བཙན་བྱོལ་ལ་ཡོད་པའི་བོད་མིའི་དབུ་ཁྲིད་ཏཱ་ལའི་བླ་མ་མཆོག་ལ་འཇིགས་སྐུལ་གནོད་འཚེ་བྱེད་རྩིས་འདུག་ཟེར། དེ་ནི་རྒྱ་གར་གྲོང་ཁྱེར་མུམ་བྷེ་ལ་ཡོད་པའི་གསང་བའི་ལས་ཁུངས་ནས་གནས་ཚུལ་ཤེས་རྟོགས་བྱུང་བ་སྔོན་བརྡའི་ཚུལ་དུ་ཕྱི་བསྒྲགས་བྱས་བ་དང་། རྒྱ་གར་གསང་བའི་མི་སྣས་བརྗོད་དོན། རྒྱ་ནག་གི་ཕྱི་བསྐྱོད་ལག་འཁྱེར་ཡོད་པའི་བོད་མི་བཀྲ་ཤིས་ཕུན་ཚོགས་གཙོས་མི་དྲུག་ཙམ་རྒྱ་གར་ལ་འཛུལ་ནས། བཙན་བྱོལ་བོད་མིའི་གསང་བའི་གནས་ཚུལ་མཁོ་བསྒྲུབ་བྱེད་རྒྱུའི་ཐོག་གཙོ་བོ་བོད་མིའི་དབུ་ཁྲིད་ཏཱ་ལའི་བླ་མ་མཆོག་ལ་འཇིགས་སྐུལ་གནོད་འཚེ་བྱེད་རྩིས་ཡོད་པ་ཤེས་རྟོགས་བྱུང་། ད་ཆ་ཁོང་ཚོའི་གནས་ཚུལ་ཐད་དོ་སྣང་ཆེན་པོ་བྱེད་བཞིན་པ་ཡིན་ཚུལ་སོགས་བརྗོད་འདུག།
ཞིབ་ཕྲ་གཤམ་གྱི་དྲ་བྱང་ནས་གཟིགས་རོགས
Comments on “ཏཱ་ལའི་བླ་མར་གནོད་འཚེ་བྱེད་རྩིས་འདུག།”
Comments are closed.
རྒྱ་གར་གསང་བའི་མི་སྣས་བརྗོད་དོན། རྒྱ་ནག་གི་ཕྱི་བསྐྱོད་ལག་འཁྱེར་ཡོད་པའི་བོད་མི་བཀྲ་ཤིས་ཕུན་ཚོགས་གཙོས་མི་དྲུག་ཙམ་ཚོང་པ་ཡིན་མདོག་མདོག་གིས་རྒྱ་གར་ལ་འཛུལ་ཡོད་པ་གསུངས་པས། ཀུན་གྱིས་དྭོགས་ཟོན་ཡོད་ཚད་ལ་དུས་ཐོག་ཏུ་གཟབ་དགོས་འདུག་གོ །
Sunday, January 8th 02:02 PM IS
FIRSTPOST
INDIA
Alert for Chinese terror threat to Dalai Lama
……..In this regard, the activities of the followers of ‘Shugden’ cult (an anti-Dalai Lama group) need to be kept under strict vigil,” the intelligence report said.
The six suspects, in all likelihood, were from China’s secret service, the sources said…
……..
