་ལ་བརྟག་དཔྱད་གནང་དགོས་པ་ག་རེ་བྱུང་བ་ཡིན་ནམ། སྔ་ལོའི་ལོ་མཇུག་ལ་སྐུའི་མཁྲིས་རྡོའི་བསྙུན་གཞིར་གཤག་བཅོས་ཞུས་པ་རེད། ད་ཡང་སྐུ་ཕྱག་ལ་ག་རེ་བྱུང་བ་ཡིན་ནམ། ང་ཚོའི་བསོད་ནམས་དམན་པ་ལ་ཨང་སྙམ་ནས་སེམས་སྐྱིད་པ་ཁྱོན་ནས་མི་འདུག ང་ལ་ལན་ཞིག་གནང་རོགས། སྐུ་མཁྱེན།
གྲོགས་པོ་ལགས། ངས་དེ་རིང་མ་གཏོགས་དྲ་རྒྱ་ལྷོད་ལྷོད་ཁ་ཕྱེ་ལོང་མ་བྱུང༌། དགོངས་དག ངས་ཁྱོད་ལ་ལན་ཕུལ་བ་འདི་ཕྱིས་དྲགས་འདུག ད་ཐེངས་ཕེབས་པ་འདི་སྐུའི་བསྙུན་གཞི་ལྕི་བོ་དེ་འདྲ་མ་རེད། ཁ་རྩངས་སྔོན་མར་ཕེབས་པ་དེ་བསྙུན་གཞི་ལྕི་ཚད་རེད། དེའི་སྐོར་ད་ལྟར་སོས་དྲག་ཟིན་པ་རེད། ཐུགས་ཁྲལ་གནང་མི་དགོས། ཁ་རྩངས་སྔོན་མ་ཡིན་ན་དེའི་སྐོར་གསང་བ་རེད། གནས་ཚུལ་དེའི་སྐབས་རྒྱུན་ལས་ནང་དང་ལས་ཤག་གཉིས་ཀར་མིག་ཆུ་ཐེངས་མང་གཏོང་དགོས་བྱུང༌། གྲོགས་པོ་ལགས། ང་ཚོས་གཟབ་གཟབ་བཟོ་རྒྱུ་གལ་ཆེ་ཤོས་གཅིག་དེ་རྒྱལ་རིན་པོ་ཆེའི་སྐུ་ཕྱྭ་སྲུང་སྐྱོབ་བཟོ་རྒྱུ་དེ་རེད། ཁ་རྩངས་རྒྱལ་རིན་པོ་ཆེ་ལྡི་ལི་སྨན་ཁང་ནས་ཐོན་པ་དང༌། རྒྱ་ནག་གཞུང་ཚབ་ཁང་ནས་སྨན་ཁང་དེ་གའི་ནང་ནས་རྒྱལ་བ་རིན་པོ་ཆེའི་སྨན་ཤོག་བརྩད་བཅད་གཏོང་ནས་ཡོང་ཚུལ་གོ་རྒྱུ་ཡོད་པ་མ་ཟད། རྒྱ་ནག་གི་དྲ་རྒྱ་ཐོག་འདི་ནས་ཡོངས་ཁྱབ་གསལ་བསྒྲགས་བྱས་མེད་པའི་གནས་ཚུལ་མང་པོ་ཞིག་བཀོད་འདུག་ གནས་ཚུལ་འདི་ཚོར་བསམས་ན་བོད་རྒྱ་ཞི་མོལ་དང་། འགྲིགས་འཇག་གི་རྨི་ལམ་དེ། ཉིན་མོའི་རྨི་ལམ་རང་རེད།
བེ་རི་ལགས། ང་ཡོད་ས་འདིར་མཚོན་ན་གསལ་བཤད་འདི་འདྲ་ལ་འཕྱིས་དྲག་རྒྱུ་གང་ཡོང༌། གསལ་བཤད་གནང་བར་ཐུགས་རྗེ་ཆེ། རྒྱ་ནག་གཞུང་གིས་སྨན་ཁང་གི་སྨན་ཤོག་བརྩད་གཅོད་བཏང་བ་དང༌། ད་དུང་སྐུ་སྒེར་དང་བོད་གཞུང་ནས་ཡོངས་ཁྱབ་གསལ་བསྒྲགས་བྱས་མེད་པའི་གནས་ཚུལ་མང་པོ་ཞིག་དྲ་རྒྱའི་སྟེང་བཀོད་ཡོད་སྐད་འདི་ཡག་པོ་ཁྱོན་ནས་མ་རེད། བོད་གཞུང་གིས་དེར་ལན་འདེབས་དང་གསལ་བཤད་འདྲ་གནང་ཡོད་པ་རེད་དམ། ད་ནི་དེ་ཚོའི་འདྲེ་ལག་དེ་ང་ཚོའི་ནང་ལོགས་ལ་བརྐྱངས་ཚར་ཡོད་འདྲ།
