རྩོམ་པ་པོ་་ཨ་གྱཱེཡ་ཥོ་ལ། (Ajai Shukla) བོད་བསྒྱུར་བྱེད་མཁན་ལྷ་རྟ་དཀར་པོ།
རྒྱ་ནག་དམག་པའི་གཞུང་གིས་བོད་མི་གནས་བསྡད་ས་གནས་ཁག་ནང་དུད་འགྲོར་ལྕག་གི་གཉའ་ཤིང་བཀལ་བ་ལྟར་བུའི་གནར་བཅོད་གཏོང་བཞིན་པའི་ཆེས་དཀའ་སྡུག་འདིར་བོད་མི་རྣམས་ཀྱིས་མ་འདོད་པའི་འཁོན་ནད་དེ་ཆུ་ཁོལ་ལྟར་ཇེ་ཆེར་འགྲོ་བཞིན་པའི་སྐབས། ཏཱ་ལིའི་བླ་མས་ས་གནས་དེ་དག་ནང་གཏིང་ཟབ་བའི་ཤུགས་རྐྱེན་ཡོད་པའི་ཐད་པེ་ཅིང་གཞུང་གིས་ངོན་ལེན་བྱེད་མགོ་བཙུགས་ཡོད། དེ་ནི་རྒྱ་ནག་གི་ཆབ་སྲིད་ཀྱི་ལོངས་ཕྱོགས་ལ་འགྱུར་བ་ཆེ་པོ་ཞིག་རེད།
སྤྱི་ལོ་༡༩༥༩་ལོར་ཏཱ་ལིའི་བླ་མ་མཆོག་གིས་རྒྱ་གར་ནང་སྐྱབས་བཅོལ་ཞུ་ནས་བཟུང་རྒྱ་ནག་དམག་པོའི་གཞུང་གིས་གཞིས་ལུས་བོད་མི་རྣམ་བོད་ནང་དགའ་ཞིང་སྤྲོའི་ངང་གནས་ཡོད་པ་བསྐྱར་ནོན་བྱས་ཏེ། ཉེ་དུས་བོད་ནང་མི་མང་གི་གྱིན་ལངས་དང་། ད་བར་ལོ་བཞིའི་ནང་བོད་ནང་རང་ལུས་མེར་བསྲེགས་བཏང་མི་༤༠་ལྷག་བྱུང་པ་ཁག་ནི་ཕྱི་ཕྱོགས་སུ་ཡོད་པའི་ཏཱ་ལའི་རུབ་ཁག་དང་འབྲེལ་བ་ཡོད་པའི་མི་འགས་ངན་བསྐུལ་བཅངས་ནས་རྙོག་དྲ་སློངས་བ་ཞིག་པ་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱས་ཡོད།
རྒྱ་ནག་རྒྱལ་ཡོངས་མི་མང་ཚོགས་ཆེན་ཐེངས༡༨འཚོགས་ལ་ཉེ་བའི་དུས་ཟིལ་གྱི་སྣང་བ་མཆོལ་བའི་མཐོང་སྣང་བར་ནས་ཕྱོགས་མཐར་ཀུན་ལ་ཁྱབ་པའི་ཏཱ་ལིའི་བླ་མའི་མཚན་སྙན་ལ་རྒྱ་ནག་གཞུང་གིས་ངོས་འཛིན་མ་བྱེད་ཐབས་མེད་འགྱུར་སྐབས། བོད་རང་སྐྱོང་ལྗོངས་ནང་གི་མགོ་གཙོ་ཚོས་བཙན་བྱོལ་བོད་མིའི་མགོ་ཁྲིད་ཚོའི་སྐོར་དང་འབྲེལ་བའི་གནས་ཚུལ་རྣམས་བོད་ཀྱི་ས་གནས་ཁག་ནང་དར་འཁྱབ་མ་འགྲོ་བའི་སླད་ཏུ་་གསར་འགྱུུར་ཡོང་སའི་བརྒྱུད་ལམ་ཡོངས་ལ་ཆེས་དོ་དམ་བྱེད་བཞིན་ཡོད།
