ཀླུ་སྨྱོན་གྱིས་མཚམས་སྦྱོར་བྱས།
ཀྲུང་གོའི་བོད་ལྗོངས་དྲ་བས་གནས་ཚུལ་སྤེལ་དོན། འདི་ལོའི་ཟླ་ ༥ པར། དེ་སྔ་ཏཱ་ལའི་རུ་ཚོགས་ཀྱི”ཡུལ་གྱར་སྲིད་གཞུང”གི་གལ་ཆེའི་གོ་གནས་བཟུང་མྱོང་བའི་ཨ་མཆོག་སྤྲུལ་སྐུ་དེ་ཉིད། ཏཱ་ལའི་བླ་མའི་ལོ་ ༨༠ འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོར་མ་ཞུགས་པར། སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་ལ་ཆོག་མཆན་ཞུས་ནས། རྒྱ་གར་ནས་ཕྱིར་རྒྱལ་ནང་ལ་ཕེབས་ཏེ། སི་ཁྲོན་རྔ་བ་རུ་གཏན་སྡོད་བྱས་ཡོད་འདུག
ཟླ་ ༩ ཚེས་ ༢༢ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༣ པའི་སྟེང་། སི་ཁྲོན་ཞིང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཚུའེ་པའོ་ཧྭ་རྔ་བ་མཚན་ཉིད་དགོན་ལ་ཕེབས་ནས་ཨ་མཆོག་སྤྲུལ་སྐུར་གཟིགས་སྐབས། ཁོང་གིས་ཚུའེ་པའོ་ཧྭ་ལ་བརྗོད་པའི་སྐད་ཆ་དང་པོ་ནི། “ང་ད་ཆ་དངོས་སུ་ཀྲུང་གོའི་སྤྱི་དམངས་ཞིག་ཏུ་འགྱུར་སོང”ཞེས་ལབ་འདུག
ཨ་མཆོག་སྤྲུལ་སྐུ། ༡༩༤༤ ལོར་ཀྲུང་གོའི་སི་ཁྲོན་འབར་ཁམས་རྫོང་ནས་སྐྱེས་པ་དང་། མཚན་ཉིད་དགོན་གྱི་སྤྲུལ་སྐུ་སྐུ་ཕྲེང་གསུམ་པ་རེད། ༡༩༥༩ ལོར་བོད་ཀྱི་ལོག་སྤྱོད་མཐོ་རིམ་གྱིས་ཕྱོགས་ཡོངས་ནས་དྲག་པོའི་ངོ་ལོག་ཟིང་འཁྲུག་ཕམ་རྗེས། ལོ ༡༥ སོན་པའི་ཨ་མཆོག་སྤྲུལ་སྐུ་འདི་ཉིད་ཏཱ་ལའི་རྗེས་སུ་འབྲངས་ནས་རྒྱ་གར་ལ་བྲོས་ཕྱིན་ཏེ “ཉམ་ཐག་གྱར་མིར”འགྱུར་པ་རེད། ཁོས་ཏཱ་ལའི་རུ་ཚོགས་ཀྱི “བོད་ཡུལ་གྱར་སྲིད་གཞུང” དང “བོད་གཞུང་སྨན་རྩིས་ཁང” གི་འགོ་འཛིན། “ཡུལ་གྱར་སྲིད་གཞུང” དཔེ་མཛོད་ཁང་གི་བོད་ཡིག་ཚན་པའི་འགན་འཁུར་བ་སོགས་ཀྱི་གལ་ཆེའི་གོ་གནས་བཟུང་མྱོང་ཡོད།
༡༩༧༨ ལོའི་ལོ་མཇུག་ཏུ། ཀྲུང་དབྱང་གིས “རྒྱལ་གཅེས་ཁྱིམ་གཅིག མེས་རྒྱལ་ལ་དགའ་བ་སྔ་ཕྱི་མེད” ཅེས་པའི་སྲིད་ཇུས་བཏོན་ནས། མངའ་ཁོངས་ཕྱི་རོལ་གྱི་བོད་རིགས་སྤུན་ཟླ་རྣམས་རྒྱལ་ནང་དུ་ལོག་ནས་གཉེན་ཉེར་ཐུག་འཕྲད་བྱེད་པར་དགའ་བསུ་ཞུས་ཡོད། ༡༩༧༩ ལོ་ནས་བཟུང་། མངའ་ཁོངས་ཕྱི་རོལ་གྱི་བོད་རིགས་སྤུན་ཟླ་རྣམས་གཅིག་རྗེས་གཉིས་མཐུད་དུ་ཕྱིར་ལོག་ནས་འཚམས་འདྲིར་སླེབས་ཡོང་ཡོད། ཏཱ་ལའི་བླ་མ་ཁོང་རང་ཉིད་ཕུད་པས། དེ་མིན་ཁོང་དང་འབྲེལ་བ་དམ་ཟབ་ཡོད་པའི་མི་དང “ཡུལ་གྱར་སྲིད་གཞུང” གི་པུའུ་ཁག་གི་པུའུ་ཀྲང་བཅས་པ་ཧ་ལམ་ཚང་མ་ཕྱིར་ལོག་མྱོང་ཡོད་པ་མ་ཟད། ཁ་ཤས་ཐེངས་མང་ཡོང་མྱོང་ཡོད། དེའི་ནང་ད་དུང་མི་འགའ་ཞིག་ལ་ཏེང་ཞའོ་ཕིང་དང་ཧུའུ་ཡའོ་པང་། ཞི་ཀྲུང་ཞུན་། ཝུའུ་ལན་ཧྥུ། དབྱང་ཅིན་རེན་སོགས་ཀྲུང་དབྱང་གི་དབུ་ཁྲིད་ཀྱིས་བྱམས་བརྩེའི་མཇལ་འཕྲད་གནང་མྱོང་ཡོད། ༡༩༨༢ ལོར། ཨ་མཆོག་སྤྲུལ་སྐུ་ཐེངས་དང་པོར་རྒྱལ་ནང་དུ་ལོག་ནས་བཅར་འདྲི་བྱེད་ཆོག་པའི་ཆོག་མཆན་ཐོབ་པ་དང་། དེའི་རྗེས་སུ་ཡང་ཐེངས་མང་ལ་རྒྱལ་ནང་དུ་ལོག་ནས། ནང་ས་དང་སི་ཁྲོན་གྱི་གཉེན་ཉེ་དང་གྲོགས་པོར་འཚམས་འདྲིར་ཡོང་མྱོང་ཡོད། ༡༩༨༧ ལོའི་ཕེབས་ཐེངས་དེ་ནི་པཎ་ཆེན་སྐུ་ཕྲེང་བཅུ་པས་གདན་འདྲེན་ཞུས་པ་རེད། ༢༠༡༢ ལོའི་ཟླ ༨ པའི་ཚེས ༣༠ ཉིན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཆོག་མཆན་སྤྲད་དེ། ཨ་མཆོག་སྤྲུལ་སྐུ་རྒྱལ་ནང་དུ་ལོག་ནས་ཕ་ཡུལ་སི་ཁྲོན་ལ་བཅར་འདྲིར་ཕེབས་པ་ཕུད། ད་དུང་ཧྲན་ཞིའི་ཧྥ་མོན་དགོན་སུ་སངས་རྒྱས་ཀྱི་ཕྱག་མཛུབ་ལ་མཆོད་མཇལ་བྱས་ཡོད། དེ་དུས་ཚུའེ་པའོ་ཧྭ་དང་འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར་གྱི་འགོ་ཁྲིད། ནང་བསྟན་མཐུན་ཚོགས་ཀྱི་འགན་ཁུར་བ་སོགས་ཀྱིས་སྤྲོ་སེམས་འཁོལ་པོས་སྣེ་ལེན་ཞུས་ཡོད།
༢༠༡༤ ལོའི་ཟླ ༡༢ པར། ཨ་མཆོག་སྤྲུལ་སྐུ་ནེ་པ་ལེར་ནས་འགྱེལ་ཏེ་རྨས་སྐྱོན་ཕོག ནེ་པ་ལེའི་སྨན་བཅོས་ཆ་རྐྱེན་ལ་སེམས་ཁུར་བྱས་རྐྱེན་རྒྱལ་ནང་དུ་སྨན་བཅོས་བྱེད་པར་རེ་ཞུ་བྱས། ཚུའེ་པའོ་ཧྭས་གནས་ཚུལ་དེ་ཤེས་རྗེས། ཚད་མཐོའི་མཐོང་ཆེན་བྱས་ཏེ་སྐུ་དངོས་སུ་སི་ཁྲོན་ཞིང་ཆེན་མི་དམངས་སྨན་ཁང་དང་འབྲེལ་བ་བྱས་ཏེ་ཆེད་མཁས་སྨན་པ་བཀོད་སྒྲིག་བྱས་པས། མྱུར་དུ་སྨན་བཅོས་ཐུབ་ཏེ་སྨན་ཁང་ནས་ཕྱིར་ཐོན་ཡོད།