བོད་ཀྱི་གཞོན་ནུ་ཚོགས་པས་ལོ་གསར་དུས་ཚིགས་ལ་སྤེལ་རྒྱུའི་ལས་འགུལ་གསལ་བསྒྲགས་ནང་བཀོད་པ་ལྟར་ན། རང་རང་གི་ཁྱིམ་ནས་མའོ་ཙེ་ཏུང་དང་ཧུའུ་ཅིན་ཐའོ་ཡི་འདྲ་གཟུགས་རེ་གླུད་འགོང་གི་མཉམ་དུ་ཕྱིར་ཕྱུངས་ནས་གཡུག་དགོས་པ་ཞིག་བཀོད་འདུག འདི་ཚོས་ག་རེ་བསམ་པ་ཡིན་ནམ། བོད་ཀྱིགཞོན་ནུ་ཚོགས་པས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་མི་ཁྱིམ་རེ་རེའི་ནང་མའོ་དང་ཧུའུ་ཡི་འདྲ་པར་རེ་སྔ་མོ་ནས་བཀྲམས་ནས་ཡོད་པ་རེད་དམ། དེ་ཡིན་ན་ནི། ལྟས་ངན་རེད། དེ་མ་གཏོགས་མི་ཁྱིམ་རེ་རེ་ནས་ད་བར་དུ་མའོ་དང་ཧུའུ་ཡི་འདྲ་པར་རེ་ནང་རྟེན་དུ་ཉར་ནས་ཡོད་པ། ད་ཆ་དེ་འགྲིག་མི་འདུག དེ་ཕྱིར་ཕྱུངས་ཤིག་ཟེར་གྱི་ཡོད་པ་རེད་པས། འདི་ཚང་མ་ད་ནི་གཞོན་ནུ་ཚོགས་པར་མི་དྲག་ག་འདྲ་མེད་པས་ལན་སོང་བ་འདྲ། གཞོན་ནུ་ཚོགས་པའང་འདི་ལྟར་ཉམས་འགྲོ་ཡི་ཡོད་པ་རེད། ང་ཚོའི་བསོད་ནམས་དམན་པ་ལ་ཚད་མེད་པར་འགྱུར་བཞིན་གདའ་ཨང
ཧཧཧཧཧ ད་ནི་དངོས་ནས་གཞོན་ནུ་ཚོགས་པའི་ཚོགས་གཙོ་དང་ལས་བྱེད་དག་ལ་སྨྱོ་ནད་འཕོག་ཡོད་པ་ཁོ་ཐག་རེད། དེ་མ་གཏོགས་དབོན་ངན་དེ་གཉིས་ཀྱི་དཔར་དེ་འདྲ་མང་བོ་ཞིག་ལ་ཕན་མེད་དུ་འགྲོ་སོང་བཏང་ནས་གང་བྱེད་འདོད་ཡིན་མིན། དངོས་ནས་བོད་པ་འདི་བ་ཚང་གི་གལ་གནད་ཆེ་བའི་ཚོགས་པ་དག་གི་སྣེ་ཁྲིད་བྱེད་མཁན་ནི་འདི་འདྲ་ཞིག་ཡིན་སྟབས། ངེད་ཅག་ལ་གྱོང་རེག་བཞིན་ཡོད་པ་རེད།