ཟླ་ཕྱད་སྔུན་ལ་བོད་རང་སྐྱོང་ལྗོངས་གི་དྲུང་ཆེན་(Chena Quanquo) གྱིས་རྒྱའི་ལས་བྱེད་རྣམ་ལ་རྒྱ་ནག་དབུས་གཞུང་གི་བོད་ཀྱི་ཐོག་འཛིན་པའི་བཟང་ཕྱོགས་ཀྱི་ལྟ་ཚུལ་དང་བརྙན་པར་དག་བོད་ཀྱི་ས་གཞིའི་གྲི་བཞི་རྒྱང་ཚད་ཀི་ལོ་མིས་ཊ༡༢༠་བར་མ་གོ་མ་མཐོང་མེད་པ་འཁྱབ་སྤེལ་དགོས་ཅེས་བཀའ་བཏང་ཡོད་པ་མ་ཟད། ཁོང་གིས་མུ་མཐུད་དེ་ཏཱ་ལའི་རུབ་ཁག་གི་ལྟ་ཚུལ་དང་དགྲ་བོ་ཕྱོགས་ཁག་ཚོའི་བརྙན་པར་རྣམ་ས་གནས་བོད་མི་ཚོས་གོ་རྒྱུ་མཐོང་རྒྱུ་མེད་པ་དགོས་ཅེས་ཀྱང་ནོན་པས་བཤད་ཡོད། གོང་གི་གནས་ཚུལ་དེ་རྒྱ་ནག་གི་གཞུང་འབྲེལ་ཚགས་ཤོག་( Renming Wang)ཞེས་པའི་ཐོག་སྤྱི་ཟླ༦པའི་ཚེས༢༧ཉིན་བཀོད་ཡོད།
བོད་ནང་དྲ་རྒྱ་ལྟ་ཀློག་དང་འཕྲིོན་ཐང་བསྐུར་ཆས། ཁ་པའི་བདག་དབང་དང་རོལ་དབྱངས་འགྲེམས་སྤེལ། གཞན་ཡང་པར་བཤུས་འཕྲུལ་ཆས་བཅས་ལ་བེད་སྤྱོད་རང་དབང་ཐད་དམ་དྲག་ཤུགས་ཆེ་རུ་བཏང་པའི་སྒང་། བོད་ནང་གི་གྲོང་གསེབ་ཁག་དང་སློབ་གྲྭ། དགོན་པ་བཅས་ནང་རྒྱ་ནག་གཞུང་གི་ལངས་ཕྱོགས་དང་འབྲེལ་བའི་ཆབ་སྲིད་ཀྱི་བློ་གསོལ་དྲིལ་བསྒྲགས་ཀྱང་སྔ་ལས་ཤུགས་ཆེ་རུ་བཏང་པ་མ་ཟད། བོད་མི་གནས་བསྡད་ཞིང་ཆེ་གཞན་ནས་བོད་རང་སྐྱོང་ལྗོངས་ནང་འཛུལ་རྒྱུ་ཐད་ཀྱང་། ད་ལོའི་སྤྱི་ཟླ་གསུམ་པའི་ཚེས་བཅུ་གཉིས་ནས་ཐེངས་གཅིག་མགོ་འཛུགས་དང་། དེ་ནས་སྤྱི་ཟླ་ལྔ་པ། གཞན་ཡང་སྤྱི་ཟླ་དྲུག་པ་བཅས་་ཁག་སོ་སོར་དམ་བསྒྲགས་བྱེད་དེ་ད་དུང་མུ་མཐུད་དེ་འགྲོ་ཞིག་ཡོད་ཅིང་།
ཡང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་(human rights watch) གི་སྙན་ཐོ་ནང་བོད་མི་བརྒྱ་ཆ་༨༥་གྲོང་རྡེལ་ཁག་ནང་བསྡད་ཡོད་ལུགས་དྲུངས་ཏེ། དེའི་ཁྲོད་ཏཱ་ལིའི་བླ་མས་ཤུགས་རྐྱོན་ཡོད་པའི་སྐོར་རྒྱ་ནག་གཞུང་གི་ངོས་ལེན་བྱས་ཡོད་པ་བསྒྲགས་ཡོད། སྤྱི་ལོ་༢༠༠༨་བར་ལྷ་ས་ཡོད་པའི་རྒྱའི་དཔོན་པོ་ཚོས་བོད་ནང་གི་བོད་རྣམས་ཀྱིས་ཏཱ་ལིའི་བླ་མར་རྒྱབ་སྐོར་བྱེད་ཀྱིན་མེད་པའི་སྐོར་བཤད་ཡོད་ལ། སྤྱི་ལོ་༢༠༠༡་ལོའི་ནང་རྒྱ་ནག་གཞུང་གིས་ལྷ་སར་གནས་སྡོད་བོད་མིའི་ཁྲོད་ནས་བསམ་ཚུལ་བསྡུས་རུབ་སྐབས་བོད་མི་བརྒྱ་ཆ་༨༦་ནས་ཏཱ་ལིའི་བླ་མ་ནི་ཁ་བྲལ་རིགས་ལུགས་པ་ཞིག་པ་བཤད་ཡོད། ཡང་བོད་རང་སྐྱོང་ལྗོངས་ནང་གི་དཔོན་པོ་ཝཡ་ཇེ་ལི་(wu