ཨ་མཆོག་སྤྲུལ་སྐུ་རྒྱལ་ནང་དུ་ལོག་ཐེངས་རེར། མེས་རྒྱལ་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་པ་དང་ཕ་ཡུལ་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བ་མཐོང་དུས་སེམས་གཏིང་ནས་གཟི་བརྗིད་ཀྱི་ཚོར་བ་སྐྱེས་ཡོང་གི་ཡོད། ཁོང་གིས། ཀྲུང་གོའི་མི་རིགས་ཆོས་ལུགས་སྲིད་ཇུས་ཧ་ཅང་ཡག་པོ་འདུག དགོན་པ་དང་རིག་དངོས། མི་རིགས་རིག་གནས་སྲུང་སྐྱོང་ཡག་པོ་བྱུང་འདུག རྒྱལ་ནང་གི་འཚོ་བའི་ཆུ་ཚད་མཐོ་བ་དང་སྤྱི་ཚོགས་འགན་སྲུང་སྣ་ཚོགས་ཡོད་པ་དེ་ལྟ་བུ་ནི་རྒྱ་གར་རྡ་ལམ་ས་ལའི་གྲོང་ཁྱེར་དུ་བསམས་ཀྱང་མི་ཕོད་པ་ཞིག་རེད། དེ་ལས་མེས་རྒྱལ་ཡག་པོ་འདུག ཕ་ཡུལ་ཡག་པོ་འདུག མེས་རྒྱལ་ནི་དེ་བས་དྲོ་སྐྱིད་ལྡན་པ་ཞིག་རེད། ད་ལྟ་ཀྲུང་གོར་འཛམ་གླིང་ཐོག་གི་རྒྱལ་ཁབ་སུས་ཀྱང་མཐོང་ཆུང་བྱེད་མི་ཕོད་ལ། མངའ་ཁོངས་ཕྱི་རོལ་གྱི་བོད་རིགས་སྤུན་ཟླའི་རེ་བ་དང་མདུན་ལམ་ཀྱང་ཀྲུང་གོ་རེད་འདུག
དུས་ནི་མི་བརྟན་ཆོས་ཀྱི་ཟང་ཟིང་རྟོགས། ། སེམས་དང་འདོད་པའི་རྩ་བ་ད་ནས་རྙེད། ། ལོ་ངོ ༥༦ གི་རིང་ལ་གཞན་ཡུལ་འགྲིམས་ནས་བསྡད། མི་ལོ་བདུན་ཅུར་སོན་པའི་སྤྲུལ་སྐུས་སེམས་ནས་མ་གཟོད་པར་དངོས་སུ་རྒྱལ་ནང་དུ་ལོག་ནས་གཏན་སྡོད་བྱེད་པའི་རེ་ཞུ་བཏོན་པ་དང་། འདི་ལོའི་ཟླ ༤ པར། སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་རེ་ཞུ་དེར་ཆོག་མཆན་བཀོད། མ་གཞིར། ད་ལོའི་ཟླ ༧ པ་ནི་ཏཱ་ལའི་བླ་མ་ལོ ༨༠ ལ་སླེབས་པའི་འཁྲུངས་སྐར་ཡིན་པ་དང་། ཏཱ་ལའི་བླ་མས་ཁོང་ཉིད་འཁྲུངས་སྐར་བྱེད་སྒོར་གདན་འདྲེན་ཞུས་ཡོད་མོད། འོན་ཀྱང་ཁོང་གིས་རྒྱལ་ནང་དུ་ལོག་ནས་གཏན་སྡོད་བྱེད་རྒྱུ་དེ་དེ་བས་གཙིགས་ཆེན་བྱས་ཡོད། དེ་རྗེས་ཁོང་གིས་རེ་ཞུར་ཆོག་མཆན་ཐོབ་པའི་གནས་ཚུལ་གོ་རྗེས། ཟླ་བ་ལྔ་པར་རྒྱལ་ནང་དུ་ལོག་ནས། ཉིན་མཚན་ཀུན་ཏུ་དྲན་པའི་ཕ་ཡུལ་དུ་འབྱོར།
ལོ་ཤས་རིང་ལ་འབྲེལ་གཏུག་བྱས་རྐྱེན། ཚུའེ་པའོ་ཧྭ་དང་ཨ་མཆོག་སྤྲུལ་སྐུ་གཉིས་གྲོགས་པོ་བཟང་པོར་འགྱུར་ཡོད། འདི་ལོའི་ཟླ་མཆོད་དུས་ཆེན་གྱི་གོང་དུ། ཚུའེ་པའོ་ཧྭ་ཡིས་ཆེད་མངགས་རྔ་བ་མཚན་ཉིད་དགོན་དུ་འཚམས་འདྲིར་ཕེབས་ཏེ། སི་ཁྲོན་ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅི་ཝང་ཏུང་མིང་དང་། ཞིང་ཆེན་འགོ་འཛིན་ཝུའེ་ཧུང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དབྱིན་ལི་ཡི་བཅས་ཀྱི་ཚབ་བྱས་ཏེ་འཚམས་འདྲི་ཞུས་པ་དང་། ཁོང་རྒྱལ་ནང་དུ་ཕྱིར་ལོག་རྗེས་ཀྱི་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་། དེ་མིན་ཁོང་ལ་དཀའ་ངལ་རོགས་རམ་བྱེད་དགོས་པར་རྒྱུས་ལོན་བྱས་པ་མ་ཟད། ཐེངས་འདིའི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དང་ཞིང་ཆེན་ནང་ནས་ལག་བསྟར་དོན་འཁྱོལ་བྱེད་ཐབས་ཀྱི་སྐོར་ངོ་སྤྲོད་བྱས་ཡོད། ཁོང་ལ་རྐང་པའི་ནད་ཡམས་སངས་རྗེས་། ས་ཆ་མང་པོར་ལྟད་མོར་ཕེབས་དགོས་ཞེས་པའི་རེ་བ་བཏོན་འདུག སྤྱིར་བཏང་གི་རྒྱལ་དམངས་ཞིག་ལ། རང་ཉིད་ལ་ཀྲུང་གོའི་སྤྱི་དམངས་ཀྱི་ཐོབ་ཐང་ལྡན་པར། ཉི་འོད་དང་མཁའ་རླུང་ལྟ་བུའི་རིན་བྲལ་གྱི་ཚོར་བ་ཡེ་ནས་མེད། འོན་ཀྱང་ཨ་མཆོག་སྤྲུལ་སྐུས་ཡུལ་འཁྱར་གྱི་འཚོ་བའི་སྐོར་གསུང་སྐབས། དཀའ་བ་དང་ཐབས་ཟད་པའི་ཉམས་འགྱུར་ཞིག་ཐོན་ཡོང་། ཁོང་གིས་གསུང་དོན་། “དེ་སྔ་མིང་ཐོག་ནས་ཀྲུང་གོའི་སྤྱི་དམངས་ཅིག་ཡིན་རུང་། འོན་ཀྱང་ལོ་ངོ་བཅུ་ཕྲག་གི་རིང་ལ་ཡུལ་འཁྱར་པའི’ལྤགས་པ’གྱོན་སྡད་ཡོད། ད་ལྟ་ད་གཟོད་ཏང་དང་ཀྲུང་གོའི་སྤྱི་དམངས་ངོ་མ་ཞིག་ལ་ཆགས་སོང་།”
” ཁྱིམ་ལ་ལོག་རྗེས། དཀའ་ངལ་དང་གནད་དོན་ག་རེ་འདུག་གམ” ཞེས་ཚུའེ་པའོ་ཧྭ་ཡིས་བཀའ་འདྲི་བྱེད་དུས།
སྤྲུལ་སྐུས་གད་མོ་དགོད་བཞིན་དུ“ སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་ཆ་ཀྲུང་གོའི་སྤྱི་དམངས་ཀྱི་འོས་འགན་ངོ་མ་དེ་བསྒྲུབས་རྒྱུ་དེ་ལས་རེ་འདུན་གཞན་ཅི་ཡང་མེད། “ ཁོང་གི་ཞལ་མདངས་ནས་སྤོབས་སེམས་དང་རེ་འདུན་ཡོད་ཚད་འགྲུབ་པའི་སྣང་བས་ཁེངས་འདུག
དེང་སྐབས་ཨ་མཆོག་སྤྲུལ་སྐུའི་རྐང་པ་སྟབས་བདེ་མེད་མོད། རྐུབ་སྟེགས་འཁོར་ལོ་ཅན་གྱི་སྟེང་ནས་སེམས་ཁམས་ལྷོད་ཡངས་སུ་གྱུར་འདུག ཞལ་མདོག་ཡང་དེ་བས་བཟང་དུ་གྱུར་འདུག དུས་རྒྱུན་དུ་དད་ལྡན་མང་ཚོགས་ལ་རང་ཉིད་ཀྱི་མྱོང་ཚོར་བརྗོད་ཀྱི་ཡོད། རྐུབ་སྟེགས་ལ་རྒྱབ་བསྙེས་ཏེ། སྐད་ཆུང་ངུས་འཛུམ་དམུལ་དམུལ་ངང་བརྗོད་ཀྱིན་འདུག