བེ་རི་ལགས། སྐུ་ཉིད་ནས་ད་ལྟ་༧གོང་ས་མཆོག་གང་དུ་བཞུགས་ཡོད་མེད་དང་༧གོང་ས་མཆོག་ལ་སྐུ་བསྙུང་ག་དུས་ནས་བཞེས་པ་ཡིན་མིན་དང་ད་རེབ་ཀྱི་སྐུ་བསྙུང་འདི་སྔོན་ཆད་ཀྱི་བསྙུང་གཞི་དེ་དང་འབྲེལ་བ་ཡོད་མེད། ཡང་ན་བསྙུང་གཞི་གསར་བ་ཞིག་ཡིན་མིན་སོགས་ཀྱི་བསྐོར་ལ་འབྲེལ་བཤད་གསལ་བོ་ཞིག་གནོང་རོགས་ཞུ། ལྷག་པར་དུ་ད་ལྟའི་འཆར་སྐུ་མདུན་གྱིས་མཛད་འཆར་ག་རེ་གནང་གི་ཡོད་མེད་གསལ་བོ་ཞིག་གསུང་ལན་ཡོད་པ་ཞུ།
༧གོང་ས་མཆོག་གི་ཆིབས་བསྒྱུར།
འདོན་སྤེལ། ༢༠༠༩/༠༢/༠༢
ཕྱི་ཚེས་ ༢ ཉིན་༧གོང་ས་མཆོག་ལྡི་ལིར་སྐུ་ཕྱག་བརྟག་དཔྱད་གནང་བར་ཕེབས་ཡོད་ལ། ཕྱི་ཚེས་ ༣ ཉིན་ཕྱིར་བཞུགས་སྒར་དུ་ཕེབས་རྒྱུ་ཡིན་འདུག
ཚེས་ ༢ ཀྱི་ཉིན་གུང་༧གོང་ས་མཆོག་གཞུགས་སྒར་ངྷ་རམ་ས་ལ་ནས་ཆིབས་ཐོན་གྱིས་ལྡི་ལིར་ཆིབས་བསྒྱུར་བསྐྱངས་ཡོད་པ་དང༌། འབྲེལ་ཡོད་མི་སྣས་འདི་གར་གནས་ཚུལ་སྤྲད་པ་ལྟར་ན། ༧གོང་ས་མཆོག་གི་སྐུ་ཕྱག་ཏོག་ཙམ་བདེ་བོ་མེད་པ་དང་མཉམ་དུ་སྐུ་བཅར་སྨན་པའི་ལམ་སྟོན་ལྟར་ལྡི་ལིར་བརྟག་དཔྱད་གནང་བར་ཕེབས་པ་ཡིན་འདུག་ལ། སང་ཉིན་ཕྱི་ཚེས་ ༣ ཉིན་ཕྱིར་གཞུགས་སྒར་ཕོ་བྲང་དུ་ཕེབས་རྒྱུ་ཡིན་འདུག
ཟླ་འདིའི་ཚེས་ ༧ ཉིན་༧གོང་ས་མཆོག་ཨི་ཊ་ལིའི་རྒྱལ་ས་རོམ་གྲོང་ཁྱེར་གྱི་མི་སེར་མཚན་གནས་ཐོབ་པའི་ཕྱག་ཁྱེར་བཞེས་པར་ཆིབས་བསྒྱུར་གནང་རྒྱུ་ཡིན་པ་དང༌། ཕྱི་ཚེས་ ༡༠ ཉིན་འཇར་མན་གསར་འགྱུར་བརྒྱུད་ལམ་གྱི་ཆེ་བསྟོད་གཟེངས་རྟགས་ Deutsch medienpreis ཞེས་པ་དེ་འབུལ་བཞེས་གནང་རྒྱུ་ཡིན་འདུག ཚེས་ ༡༢ ཉིན་ཕྱིར་ལྡི་ལིར་ཆིབས་བསྒྱུར་གནང་རྒྱུ་ཡིན་པ་རེད།
གོང་གསལ་འདི་དྲ་གྲོགས་བོད། ལྷ་ཀླུ་གཉན་གསུམ་ལགས་སུ་ཕུལ་བ་ཡིན།
དྲ་གྲོགས་འབིག་ལགས། སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ། དུས་ཐོག་དུ་ལན་འདེབས་བྱེད་མཁན་བོད་པ་ཚང་གི་དུས་ཐོག་གི་འབིག་ལགས། ངས་ཁྱེད་ཀྱི་ང་རང་གི་དྲི་བ་འདི་མཐོང་མ་ཐག་ལན་འདེབས་བྱས་པ་དེར་ང་རང་དངོས་ནས་སེམས་པ་དགའ་སོང་། མུ་མཐུད་དུ་གནས་གང་ཞིག་ནས་འདི་འདྲ་དགོས་མཁོའི་དྲི་བ་འདྲི་མཁན་དག་ལ་དུས་ཐོག་དུ་ལན་རེ་འབུལ་རོགས་ཞུ། རེད་ཡ་ བོད་པ་ཚང་གི་སྲོལ་རྒྱུན་གྱི་བཤད་སྲོལ་ཞིག་ལ་མི་སེམས་དགའ་ན་ཆོས་ཡིན་ཟེར་བ་ལྟར། དེ་རིང་ཁྱེད་ཀྱིས་ཆོས་ཤིག་བྱས་པ་རེད།
གཞིས་ལུས་རྒྱ་ཆེའི་མི་མང་ནས་འཐབ་ན་སྲོག་གཅིག་དང༌། གསོན་ན་སེམས་གཅིག་གི་ལས་འགུལ་སྤེལ་བ་རེད། དུས་ད་ལྟ་ཨ་མདོའི་ལོ་གསར་ནས་མགོ་བཙུགས་ཏེ། སྐྱིད་སྡུག་མཉམ་མྱོང་གི་སེམས་པ་གཅིག་ཏུ་བསྒྲིལ་ནས་ལོ་གསར་གྱི་དུས་སྟོན་དེ་མྱ་ངན་གྱིས་ཕར་བསྐྱལ་བ་ནི་ལོ་རྒྱུས་ཀྱི་བྱུང་བའི་ནང་གི་ལེའུ་གསར་བ་ཞིག་གི་མགོ་འཛུགས་ཆགས་སོང༌། ད་ལྟ་དབུས་ཁུལ་དག་ནའང༌། ད་ལོར་ནི་ལོ་གསར་གྱི་དགའ་སྟོན་ཚབ་ཏུ་མྱ་ངན་དང་མཆོད་འབུལ་ཞུ་བ་ལ་གཅིག་ཏུ་བགྲོ་ཞིང་བསྐྱོད་བཞིན་གདའ། འདི་ནི་ལ་ཕར་རྒྱབ་ཀྱི་སྤུན་ཟླ་ཚོའི་སེམས་ཁམས་དང་གོམས་སྟབས་རེད། ཆིག་སྒྲིལ་གྱི་སྟོབས་ཤུགས་རེད།
ལ་ཚུར་རྒྱབ་ལ་མཚོན་ན། གཞོན་ནུ་ཚོགས་པ་དང༌། ཚོགས་པ་བཞི། ད་དུང་དབུ་མའི་ལམ་མི་མང་ལས་འགུལ་ཁང་ཟེར་བ་སོགས་ཀྱིས་འཇོན་མདོག་རྒོད་མདོག་དང་མང་ཚོགས་ཀྱི་སྣེ་འཁྲིད་མཁན་ཡིན་མདོག་གིས། ལོ་གསར་དུས་ཚིགས་ལ་དམིགས་པའི་ལས་འགུལ་གྱི་རྣམ་གྲངས་རེ་སྤེལ་རྩིས་ཀྱིས་ཡོད་གདའ་བ་འདི་དག་ནི། བརྒྱ་ལ་ཡག་པོ་མི་འདུག་ཟེར་ག་ལ་རུང་སྟེ། དམིགས་ཡུལ་གཅིག་དང་ལས་འགུལ་གཅིག་གི་སྟེང་ལ་འབབ་པར་འདི་ཚོས་བསམ་བློ་བཏང་ཡོད་པའི་བཟོ་ལྟ་ཁྱོན་ནས་མི་འདུག གང་ཡིན་ཟེར་ན། ས་སོའི་ཚོགས་པའི་ལངས་ཕྱོགས་འདྲ་ཞིག་ཡིན་མདོག་གིས་གཅིག་གིས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྐོར་གསལ་བསྒྲགས་བྱས་ན། གཞན་དེའི་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