jilie)ཟེར་བས་བོད་མི་ཕལ་ཆེ་བས་ཏཱ་ལིའི་བླ་མར་ཡིད་ཆེས་བྱེད་ཡ་དེ་ཉུང་དུ་འགྲོ་ཡོད་པའི་སྐོར་བཤད་ཡོད་པ་རོའི་ཊ(reuter) གསར་ལས་ཁང་གིས་སྤྱི་ལོ་༢༠༠༤་སྤྱི་ཟླ་༨་པའོ་ཚེས་༤་ཉིན་བཀོད་ཡོད།
སྤྱི་ལོ་༢༠༠༧་ལོའི་སྤྱི་ཟླ་༦་པའི་ཚེས་༢༠་ཡི་རྒྱ་ནག་གཞུང་གི་ཤིན་ཧཱ་(Xinhua) གསར་འགྱུར་ནང་བོད་རང་སྐྱོང་ལྗོངས་ནང་གི་གཙོ་འཛིན་གྱིས་བོད་མི་ཕལ་ཆེ་བས་ཏཱ་ལིའི་བླ་མ་བོད་ནང་ཕེབས་རྒྱུར་དགའ་སྤྲོ་བྱེད་བཞིན་མེད་པ་མ་ཟད། ཁོང་གིས་ཏཱ་ལིའི་བླ་མས་་ཤུགས་རྐྱེན་ཡང་ཉུང་ཉུང་ཡིན་པའི་སྐོར་བཀོད་ཡོད་པའི་ཐད་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་གནས་ཚུལ་དེ་ལུང་དྲངས་ཡོད།
སྤྱི་ལོ་༢༠༡༠་ལོའི་ནང་འགྱུར་བ་གསར་ཤོག་གཅིག་ནི་བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ཁྱབ་པད་མ་འཕྲིན་ལས་ཀྱིས་ཏཱ་ལིའི་བླ་མར་བོད་ནང་ཤུགས་སྐྱོན་གཅིག་ཀྱང་མེད་ཟེར་བ་དེ་ཡོང་མི་སྲིད་པ་ཞིག་རེད། བོད་ནང་ཁོང་ལ་་ཤུགས་རྐྱེན་ངེས་གཏན་ཞིག་ཡོད་རེད་ཅེས་བཤད་ཡོད་པའི་སྐོར་དེ་་ཨཱི་ཧྥི་(Ifeng༢༠༡༠/༡༠/༦)ཞེས་པའི་གསར་འགྱུར་ནང་བཀོད་ཡོད། ༢༠༡༢ལོའི་སྤྱི་ཟླ་༣པའི་ཚེས༡༢་ཉིན་པད་མ་འཕྲིན་ལས་ཀྱིས་ཏཱ་ལིའི་བླ་མ་དང་ཁོང་གི་ཕྱོགས་ཁག་ཚོས་བོད་ཕྲུག་གཞོན་སྐྱེས་དེ་འདྲ་རུབ་ཐབས་བྱེད་བཞིན་ཡོད། ཡིན་ནའང་། ང་ཚོས་ཁོང་ཚོའི་མཉམ་དུ་འགྲན་སྡུར་བྱེད་རྒྱུའི་ཚབ་ཏུ་ས་གནས་བོད་མི་རྣམ་གྱི་འཚོ་ཐབས་བཟང་དུ་གཏང་རྒྱུ་དེ་ཡིན། གཞུང་ཡག་ངན་ཟེར་བ་དེ་ལས་ཀ་བྱེད་སྟངས་ལ་རག་ལུས་ཡོད་ཅེས་་ཤིག་ཧཱ་གསར་གསར་འགྱུུར་ནང་༢༠༡༢ལོའི་སྤྱི་ཟླ༣པའི་ཚེས༧ཉིན་འགྲེམས་སྤེལ་བྱས་ཡོད་པ་མ་ཟད། ཁོང་གིས་རྒྱ་ནག་གི་གསར་འགོད་པ་ཞིག་ལ་ཏཱ་ལིའི་བླ་མས་མི་རབས་གསར་པའི་གཞོན་སྐྱེས་རྣམ་ཡིད་སེམས་མགུ་ཐབས་སུ་ང་ཚོའི་མཉམ་དུ་འགྲན་སྡུར་བྱེད་བཞིན་ཡོད་ཅེས་ཀྱང་བཤད་ཡོད།