ཐེངས་གཅིག་ལ་འབྲོག་པའི་བཟའ་ཚང་གཅིག་གིས་སྦག་སྦག་མགྱོགས་པོར་ཞོན་རྒྱུར་དགའ་བ། ཐེངས་མང་པོར་རྨས་སྐྱོན་ཕོག་མྱོང་ཡོད་པའི་བུ་ཁྲིད་དེ་ཁོང་གི་མདུན་དུ་མོ་འདེབས་པར་ཡོང་དུས། ཁོང་གིས་གསུང་དོན། “ང་ལ་མོ་ལན་གཅིག་མ་གཏོགས་མེད། —— འགྲིམ་འགྲུལ་ཉེན་རྟོག་པའི་སྐད་ཆར་ཉན་དགོས་པ་དེ་རེད”ཅེས་ལབ་འདུག ཨ་མཆོག་སྤྲུལ་སྐུས་ངག་ཐོག་དང་དད་ལྡན་མང་ཚོགས་ལ་སློབ་གསོ་དང་ཁྲིད་སྟོན་བྱས་པ་ཕུད་དེ། རང་སྟེང་ནས་སྒྲིག་བཀུར་ཁྲིམས་སྲུང་བྱས་ཏེ་རྐུབ་སྟེགས་འཁོར་ལོ་ཅན་དུ་བསྡད་དུས་དཀའ་ཚེགས་ལ་མི་འཛེམས་པར། རང་ལུས་དཔེ་སྟོན་གྱིས་རྟག་ཏུ་མར་སྒུར་ཏེ་ས་སྟེང་གི་ཤོག་རོ་སྒྲུག་པས། དད་ལྡན་མང་ཚོགས་ཀྱིས་རང་འཕེལ་ངང་སློབ་སྦྱོང་བྱེད་པར་སྐུལ་མ་ཐེབས་ཡོད། ད་ལྟ་མཚན་ཉིད་གྲོང་ཚོའི་མི་ཚང་མ”གཙང་སྦྲ་བར”ཆགས་ཡོད་པར་གྲགས།
ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོའི་ཧོ་ཐོག་ཐུ་ཆེན་པོའི་ཆོ་ལོ་ལྡན་པའི་བུད་མེད་སྤྲུལ་སྐུ་ནི་བོད་ཀྱི་བསམ་སྡིངས་སྤྲུལ་སྐུ་ཡིན། ༡༩༥༩ ལོར་བོད་ཀྱི་ངོ་ལོག་ཟིང་འཁྲུག་ལངས་དུས། བསམ་སྡིངས་སྤྲུལ་སྐུའི་སྐུ་ཕྲེང་བཅུ་གཉིས་པ་དབང་ཤེད་ཀྱིས་ཁ་གཅུས་ཏེ་རྒྱ་གར་ལ་ཕྱིན། ༡༩༦༠ ལོར་སྔོན་ལ་རྒྱལ་ནང་དུ་ལོག་ནས་གཏན་སྡོད་བྱས་པ་དང་། ཀྲོའུ་ཨེན་ལའེ་སོགས་ཀྲུང་དབྱང་གི་དབུ་ཁྲིད་ཀྱིས་བྱམས་བརྩེའི་མཇལ་འཕྲད་གནང་ཡོད། དུས་རབས་གོང་མའི་ལོ་རབས ༨༠ པར། རྒྱལ་གཅེས་བོད་རིགས་སྤུན་ཟླ་ཤུགས་རྐྱེན་ཆེ་གྲས་ཁ་ཤས་གཅིག་རྗེས་གཉིས་མཐུད་དུ་རྒྱལ་ནང་དུ་ལོག་ནས་གཏན་སྡོད་བྱས། ད་ལོར་ཏཱ་ལའི་རུ་ཚོགས་ཀྱི“ ཡུལ་གྱར་སྲིད་གཞུང” གི་གལ་ཆེའི་གོ་གནས་བཟུང་མྱོང་པའི་ཨ་མཆོག་སྤྲུལ་སྐུ་རྒྱལ་ནང་དུ་ལོག་ནས་གཏན་སྡོད་བྱས་ཡོད།
http://tb.tibet.cn/2010news/gnxw/201509/t20150927_3947867.html
༧རྒྱལ་བ་རིན་པོའི་ཆེའི་མི་དགྱ་ནག་གི་ཉེ་སར་འབྱོར་བ་མ་ཟད། དགྱ་ནག་གི་མི་ཡང་༧རྒྱལ་བ་རིན་པོའི་ཆེའི་ཉེ་སར་འབྱོར་གྱི་འདུག
ད་ཕར་བསྲེ་ཚུར་བསྲེས་ཀྱིས་དཀྲུགས་དཀྲུགས་གཏོང་བགྱིད་རེད།
རྣམ་དཔྱོད་མེད་པ་འམ་གསལ་བོར་མེད་པ་རྣམས་དཀྲུགས་ཇ་འཐུང་ནས་འཆི་བགྱིད་རེད། ཧ་ཧ་ཧ་ང་བླ་མས་ཀྱང་སྔ་ས་ནས་སྔ་ནུར་བྱས་པ་རེད།
རྡ་སའི་རི་མགོར་༧རྒྱལ་བ་རིན་པོ་ཆེར་སྡོད་རོགས་སུ་ང་མ་གཏོགས་ལྷག་བགྱིད་མ་རེད་ཅེས་ཧོར་འཇིགས་གིས་བཤད་པའི་རེད། ད་དངོས་གནས་རྡ་སར་བོད་མི་རིགས་ཀྱི་མཚོན་རྟགས་འགའ་ཤོས་ལས་ལྷག་བགྱིད་དཀའ་མོ་རེད། ཀྲུང་གོར་མགོ་བཏགས་ཀྱི་ཕ་སི་ལེན་སར་༧རྒྱལ་བ་རིན་པོའི་ཆེའི་མིས་ཁེབས་འདུག ལྷ་སར་༧རྒྱལ་བ་རིན་པོ་ཆེར་མགོ་བཏགས་ཞུ་ས་ཅིག་བཙུགས་པ་ཡིན་ན། མགོ་འདོགས་ཞུ་མཁན་གྱིས་འཚུབ་ཆས་མི་གསོད་ངེས་རེད།
ཨ་མཆོག་རིན་པོ་ཆེ་ནི་ཆོས་ཕྱོགས་ནས་བཤད་ན་ཨ་མདོའི་དགེ་ལུགས་པའི་བླ་ཆེན་ཞིག་རེད། ཆབ་སྲིད་ཀྱི་ཐད་ནས་བཙན་བྱོལ་ནང་ན་གོ་གནས་གང་ཡང་ཡོད་པ་མ་རེད། ཁོང་གིས་མི་ཚེ་བསྐྱལ་ས་དེ་དཔེ་མཛོད་ཁང་རེད། སྔོན་ཆད་ཀྱང་ཨ་མཆོག་བླ་མ་བོད་ལ་ཕེབས་ནས་ཡུན་རིང་བཞུགས་པས། མི་ངན་ཁ་ཤས་ནས་གང་བྱུང་བཤད་པ་རེད། དོན་ལ་བླ་མ་ཁོང་གང་ཕེབས་ཁོང་གིས་རང་དབང་རེད། དེ་ལ་ང་ཚོས་ངོས་ནས་བརྩི་བཀུར་ཞུས་དགོས་པ་རེད། ཁོང་ནི་རྒན་ཡོལ་རེད། མི་ཚེའི་ཐ་མ་དེ་བོད་ནས་མཇུག་རྫོགས་རྒྱུ་ཐུགས་དགོངས་ཡིན་རྒྱུ་རེད། དེ་ལ་བརྩི་བཀུར་ཞུས་དགོས་པ་རེད། །
༼ཨ་མཆོག་སྤྲུལ་སྐུ་རྒྱལ་ནང་དུ་ལོག་ཐེངས་རེར། མེས་རྒྱལ་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་པ་དང་ཕ་ཡུལ་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བ་མཐོང་དུས་སེམས་གཏིང་ནས་གཟི་བརྗིད་ཀྱི་ཚོར་བ་སྐྱེས་ཡོང་གི་ཡོད། ཁོང་གིས། ཀྲུང་གོའི་མི་རིགས་ཆོས་ལུགས་སྲིད་ཇུས་ཧ་ཅང་ཡག་པོ་འདུག དགོན་པ་དང་རིག་དངོས། མི་རིགས་རིག་གནས་སྲུང་སྐྱོང་ཡག་པོ་བྱུང་འདུག རྒྱལ་ནང་གི་འཚོ་བའི་ཆུ་ཚད་མཐོ་བ་དང་སྤྱི་ཚོགས་འགན་སྲུང་སྣ་ཚོགས་ཡོད་པ་དེ་ལྟ་བུ་ནི་རྒྱ་གར་རྡ་ལམ་ས་ལའི་གྲོང་ཁྱེར་དུ་བསམས་ཀྱང་མི་ཕོད་པ་ཞིག་རེད། དེ་ལས་མེས་རྒྱལ་ཡག་པོ་འདུག ཕ་ཡུལ་ཡག་པོ་འདུག མེས་རྒྱལ་ནི་དེ་བས་དྲོ་སྐྱིད་ལྡན་པ་ཞིག་རེད། ད་ལྟ་ཀྲུང་གོར་འཛམ་གླིང་ཐོག་གི་རྒྱལ་ཁབ་སུས་ཀྱང་མཐོང་ཆུང་བྱེད་མི་ཕོད་ལ། མངའ་ཁོངས་ཕྱི་རོལ་གྱི་བོད་རིགས་སྤུན་ཟླའི་རེ་བ་དང་མདུན་ལམ་ཀྱང་ཀྲུང་གོ་རེད་འདུག༽
རྟ་བདུན་དབང་པོ་ལགས་མི་དངོས་ཀྱིས་རང་ཉིད་བོད་ལ་ལོག་དགོས་པའི་རྒྱུ་མཚན་བྲིས་པར་གཟིགས་རོགས་་་་དག་སྣང་དང་དད་པའི་སྐད་ཆ་ཁ་ཁ་རེད།
ཁྱུང་སེ་ལགས། དེའི་སྐད་ཆ་ཚང་མ་རྒྱ་ནག་གི་གསར་འགོད་པ་ཞིག་གིས་བྲིས་པ་རེད། དེ་ལ་ཡིད་ཆེས་བྱས་ན་ལྐུག་པ་རེད།
ཧཧཧཧཧ་་་་འགྲེལ་བཤད་བཟང་ངན་ག་འདྲ་རྒྱག་ན་ཡང་མདོར་ན་འཐབ་ཕྱོགས་གཅིག་འགྱུར་འོག་ལ་མགོ་བཏགས་ཚར་འདུག་གོ།
དེང་སང་རྒྱ་ནག་གཞུང་འཚབ་ཁང་གི་སྒོ་ཁར་་་ཉིན་རེར་མི་བརྒྱ་སྐོར་ཡོད་པ་ཚང་མས་་་འཐབ་ཕྱོགས་གཅིག་ཁང་ལ་མགོ་འདོགས་གི་ཡིན་ཟེར་གྱི་ཡོད་པ་མ་རེད་དམ། ང་ཚོའི་སྲིད་སྐྱོང་བློ་བཟང་སེང་གེ་ཡིས་སྔར་ཐེངས་གཅིག་མགོ་བཏགས་པ་མ་རེད་དམ། རྒྱ་ནག་གི་གསར་འགྱུར་ནང་ལ་གང་བཀོད་པ་དེ་ཚད་མར་འཛིན་དགོས་པ་གང་ཐུག་་་་གོ་རྟོགས་མེད་པས་རེད་་དམ་ཡང་ན་་་་ང་ཚོ་བོད་པ་ལ་རང་ཚུགས་མེད་པས་རེད།
ཙི་ཙི་སྒམ་པོའི་སྐད་ཆར་རྒྱུ་མཚན་འདུག མའོ་ཚེ་ཐང་གི་ཡུ་ལོ་དང་ཀྲུང་གོའི་བོད་ལྗོངས་དུས་དེབ་ཀྲུང་གོའི་ཚགས་ཤོག་ཚང་མར་ཉན་མཁན་ནི་ཀྲུང་གོའི་དོལ་ཚོགས་ཀྱི་དྲྭ་འབངས་རྣམས་རེད་ཡ། ཨ་ཕ་ཀླུ་སྨྱོན་ཀྱིས་ཀྲུང་གོའི་དགེ་རྙིང་གཉིས་ཀར་ཕར་ཚུན་རྡོག་ཐོས་གཞུགས་རིས་བྱ་ཡ་ཅིག་ཡོད་པ། ཀྲུང་གོའི་ཚུལ་བློ་དང་ཀྲུང་གོའི་ཨ་མཆོག། གང་ལྟར་ཀྲུང་གོའི་ཕྱི་སྡོད་བོད་མིའི་བྷ་སེ་ཞུ་མཁན་མངས། གནའ་སྔ་མོར་ངོ་ཚ་བརྩིས་པ་རེད། བོད་སྡེ་བའི་གཞུང་ཕྱོགས་ནས་ཀྱང་འགྲོ་ཁར་ཐོ་འགོད་བྱ་རོགས་ཅེས་རྣ་ཅོག་ན་ན་ཞུས་པའི་རེད། དེང་སྐབས་ངོ་ཚ་མེད་པའི་སྒང་ལ་འཇོན་ཐང་ཡིན་ཡིན་བྱེད་ཀྱི་འདུག ལྷ་སའི་ཨ་མ་ལགས་གཅིག་ནས་ཀྲུང་གོའི་ཕྱི་སྡོད་བོད་མི་གཅིག་༧རྒྱལ་བ་རིན་པོ་ཆེ་བཞག་ནས་སྐྱག་པ་ཟ་འི་ཡོང་བའི་ཡིན་བགྱི་རེད་ཅེས་ལབ་འདུག གང་བྱས་གང་ལྟར་ཕྱི་སྡོད་བོད་མིའི་ཁྱི་ཐོབ་མ་ཞུས་མཁན་ཟམ་གདོང་དབུ་རེག་ལྟ་བུ་ཉུང་ཉུང་ལས་མེད།
ཀྲུང་གོའི་སྐད་ཆ་ལ་ཡིད་ཆེས་མཁན་རྣམས་ནི་དཀྲུང་གོ་ལ་དགའ་ཞེན་ཅན་ཚོ་རེད།
ངས་གསར་འགྱུར་འདི་དྲ་ངོས་འདིར་འདྲེན་བཀོད་བྱེད་རྒྱུར་ང་ལ་སྤོབས་པ་ཞིག་སྐྱེས་བྱུང་། རྒྱུ་མཚན་ནི་ང་ཚོ་བོད་པ་ཚོས་རང་སྐྱོང་དང་རང་བཙན་གྱི་རྨི་ལམ་བཏང་ནས་སྡོད་པའི་དུས་ཤིག་གཏན་ནས་མ་ཡིན་པར། རང་ཉིད་ཀྱི་ལྟེ་ཁྲག་དྲོན་མོ་ཐིམ་ས་དང་བོད་གངས་ཅན་གྱི་བཙན་པོའི་རྒྱལ་རབས་འཐོར་ས་དེར་ལོག་ནས་ས་གོམ་གང་ཡིན་ཡང་འཛིན་ཨེ་ཐུབ་དང་ཆུ་ཧུབ་གང་ཡིན་ཡང་འཐུང་ཨེ་ཐུབ་བལྟ་དགོས་པའི་དུས་ཚོད་ཏག་ཏག་ཅིག་ལ་བསླེབས་འདུག་པས་སོ།།
མེས་རྒྱལ་ཟེར་ན་ཕ་ས་ཟེར་ན་འཇིག་རྟེན་གནམ་འོག་འདི་ན་བོད་གངས་ཅན་ཁ་བའི་ལྗོངས་དེ་མ་གཏོགས་ང་ཚོར་མི་ཡུལ་དུ་ས་ལག་མཐིལ་ཙམ་དང་ཆུ་ཕོར་བ་གང་གི་བདག་དབང་ཡང་མེད།
ངས་འདིར་ཨ་མཆོག་སྤྲུལ་སྐུའི་གདམས་ཀ་དེར་ནོར་མི་འདུག་ཅེས་བརྗོད་འདོད་ཀྱང་བྱུང་།
བླ་རྒན་འཆི་ཁ་སྐད་གྲགས་བཞག་འདུག
འདི་ནི་ང་ཕོད་དང་རག་སྡིག་སོགས་ཀྱི་སྐད་ཆ་དང་མི་འདྲ་བར་མི་ཚེ་བཙན་བྱོལ་ནང་དུ་རྫོགས་ལ་ཉེ་ཞིང་། ཏཱ་ལའི་བླ་མའི་ཕྱག་འོག་ཏུ་འཚོ་ཞིང་སྒྲིག་འཛུགས་ཀྱི་སྲིད་ཇུས་འོག་ནས་ཡུན་རིང་བཞུགས་པའི་མི་ཞིག་ཡིན་པས་ཁོང་གི་བྱེད་ལུགས་དང་སྐད་ཆ་དེ་དག་ནི་རང་འགའ་ཞིག་གཏན་མ་རེད། ཁོང་མཁྱེན་རྒྱ་དང་གོ་རྟོགས་ཅན་ཞིག་ཡིན་པས་རང་ཁ་བཤད་བཞག་པ་མིན་སྟབས། འདིའི་རྒྱབ་ལ་གནས་ཚུལ་ཡ་མཚན་ཞིག་ཡོད་པ་ངེས་གཏན་ཡིན་ན་ལམ་སེང་སྒྲིག་འཛུགས་དང་ཚོགས་སྡེ་ཚོས་ཞིབ་འཇུག་བྱེད་དགོས།
གང་ལྟར་ང་ཚོས་ཕྱིས་ནས་ཁ་ཁོག་མི་མཚུངས་པའི་འུར་སྟོང་སྒྲོག་པ་ལས་ཨ་མཆོག་བླ་མས་བོད་ནང་ནས་ཁོར་ཡུག་སྲུང་སྐྱོབས་གནང་བ་དེ་བཟང་བ་འདུག
བོད་པ་མང་བོ་ཞིག་གིས་འཚོ་བ་གང་དུ་བཟང་ན་དེར་འགྲོ་ཀི་ཡོད་པ་རེད། ཨ་མཆོག་ཚང་ལྟ་བུ་ས་གང་ནས་བཞུགས་ཀྱང་སྟོན་པ་གར་སོང་སྟོན་ཁ་ཡིན་ནོ་ཤེས་པར་གྱིས། ཁོང་གིས་གཞི་ལུས་བོད་མི་ཚོར་སྙིང་རྗེས་མ་བཟོད་པར་ཕེབས་དགོས་བྱུང་བ་ཡིན་པ་སྨོས་མེད་རེད། ཨ་མཆོག་གི་ཚེ་མཇུག་གི་བྱ་བ་ལེགས་ལམ་དུ་ཡོང་བར་སྨོན། །
དྲྭ་འབུ་ཚོའི་ལག་པར་ཟ་འཕྲུག་ལང་བསྡད་ཡོད་པའི་སྐབས། མགོ་ཚོད་ལ་མ་ཚོད་ལའི་གནས་ཚུལ་རེ་འབྱོར་སྐབས། ཁ་བདེ་བདེ་དང་ལག་མགྱོགས་མགྱོགས་ཀྱིས་ངོ་གདོང་སྦས་ཏེ་དྲན་ཚད་བཤད་རྒྱུ་ནི་དེ་དག་གི་ཆོས་ཉིད་ཡིན་པས་ཡ་མཚར་དགོས་དོན་མེད། འོན་ཀྱང་སོ་སོས་སོ་སོར་བསམ་བློ་ཞིབ་ཏུ་བཏང་ན་དྲྭ་མཆན་འགོད་མཁན་ཚོའི་ནང་ན་རྒྱ་མིའི་གཞུང་ཚབ་ཁང་དུ་འགྲོ་མ་མྱོང་མཁན་ག་ཚོད་ཡོད་རྒྱུ་རེད། འགྲོ་འདོད་མེད་མཁན་ག་ཚོད་ཡོད་རྒྱུ་རེད། ནམ་ཞིག་རང་ཉིད་ཀྱི་འདོད་དོན་འགྲུབ་སྐབས་འཇམ་ཐིང་ངེར་སྡོད་པ་ལས་དེའི་བར་དུ་ཅིག་བཤད་མ་བསྡད་ན་ཡིད་མི་ཚིམ་པ་་འདི་དྲྭ་འབུ་ཚོའི་ཆོས་ཉིད་རེད།
