འཇམ་དབྱངས་དཀར་པོ།
ཏཱ་ལའི་བླ་མ་མཆོག་མ་ཡཱོ་སྨན་ཁང་དུ་འབྱོར་ནས་འཕྲོད་བསྟེན་བརྟག་དཔྱད་དང་ཕོ་རྨེན་སྨན་བཅོས་བྱས། སྤྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢༡ ཉིན་མ་ཡཱོ་སྨན་ཁང་གི་མགྲིན་ཚབ་པས་”ཏཱ་ལའི་བླ་མའི་ཕོ་རྨེན་སྨན་བཅོས་དེ་ལོ་ ༨༠ ཅན་གྱི་སྐྱེས་པ་ཞིག་གི་ཚོད་ཀྱིས་རྒྱུན་ལྡན་བྱུང་ཡོད་པར་མ་ཟད། ཆེད་ལས་མཁས་པས་ཁོང་གི་སྐུ་གཟུགས་ཧྲིལ་བོ་དྲག་བསྐྱེད་བཟོས་ཡོད་” ཅེས་དང་། “༧གོང་ས་མཆོག་གི་སྐུ་གཟུགས་ལ་བརྟག་དཔྱད་བྱས་འབྲས་ལ། སེམས་ཁྲལ་བྱེད་དགོས་པ་ཅི་ཡང་མི་འདུག་ལ། དུས་ཚོད་སྔ་སྣུར་གྱིས་འགན་བླང་སྟེ་སྨན་བཅོས་བྱས་ནས་ཁོང་གི་སྐུ་གཟུགས་ཧྲིལ་བོ་དྲག་བསྐྱེད་བྱ་རྒྱུ་ཡིན་” ཟེར།
མ་ཡཱོ་སྨན་ཁང་གི་བསྒྲགས་གཏམ་ནང་”མ་ཡཱོ་སྨན་ཁང་ནི་ལོ་མང་གོང་ནས་༧གོང་ས་མཆོག་དང་འབྲེལ་བ་ཡོད་ཅིང་། མ་འོངས་པར་ཡང་མཐུན་རྐྱེན་མུ་མཐུད་ནས་སྦྱོར་རྒྱུ་ཡིན་” ཞེས་གསར་འགྱུར་བསྒྲགས་གཏམ་ཞིག་སྤེལ་འདུག
སྟོན་པས་འདུས་བྱས་ཆོས་རྣམས་ཐམས་ཅད་ནི། །མི་རྟག་ཚུལ་རྣམས་སྟོན་པའི་དོན་གྱི་ཕྱིར།།
འདུལ་བྱའི་དོན་དུ་སྙུང་བའི་ཚུལ་བསྟན་པ། །སྤྱན་རས་གཟིགས་དང་དངོས་སུ་དབྱེར་མེད་པ།།
འཇིག་རྟེན་མགོན་པོ་བསྟན་འཛིན་རྒྱ་མཚོ་ཡི། །སྐུ་ཚེ་ཞབས་པད་བསྐལ་རྒྱར་བརྟན་པར་ཤོག།
གངས་རི་དཀར་པོས་བསྐོར་པའི་ཞིང་ཁམས་སུ།
ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས།
སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོའི་ཞབས།
ལོ་བརྒྱ་ཉེར་གཅིག་བར་དུ་བརྟན་གྱུར་ཅིག།
གངས་ཅན་མགོན་པོའི་སྐུ་ཚེ་སྲིངས་བ་ལ་།
ཆོལ་གསུམ་བོད་མིའི་དད་དམ་གཙང་ན་དགའ་།
གངས་ཅན་མགོན་པོའི་སྐུ་ཚེ་སྲིངས་བ་ལ་།
བོད་རིགས་ནང་ཁུལ་དམ་ཚིག་སྲུང་ན་དགའ་།
སྐུ་ཚེ་རིང་ཞིང་མཛད་འཕྲིན་དར་བར་ཤོག
སྐུ་ཚེ་ཡུན་གནས་ཤོག
བླ་མ་སྙུང་ན་དགའ་མཁན་ཡང་འདུག་ག་་ཧཧ་
གངས་རིའི་ལྷ་སྐལ་འཕགས་མཆོག་སྤྱན་རས་གཟིགས།།
མི་ཡི་རྣམ་རོལ་བསྟན་འཛིན་རྒྱ་མཆོའི་དཔལ།།
བསྟན་འགྲོ་བྱམས་བརྩེའི་ཐུགས་ལ་ཉེར་གཟིགས་ཏེ།།
སྐུ་ཚེ་བསྐལ་བརྒྱའི་བར་ཏུ་བརྟན་གྱུར་ཅིག །