བོད་ནང་གི་བོད་མིས་རྒྱ་ནག་གཞུང་ལ་ཁོང་ཁྲོ་ཇེ་ཆེ་འགྲོ་བཞིན་པ་དེ་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་ཙམ་དུ་མ་ཟད། དེའི་ཕྱི་ཕྱོགས་སུ་ཡོད་པའི་བོད་མི་གནས་བསྡད་བྱེད་སའི་ས་གནས་ཁག་ལ་ཡང་གཅིག་མཚུངས་སུ་ཁོང་ཁྲོ་ཇེ་ཆེར་འགྲོ་ཞིག་ཡོད། བོད་རང་སྐྱོང་ལྗོངས་ཅེས་པ་དེ་མཐོ་སྒང་བོད་ཀྱི་ས་གཞི་ཡོངས་ནས་བྱང་ཕྱོགས་ཁུལ་གྱི་ས་ཕྱད་ཀ་ཙམ་རེད། རྒྱ་ནག་གཞུང་གི་མི་འབོར་གྲངས་བཤེར་རྩ་འཛིན་ནང་བོད་རིགས་གྲངས་ཉུང་མི་རིགས་ཀྱི་གྲངས་འབོར་དེ་ས་ཡ་༥་དང་གྲངས་ཆུང་༦་ཡིན་པ་བཤད་ཡོད་པའི་ཁྲོད་ནས་བོད་རང་སྐྱོང་ལྗོངས་ནང་བོད་མི་ས་ཡ་༢་དང་གྲངས་ཆུང་༨་ལས་མེད་པ་མེད་སྟབས། དེས་ལས་ལྷག་མ་བོད་མི་ས་ཡ་༢་དང་གྲངས་ཆུང་༨་ཐམ་པ་རྣམས་བོད་མི་གནས་སྡོད་ཞིང་ཆེ་གཞན་བཞི་ནང་འཐིམ་ནས་བསྡད་ཡོད།
རྒྱ་ནག་དབུས་གཞུང་གིས་བོད་མི་མ་ཡིན་པའི་ཀློག་པ་པོ་རྣམ་ལ་གཞུང་འབྲེལ་གསར་འགོད་སྒྲ་གཏམ་ཁག་ནང་ས་གནས་ཀྱི་བོད་མི་ཚོས་རྒྱ་ནག་གཞུང་གིས་བོད་ཀྱི་ཐོག་འཛིན་བཞིན་པའི་སྲུང་བྱུས་ལ་རྒྱབ་སྐོར་ཡོད་ཁུལ་བཤད་བཞིན་ཡོད་རེད་དེ། བོད་མི་གནས་སྡོད་ཀྱི་ས་གནས་ཁག་ནང་གི་རྩོམ་མང་པོའི་ཐོག་ཏཱ་ལོའི་བླ་མས་བོད་ནང་ཤུགས་རྐྱེན་ཡོད་པའི་སྐོར་འབྲི་མཁན་ཇེ་མང་ཡིན།
ཡིན་ནའང་། ༢༠༡༡ལོའི་ལོ་འཇུག་ཙམ་ནས་བོད་ཀྱི་ས་ཕྱོགས་ཡོངས་ལ་རྒྱ་ནག་གི་གཞུང་འབྲེལ་གྱི་གཏམ་བཤད་ཁག་ནང་། སློབ་གསོའི་ལས་འགུལ་དེ་བོད་ཀྱི་གྲྭ་པ་དང་བཙུན་ཙམ་མ་ཡིན་པ་ས་གནས་ཀྱི་མང་ཚོགས་ལའང་སློབ་གསོ་བརྒྱབ་རྒྱུ་དེ་གལ་འགངས་ཆེ་པོ་འཛིན་དགོས་པའི་སྐོར་ཡང་ནས་ཡང་དུ་བཤད་ཡོད་པ་རེད། རྒྱ་ནག་གཞུང་གི་བོད་མི་མང་ཚོགས་ལ་སློབ་གསོ་སྤྲོད་དེ་བོད་མའི་བློ་ཁ་རྒྱ་ནག་གཞུང་ཕྱོགས་སུ་དགུག་ཐབས་བྱེད་པའི་སློབ་གསོའི་ལས་འགུལ་འདི་འདྲ་པོ་ལོ་རབས་༨༠་ཡི་རྒྱ་ནག་བཅོས་སྒྱུར་སྐབས་མ་གཏོགས་རིག་མྱོང་མེད།
