སྤོབས་པ་མཐའ་ཡས།
པེ་ཅིང་དུ་ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༡༠ ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ལས་ཁང་གིས་གོ་སྒྲིག་ཞུས་པའི་གསར་འགོད་ལྷན་ཚོགས་ཐོག་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་འཐབ་ཕྱོགས་གཅིག་གྱུར་ལས་ཁང་གི་རྒྱུན་ལས་བློན་ཆེན་གཞོན་པ་ཀྲུའུ་ཝེ་ཆོན་གྱིས་ཏིང་ཤོའི་ཕིང་གིས་བོད་རང་བཙན་མིན་པའི་གནད་དོན་གང་ཡིན་ཡང་གླེང་ཆོག་ཅེས་པ་དེ་བདེན་པ་མ་རེད་ཅེས་ལབ་པ་རེད་ཟེར།
ན་ཚ་དེ་ལ་བརྟེན་ནས་རྒྱ་ལོ་དོན་གྲུབ་དང་འཇུ་ཆེན་ཐུབ་བསྟན་གཉིས་ཀྱི་གསར་འགོད་གསལ་བསྒྲགས་བསྐྱངས་ཚུལ་ཞིག་བོད་གཞུང་གི་དྲྭ་རྒྱའི་ཐོག་ཏུ་བཀོད་འདུག ཀྲུའུ་ཝེ་ཆོན་གྱིས་དེ་ནི་རྒྱ་རི་བློ་གྲོས་ཀྱིས་ཏིང་ཞོའོ་ཕིང་གི་བཀའ་མོལ་ལ་འཁྱོགས་བཤད་ཚབ་ཆེན་ཡིན་ལུགས་ཀྱང་བཤད་ཡོད་རེད་ཟེར།
དངོས་གནས་བྱས་ན་ཏིང་ཤོའི་ཕིང་གིས་སྐད་ཆ་དེ་འདྲ་ལབ་བྱུང་ཟེར་མཁན་དེ་རྒྱ་ལོ་དོན་གྲུབ་ཡིན་སྟབས་རྫུན་བཤད་པ་ཡིན་ན་བཤད་མཁན་དེ་རྒྱལ་ལོ་དོན་གྲུབ་རེད་མ་གཏོགས་རྒྱ་རི་བློ་གྲོས་མ་རེད། ཉེ་ཆར་སྐུ་ངོ་རྣམ་པ་གཉིས་ཀྱིས་རྡ་རམ་ས་ལར་གསར་འགོད་གསལ་བསྒྲགས་སྐྱོང་དགོས་དོན་དེ་ཡང་ཏིང་ཤོའི་ཕིང་གིས་དེ་ལྟར་བཤད་མྱོང་བའི་ཨུ་ཚུགས་ཙམ་ཞིག་རེད་འདུག འཇུ་ཆེན་ཐུབ་བསྟན་ལ་མཚོན་ན་ཕྱི་ལོ་ ༡༩༨༢ ཟླ་ ༤ ཚེས་ ༢༩ ཉིན་སྐབས་དེའི་དབུས་འཐབ་ཕྱོགས་གཅིག་གྱུར་ལས་ཁང་དང་མི་རིགས་ལས་དོན་ལྷན་ཁང་གི་གཙོ་འཛིན་གཅིག་ལྕོགས་ཡིན་པ་སྲིད་བློན་གཞོན་པ་དབྱང་ཅི་རེང་སོགས་དང་ཐུག་འཕྲད་བྱེད་མྱོང་ཞིང་། དེ་སྐབས་ཁོང་གིས་དབྱང་ཅི་རེང་ལ་ཏེང་ཞའོ་ཕིང་གིས་དེ་ལྟར་གསུངས་མིན་ར་སྤྲོད་བྱས་པར་ཁོང་གིས་དེ་ལྟར་གསུངས་ཡོད་མ་རེད་ཅེས་གསུངས་མ་བྱུང་ཞེས་པ་ཙམ་རེད་འདུག། མདོར་ན་འཇུ་ཆེན་གྱིས་རྒྱུ་མཚན་དེ་ཙམ་ལ་བརྟེན་ནས་རྒྱལ་ལོ་དོན་གྲུབ་ཀྱི་སྐུབ་འགེབས་ཐབས་ཙམ་རེད།