་གསལ་བསྒྲགས་དང༌། གཅིག་གིས་སྐད་འབོད་ཀྱི་གསལ་བསྒྲགས་བྱས་ན། གཞན་དེས་མཆོད་འབུལ་གྱི་གསལ་བསྒྲགས་བྱེད་སྟངས་འདི་འདྲ་བྱས་ན། མང་ཚོགས་བྱིངས་ཀྱི་སྣེ་གཅིག་ཏུ་འཁྲིད་པར་ཕན་གྱི་རེད་དམ་གནོད་ཀྱི་རེད། ད་ནི་ང་ཚོས་རྡོག་རྩ་གཅིག་སྒྲིལ་གྱི་སྟོབས་ཤུགས་ཅི་ཡོད་དེ་གནམ་སའི་བར་འདི་ནས་འཕྱར་རན་ནས་ཡོད། ཚོགས་པ་སྐྱིད་སྡུག་གི་མིང་ཐོག་ནས་སྤྱི་ཚོགས་ཁ་འཐོར་དགུ་འཐོར་དུ་གཏོང་བ་འདི་ད་ལྟའི་ང་ཚོའི་དགོས་མཁོ་གང་ཡང་མ་རེད། གཞོན་ནུ་ཚོགས་པ་དང་ཚོགས་པ་བཞི་ནི་སྔ་མོ་ནས་འདི་ལྟར་སོ་སོར་གྱེས་ནས་བསྡད་ཡོད་པ་རེད། ད་ནི་དབུ་མའི་ལམ་གྱི་ལས་འགུལ་ཁང་ཟེར་བ་དེའང༌། ཚོགས་པ་ཁ་འཐོར་ཚོའི་བར་གསེང་ལ་རྒྱུག་ནས་ས་རྩུབ་རྡོ་རྩུབ་བྱེད་ཅིང་གདའ། ཨ་ཨ། འདི་ལྟར་དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་གིས་དབུ་འཁྱུད་རྫིག་པོ་དེར་ཡོ་འཁྱོག་ཤོར་བཅུག་པའང་ཇི་འདྲའི་ཕངས་པ་ལ་ཨང༌།
རེད་ཡ། དྲ་གྲོགས་ལགས། དམིགས་ཡུལ་གཅིག གླེང་ཕྱོགས་གཅིག བསམ་ཚུལ་གཅིག མདུན་བསྐྱོད་གཅིག ཁ་གཡང་གཅིག རྩོད་གཞི་གཅིག ལས་འགུལ་གཅིག འདི་དག་ལ་ཁོང་ཚོས་བསམ་བློ་གཏོང་བ་ནས་ལག་ལེན་བྱེད་མི་ཐུབ་པ་དེའི་སྟབས་ཀྱིས་ངེད་ཅག་ཕྱི་བསྡོད་པ་དག་གི་ལས་ཀ་གང་ཞིག་བྱས་ཀྱང་ལུག་གི་རྔ་མ་ལྟ་བུ་ལས་མེད་པ་དེ་རེད། དངོས་ནས་སེམས་སྐྱོ་བའི་སྒང་ལ་འདི་དག་གིས་ཀྱང་འཐེན་འཁྱེར་དང་ཕྱོགས་ཁག་གི་ལྟ་བ་ཞིག་ལས་བོད་སྤྱི་ལ་བསམ་བློ་ཞིག་ག་དུས་འཁོར་གྱི་ཡོད་ན་འདོད་དུས་་་་་་་་་་་
སྐུ་འཁེར་ཡིགས་ཚངས་གི་མདའ་མཐོ།
ཁྱེན་ཡངས་ཟླ་བ་ཚེ་རིང་དང་། སེམས་འཁུར་ཅན་གི་བོད་ཕྲུག་ཤེས་ཡོན་ཅན་ཚོར་ཞུས་རྒྱུར།