མ་གཞིའི་རྩོམ་གྱི་འབྲེལ་ཐག
http://ajaishukla.blogspot.in/2012/07/china-acknowledges-dalai-lamas-hold-in.html
ཡིག་སྒྱུར་པ་ལགས། གཞི་རྩའི་འདི་འདྲའི་རིགས་བོད་བསྒྱུར་གནང་པར་དགོས་གལ་དང་ཕན་འབྲས་ཆེ་པས་ཐུགས་རྗེ་ཆེ་ཞུ་འདུན་བྱུང་། འོན་ཀྱང་ཉིད་ཀྱི་བསྒྱུར་རྩོམ་འདི་ཐེངས་ཁ་ཤས་ལ་བཀླགས་པའི་ཚོར་སྣང་ཞུས་ན། བོད་རང་གི་ཡི་གེའི་སུམ་རྟགས་དག་གསུམ་གྱི་འགྲོས་དང་མི་མཐུན་པ། སྦྱོར་བསྡེབ་དོ་མི་མཉམ་པ། གནད་ཚིག་ལ་གོ་བ་ལེན་མི་ཐུབ་པ་བཅས་ཀྱི་སྐྱོན་རེ་ཟུང་འདུག་པས། སྐུ་ཉིད་ནས་མ་འོངས་པར་ཡིག་སྒྱུར་བ་ཞིག་གིས་འཁུར་དགོས་པའི་འགན་འཁྲི་གང་ཡིན་ཐུགས་འཇགས་ཀྱིས་ཡིག་བསྒྱུར་གནང་པའི་རེ་སྐུལ་ཞུ།
གུས་ནས་རང་གི་རིགས་གཞུང་འདིའི་གྲུ་དང་ཟུར་ཙམ་རེ་ཉམས་ནའང་ཕངས་སེམས་ཀྱིས་མ་བཟོད་པར་ཞུས་པ་ལས་གཞན་གང་ཡང་མིན།
གོ་བདེ་པོ་ཞིག་སྒྱུར་འདུག འོན་ཀྱང་ཆད་ལྷག་མང་ཞིང་དག་ཆ་སྐྱོ་པོ་རེད་འདུག་ན་བོད་ཡིག་གི་བརྡ་དག་ལ་དོ་སྣང་གནང་དགོས་གལ་མཐོང་།
སྒྱུར་འདི་འདྲ་མཐོང་ན་ཡི་མུག་བྱེད་ལས་ཅི་གང་མེད་དོ།
ང་ཚོ་ལ་ཕན་ཐོགས་དཔེ་འདུག
སྒྱུར་བ་པོ་ལ་ཐུགས་རྗེ་ཆེ་ཞུ། རྗེས་སོར་རྩོམ་པ་པོ་དེ་སུ་ཡིན་ཀྱང་ངོ་སྤྲོད་མདོར་བསྡུས་རེ་ཙམ་ཡོད་ན་དེ་བས་རྩོམ་ཡིག་ཀློག་འདོད་ཆེ་ས་རེད། བཀའ་དྲིན་ཆེ།
དྲ་གྲོགས་ཚོས་བླང་དོར་གྱི་བཀའ་སློབ་ཕེབས་བ་དགའ་བསུ་གྲོངས་མེད་ཞུ།
འགོ་ནས་མར་གང་འཚམ་ཀློག་པ་ཡིན། དག་ཆ་དང་ལྡེབ་སྦྱོར་མི་ལེགས་པས་ཀློག་འདོད་མ་བྱུང་། འོན་ཡིག་བསྒྱུར་གནང་བ་ཐུགས་རྗེ་ཆེ།
བོད་ཀྱི་མི་འབོར་སྐོར།