དགོང་དག སྤྱིར་ན་ང་ཚོའི་སྐུ་ངོ་འདིས་ལྐུག་པའི་བྱེད་ཐབས་འདི་འདྲ་བྱས་འདུག གལ་སྲིད་ཏིང་ཤོའི་ཕིང་གིས་དངོས་གནས་དེ་ལྟར་བཤད་ཡོད་ན་དེ་ཡིག་ཐོག་ནས་གསལ་བསྒྲགས་ཡོང་ཐབས་ཙམ་ཡང་མི་བྱེད་པར་སྙན་ནས་སྙན་དུ་ཤུབ་བུར་བརྒྱུད་དེ་འཇོག་དགོས་དོན་གང་ཡིན་ནམ། དངུལ་སྒོར་གཅིག་གི་གོང་རྩ་ཙམ་གྱི་ཚོང་ཞིག་ཡིན་ན་ཡང་འབྱོར་འཛིན་ཡི་གེ་ཐེལ་ཙེ་དང་བཅས་པ་དགོས་ན་རྒྱལ་ཁབ་བར་གྱི་གྲོས་མོལ་གནད་དོན་དེ་འདི་ལྟ་བུ་ཞིག་ཏུ་འཇོག་དགོས་དོན་གང་ཡིན་ནམ། ཁར་སང་སྐར་ཆེན་གྱིས་རྒྱ་རི་བློ་གྲོས་རྒྱལ་མཚན་གྱི་སྐོར་ལ་དགག་བཞག་སྤོང་གསུམ་བྱེད་དགོས་གསུངས་འདུག་མོད་གལ་སྲིད་རང་དབང་གི་མགོ་བོ་གྱེན་དུ་བཏེགས་ཤིང་དྲང་བདེན་གྱི་སྐད་གསེངས་མཐོན་པོས་དགག་བཞག་སྤོང་གསུམ་བྱེད་ཕོད་མཁན་རེ་ཡོད་ན་འདི་ཚོའི་སྐོར་ལ་ཡང་དགག་བཞག་སྤོང་གསུམ་རེ་བྱེད་དགོས་པ་མིན་ནམ།
སྤྱིར་བཏང་ང་ཚོའི་དབུ་མའི་ལམ་དང་ཞི་བའི་གྲོས་མོལ་སོགས་ཀྱི་འབྱུང་རྩ་ཡང་ཕར་གཏུག་ན་ཏིང་ཤོའི་ཕིང་གི་གསལ་ལ་མི་གསལ་གྱི་སྐད་ཆ་འཁྱར་བོ་ཞིག་རྒྱལ་ལོ་དོན་གྲུབ་བརྒྱུད་ནས་རྡ་རམ་ས་ལར་སླེབས་པ་ཙམ་ལས་གཞན་མེད་པ་མིན་ནམ། གསལ་ལ་མི་གསལ་གྱི་སྐད་ཆ་འཁྱར་བོ་འདི་ལ་བརྟེན་ནས་རེ་བ་ཡོད་རེད་གསུངས་མཁན་རྒྱ་ལོ་དོན་གྲུབ་རེད་ལ་ད་ནི་རེ་བ་མི་འདུག་ལབ་མཁན་ཡང་རྒྱལ་ལོ་དོན་གྲུབ་རེད། ཐ་ན་གསལ་ལ་མི་གསལ་གྱི་སྐད་ཆ་འཁྱར་བོ་དེའི་རྫུན་དུ་འགྱུར་ལ་ཉེ་དུས་འཇུ་ཆེན་ཐུབ་བསྟན་གྲོགས་སུ་བཀུག་ནས་གསལ་འགོད་གསལ་བསྒྲགས་རེ་སྤེལ་ནས་ད་དུང་ཡང་སྐད་ཆ་གསལ་ལ་མི་གསལ་དེ་ལ་བརྟན་བཞུགས་ཕུལ་དགོས་པ་ཐབས་སྐྱོ་བོ་ཞིག་མ་རེད་དམ།
http://www.tibet.net/tb/flash/2008/november/231108.html