འདི་ག་ཁ་རྟ་དྲ་རྒྱའི་ཐོག་སྐུ་སྒེར་ཡིགྶ་ཚང་གི་བསྔོ་སྨོན་འབྱུང་འཛིན་གྱི་ཡི་གེའི་དག་ཆ་སོགས་ལ་ནོར་འཛོལ་བྱུང་སྐད། སྐུ་སྒེར་ཡིག་ཚང་ནི་རྒྱལ་བའི་དོན་གྱི་དག་པོའི་སྐུ་སྒེར་གི་སྐུ་སྒེར་ཡིག་ཚང་ཡིན་ཞིང་། དེ་ལ་བསྔོ་སྨོན་ཞུ་འབུལ་བྱེད་མཁན་རྣམས་ཡང་སྒེར་གི་ཆོས་དད་རང་མོས་ལག་ཏུ་བསྟར་ནས་དངུལ་འབུལ་གྱི་ཡོད།
འབྱུང་འཛིན་གྱི་དག་ཆ་ནོར་བ་དེ་ནི་དེན་པ་རྩ་བ་ནས་མ་རེད། སྐུ་སྒེར་ཡིགས་ཚངས་ལ་བོད་ཡིག་ཤེས་པ་མང་པོ་ཡོད་ཞིང་། ཁོངས་ཚོའི་སེམས་བཤུགས་དང་། དད་པ། ལུས་ངགས་ཡིད་གསུམ་གི་སྤྱོད་པ་བཞི་ཞིང་དུལ་བ། ད་དུང་ཁོ་ཚོ་ཚང་མ་ཞོགས་ལྟར་འཇམ་དབྱངས་ཨ་ལ་བ་ཙ་གྲངས་རྒྱ་ལྷགས་གསོག་གི་ཡོད་པས། འཇམ་དཔལ་དབྱངས་ནི་ཁོང་ཚོའི་ཡི་དམ་ལ་བྱས་པས། ནོར་འཁྲུལ་ཟེར་མཁན་དེ་ཡོངས་ཤེས་ཡས་རྩ་བ་ནས་མེད། བྱས་ཙང་ཁྱེད་རྣམ་ནས་དེའི་སྐོར་ལ་འཇུས་གཏོགས་མ་གནང་ན་ལེགས། རྒྱལ་བ་དོན་གྱི་དག་པོས་ཁྱེན་ན་ཐུག་འཁྲུག་གྱི་ཡིན་པའི་བཀའ་འབྲེལ་བཅས།
སྐུ་སྒེར་ཡིགས་ཚངས་ཀྱི་དྲུང་ཡིགས་དང་སྙེར་པ་ནས་བུལ།
ཨ་ལ་ལ་ལ། ཅིག་འཇིགས་ཀི མདོ་སྨད་པའི་ཟོག་ལུག་གི་རྫི་བོའི་ནང་ན་ཡང་དག་ཆ་ཟེར་ན་ཐོན་མི་འདྲ་བ་ཡོད་ཡ། དཔེར་ན་གངས་འཚོ་ཟེར་བའི་གསར་བུ་སྙན་ངག་པ་གྲགས་ཆེན་དེ་ནོར་ལུག་གི་རྫི་བོ་ཞིག་ཡིན།
ཡེ་ཤེས་ལགས། མདོ་སྨད་པའི་ཟོག་ལུག་གིརྫི་བོའི་ནང་ནའང་ཐོན་མི་འདྲ་བ་ཡོད་ཅེས་ས་དེར་ཉི་མ་འདྲ་ཞིག་ཤར་ནས་ཡོད་སྙམ་ཞིག་གསུངས་འདུག དེ་ནི་ང་ཚོར་དགོས་རྒྱུ་དེ་རེད། དེ་སྔོན་ཨ་མདོའི་གྲོགས་པོ་ཁ་ཤས་ཤིག་དང་མཉམ་དུ་ལོ་ཤས་བསྡད་པ་དེ་སྐབས། ངའི་རོགས་པ་ཨ་མདོ་གཉིས་ཀྱིས་བརྩད་འདི་འདྲ་ཞིག་བརྒྱབ་སོང༌། གཅིག་གིས་ཟེར་ན། ང་ཚོའི་ས་ཆ་ནི་དེང་སང་དཔལ་འབྱོར་ཡར་རྒྱས་ཕྱིན་ནས་བུ་མོ་ཚོས་ཀྱང་དུས་ཚོད་བྱུང་ན། ཁ་ལ་ཨོ་ཁེ་ཞབས་བྲོ་ཁང་ནང་སོང་ནས་སྐྱིད་པོ་བྱེད་ཀྱི་ཡོད། ཅེས་ལབ་སོང་བར། གཞན་དེས། ང་ཚོའི་ལུང་བ་སྐྱོ་བ་ལ་