རྒྱ་གཞུང་གི་༢༠༡༠ལོའི་མི་འབོར་ཞིབ་འཇུག་གི་གྲངས་འབོར་གསལ་བསྒྲགས་བྱས་པ་ལ་ལྟས་ན། བོད་རིགས་མི་འབོར་ནི་༦༢༨༢༡༨༧སྟེ། ས་ཡ་དྲུག་དང་གཉིས་འབུམ་ལྷག་ཟིང་ཡོད།
དེའི་ཁོངས་སུ་མོན་པ་དང་། ཤར་པ། ཧོར་པ། འཇང་པ། མོ་སོའམ་མཐའ་ལུང་པ། སོག་མདའ་ཚན་སོགས་རྒྱ་གཞུང་གིས་བོད་རིགས་མིན་པ་ངོས་འཛིན་གྱི་མི་འབོར་ཁག་གྲངས་འབོར་འདིའི་ནང་ཚུད་མེད།
ཆོལ་ཁ་གསུམ་དུ་དབྱེ་བར་ས་མཚམས་གསལ་བོར་རམ་ཚང་མས་མོས་མཐུན་གྱི་དབྱེ་མཚམས་བརྟན་པོར་ཅན་ཞིག་མེད་དུས། རོབ་ཙམ་དབྱེ་ན། ནག་ཆུ་ཁུལ་གྱི་ནག་ཆི་རྫོང་དང་དེའི་ནུབ་ངོས་ཀྱི་རྫོང་གསུམ་དེ་དབུས་གཙང་ཁོངས་སུ་རྩིས་པ་དང་། དེ་མིན་ཨ་མདོ་དང་སྦྲ་ཆེན། ལྷ་རི་སོགས་ཁམས་ཁུལ་རྩིས་ཡོད། ཉིན་ཁྲི་ས་ཁུལ་ཟེར་བ་ནང་གི་རྫ་ཡུལ་དང་སྤོ་བོ་དེ་ཁམས་ཁུལ་གྱི་ཁོངས་སུ་རྩིས་པ་དང་། དེ་མིན་དྭགས་ཀོང་གི་ས་ཆ་ཁག་དབུས་གཙང་ཁོངས་ཡིན་པ་བརྗོད་མེད་ཐོག། མདོ་སྟོད་སྨད་ཀྱི་ས་མཚམས་ནི་མཚོ་སྔོན་ཞིང་ཆེན་ཟེར་བ་ནང་གི་སྒ་བ་དང་ནང་ཆེན་ཏེ། ཡུལ་ཤུལ་ཁུལ་ཁམས་པ་ཡིན་པ་དེ་ཕུད་པའི་མཚོ་སྔོན་གྱི་བོད་མིའི་མི་འབོར་དང་། རྒྱ་ནག་ཀན་སུ་ཁོངས་ཀྱི་བླ་རོང་དང་། ཇོ་ནེ། དཔའ་རིས་ཀྱི་མི་འབོར། སི་ཁྲམ་ཁོངས་ཀྱི་རྔ་བ་དང་རྒྱ་རོང་སོགས་ཨ་མདོའི་མི་འབོར་ཁོངས་སུ་རྩིས་ན་ཕལ་ཆེད་འགྲིག་ངེས། དེ་ལྟར་རྩིས་ན། མི འབོར་མང་ཤོས་ནི་ཁམས་པ་སྟེ་ས་ཡ་གཉིས་དང་འབུམ་གཉིས་ལྷག་ཡོད་ཞིང་། མདོ་སྨད་མི་འབོར་ས་ཡ་གཉིས་ཙམ་དང། དབུས་གཙང་མི་འབོར་ནི་ས་ཡ་གཅིག་དང་འབུམ་བརྒྱད་མ་གཏོགས་མེད་པར་ཉུང་ཤོས་ཡིན། གང་ལྟར་དབུས་གཙང་ལས་ཨ་མདོའི་མི་འབོར་འབུམ་གཉིས་ཙམ་མང་བ་དང། ཨ་མདོ་ལས་ཁམས་པའི་མི་འབོར་འབུམ་གཉིས་ཙམ་མང་བ་འདུག། ཞིབ་ཕྲ་གཤམ་གསལ་ལྟར་ཡིན།
དབུས་གཙང་གི་མི་འབོར་ནི་ས་ཡ་གཅིག་དང་བརྒྱད་འབུམ་ལྷག་་ཡོད(༡༨༢༠༠༠༠)་པ་སྟེ། གཙང་དུ་དྲུག་འབུམ་བདུན་ཁྲི། མངའ་རིས་ཁྲི་དགུ་ཐམ་པ། དགས་ཀོང་དུ་ཁྲི་བརྒྱད། ལྷོ་ཁར་གསུམ་འབུམ་གཉིས་ཁྲི། ནག་ཆུ་ཁོངས་ཀྱི་རྫོང་བཞིར་ཆིག་འབུམ་བརྒྱད་ཁྲི། ལྷ་ས་ཁུལ་བཞི་འབུམ་བརྒྱད་ཁྲི་ཐམ་པ་ཡོད།