བོད་ཕྱི་ནང་གཉིས་ཀའི་ཤུགས་ལྡན་ལས་འགུལ་པར་དྭོགས་ཟོན་བྱས་དགོས་པར་རྒྱ་གར་ཉེན་རྟོག་པས་གསུངས་འདུག་གོ །
ཤུག་ལྡན་ཚོགས་པ་ཚོས་ནང་པའི་གྲས་ལ་གཏོགས་ས་མ་རེད།
ད་བོད་པ་ཚོས་རང་མདོགས་ངོ་མ་དེ་བསྟོན་ཡོང་ཡ་རེད་འདུག་བ་སྙིང་རྗེ་དུད་འགྲོ་རང་རེད། ཚང་མས་གཟབ་གཟབ་གནང་རོགས་ཁྱད་པར་དུ་སྐུའི་ཕྱག་ཕྱི་བ་ཚོས་ཉིན་མཚན་དུས་དྲུག་ཏུ་མ་གཡེང་པ་གནང་རོགས།།
ཚང་མས་དོགས་གཟབ་གནང་རོགས
རྒྱལ་བ་བསྟན་འཛིན་རྒྱ་མཚོ་ལ་སྐུ་ཚེ་ལ་བར་ཆད་མི་འོང་བའི་སྨོན་འདུན་དང་གཟབ་གཟབ་གནང་རོགས།
༄། །རྒྱ་གར་གསང་བའི་ལས་ཁུངས་ཀྱིས་ཕྱི་བསྒྲགས་བསྐྱངས་པའི་མི་དྲུག་པོ་དེ་བོད་མི་དྲུག་ཡིན་སྲིད། རྒྱུ་མཚན་ནི་བོད་མི་མི་ཉུང་བ་ཞིག་ལ་ལོ་རྒྱུས་དང་ཆབ་སྲིད་ཀྱི་ཤེས་རྟོགས་ཞན་ཁར། རྒྱའི་ཆབ་སྲིད་ཁོར་ཡུག་ནས་འཚར་ལོངས་བྱུང་བ་ཕལ་མོ་ཆེ་རྒྱ་མིའི་རང་བཞིན་ཅན་དུ་འགྱུར་ནས་རྒྱའི་ལག་ཆར་གྱུར་ཅིང་རང་ཉིད་བོར་ཚར་བ་ཡོད་ལ། དངུལ་དང་བདེན་པ་གཉིས་བརྗེ་རྐྱང་བྱེད་པར་ཐེ་ཚོམ་ཙམ་ཡང་བྱེད་མི་འོང་མཁན་ཡོད་པས་མ་ཚད་མང་བར་སེམས། ཤིང་དགྲ་སྟྭ་རེ་ཡིན་མོད་ཀྱང་། །དེ་ཡི་ཡུ་བ་ཤིང་གིས་བྱེད། །གང་ལྟར་༧སྐུའི་བདེ་སྲུང་ལ་འབྲེལ་ཡོད་ཁུར་འགན་ཡོད་པ་ཚོས་འཐུས་ཤོར་སྤུ་ཙམ་མེད་ངེས་གནང་གལ་ཆེ་ཆེ་ཞུ། བོད་མི་དོལ་འདྲེ་ལ་སྐྱབས་མཁན་དགྲ་དགའ་གཉེན་སྡུག་བྱེད་མཁན་རྣམས་གཉིད་ལས་སད་རན་པས་མ་ཚད་འཕྱིས་གདའ་བ་ལ་ཨང་། བོད་རྒྱལ་ལོ།།
གཏམ་འདི་འདྲ་གོ་དུས་རྣ་བར་གཟེར་ཟུག་རྒྱབ་ཡོང་གི་འདུག
ད་གང་ཤེས་སྔར་བོད་ཀྱི་གཏམ་དཔེ་ལ།
དགྲ་ཕྱི་དགྲ་མ་རེད། ནང་དགྲ་རེད། ཅེས་པ་དེ་བདེན་མདོག་འདུག
གང་ལྟར་བོད་མི་མི་རེ་ངོ་རེ་ནས་དེ་ཐོག་ལ་དོ་དོ་ནན་ནན་གནང་དགོས་པ་རེད། ཆགས་སྒོ་བྱུང་ན་དེ་ནི་བོད་མི་མི་རེ་ངོ་རེ་ལ་ཆགས་སྒོ་བྱུང་བ་རེད།