ཨ་ཅོག་སྤྲུལ་སྐུའི་མིང་འཁུར་ནས་གྲྭ་ཚང་དང་དགོན་པར་སྡད་མི་མཁན་ཞིག་མི་ཞིག་ཡིན་ས་རེད།
ཨ་མཆོག་རིན་པོ་ཐུགས་བདེ་བར་བཞུགས། ཁྱེད་ཁའི་རང་ནུས་གང་ཡོད་ཀྱིས་ལག་གཡུག་རྟེན་ལ་མ་འབྱེར་བར་དུ། བོད་བསྟན་པ་ཆབ་སྲིད་ཀྱི་ཕྱག་ལས་ཁུར་བ་རེད། ད་སྐུ་ན་བགྲེས་ཤིང་རང་མགོ་མི་ཐོན་དུས། ཕ་ཡུལ་ལ་སྣེ་ལེན་བྱེད་ནི་རེ་བྱུང་བ་འདི་ཁྱེད་ཀྱི་སྐུ་བསོ་དང་དད་ལྡན་མི་མང་གི་བདེ་སྐྱིད་རེད།
ད་དུང་༧ གོང་གོང་ས་མཆོག་ནས་བོད་ཀྱི་བཙན་བྱོལ་ན་བགྲེས་བཞིན་པའི་བླ་ཆེན་དེ་ཚོ། བོད་ནང་ལ་ཅིག་བོད་མིའི་བདེ་སྡུག་གི་ཆེད་དུ་ཕེབས་བཞུགས་ཞིག་ཐུབ་ན་ང་ནི་དགའ་བ་ལ། དེ་ནི་ངའི་རེ་བ་ཆེ་ཤས་ཡིན། བོད་ནང་གི་བོད་མི་ཚོས་ཁྱེད་ཚོ་ལ་སྒུག་བསྡད་ཡོད། ཁྱེད་ཚོས་བོད་ཀྱི་མ་འོང་བའི་སོན་རྩ་རྣམས་འཇིག་རྟེན་འདིའི་སྒང་ལ་ལང་ཐུབ་པ་བཟོས་ཡོད་པ་རེད། ང་ཚོ་ལ་འཇོན་པ་ཡོད་ན། ང་ཚོས་བོད་དོན་གྱི་བདེན་མཐའ་མུ་མཐུད་དུ་རྩོད་ཆོག། ཁྱེད་ཚོ་བཙན་བྱོལ་བའི་བླ་ཆེན་ཚོ་དང་བགྲེས་ཡོལ་ཚོ་ཐུགས་རྗེ་ཆེ། ད་ཁྱེད་ཚོ་ལ། བདེ་སའི་གནས་ཞིག་དང་གཞི་ཞིག་ཡོད་ན་དེ་ལ་ཕེབས་སྐྱེལ་ཞུ།
བཙན་བྱོལ་ན་ངོ་ཚ་དང་སྐུ་དྲིན་མི་དྲན་པའི་གཞོན་ནུ་འགས་རང་གིས་མ་འཇོན་དུས། གང་ཡང་བཤད་སྲིད་པ་རེད། དེ་ནི་མི་སྐྱོན། ཁོང་ཚོ་ལ་རྒྱུག་པའི་པང་ཡོད་ན། ང་ཚོས་བལྟས་ཆོག་གི་རེད།
བོད་ནང་གི་ཀླད་མེང་ཚོས་ཡང་ཅི་བསམ་བཤད་སྲིད། དེ་ཚོ་ལ་བཙན་བྱོལ་གྱི་སྒོ་མོ། ཆོལ་ཁ་དབྱེས་མེད་ལ་གནའ་ནས་ད་བར་ཕྱེ་ཡོད་པས། བོད་ནང་ལ་ད་ལྟ་ད་རུང་ཀྱང་ཁ་ཕོ་ཁུར་ནས་ལུས་ཡོད་མཁན་ཚོར། ཡར་ལ་ཕེབས་རྐྱང་བྱས་ཞུ་རོགས་གནོངས།
ལོ་རྒྱུས་ཀྱི་དཀྱོགས་མཚམས་འདི་ན་སྤོབས་པ་ཆེན་པོས་དཀའ་བ་དང་ལེན་བྱེད་མཁན་གྱི་བླ་མ་ཁྱེད་ལ་ནམ་ཡང་དད་དོ།། སེམས་དཔའ་ཁྱེད་མངོན་པར་བསྟོད་དོ།།???
དོལ་འབངས་ཚོ་མེད་ན་ང་བསྡིག་དམོད་གཏོང་ས་མི་འདུག དོལ་འབངས་ཚོ་ཡོད་ན་ཏང་ཕྲུག་ཚོར་མགོ་སྐོར་འཇོག་གི གང་ལྟར་རྒས་པོ་ཀླུ་སྨྱོན་སེམས་ཤུགས་ཆགས་བཞག་བྱ། ང་མ་ཤི་བའི་སྔོན་དུ་ཡུལ་མདོ་སྨད་པར་རང་བཙན་རྩོད་མཁན་ཆར་རྗེས་ཤ་མོ་སྐྱེས་སྐྱེས་དང་། ཡུལ་དབུས་པར་རང་བཙན་མ་ཐོབ་ན་རྒྱ་གཅིན་ཡིན་ཡང་འཐུང་ནུས་པའི་བུ་རེ་བ་ཅན་རེ་འཁྲུངས་ན། ཀླུ་སྨྱོན་ཚོས་མགོ་བཏགས་པ་མ་ཟད། ཤི་སོང་རུང་། ངས་མི་འགྱོད་དོ།
བཙན་བྱོལ་ཨ་མདོའི་ནང་དུ་བློ་མཐུན་འདི་འདྲ་མང་པོ་ཞིག་ཡོད་པ་གུས་པའི་ཡིད་ལའང་འཆར་མྱོང་མེད། དཔལ་འབྱོར་ཚེ་རིང་དང་ཤར་ཕྱོགས་ཁུག་རྟ་ལ་ཅིག་ལབ་ཀྱིན་པའང་མདོར་ན་བློ་མཐུན་ནང་ཁུལ་དུ་ཁེ་བཟང་རེག་མ་རེག་ཅིག་རྩོད་ཀྱི་ཡོད་པ་ར་འཕྲོད་སོང་། ད་བཤད་ཤེས་ཀྱི་མི་འདུག
ཉིན་འདི་ཀར་། ཁྱོད་ཀྱིས་མཐོང་བའི་ཨ་མཆོག་རིན་པོ་ཆེའི་སྐོར་གྱི་གསར་འགྱུར་དེ་ཚོ་ཡང་། དོན་དངོས་ལ་སྣོན་འཕྲི་སྤོར་གཅོག་གང་དགོས་བྱས་ཟིན་པའི་གཞུང་ཕྱོགས་ཀྱི་སྐད་ཆ་ཡིན་པ་ཅིས་ཀྱང་དྲན་པའི་ཐོག་ནས་གོ་བ་ལེན་ཤེས་དགོས། གཞན་དུ། མ་བསམས་ས་ནས་ཁྱོད་རང་ཡང་ཕ་རོལ་པོའི་མངོན་འདོད་སྒྲོགས་སྤེལ་བྱེད་མཁན་གྱི་མགྲིན་ཚབ་པ་ཞིག་ཆགས་སོང་ན་ཕོ་མ་སྐྱེས་པ་རེད་བསམ་གི
རྫ་ཚེ་རིང་བཀྲ་ཤིས།
༄། །བོད་དོན་དཀའ་རྙོག་དང་རབ་རིབ། ཉག་ཕྲ་བའི་དུས་ཚོད་གཉན་འཕྲང་ཅན་འདི་འདྲ་ཞིག་གི་སྐབས་སུ། བོད་དུ་བསྐྱོད་ཅིང་ཀྲུང་ཀོའི་མི་སེར་ལག་ཁྱེར་བླངས་ཏེ་གཏན་བཞུགས་གནང་བ་ནི། ཧ་ཅང་མི་འཚམས་ལ་གནོད་གཞི་ཅན་ཞིག་རེད། སྤྱིར་བཏང་རང་དོན་རེད་ཀྱང་། བོད་པ་སྤྱི་ལ་མིག་ལྟོས་ཐབས་ཆག་ཅིག་རེད།
ད་ནི་རང་གིས་བཅུ་བཤད་པའི་ཐོག་རྒྱ་དམར་གྱིས་དགུ་བཅུ་སྣོན་པ་བརྒྱབ་སྟེ་བརྒྱ་བཟོ་གི་རེད། རྒྱལ་ཚོང་བ་ཡིན་མིན་མི་ཤེས་ཀྱང་། བོད་དོན་ལ་གོད་ཆག་རེད། ལྟོས་ངན་རེད། །
ལོ་ན་བདུན་ཅུ་སོན་པའི་བགྲེས་པོ་ཞིག་ཚེ་མཇུག་གང་ནས་བསྡད་ན་དེ་ཅང་བཤད་རྒྱུ་མི་འདུག།།ཅིག་བྱས་ན་གཞིས་ལུས་བོད་མིར་སྐྱིད་སྡིག་མཉམ་མྱོང་དང་གདོང་སེམས་མཉམ་སྐྱེད་ཡིན་སྲིད། དེ་ཡིན་ན་་་་ངོ་མ་བཟང་བསྟོད་ཡོད།
ཡང་གཅིག་བཤད་ན་རྒྱ་དཔོན་དེའི་སྐད་ཆ་ལ་ག་ཚོད་ཡིད་ཆེས་ཡོད་????