ཁམས་དུ་མི་འབོར་ནི་ས་ཡ་གཉིས་དང་འབུམ་གཉིས་༢༢༨༠༠༠༠ལྷག་ཡོད་པ་སྟེ། ཆབ་མདོར་དྲུག་འབུམ་བཞི་ཁྲི། ནག་ཆུ་གཉིས་འབུམ་ཆིག་ཁྲི་ཙམ། རྫ་ཡུལ་དང་སྤོ་བོར་ཁྲི་ལྔ་ཙམ། དཀར་མཛེས་༨༥༤༨༦༠། སྒ་བ་དང་ནང་ཆེན་བསྡོམ་པའི་ཡུལ་ཤུལ་ཁུལ་དུ་༣༦༥༡༦༩། བདེ་ཆེན་དུ་༡༢༩༤༩༦། མི་ལིར་ཁྲི་བཞི་ཙམ་ཡིན།
ཨ་མདོར་མི་འབོར་ནི་ས་ཡ་གཉིས་དང་ཁྲི་གཉིས་༢༠༢༠༠༠༠ཙམ་ཡོད་པ་སྟེ། རྔ་པར་༥༠༨༧༤༧། མཚོ་སྔོན་ཡུལ་ཤུལ་ཕུད་མི་འབོར་ས་ཡ་གཅིག་དང་འབུམ་གཅིག་ལྷག། ཀན་ལྷོ་དང་དཔའ་རིས་གཉིས་ཚོད་རྩིས་བྱས་ན་བཞི་འབུམ་གཉིས་ཁྲི་ཐམ་པ།
གོང་གི་ཆོལ་གསུམ་མི་འབོར་བསྡོམས་ན་ས་ཡ་དྲུག་དང་ཆིག་འབུམ་ཆིག་ཁྲི་ཙམ་ཟིང་ཞིང་། ས་ཆ་གཞན་བོད་མི་མི་འབོར་ཆིག་འབུམ་ལྷག་ཡོད་པ་ཤེས་ཐུབ།
ཡིག་ཕྱེད་གོ་བས་ཀློགས་ཅེས་པ་ལྟར་དེ་ལྟར་བཀླགས་པས་གོ་བརྡ་ཆ་ཚང་འཕྲད་སོང་། འོག་ལ་བཞོན་རྒྱུ་རྟ་ཞིག་ཡོད་ན་དེར་ཡི་གེ་རྟ་དང་ལྟ་གང་བྲིས་ཀྱང་སྐྱོན་རང་མེད། དོན་མ་ནོར་ན་ཚིག་དང་ཡི་གེ་ནོར་པར་སྐྱོན་ཆེན་པོ་མེད།
མ་ཡིག་ངོ་མ་དང་བསྡུར་ནས་ལྟས་ན་དོན་དག་ཆེ་ཤོས་གོ་ཐུབ་ཙམ་འདུག
ཏཱ་ལའི་བླ་མའི་ཤུགས་རྐྱེན་བོད་ན་ཡོད་དགོས་བྱུང་། རྒྱ་བ་རིན་པོ་ཆེ་ང་ཚོའི་མགོ་ཐོག་གི་གནམ་རེད། སེམས་ནང་གི་ཉི་མ་རེད། སྐུ་རབས་ནས་སྐུ་རབས་རྒྱུད་བོད་མིའི་སེམས་ནང་གི་ཡལ་མ་མྱོང་། ཆོས་གླེང་ན་བླ་མ་འདི་དང་འབྲེལ་བ་ཡོད། སྲིད་གླེང་ན་བླ་མ་འདི་དང་འབྲེལ་བ་ཡོད། དེ་སང་ཏཱ་ལའི་བླ་མར་དགའ་པོ་མེད་མཁན་བོད་མི་མང་པོ་འགྲོ་བཞིན་ཡོད་པ་རེད་ཟེར་ནས་དཀྲོགས་གཏམ་བཟོ་བཞིན་ཡོད་པ་རེད་དེ། གལ་སྲིད་དཀྲོགས་གཏམ་མ་ཡིན་པའི་དཔང་དུ་གཏང་ན་ཡང་དེ་ནི་རྒྱ་སྤྲང་ཁྱེད་ཚོ་དགའ་དགོས་པའི་གནས་ཚུལ་ཞིག་མིན། འདིའི་རིགས་ནི་དགྲ་བོ་རྒྱ་ནག་གི་གསོན་སྙིང་དྲོན་པོ་ལེན་པར་འདོད་ཡོད་མཁན་གྱི་མི་བུ་ཏག་ཏག་ལས་བླ་མ་དང་སློབ་མའི་དམ་ཚིག་ཉམས་པ་ཞིག་མ་ཡིན་པ་ཤེས་པར་ཆོས།