དགྲ་མ་ཡོང་གོང་ནས་འཐབ་ར་དང། ཆུ་མ་ཡོང་གོང་ནས་ཆུ་རགས་རྒྱབ་དགོས་པ་ནི་ལས་ཀྱི་སྣེ་མོར་གཏོགས་པ་ཚོར་དེ་བས་ཀྱང་འགན་ལེན་ཡོད་པས་གཟབ་གཟབ་གནང་རོགས། མི་དེ་རིགས་ཡོད་ཚེ་ངེད་ཚོས་དེ་རིགས་སྡེ་ཁོང་གང་གི་ནང་ནས་ཡིན་མིན་ཆ་མ་འཚལ་བས་འདི་དང་འདི་ཞེས་པའི་ངོས་བཟུང་བྱེད་དེ་ཁ་ངན་གཏོང་རྒྱུའང་སྔ་དྲག་པ་རེད།
མ་གཞི་ནས་བོད་མི་ཚོ་༧གོང་ས་༧་མཆོག་བཞུགས་སྒར་དང་ས་གནས་སུ་ནམ་ཕེབས་ཀྱི་སྐབས་སུ་དད་པ་ཆེ་མདོག་གིས་ལམ་ཟུར་གཡས་གཡོན་དུ་སྒུགས་བསྡོད་པའི་རིགས་ལེགས་པོ་ཞིག་ནམ་ཡང་མཐོང་གི་མེད། དད་པ་དམ་ཚིག་ཡོད་ན་ཁང་པའི་ནང་ནས་གསོལ་བ་ཐོབ་དང། ཐུགས་རྗེ་ལ་ཉེ་རིང་མེད། གསོལ་བ་འདེབས་རྒྱུར་གམ་རྒྱང་མེད་པས་དེ་ཚོར་བདེ་སྲུང་ནས་ཀྱང་དགོངས་པ་བཞེས་དགོས་ཀྱི་འདུག་བསམ།
བོད་མི་བཀྲ་ཤིས་ཕུན་ཚོགས་ཀྱི་འདྲ་དཔར་བླངས་ནས་མི་མང་དཀྱིལ་དུ་འགྲེམས་སྤེལ་ཐུབ་པ་བྱ་རྒྱུ་དེ་བོད་མི་ལ་རྒྱ་ཅན་ཚང་མས་འགན་འཁུར་དུ་མཐོང་བས་་་་་་་
འགན་ཡོད་མེད་ལ་མ་ལྟོས་པར་མཐོ་དམན་དྲག་ཞན་ཚང་མས་འཕྱར་གྲུ་མཉམ་གྱི་སྟེང་ནས་ཕྱོགས་མཚམས་སྟེང་འོག་ཀུན་ལ་མིག་ཅེར་ནས་མི་སྡོད་པར་དྲན་པ་དང་ཤེས་བཞིན་བཅས་ཏེ་༧རྒྱལ་བའི་སྐུ་ལ་ཆུ་ཡི་ཟིལ་བ་ཙམ་ཡང་གནོད་མི་ཐུབ་པ་གཟབ་གཟབ་གནང་རོགས་ཞུ་བ་ཆབས་ཅིག་སྨོན་ལམ་ཡང་མཛོད་ཅིག
སྨོན་ལམ་ལོག་པའི་རྒྱལ་བའི་བསྟན་པ་ལ། །
འཁུ་བའི་ནག་ཕྱོགས་གཟུགས་ཅན་གཟུགས་མེད་སྡེ།།
བསམ་སྤྱོར་ངན་པའི་འཇིགས་པ་མ་ལུས་པ།།
མཆོག་གསུམ་བདེན་པའི་རྩ་ནས་གཅོད་གྱུར་ཅིག།
དུས་དབང་དུ་ཆེད་བཅར་བྱས་ཡོད་པའི་བོད་མི་སྤྱི་བོ་ཡོངས་ཀྱིས་དོགས་ཟོན་ཆེན་པོས་སྒོ་ནས་༧རྒྱལ་བའི་སྐུ་ཚེ་ལ་བར་ཆད་མི་ཡོང་བར་སྨོན་ལམ་འདེབས་པ་དང་ལུས་ངག་ཡིད་གསུམ་ནས་ལྟ་སྲུང་ནན་ཏན་བྱེད་པར་སྙིང་ཐག་པ་ནས་འབོད་སྐུལ་ཞུ།