ཡང་དྲྭ་འབུ་ཁ་ཤས་རྒྱ་དཔོན་དེའི་ཕོ་ཉ་ཆགས་འདུག་པས་གཟབ་དགོས།
ཨ་མཆོག་རིན་པོ་ཆེས་༧གོང་ས་མཆོག་་དང་ཀུན་གཟིགས་པན་ཆེན་བཅུ་པ་ཆེན་པོ་མཆོག་རྣམ་གཉིས་ཀྱིས་འགན་ག་རེ་བསྩལ་པ་དེ་གང་ནུས་ཀྱིས་བསྒྲུབ་ནས་ཉེ་བའི་ལོ་འགའི་རིང་བཙན་བྱོལ་ནང་གྲྭ་རྐྱང་ལྟ་བུར་བཞུགས་ཡོད། ཁོང་་གི་ཤེས་ཡོན་དང་འཇོན་ནུས་གང་གི་ཆ་ནས་ཕྱི་རྒྱལ་ཁག་ཏུ་ཆོས་ཚོགས་འགའ་བཙུགས་ནས་ཕྱི་རྒྱལ་མི་སེར་གྱི་ལག་ཁྱེར་བཟོས་ནས་སྐྱིད་ཉལ་གཏོང་མ་ཤེས་པ་དང་མ་འཇོན་པ་མ་ནུས་གང་ཡང་མིན། ད་བར་དེ་ལྟར་བཞུགས་པ་ནི་རང་གི་ཕ་ཡུལ་ལ་བརྩེ་ཞེན་ཟབ་མོ་ཡོད་པ་མཚོན་ཡོད། མདོ་དོན་ཁོང་ཕ་ཡུལ་ལ་ཕེབས་ནས་གཏན་བཞུགས་བྱེད་ཐུབ་པ་ནི་དགའ་འོས་པ་ཞིག་ཅི་ལ་མིན།
ཕེ་ཕེ། རྒྱལ་བཙོང་པ། མགོ་མདོགས་རིང་ལུགས་པ། ད་དུང་ཨ་མཆོག་བླ་མའི་ཨབ་ཕྲུག་ཚོ་ཀྲུང་གོའི་མི་སེར་ལག་འཁྱེར་ལེན་པར་རྒྱུགས་ཤིག། ཀྲུང་གོའི་མི་སེར་བྱེད་པར་དགའ་བ་སྒོམས་ཤིག། ད་རྒྱ་གར་གནས་ཚང་ཚང་གིས་མི་ངན་འདི་རིགས་ལྟོས་བཅས་ལ་ལང་ཕྱོགས་གཅིག་འཛིན་རན་རེད་ཡ།
བོད་དུ་ལོག་ན་འདི་ལྟར་མངོན་ལྐོག་མེད་པར་ཕྱི་གསལ་ནང་གསལ་བྱས་ནས་ལོག་ན་འགྲིག་འདུག ཨ་མཆོག་བླ་མ་ཁོ་ལ་མཚོན་ན། མདོ་སྨད་ཀྱི་ས་ཁུལ་ཞིག་གི་བླ་མའི་གོ་མིང་ཡོད་མཁན་ཞིག་ཡིན་པ་ལས། བོད་ཀྱི་སྲིད་ཕྱོགས་དང་གཞུང་འབྲེལ་གྱི་གནད་ཡོད་མི་སྣ་དེ་འདྲ་ནི་གང་ཡང་མ་རེད།
བོད་མི་འགའ་ཞིག་ལ་གཞུང་འབྲེལ་གྱི་གོ་ཐོབ་ཡོད་བཞིན་དུ་མགོ་གཉིས་མ་འཁྲབ་ཀྱིན་ས་འོག་དར་འཐག་གི་ཚུལ་གྱིས་རྒྱ་ནག་ལ་སྐྱོད་ཀྱི་ཡོད་པ་དེ་ཚོ་ནི་ཧ་ཅང་གི་ཉེན་ཁ་རེད། དེང་སྐབས་ལྡི་ལིའི་རྒྱ་ནག་གཞུང་ཚབ་ཀྱི་སྒོ་ཁ་ན་བོད་མི་ཚོའི་འཚང་ཁ་ཆེ་བའི་པར་མང་པོ་མཐོང་རྒྱུ་འདུག་པ་དེ་ཚོ་ཡང་དྲི་རྟགས་ཆེན་པོ་ཞིག་ལོས་ཡིན།
དེ་བཞིན་སྔོན་ཆད་ཀླུ་སྨྱོན་གྱིས་བོད་འདི་རང་བཙན་གྱི་རྒྱལ་ཁབ་ཅིག་མིན་པའི་རྩོམ་ཡིག་བྲིས་མྱོང་བ་དེ་ཡང་། ཨ་མཆོག་བླ་མ་བོད་ལ་གཏན་ལོག་ལས་ལྷག་པའི་གནད་དོན་ཚབས་ཆེན་ཞིག་ཅི་ནས་ཀྱང་རེད།
ངས་གསལ་བོ་ཤེས་རྒྱུ་ཞིག་ལ། འདིར་ཧ་སང་སང་དང་ལ་ཞེན་ཡོད་མདོག་མདོག་གིས་གཞན་ནག་པོ་བཟོ་ཐབས་ཀྱིས་དྲྭ་མཆན་འཇོག་མཁན་འགའི་ནང་ལ་ནི་ལྡི་ལི་རྒྱ་ནག་གཞུང་ཚབ་ཁང་ནས་ཡིག་ཆ་ཞུས་ཏེ་བོད་ནས་ཕྱིར་ཕེབས་པ་གཅིག་དང་ཡིག་ཆ་ཞུས་ནས་ད་དུང་རག་མེད་པ་འགའ་འདུག ཡིད་ཆེས་མེད་ན་འདྲ་པར་དང་བཅས་ཡོད། ཁ་དོན་མི་མཚུངས་པའི་དྲ་འབུ་ཚོ་སྐྱུག་དྲོ་བའི་གནས་རེེད།
རིན་པོ་ཆེ་རང་གི་ལྷ་སྡེ་མི་སྡེ་ལ་ཕན་ཐོག་གི་རེད་ ཁྱེད་སྐུ་ཚེ་བརྟན་པར་སྨོན
༼ཨ་མཆོག་སྤྲུལ་སྐུ་རྒྱལ་ནང་དུ་ལོག་ཐེངས་རེར། མེས་རྒྱལ་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་པ་དང་ཕ་ཡུལ་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བ་མཐོང་དུས་སེམས་གཏིང་ནས་གཟི་བརྗིད་ཀྱི་ཚོར་བ་སྐྱེས་ཡོང་གི་ཡོད། ཁོང་གིས། ཀྲུང་གོའི་མི་རིགས་ཆོས་ལུགས་སྲིད་ཇུས་ཧ་ཅང་ཡག་པོ་འདུག དགོན་པ་དང་རིག་དངོས། མི་རིགས་རིག་གནས་སྲུང་སྐྱོང་ཡག་པོ་བྱུང་འདུག རྒྱལ་ནང་གི་འཚོ་བའི་ཆུ་ཚད་མཐོ་བ་དང་སྤྱི་ཚོགས་འགན་སྲུང་སྣ་ཚོགས་ཡོད་པ་དེ་ལྟ་བུ་ནི་རྒྱ་གར་རྡ་ལམ་ས་ལའི་གྲོང་ཁྱེར་དུ་བསམས་ཀྱང་མི་ཕོད་པ་ཞིག་རེད། དེ་ལས་མེས་རྒྱལ་ཡག་པོ་འདུག ཕ་ཡུལ་ཡག་པོ་འདུག མེས་རྒྱལ་ནི་དེ་བས་དྲོ་སྐྱིད་ལྡན་པ་ཞིག་རེད། ད་ལྟ་ཀྲུང་གོར་འཛམ་གླིང་ཐོག་གི་རྒྱལ་ཁབ་སུས་ཀྱང་མཐོང་ཆུང་བྱེད་མི་ཕོད་ལ། མངའ་ཁོངས་ཕྱི་རོལ་གྱི་བོད་རིགས་སྤུན་ཟླའི་རེ་བ་དང་མདུན་ལམ་ཀྱང་ཀྲུང་གོ་རེད་འདུག༽
རྟ་བདུན་དབང་པོ་ལགས་མི་དངོས་ཀྱིས་རང་ཉིད་བོད་ལ་ལོག་དགོས་པའི་རྒྱུ་མཚན་བྲིས་པར་གཟིགས་རོགས་་་་དག་སྣང་དང་དད་པའི་སྐད་ཆ་ཁ་ཁ་རེད།
ཨ༵་མཆོག་སྤྲུལ་སྐུ་རྒས་ཡོལ་བོད་དུ་ཕྱིན།
ཨ༵་ཚོགས་ཀླུ་བྱམས་སྲིད་སྐྱོང་ཁྲི་ལ་འགྱིངས།
ཨ༵་རོ་བོད་རིགས་འདི་རྣམས་བྱེད་སྟངས་ལ།
ཨ༵་མཚར་མི་ལ་བརྗོད་ན་སོམ་ཉི་འགྱུར།
རྒྱ་ནག་ཡར་རྒྱས་སུ་སོང་བའང་བདེན་པ་རེད། དེའི་ཞོར་དུ་བོད་པའང་ཡར་རྒྱས་སུ་སོང་ཡོད་པ་སྨོས་མེད་རེད། ཨ་མཆོག་བླ་མས་གསུང་ཕལ་ཆེར་བདེན་པ་རེད། ངས་བལྟས་ན་ཨ་མཆོག་ཚང་བོད་ལ་ཕེབས་པ་དེ་རྒྱུ་མཚན་དགོས་པ་ཆེན་པོ་ཡོད་པར་སྙམ། ཅིག་བྱས་ན་༧གོང་ས་མཆོག་གིས་བཀའ་དགོངས་བཞིན་ཡིན་སྲིད་པ་ལགས། གལ་ཏེ་མིན་ཀྱང་སྤྱི་ཚོགས་ལས་རྒན་ཡོལ་བ་ཞིག་ཁོང་གི་གང་འདོད་བཞིན་བྱས་ན་ཅི་ཕྱིར་མི་ཆོག ཁོང་རྒྱ་གར་ནས་བཞུགས་ན་མི་སེར་དཀྱུས་མ་ལྟ་བས་ལས་མེད། བོད་ན་ཁྲིར་མཐོན་པོར་གནས་པའི་བླ་ཆེན་ཞིག་རེད། དེའི་ཕྱིར་ད་ཐེངས་བོད་ལ་ཕེབས་པ་དེ་ཧ་ཅང་ཡག་པོ་བྱུང་། །