ཚད་མེད་པ་ཆགས་ཡོད། ཡར་རྒྱས་ནི་ཕར་རིའི་སྤང་རྒྱན་རེད། བུ་མོ་ཚོས་ཞིང་ཁའི་ཡུར་མ་ཡུར་རྒྱུའི་བར་ནས་ཀྱང་མཚོ་སྔོན་བོད་ཡིག་གསར་འགྱུར་དང་མང་ཚོགས་སྒྱུ་རྩལ་ཀློག་ནས་བསྡད་ཡོད་པ་རེད། ད་ཡར་རྒྱས་གང་འདྲ་སེར་འགྲོ་གི་རེད། ཅེས་ལབ་སོང༌། ད་ལྟ་བསམས་ན། ཁྱེད་རང་ཨ་མདོ་ཚོ་འུར་ཆེ་སེ་བྱུང་ངཱ༌། ཨ་མདོའི་ཟོག་ལུག་གི་རྫི་བོ་ཚོའི་ནང་ན་ཐོན་མི་འདྲ་བ་ཡོད་ཟེར་བ་དང༌། ཨ་མདོའི་ཤེས་ཡོན་པ་ཚོའི་ནང་ན་ཐོན་མི་འདྲ་གཉིས་གསུམ་ལས་མེད་པ་འདི་སྐྱོ་སེ་བྱུང་ངཱ༌། ཡིད་མི་ཆེས་ན། ཨ་མདོ་བ་ཚོས་བཏོན་པའི་བོད་ཀྱི་དུས་བབ་གསར་ཤོག་ལ་ཅིག་གཟིགས་དང༌། དག་ཆའི་མུན་པ་སྟུག་སེར་འདུག
དགེ་འདུན་རབ་གསལ་དང་ཁྱེད་རང་གཉིས་ནས་ཨ་མདོ་བ་ཚོ་ཡག་པོ་ཡོད་ཅེས་བརྒྱ་ལབ་སྟོང་ལབ་ག་ཚད་བྱས་ཀྱང༌། སོག་ཕྲུག་ཤེས་རབ་སྐོར་དུས་བབ་དྲ་རྒྱའི་སྟེང་བཀོད་འདུག་པ་དེའི་ནང༌། བཀག་ཉར་ལ་བཀག་གཉར། འགྲེམས་སྤེལ་བྱེད་དུ་མ་བཅུག་པར་ལ་འགྲེམས་སྤེལ་བྱེད་དུ་མ་འཇུག་པར། གཏམ་རྒྱུད་ལ་གཏམ་བརྒྱུད། བསྔགས་བརྗོད་ལ་སྔགས་བརྗོད་ཅེས་བྲིས་ནས་འདུག་པ་ལྟ་བུ་རེད། སྐུ་མཁྱེན། སླད་ཕྱིན་འུར་མ་རྒྱག་རོགས་ཞུ་ཡག་ཡིན།
ཡེ་ཤེས་འུར་ལ་དགའ་བ་དང་ཟླ་བ་དོན་འགྲུབ་ཡིན་ན་འདི་ཚོར་བ་རྣོ་སྟངས་ལ་བལྟས་ཡོང་དུས་ཁྱེད་གཉིས་ལ་ཤེས་ཡོན་ཅན་ཞིག་གི་བཟོ་ལྟ་ཕར་ཞོགས་བོད་མི་ཡ་རབས་ཞིག་གི་སྐད་ཆ་བཤད་སྟངས་ཀྱང་མི་འདུག ག་རེ་བྱས་ནས་ཆོ་མེད་པའི་སྐད་ཆ་ཉ་གེ་ཉོག་གེ་དེ་འདྲ་བཤད་བསྡད་ཡོད་རེད། གལ་ཏེ་ང་ཚོའི་ཡིག་ནོར་སྐོར་ལ་གྱོད་འདྲ་བརྒྱག་དགོས་ན་ཨང་དང་པོ་དེ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ཡིན། ག་རེ་རེད་ཟེར་ན། དེ་ཚོ་ཤ་ཚོན་པོ་དང་ཕོགས་ཆེན་པོ་ཟོས་ནས་ལས་ཀ་ཡག་པོ་བྱེད་ཀིན་མི་འདུག