༄། རྒྱལ་བའི་སྐུ་ལ་གནོད་འཚེ་མི་ཡོང་བའི་རེ་སྨོན་དང་བཅས། འདིར་བརྗོད་རྒྱུར་ཤུག་ལྡན་ལྷ་བཟཔ་མཁན་ཡང་བོད་ཡིན་ལ་འདྲེ་བཟོ་མཁན་ཡང་བོད་རེད།
དངོས་གནས་གཟབ་དགོས་པ་དང་། དེར་ཡོད་ཆོས་ཞུ་ཐམས་ཅད་ནས་དྭོགས་གཟབ་དགོས་རེད།
སྨོན་ལམ་ལོག་པའི་རྒྱལ་བའི་བསྟན་པ་ལ། །
འཁུ་བའི་ནག་ཕྱོགས་གཟུགས་ཅན་གཟུགས་མེད་སྡེ།།
བསམ་སྤྱོར་ངན་པའི་འཇིགས་པ་མ་ལུས་པ།།
མཆོག་གསུམ་བདེན་པའི་རྩ་ནས་གཅོད་གྱུར་ཅིག།
གཟབ་གཟབ་གནང་རོགས།
ཆོས་ཟབ་དུས་བར་ཆད་ཀྱི་བདུད་མང་ཟེར་བ་དེ་ཡིན་པས་གཟབ་དགོས་རེད།
རྒྱལ་བའི་སྐུ་ལ་སྲུང་སྐྱོབ་དམ་པོ་བྱེད་དགོས། བདེ་སྲུང་ལས་ཁུངས་ཀྱིས་དམིགས་སུ་བཀར་ནས་འགན་སྲུང་ཁག་ཁུར་བྱ་དགོས། མི་དམངས་ནས་དོ་སྣངས་ཆེ་རྩམ་བྱེད་ནས་གལ་སྲིད་དོག་གཞི་ཡོད་པའི་མི་བྱུང་ན་གསང་བའི་ཐོག་ནས་བདེ་སྲུང་ལས་ཁུང་ལ་ལན་སྤྲད་དགོས།
ད་བོད་མི་སྐྱ་སེར་ཚང་མས་འགན་འཁུར་ནས་རྒྱལ་བའི་སྐུ་ཕྱྭར་ཟབ་དགོས། གནས་ཚུལ་དེ་ཚོ་གོ་དུས་སྙིང་ལ་ཟེར་རྒྱག་གི །སྐུའི་བསྲུང་བྱ་མང་དུ་གཏོང་བ་དང་། དོན་མེད་གང་བྱུང་ལ་མཇལ་ཁ་སོགས་མྱུང་དུ་གཏོང་དགོས། དེ་ནི་འབྲེལ་ཡོད་རྣམ་པས་བྱེད་ཐུབ་པ་ཞིག་ཡིན།
ད་ལྟ་གནས་ཆེན་ཁྱད་པར་ཅན་རྡོ་རྗེ་གདན་དུ་འཛོམས་གནང་བའི་ཆོས་ལུགས་ཁག་གི་དབུ་ཁྲིད་རྣམས་དང་། གཞན་ཡང་དད་ལྡན་མང་ཚོགས། སྐར་ཕྱོགས་ལ་དགའ་བའི་ལྷ་སྲུང་ཐམས་ཅད་ཀྱི་ཐུགས་རྗེ་དང་ནུས་པ་ཕྱོགས་གཅིག་ཏུ་སྤུངས་ཏེ། ༧སྐྱབས་མགོན་ཆེན་པོ་མཆོག་དབུས། ཆོས་ལུགས་ཀྱི་དབུ་ཁྲིད་རྣམས་དང་། རང་རེ་བོད་གཞུང་གི་ལས་བྱེད་ཆེ་ཕྲ་ཚང་མ་ལ་གནོད་ཅིང་འཚེ་བར་བྱེད་པའི་གདོན་གེགས་མ་རུང་པ་ཐམས་ཅད་སྐད་ཅིག་རང་དབང་མེད་པར་མཐའ་ཡི་རྒྱ་མཚོ་ཕ་རོལ་ན་སྤྲོད་ཅིག། རྒྱ་འདྲེ་འདི་རྣམས་རང་དབང་མེད་པར་རྒྱ་མཚོའི་ཕ་རོལ་ཏུ་སྤྲོད་ཅིག སྤྲོད་ཅིག།།།།