ཨ་མཆོག་བླ་མ་དང་་་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་གཉིས་ནི་་་་གཞིས་ལུས་ཕ་ཡུལ་མི་མང་གི་ཕན་བདེའི་ཆེད་དུ་་་ཕྱིར་རང་ཡུལ་ལ་གཏན་སྡོད་བྱེད་མཁན་གྱི་་་་རླབས་ཆེན་མི་སྣ་རེད་་་ཡིན་ནའང་་་སྤྲུལ་བསྟན་འཛིན་བདེ་ལེགས་བསད་ཚར་སོང་་་་་ཨ་མཆོག་བླ་མ་ཁྱེད་ཀྱིས་གཟབ་གཟབ་བྱོས་་ཁྱེད་་ངོ་མ་དཔའ་རྒོད་རེད་་་་་ཁྱེད་ཀྱིས་འདོད་པ་བཞིན་གཞིས་ལུས་མི་མང་གི་ཕན་བདེ་བསྒྲུབ་་ཐུབ་པའི་སྨོན་འདུན་ཞུ
ལོ་རབས་བརྒྱད་ཅུ་བའི་ནང་ལ་་་པན་ཆེན་རིན་པོ་ཆེ་ལ་་་་་བོད་ནང་གི་ལྷ་སའི་མི་ངན་ཁ་ཤས་ཀྱིས་རྒྱལ་ཚོང་པ་རེད་བཤད་པ་རེད།་་་་་ད་ལོ་བཙན་ནང་གི་སྲིད་སྐྱོང་འོས་མི་ཀླུ་བྱམས་ཀྱིས་་་༧གོང་ས་མཆོག་རྒྱལ་ཚོང་པ་རེད་ཅེས་བཤད་པ་རེད་་་་ཉེ་ཆར་ཨ་མཆོག་བླ་མ་ལ་་་་བཙན་བྱོལ་ནང་དཀྲུགས་མཁན་གྱི་ཀརྨ་བློ་གསལ་་་དང་དྲ་འབུ་འགས་རྒྱལ་ཚོང་པ་རེད་ཅེས་བཤད་པ་རེད་་་་་འདྲི་འདྲའི་རྒྱལ་ཚོང་པ་ཡོད་ན་བོད་མི་མང་གིས་གཟི་བརྗིད་རེད་་་
མ་གཞི་བསམ་བློ་དྲང་པོར་བཏང་ན་ཨ་མཆོག་སྤྲུལ་སྐུ་ལ་ཁག་ཀྱང་མི་འདུག བོད་དུ་གཏན་བཞུགས་བྱེད་བསམ་ན་འདི་འདྲ་ཞིག་མི་བྱེད་ཀྱང་རང་བྱེད་རེད། བོད་དུ་གཏན་བཞུགས་མཛད་པ་དེ་ལས་ཀ་བྱ་བ་ཡག་པོ་ཞིག་ཀྱང་རེད།
ཡིན་ན་ཡང་ཁྱད་མཚར་པོ་འདྲ་ཞིག་ཀྱང་འདུག རྒྱ་དམར་གསར་འགོད་པའི་སྐད་ཆ་ཡིན་རུང་གཞི་མེད་ཅིག་བརྗོད་ཤེས་གི་མ་རེད། ཏཱ་ལའི་བླ་མའི་གྱ་སྟོན་ལ་མ་ཞུགས་པ་སོགས་རྒྱ་དམར་གསར་འགོད་པས་ནན་བརྗོད་བྱེད་སྟངས་ལ་བལྟས་ན་འདི་ཚོ་བླ་མ་ཁོང་རང་གིས་རྒྱ་དམར་གསར་འགོད་པར་བཤད་པ་ཡིན་གྱི་རེད། ད་དུང་སྔོན་མ་ནས་སི་ཁྲོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་མགོ་དཔོན་སོགས་ལ་འབྲེལ་བ་ཟབ་མོ་དང་གྲོགས་པོ་ནང་ཚགས་ཡིན་ལུགས་བཤད་པ་འདིས་རྡ་སའི་ཁོར་ཡུག་གི་མི་ཆེན་བླ་དྲགས་ཚོའི་ནང་ཆ་ཕྱིར་མངོན་པ་མ་རེད་ཟེར་ན་ཡང་མ་འགྲིགས་པ ཞིག་རེད།
མ་གཞི་བོད་དུ་ལོག་མཁན་མང་པོ་རེད། གཏན་སྡོད་བྱེད་མཁན་ཡང་མང་པོ་རེད། དེའི་ནང་ན་མི་ཆེན་བླ་དྲགས་ཀྱང་མང་པོ་འདུག འོན་ཀྱང་ཕལ་ཆེ་བ་ཁུ་སིམ་མེར་བོད་དུ་ལོག རྒྱ་དམར་གྱིས་ཀྱང་ཁུ་སིམ་མེར་འཇོག་གི་རེད། གང་ལྟར་ཁྱབ་བསྒྲགས་ཆནེ་པོ་བྱེད་སྟངས་ལ་བལྟས་ན་ཨ་མཆོག་སྤྲུལ་སྐུས་ཀྱང་རྒྱ་དམར་ལ་ངོ་དགའ་སྤྲེལ་ལད་མང་པོ་ཞིག་བྱས་ཡོད་ས་རེད་བསམ་གི འདི་མཐའ་སྡོམ་ཡིན།
མཐའ་སྡོམ་ནོར་སོང་་་ཁྱེད་ཁ་བརྡ་དྲྭ་བའི་དྲྭ་བདག་ཡིན་ནའང་་་་་དཔྱད་ཞིབ་མེད་པའི་་་་རྒྱ་ནག་གི་ཚིག་རིས་ངེས་དོན་དུ་བཟུང་བའི་མཐའ་སྡོམ་འདི་འདྲ་བརྒྱབ་ན་་་་་ཁ་བརྡ་དྲྭ་བའི་རང་རྟགས་བསྟན་པ་མ་རེད་དམ། སྤོབས་པ་མཐའ་ཡས་ལགས།
ཕོ་རྒོད་ལགས། ནོར་ཡོད་ན་ནོར་ལུགས་བཤད་རོགས། ངས་གནད་དོན་རེ་རེ་ལ་རྒྱུ་མཚན་རེ་རེ་སྦྱར་ནས་བཤད་ཡོད། ང་ནི་ཁ་བརྡ་དྲ་བདག་འདྲ་གང་ཡང་མིན། དྲ་སྤྱོད་པ་ཞིག་ཡིན།
སྤོབས་པ་མཐའ་ཡས་ལགས་་་་་་ཁྱེད་རྒྱ་ནག་གི་མགྲིན་འཚབས་པ་འདྲ་པོ་འདུག་་་་་་་མ་གཞི་ནས་ཁྱེད་རྒྱ་ནག་འཚབ་སྒོ་ལ་བང་བསྒྲིགས་མཁན་གྱི་གྲངས་ཡིན་པ། སོ་སོའི་བཤད་པའི་སྐད་ཆ་ལ་སོ་སོའི་འགན་ཁུར་དགོས་པ་དེ་གསར་འགོད་པའི་འོས་འགན་མ་རེད་དམ།
ཕོ་རྒོད་ལགས། ངས་གོང་དུ་བཀོད་པའི་རྩོམ་ཡིག་ལ་བལྟས་ནས་སྐད་ཆ་བཤད་གི་ཡོད། དེ་ལས་ལྷག་པའི་འགན་ཁུར་ཡོང་རྒྱུ་ཅི་ཞིག་ཡོད། དེ་ལས་ལྷག་པའི་དཔང་རྟགས་དགོས་ན་སི་ཁྲོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་ལ་སོང་དང་རག་ས་རེད།
ཨ་མཆོག་བླ་མ་ཁོང་བཙན་བྱོལ་་ནང་གལ་ཆེའི་མི་སྣ་རྩ་བ་ནས་མ་རེད་། གཅིག་ནས་སྨན་རྩིས་ཁང་དང་དཔེ་མཛོད་ཁང་གཉིས་གཞུང་སྲིད་ཀྱི་ལས་ཁུངས་མིན་པ་དང་ གཉིས་ནས་བདེ་མཚན་དེ་གཉིས་ཀྱི་དབུ་འཛིན་ལོ་གཉིས་གསུམ་ནང་རྗེས་པོ་རྒྱབ་ཀྱི་ཡོད་པས་ད་བར་ཉུང་མཐར་ཐེངས་གསུམ་བཅུ་རྩམ་རྗེས་པོ་རྒྱབ་ཡོད་པ་རེད། ཨ་ལག་ཁོང་རང་མི་ལོ་བཞི་བཅུ་ལྷག་བཙན་འབྱོལ་ནང་༧གོང་ས་མཆོག་གི་བཀའ་དགོང་ལྟར་ཕྱག་ལས་གནང་བ་རེད་ ད་ཆ་དགུང་ལོ་བདུན་བཅུར་པེབས་པས་ཕ་ཡུལ་ལ་ཕེབས་ནས་སྤུན་མཆེད་མཉམས་དུ་བཞུགས་པར་ང་ ཚོས་ཁོང་ལ་རྒྱལ་མཚོང་པ་ཟེར་ན་ཤིན་ཏུ་ནས་ནོར་བ་རེད།
སང་ཉིན་རང་་་རྒྱ་ནག་གཞུང་འཚབ་ཁང་དུ་བང་བསྒྲིག་ཏུ་འགྲོ་དུས་རང་གིས་སྐད་ཆ་དེ་བདེན་པ་ཡིན་མིན་འདྲི་རོགས་གནང་།