ཁོ་རེ་ཟླ་བ། ཁྱེད་ཅི་ཟེར། ཡིག་ནོར་སྐོར་གླེང་དགོས་ན་ཡིན་ལ་གཅིག་དང་མིན་ལ་གཉིས་ཀྱིས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གླེང་དགོས་པའི་རྒྱུ་མཚན་ལ། དེ་ཚོས་ཕོགས་ཆེན་པོ་དང་ཤ་ཚོན་པོ་ཟ་ཡི་ཡོད་པ་དེ་རེད་པས། བོད་ཀྱི་དུས་བབ་ཀྱིས་ཡིག་ནོར་སྤེལ་གྱི་འདུག་ལབ་མ་ཆོག་པ་ག་རེ་རེད། ཁྱེད་འདི་ཇི་འདྲའི་ཨུ་ཚུགས་ཚ་བ་ཞིག་རེད། ཁྱེད་ཚོའི་ཡིག་ནོར་སྐོར་གླེང་མ་ཆོག་པ་ག་རེ་རེད། བོད་ཀྱི་དུས་བབ་ཨ་མདོ་ཚོའི་ཡིན། དེ་གཞན་གྱིས་གླེང་མི་ཆོག་ཟེར་ཡག་ཡིན་པས། ང་ལ་དྲི་བ་ཞིག་ཡོད། དེང་སང་ཨ་མདོ་དག་ཆ་མེད་མཁན་དེ་ཚོ་བོད་ཀྱི་དུས་བབ་གསར་ཁང་ལ་ཡོད་པ་རེད་དམ། དེ་ཡིག་ནོར་གྱི་བཟོ་གྲྭ་ཞིག་རེད་ལབ་ན། ཁྱེད་རང་གིས་ལན་ཅི་ལྡོན། ཨུ་ཚུགས་མ་བྱེད་དང༌། སྐད་ཆ་ག་ལེར་བཤད་ཆོག་གི་རེད། ཡེ་ཤེས་ནི་ངས་མི་ཤེས། ཀླུ་སྨྱོན་ལགས་ཡིན་ན་ནི། ཁོང་ནི་ཨ་མདོའི་གཞོན་སྐྱེས་ནང༌། ཨ་ཡོད་ནང་གི་དེ་ཡོད་དང༌། སྒོ་ངའི་ནང་གི་སེར་རིལ་གྲས་རེད། དེ་མིན་ང་ལ་ནི་ཤེས་ཡོན་པའི་གཤིས་ཀ་ཡོད་མེད་གང་བཤད་ཀྱང་ཁྱད་པར་སྤུ་ཙམ་མེད། ཡི་གེ་ཐིག་ཕྲེང་བདུན་གྱི་ནང་ལ་ཡིག་ནོར་བཞི་རེ་ལྔ་རེ་བྲིས་ནས་ཡོང་སྟངས་ལ་བལྟས་ན། ཁོ་རེ་ཁྱེད་རང་ཡང་དུས་བབ་གསར་འགོད་པ་ཚོར་འདྲ་སེར་འདུག་གཱ ཨ་ལ་ཀུ་རེ་ཡིན། ད་ཉན་རན་སོང༌། ཁོ་རེ། སང་དགོང་མཇལ་ཡོང༌།
གྲོགས་པོ་ཟླ་བ་དོན་གྲུབ་ལགས། གྲོགས་ལགས་ཀྱིས་ཕིགས་པ་དེ་ག་རང་རེད། ངས་དྲ་རྒྱ་ཀློག་དུས་འབིགས་ཀྱིས་ལན་གནང་ཚར་འདུག་པ་དེ་ག་རང་རེད། དེར་བརྟེན་ངས་བསྐྱར་འབྲི་བྱས་མེད། འོན་ཀྱང་རྗེས་ནས་ཕྲན་གྱིས་ཐད་ཀར་འབྲི་འོས་གསར་འགྱུར་རིགས། དུས་ཚོད་ག་དུས་རག་རག་ལ་འབྲི་ཆོག དྲ་རྒྱའི་ནང་ལྷོད་ལྷོད་བྱས་ནས་འཛུལ་རྒ྄ྱུའི་དུས་ཚོད་ཉུང་བས་དྲ་གྲོགས་ཚོར་དགོངས་དག་ཞུ་རྒྱུ་ཡིན། བེ་རི་བས།