གསང་ཡུལ་བ་ལབ་དུས་རྒྱ་མིའི་དངུལ་གྱིས་ཉོས་པའི་བོད་མི་ཁག་ཅིག་རེད། མི་དེ་དག་མཐོ་གསོལ་ལྕོག་ཐོག་ཏུ་ཡོད་སྲིད་ལ། དམའ་སྤྲང་བོའི་གསེབ་ཏུ་འཚངས་སྲིད། དེ་ན་ང་ཚོས་ངོ་མ་གནད་དོན་ངོ་ཤེས་དགོས།
གསར་འབྱོར་དེ་ཚོ་ལྐུག་གྲབས་པས་སམ་ཡང་ན་ང་འཛིན་ཆེ་བས་མ་ཤེས། མི་ཐམས་ཅད་བཤད་ཀྱང་ཉན་རྒྱུ་མེད་པ་འདྲ་འདུག
ལྷག་པར་བོད་མི་ལྐུག་པ་ཚོས་ཁ་སྔོན་མཇལ་དར་འཕེན་ནས་༸གོང་ས་ཆེན་པོའི་ཞལ་དཀྱིལ་ལ་ཕོག་པ་དང་། ཡང་གཞན་ཞིག་གིས་སྐུ་ཤམས་ལ་འཇུས་པ་སོགས་ལབ་གླེང་མང་གི ། མི་འདི་ཚོས་རང་གི་འདི་ཕྱི་ལས་བོད་མི་སྤྱི་དང་སྤྱན་རང་གཟིགས་ཀྱི་སྐུའི་བདེ་འཇག་ལ་འགན་ཁུར་རྩ་ནས་མེད་པ་བྱེད་ཀྱི།
ངོ་མ་གཞུང་མང་ཡོངས་ཀྱིས་འགྱོད་པའི་དུས་དེ་མ་བསྒུགས་ནས་སྲུང་བྱ་དམ་དྲག་གནང་རོགས།
གཅིག་བྱེད་ན་གསང་ལས་ཀྱི་བདེན་པ་ཡིན་མིན་དོགས་ཀྱང་དོན་དངོས་དགོས་ངེས་དོ་སྣང་རེད།
མི་དྲུག་པོ་དེའི་པར་རག་མིན་མི་ཤེས་ལ། གལ་སྲིད་འཁྲུགས་པ་ཡིན་ན་མི་དྲུག་དེའི་མི་ཚེ་དང་ནང་ཁུལ་རྙོག་གླེང་གིས་ཁྱབ་རྒྱུ་རེད།
ནོར་མེད་འཁྲུལ་མེད་ཅིག་ཤེས་ན་ཁོ་ཚོས་ཀྱང་བཞག་མི་སྲིད་པ་ཞིག་རེད་ལ་བོད་མི་ཚོས་ཀྱང་འཇོག་མི་ཐུབ།
ངོ་མ་ལྔ་ལམ་དུ་ཕེབས་སྐྱེལ་ཞུ་དགོས།
སྨོན་ལམ་ལོག་པའི་རྒྱལ་བའི་བསྟན་པ་ལ། །
འཁུ་བའི་ནག་ཕྱོགས་གཟུགས་ཅན་གཟུགས་མེད་སྡེ། །
བསམ་སྤྱོར་ངན་པའི་འཇིགས་པ་མ་ལུས་པ། །
མཆོག་གསུམ་བདེན་པའི་རྩ་ནས་གཅོད་གྱུར་ཅིག །
ངས་དུས་བབ་ཐོག་ལ་དེབ་སྐྱེལ་མང་དུ་བྱས་ཀྱང་གྲུབ་འབྲས་མ་བྱུང་བས་ རྒྱུས་ཡོད་ཅིག་ནས་འབྲེལ་བ་བྱེད་སྟངས་ཁ་གསལ་ཞིག་གསུང་རོགས་། ཐུགས་རྗེ་ཆེ་།
བོད་གཞུང་བདེ་སྲུང་ལས་྄ཁུངས་ཀྱིས་འགན་བཞེས་གནང་ནས་མི་ངན་དེ་འཚོ་རྒྱ་གར་ནང་ནས་ཕྱིར་མ་དོན་གོང་འཇུ་བཟུངས་ཐུབ་པ་གནང་དགོས།