སྒྱུར་བ་པོར་བོད་ཡིག་གི་དག་ཆ་སྐྱོ་བོ་ཡོད་པ་དངོས་འབྲེལ་རེད་མོད་ཆ་ཚང་གོ་ནི་གོ་ཐུབ་པ་འདུག་པས་བསྒྱུར་བའི་དོན་གོ་ཆོད་པ་རེད་སྙམ། དག་ཆ་ཡོད་མིན་ལ་མ་བལྟས་པར་ལྷག་བསམ་རྣམ་དག་གིས་བོད་བསྒྱུར་གནང་བར་བཀའ་དྲིན་ཆེ།
གཉིད་ཀྱི་དབང་གིས་ཆ་ཚང་ཀློག་མ་ཐུབ་ཀྱང་བོད་བསྒྱུར་བྱས་པར་རྗེས་སུ་ཡི་རངས་ཞུ། གལ་སྲིད་དག་ཆ་དང་ཚིག་སྦྱོར་ལ་འབད་བརྩོན་གནང་ཐུབ་ན་ཧ་ཅང་ཡག་པོ་ཡོང་བར་འདུག ཐུགས་རྗེ་ཆེ།
༧ཏཱ་ལའི་བླ་མའི་ཤུགས་རྐྱེན་ཟེར་བ་ཅི་རེད། ཁོང་དང་བོད་མིའི་བར་བླ་སློབ་ཀྱི་དམ་ཚིག་རྨ་མེད་ཅིག་ཡོད་པ་དངོས་ཡོད་གནས་ཚུལ་ཡིན་པར་བསྙོན་དུ་ཅི། ད་དུང་ཁ་རྒྱུན་ལ། ཁོང་ནི་བོད་མིའི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ཡིན།
ཡིག་བསྒྱུར་གནང་བར་ཐུགས་རྗེའི་ཆེ། རྗེས་སོར་དག་ཆའི་ཐོག་ཤུགས་བསྣོན་ཡོང་བར་གནང་རོགས། བཀའ་དྲིན་ཆེ།
འགོ་ནས་འཇུག་བར་ཀློག་ཀྱང་གོ་བ་དཀའ་ཞིང་བོད་ཀྱི་བརྡ་སྤྲོད་དང་མི་མཐུན་པ་སྣང་ཞིག་ཡེ་ནས་མ་སྟེར་བས་སྒྱུར་ཡག་པའི་འཚོར་སྣང་ཞིག་ངང་གིས་སྟེར། གནས་ཚུལ་འདིའི་རིགས་ནི་མཁོ་གལ་ཆེ་བས་མཁོ་པ་ཡོད་དུས་སྒྱུར་གལ་ཆེ། མ་སྒྱུར་བ་ལས་ཅི་ཞིག་ཡིན་ཡང་སྒྱུར་བ་གལ་ཆེ་བས་ཐུགས་རྗེ་ཆེ། ཁེ་ཕན་ཡོད་མེད་ནི་ཀློག་པ་པོ་ཚོའི་ཐག་གཅོད་རེད་ལ། འདོད་པ་མེད་ན་ཀློག་པའི་དོན་ཡང་མེད། འདོད་པ་ཡོད་མཁན་རྣམས་ལ་གནས་ཚུལ་མཁོ་སྤྲོད་ཡག་པོ་གནང་བས་ཐུགས་རྗེ་ཆེ།
ང་རང་གིས་རྩོམ་ཡིག་རེ་ཟུང་བསྒྱུར་མྱོང་བའི་ཉམས་མྱོང་ལ་བལྟས་ན། ལོ་ཙཱ་བས་ཡག་པོ་བསྒྱུར་འདུག་སྙམ། མུ་མཐུད་ནས་བསྒྱུར་རོགས།
བཟང་ངན་ལ་མ་བལྟས་པས་བླང་དོར་གྱི་བཀའ་སློབ་མང་དག་ཅིག་ཕེབས་པ་དགའ་བསུ་ཞུས།