རྒྱ་དམར་གྱི་གསར་འགྱུར་ལ་ཡིད་ཆེས་ཡོད་ཁུར་བྱེད་མཁན་ཚང་མ་དོན་ལ་ཧ་ཅང་འཇིགས་སུ་རུང་བ་ཞིག་རེད། བདེན་པའི་དབང་དུ་བཏང་རུང་༧གོང་ས་མཆོག་དང་བོད་ལ་ངོ་ལོག་པ་རེད་ཟེར་བའི་སྒྲུབ་བྱེད་སྤུ་ཙམ་མི་འདུག བོད་ལ་བཞུགས་དགོས་པའི་དགོས་པ་ཧ་ཅང་ཆེ་བ་ཡོད་ཆོག
ཨ་མཆོག་ཚང་བོད་དུ་ཕེབས་པར་རྒྱུ་མཚན་ཡོད་ལུགས་བཤད་མཁན་དང་། མེད་ལུགས་བཤད་མཁན་གཉིས་ཆ་ནས་དཔང་རྟགས་འཕེར་བའི་སྐད་ཆ་བཤད་དགོས་པ་ལས་དོན་མེད་རྙོག་གླེང་བྱས་ན་དཀྲུགས་ཤིང་དུ་འགྲོ་བས་གཟབ་འཚལ།
བོད་པའི་གྲྭ་པ་དང་། བླ་མ་འགའ་ཤས་ལ། འདོད་ཆུང་ཆོག་ཤེས་མེད་པའི་རྟགས་མཚན་གསལ་པོ་བརྟན་པ་རེད།
འདི་ངོས་སྦྱོར་བྱེད་མཁན་ཁོ་རང་ཉིད་ཀྱང་ཨ་མཆོག་རིན་པོ་ནང་བཞིན་བོད་དུ་སོང་ཡོད་མ་རེད་དམ། འདི་བོད་མི་སྟོང་ཕྲག་མང་པོ་འགྲོ་བཞིན་པ་དང་གཅིག་མཚུངས་མིན་ནམ། རྒྱ་ནག་མི་སེར་ཆགས་ཡོད་པ་དེ་ཡང་དོན་དངོས་རེད། ཧ་ལས་མདོག་བྱེད་དགོས་དོན་མི་འདུག་གཱ ང་ཚོའི་ཕ་མ་གཉེན་ཉེ་ཐམས་ཅད་པོ་རྒྱ་མིའི་མི་སེར་བྱེད་ནས་བསྡད་ཡོད་མ་རེད་དམ། ཁྱོད་རང་ཚོ་དང་པོ་རྒྱ་གར་ཏུ་ཡོང་དུས་རྒྱ་ནག་གི་མི་སེར་བྱེད་འདོད་མེད་པ་ཡོང་བ་ག་ཚོད་ཅིག་ཡོད།
ཨ་མཆོག་བླ་མའི་ལག་ཏུ་དངུལ་ཟ་མྱོང་མཁན་དང་ཕ་ཡུལ་གཅིག་པ། ཨ་མཆོག་དགོན་གྱི་དད་ལྡན་པ་ཚོར་ཁག་མི་འདུག་མོད། མི་རེ་འགར་བལྟས་ནས་བོད་གངས་ཅན་ལ་གྱོང་བསྐུར་མི་རུང་ལ། ངན་པ་རྒྱ་ཡན་དུ་དེ་བས་ཀྱང་གཏོང་མི་རུང་།
གལ་སྲིད་མི་ངན་འདི་དག་རྒྱ་ཡན་དུ་བཏང་ན། བཙན་བྱོལ་ནང་རྒྱལ་བཙོང་པའི་ཆུ་སྣ་བརྡོལ་གྱི་རེད། བོད་མི་ས་ཡ་དྲུག་ལ་སྡུག་བསྔལ་བསྐྲུན་རོགས་ཆགས་ཀྱི་རེད།
བོད་ནང་གི་དཔའ་བོ་དཔའ་མོ་རྣམས་སྙིང་རྗེ། བོད་ནང་བདེ་སྐྱིད་མི་འདུག རང་དབང་མི་འདུག ཆོས་དད་མི་འདུག མེས་རྒྱལ་མ་རེད་ཅེས་རང་ལུས་མེར་བསྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པ་རེད། འཛམ་གླིང་ནང་དོ་སྣང་བྱུང་པ་རེད། རྒྱ་གཞུང་ལ་ཁ་གྲགས་ཡ་མེད་པ་བཟོས་པ་རེད།
ཨ་མཆོག་བླ་མས་བོད་ནང་བདེ་སྐྱིད་འདུག རང་དབང་འདུག ཆོས་དད་འདུག མེས་རྒྱལ་སྐྱིད་པོ་རེད་ཅེས་འཛམ་གླིང་གསར་ལམ་དུ་ཐོན་པ་ནི་རྒྱ་གཞུང་གི་ཚབ་ཏུ་གྱུར་པའི་ལན་འདེབས་རེད། འདི་ལ་རྒྱལ་བཙོང་མི་ཟེར་སུ་ལ་ཟེར། འདི་ལ་བླ་བཙོང་མི་ཟེར་སུ་ལ་ཟེར།
ཨ་མཆོག་རིན་པོ་ཆེ་དགུང་ལོ་བགྲེས་པོའི་དུས་སུ་ཕ་ཡུལ་བོད་དུ་ལོག་པ་དེ། གཅིག་ནས་བོད་ནང་གི་ཉམ་དམས་སུ་འགྲོ་བཞིན་པའི་ནང་བསྟན་སླར་གསོ་དང་། གཉིས་ནས་ཁོང་གི་ཡང་སྲིད་བོད་ས་རང་ནས་འཁྲུངས་རྒྱུར་དམིགས་པ་ཞིག་ཡིན་ཚོད་རེད། ཁོང་ལྟ་བུ་ནུབ་ཕྱོགས་དང་རྒྱ་གར་གང་ལ་བཞུགས་ཀྱང་ཆོག་པ་ཞིག་ཡིན་མོད། དེ་ལྟར་མ་གནང་བར་རྒས་ཁར་བོད་ལ་ལོག་པ་འདི་སེམས་གཏིང་ནས་བསྔགས་སུ་མཐོང་། གཅིག་བྱས་ན་གོང་ས་མཆོག་གིས་ཆོག་མཆན་གནང་ཡོད་སྲིད། དེ་ནས་གོང་དུ་ཤེས་ཡོན་པ་ཡིན་ཟེར་མཁན་རེ་ཟུང་གིས་རྒྱ་མིའི་གནས་ཚུལ་ཁོ་ནར་ཡིད་ཆེས་བྱས་ཏེ་རིན་པོ་ཆེར་ཟུར་ཟ་བྱེད་པ་ཡག་པོ་རང་མཐོང་མ་སོང་། སྐད་ཆ་བཤད་ན་གནས་ལུགས་ཡོད་པ་ཞིག་ཤོད་ད།
ང་ཝཱ་རཱ་ཎ་སཱི་བོད་ཀྱི་མཐོ་རིམ་སློབ་གྲྭར་ཡོད་དུ་ཨ་མཆོག་རིན་པོ་ཆེ་སློབ་གྲྭ་པ་ཡིན་པ་མཇལ། དེ་ནས་ལོ་མང་རྗེས་སུ། ཕལ་ཆེར་ལོ་ངོ་ཉི་ཤུ་ལྷག་སྔོན་དུ། ཨ་རིའི་ཀ་ལམྦི་ཡ་རིག་གནས་སྣ་ཚོགས་སློབ་གྲྭ་ཆེན་མོར་བོད་ཀྱི་ནང་རིག་པའི་སྐོར་ལ་གསུང་བཤད་སྩོལ་བར་ཕེབས། བདག་ཀྱང་གསུང་བཤད་ཉན་པར་ཡོད་པ་གཟིགས་ཏེ། ང་ཚོའི་སློབ་དགེ་ཡིན་གསུངས་ཏེ། བརྩིས་མཐོང་མཛད་པས། ཡ་རབས་ཀྱི་མཛད་སྤྱོད་ཅན་ཞིག་ཏུ་བཞུགས་པར་ངེས།
འདིར་བོད་ཀྱི་སྐད་འབོད་སྟངས་ལ་མཐའ་དཔྱོད་དགོས་པར་མཐོང་། མཆན་ཡིག་དང་པོ་ན། དགྱ་ནག་གི་མི། ཞེས་པ་དེ་རྒྱ་ནག་གི་མི། ཞེས་པར་རྗེས་སུ་དཔག ད་སྔོན་འཇུག་དེ་ར་ཞེས་འབོད་པ་དང་། ས་རུ་འབོད་པ་ཡོད། འབྲི་བ་ན་ཡང་། ས་རྗེས་འཇུག་དང་སྔོན་འཇུག་ལ་ས་བྲིས་པ་ཡོད། “དགྱ་ནག་གི་མི།” ཞེས་པ་འདིར་ར་མགོ་ད་རུ་འབོད་པར་སྣང་། ཆུས་མི་ཟ་ལ་ཆུད་མི་ཟ་དང་། དམིགས་རྒྱུ་ལ་སྨིག་རྒྱུ། ཞེས་ཡོངས་སུ་གྲགས། དེ་བཞིན་དུ། དཔའ་བཀོང་ལ་སྤ་བཀོང་ཞེས་སྔོན་གྱི་དཔེ་ཆ་དག་ན་ཡང་། མ་དག་འབྱམས་སུ་ཡོད་པ་མང་། སྤར་ལ་དཔར་དང་། དཔལ་ལ་སྤལ། ཞེས་པ་སོགས་མཆིས་སོ། ནོར་བྲིས་ལ་ཞུས་དག་མཛོད། ཞུས་དག་ཅེས་པ་ལ་ངའི་ཕལ་སྐད་དུ། ཞུན་དག་ཟེར། འདི་ཡང་། ཟན་དང་ཟས་ཞེས་གཉིས་ཀ་བོད་ཀྱི་དཔེ་ཆ་དག་ན་མཆིས་པ་བཞིན་ནོ།
ས་རྗེས་འཇུག་དང་སྔོན་འཇུག་ལ་ས་བྲིས་པ་ཡོད། ཞེས་པ་འདིར་ ས་རྗེས་འཇུག་ལ་ད་དང་། དའི་སྔོན་འཇུག་ལ་ས་བྲིས་པ་ཡོད། ཅེས་བྲིས་དགོས་སྙམ།