སྨོན་ལམ་ལོག་པའི་རྒྱལ་བའི་བསྟན་པ་ལ། །
འཁུ་བའི་ནག་ཕྱོགས་གཟུགས་ཅན་གཟུགས་མེད་སྡེ། །
བསམ་སྤྱོར་ངན་པའི་འཇིགས་པ་མ་ལུས་པ། །
མཆོག་གསུམ་བདེན་པའི་རྩ་ནས་གཅོད་གྱུར་ཅིག །
མ་འོངས་པའི་རྒྱལ་གཅེས་དཔའ་བོ་ཁྱེད་ལ་རྒྱབ་སྐྱོར་ཡོད་ད་ཡོད། ཁྱེད་དངོས་གནས་དོན་ལ་གནས་ན། ང་ཚོས་རྒྱབ་སྐྱོར་གང་དགོས་ཞུ་ངེས་ཡིན། བོད་རྒྱལ་ལོ། །བོད་རྒྱལ་ལོ།།
གོང་གི་སྐད་ཆ་དེ་ཤར་ཁུག་གི་སྐད་ཆ་་དངོས་ཤིག་ཡིན་ནམ། ཡང་མི་ངན་ཞིག་ཤར་ཁུག་ཏུ་བརྫུས་པ་ཡིན། སྐུ་ཞབས་ཤར་ཁུག་ལགས་ནས་དེ་དོན་སྐུ་ཉིད་ཀྱི་དུས་བབ་ཟིན་བྲིས་སུ་སྤེལ་རོགས།
ཕ་སྙིང་བཏོན་ནས་དགྲ་ལ་ཕུལ།།
མ་མགོ་བརྡུང་ནས་དགྲ་ལ་གུས།།
བླ་མེད་བཙན་པོའི་བརྒྱུད་པས།།
བླ་མེད་བཙན་པོར་རྒོལ་བ།།
ཕ་ཤ་བཟས་ཤིང་མ་ལ་བརྡེགས།།
ལས་ངན་དགྲ་བོ་སྤང་དུ་བླངས།།
རླབས་ཆེན་རིགས་ཀྱི་བརྒྱུད་པས།།
རླབས་ཆེན་མི་རིགས་ཕུང་བ།།
ངེས་པར་དུ་བཟབ་བཟབ་གནང་དགོས་ལམ་ཁར་ཕེབས་བཞུགས་དང་གསུངས་ཆོས་གནང་སྐབས་བཅས་ལ་དོ་ནན་པོ་སྐུ་སྲུང་བྱེད་རོགས་ཐུགས་རྗེ་ཆེ།།
ཕ་ཤ་བཟས་ཤིང་མ་ལ་བརྡེགས།།
ལས་ངན་དགྲ་བོ་སྤང་དུ་བླངས།།
འཕགས་པ་ཀ་ཏ་ཡ་ནྰི་གསུང་ཆ་ཚང་གཅིག་དྲོངས་གནོངས་དང་།
ཁ་བརྡ་རྩོམ་སྒྲིག་པ་ལགས། དེང་སང་ང་བྲེལ་བ་ཚ་སྒང་ལ་ངའི་མིང་བེད་སྤྱོད་གཏོང་མཁན་ཞིག་གིས་གང་བྱུང་མང་བྱུང་བཤད་ཀྱི་འདུག་པས། དེ་ལ་ཚོད་འཛིན་ཡོང་བ་ཞུ། གོང་གི་མཆན་ཨང་༢༤ པ་དེ་ང་མིན།
སྐྱེ་དྲ་གྲོགས་ས་ཆ་གང་དུ་སྡོད་ཀྱང་བོད་མི་རིག་ནོར་དོན་དུ་འཚོང་མི་འཕོད་པའི་བོད་རིག་སྤུན་ཟླ་དང་ཧཱི་མ་ལའི་རིག་རྒྱུད་ཡོངས་ནས་བཟབ་གནད་ལྷོད་མེད་གནང་རོགས་ མ་གཞིར་ང་ཚོ་བོད་ནང་ལ་རང་ཕྱོགས་ཆགས་པས་གདམ་དུ་གཅིང་ནས་གཞན་ཕྱོགས་ངོ་ལྐོག་གཉིས་ནས་བསྐྱོན་བརྗོད་བྱེད་གིན་ཤིན་ཏུ་མང་བ་འདུག་པས་དེ་རྣམས་མེད་པར་བྱེད་ན་ལེགས་བསམ་ ལྷག་པར་དེང་སྐབས་བླ་ཆེན་རྣམས་པའི་བཞུགས་གནས་ལ་ཞབས་ཚོས་གང་འདོད་བྱེད་པའམ་མ་ཟད་སྐྱབས་མགོན་དང་སྐྱབས་རྗེའི་མཚན་སོ་སོར་དབྱེ་བྱེད་མ་གནང་ནས་བླ་མ་འགའ་ལ་མཚན་མགོར་འཕུལ་ཀྱང་འགའ་ལ་མེད་པར་བཟོ་བཞིན་འདུག་ དེ་རྣམས་བོད་མི་རིག་ཞུང་ཡོངས་ལ་གུས་ཞབས་མེད་པ་ངོ་འཛིན་ཡོད་གང་ཡིན་ཞུ་ན་དེའི་རིག་ལ་བོད་སྤྱི་ཡོངས་ལ་བླ་མའི་སྒོ་རིམ་རྩ་ཆེ་རིམ་ནས་སྒོ་གནས་ཕུལ་ཡོད་་དེ་མིན་བོད་སྤྱི་ཡོངས་ལ་ཇི་འདྲ་ཡོད་པ་གཞིར་མ་བཞག་པ་གང་བྱེད་ཀིན་འདུག་མདོར་ན་ཕྱོགས་ཡོངས་ནས་ཐུགས་བསམ་ལེགས་པོ་བཞེས་ནས་གནང་ན་ལེགས་མོས་བསམ་
ང་དེ་རིང་ཤར་ཕྱོགས་ཁུག་རྟར་ཟམ་གདོང་རིན་པོ་ཆེས་བཀའ་སློབ་གནང་སར་ཐུག་སོང་། ཁོང་ཉིད་དབུ་མའི་ལམ་ལས་འགུལ་ཁང་གི་ལས་དོན་ལ་བྲེལ་བའི་སྒང་རེད། ཉིན་འདི་ཚོར་གསར་འགྱུར་གལ་ཆེ་རིགས་ཁ་བརྡར་བཀོད་པ་ལས་མཆན་བུ་འདེབས་མཁན་ཚོས་ཁོང་ལ་ཅི་ཞིག་བཤད་ཀྱི་ཡོད་མེད་མ་ཤེས་ཟེར། ངས་ཁྱེད་ཀྱི་མིང་ཐོག་ནས་དེ་ལྟར་མཆན་འགོད་དགོས་དོན་དྲིས་པ་ཡིན། ཁོང་གི་ཤེས་མི་འདུག ང་ཧང་སང་སོང་། ང་ཚོ་ཨ་མདོ་བ་ཚོས་ནང་མ་མཐོང་ཟུར་ནས་འགྲོ་མ་ཤེས་པ་བྱེད་ཀྱི་འདུག རང་ལ་མི་སྐྱེ་དུས་ཕྲག་དོག་གིས་འདི་ལྟར་ཁོང་གི་མིང་བེད་སྤྱོད་བྱེད་པ་དེ་ང་ཧང་སོང་། ཤར་ཕྱོགས་ཁུག་རྟ་བཙོན་བྱོལ་ནང་གི་ནང་སྙིང་མཐོང་མཁན་ཞིག་དང་། མི་གཞན་གྱིས་དོ་སྣང་བྱེད་མཁན་ཞིག་ཀྱང་རེད། དེ་བས་ཕྲག་དོག་ཅན་ཚོས་སྐད་ཆ་ཡོད་ན། ལམ་ཁ་འདི་འདྲ་ཞིག་བསྟེན་པ་དེ་དངོས་གནས་ཐབས་སྐྱོ་བོ་རེད།
གཞན་བཙན་བྱོལ་ནང་གི་མཐོ་རིམ་མི་སྣའི་ཆབ་སྲིད་རྩེད་མོའི་ནང་ཤར་ཕྱོགས་ཁུག་རྟར་གཟས་ནས་མཚན་ཤོས་བཟོ་མཁན་ཡོད་དུས། ཨ་མདོ་བ་ཚོས་རང་ཚུགས་ཟིན་ན་དགའ་ནི་རེད། ཤར་ཁུག་ལ་འགྲན་བསྡུར་བྱེད་ནའང་བྱེད་སྟངས་ཡག་པོ་ཞིག་བཙལ་ན་ཨ་མའི་བུ་རེད།