ངོ་མ་རེད། ང་ཚོས་ཚིག་མཚོན་འདེབས་རེས་བྱེད་པ་མཚམས་འཇོག་བྱེད་པ་མཉམ་དུ་འདི་རིགས་ལ་ཞིབ་འཇུག་བྱེད་དགོས་པ་དེ་གལ་ཆེན་པོ་རེད། སྔོན་མ་ལོ་བཅུ་ཙམ་གྱི་གོང་དུ་ངས་འདི་ཚོ་ལ་དོ་སྣང་བྱས་པ་ཡིན། བོད་རྒྱ་བར་གྱི་གྲོས་མོལ་ཚང་མའི་ཚིག་ཐོ་གང་ན་ཇི་ཡོད་རྣམས་གསང་རྒྱ་བྱས་ནས་ང་ཚོས་ལྟ་ཆོག་ཆོག་ཅིག་མི་འདུག གལ་སྲིད་ང་ལ་མིག་ལྗང་ཁུ་དང་སྐྲ་སེར་པོ་ཞིག་ཡོད་ན་ངས་ཚིག་ཐོ་ཁ་ཤས་མཐོང་ཡོད་པ་རེད། དེ་དུས་ང་བཅར་སའི་དྲུང་གཞོན་དེའི་ཅོག་ཙེའི་ཐོག་ན་ཚིག་ཐོ་ཁ་ཤས་འདུག་པ་ང་སླེབས་འཕྲལ་ཡིག་སྣོད་ཀྱི་ཁ་བརྒྱབ་སོང་། ང་ནི་ངེད་ཀྱི་གཞུང་གི་ལས་ཁུངས་ཤིག་ན་ཡོད་པའི་ཚོར་བ་ཤོར་ནས་སོ་པ་ཞིག་གི་རྣམ་པ་སླེབས་བཅུག་སོང་། ཕྱི་གསལ་ནང་གསལ་ཟེར་བ་དེ་ཚོ་ནི་མེད་པ་རེད། ཐབས་ཤེས་གང་ཡོད།
ཐ་ན་ང་ཚོ་ལ་རྒྱ་གར་གཞུང་གིས་ ༡༩༥༩ ལོར་བོད་ཤོར་དུས་དེར་སྐྱབས་བཅོལ་སྤྲད་པ་ཡིན་པའི་ཡིག་ཆ་ཞིག་ཡོད་མེད་བརྩད་གཅོད་བྱས་སྐབས་ཀྱང་། ལྡི་ལི་དོན་གཅོད་ན་ཡོད་རབས་དང་སྐུ་སྒེར་ཡིག་ཚང་ན་ཡོད་རབས་སོགས་ལས་འཛིན་རྒྱུ་ཞིག་མ་རྙེད།
རྣམ་རྟོག་ལས་བྱུང་བའི་རྒྱུ་མཚན་ཕྱོགས་རེ་བ་བློ་ལ་ཤར་བ་དང་ལམ་སང་ཧ་ལས་པའི་ཆེན་པོ་དང་ཟབ་པོ། གསར་བ་དང་ཡང་དག་པ་ཞིག་ཤེས་མདོག་གིས་གང་ཟག་སྒེར་གྱི་ལོ་རྒྱུས་ནང་ནག་ཐིག་རེ་ཕབ་ཨེ་ཐུབ་ལྟ་བ་ཡག་པོ་མ་རེད། མི་གཅིག་གི་དྲན་སྟངས་ནོར་བ་ལས་བོད་དོན་མ་འགྲུབ་པའམ། ཡང་ན་མི་གཅིག་གི་བྱས་སྟངས་འགྲིག་ཡོད་ན་དེང་སྐབས་བོད་ལ་རང་དབང་ཐོབ་ཡོད་པ་འདྲ་བོ་དེ་འདྲ་ཁྲེལ་མེད་ཀྱི་ནག་ཉེས་མ་བཀལ་བཟང་སྙམ། བོད་ལ་རང་དབང་མི་ཐོབ་དོན་གཙོ་བོ་རྒྱ་བོད་གཉིས་ཀྱི་བར་ལ་ས་གནམ་ལྟ་བུའི་བཙན་གཉོམ་དང་མང་ཉུང་གི་བར་ཁྱད་ཡོད་པ་དེ་མ་འགྲིག་པ་རེད། གལ་སྲིད་ཡིག་ཆས་ཕན་ཐོག་ན་བོད་རང་བཙན་གྱི་ལོ་རྒྱུས་ལོ་ངོ་སྟོང་ཕྲག་བརྒལ་བའི་རྒྱལ་རབས་ལོ་རྒྱུས་ཀྱི་བང་མཛོད་ཡོད་པ་རེད། ད་དུང་དཔང་རྟགས་ཡོད་ན་ཕན་ཚེ་ད་ལོ་བོད་ནང་གི་ཞི་བའི་གྱེན་ལངས་དེ་འཛམ་གླིང་མིདམངས་ཀྱི་མིག་དུང་ཕྱིར་མང་པོའི་མཐོང་བཞིན་དུ་འཇིགས་བསྐུལ་བ་རེད་ཟེར་ནས། མཛོན་ཁབ་རྩེ་ཙམ་མེད་ཀྱང་མེད་པའི་བོད་མི་འགྲོ་བ་མི་ཐོབ་དང་རྩོད་མཁན་མང་པོ་བཙོན་འཇུག་དམར་བསོད་ཆེན་མོ་དེ་ཙམ་བྱས་པ་རེད། དེའི་ཐོག་ནས་དཔང་རྟགས་དང་དྲང་བདེན། དཔང་ཡིག་སོགས་རྒྱ་ནག་གི་ཐོག་ལ་བེད་སྤྱོད་པ་གསལ་བོ་མ་རེད་དམ། ད་དུང་བོད་མི་རེ་རེའི་མགོ་ལ་མེ་མདའ་ཚད་ནས་བཙན་གནོད་བྱེད་བཞིན་དུ་བོད་ལ་རང་དབང་ཆ་ཚང་ཡོད་ཅེས་འཁྱོག་བཤད་བྱེད་སྟངས་སོགས་གནས་ཚུལ་ཡོངས་གཞི་ལ་བཏིང་ནས་སྐྱོན་བརྗོད་དང་ནག་ཉེས་འགེལ་ས་མ་ནོར་བྱེད་དགོས།
རྣམ་རྟོག་ལས་བྱུང་བའི་རྒྱུ་མཚན་ཕྱོགས་རེ་བ་བློ་ལ་ཤར་བ་དང་ལམ་སང་ཧ་ལས་པའི་ཆེན་པོ་དང་ཟབ་པོ། གསར་བ་དང་ཡང་དག་པ་ཞིག་ཤེས་མདོག་གིས་གང་ཟག་སྒེར་གྱི་ལོ་རྒྱུས་ནང་ནག་ཐིག་རེ་ཕབ་ཨེ་ཐུབ་ལྟ་བ་ཡག་པོ་མ་རེད། མི་གཅིག་གི་དྲན་སྟངས་ནོར་བ་ལས་བོད་དོན་མ་འགྲུབ་པའམ། ཡང་ན་མི་གཅིག་གི་བྱས་སྟངས་འགྲིག་ཡོད་ན་དེང་སྐབས་བོད་ལ་རང་དབང་ཐོབ་ཡོད་པ་འདྲ་བོ་དེ་འདྲ་ཁྲེལ་མེད་ཀྱི་ནག་ཉེས་མ་བཀལ་བཟང་སྙམ། བོད་ལ་རང་དབང་མི་ཐོབ་དོན་གཙོ་བོ་རྒྱ་བོད་གཉིས་ཀྱི་བར་ལ་ས་གནམ་ལྟ་བུའི་བཙན་གཉོམ་དང་མང་ཉུང་གི་བར་ཁྱད་ཡོད་པ་དེ་མ་འགྲིག་པ་རེད། གལ་སྲིད་ཡིག་ཆས་ཕན་ཐོག་ན་བོད་རང་བཙན་གྱི་ལོ་རྒྱུས་ལོ་ངོ་སྟོང་ཕྲག་བརྒལ་བའི་རྒྱལ་རབས་ལོ་རྒྱུས་ཀྱི་བང་མཛོད་ཡོད་པ་རེད། ད་དུང་དཔང་རྟགས་ཀྱིས་ཕན་ཚེ་ད་ལོ་བོད་ནང་གི་ཞི་བའི་གྱེན་ལངས་དེ་འཛམ་གླིང་མི་དམངས་ཀྱི་མིག་དུང་ཕྱིར་མང་པོའི་མཐོང་བཞིན་དུ་འཇིགས་བསྐུལ་བ་རེད་ཟེར་ནས། མཚོན་ཁབ་རྩེ་ཙམ་ཡང་མེད་པའི་བོད་མི་ཉེས་མེད་འགྲོ་བ་མིའི་ཐོབ་ཐང་རྩོད་མཁན་མང་པོ་བཙོན་འཇུག་དམར་བསོད་ཆེན་མོ་དེ་ཙམ་བྱས་པ་རེད། དེའི་ཐོག་ནས་དཔང་རྟགས་དང་དྲང་བདེན། དཔང་ཡིག་སོགས་རྒྱ་ནག་གི་ཐོག་ལ་བེད་སྤྱོད་མེད་པ་གསལ་བོ་མ་རེད་དམ། ད་དུང་བོད་མི་རེ་རེའི་མགོ་ལ་མེ་མདའ་ཚད་ནས་བཙན་གནོད་བྱེད་བཞིན་དུ་བོད་ལ་རང་དབང་ཆ་ཚང་ཡོད་ཅེས་འཁྱོག་བཤད་བྱེད་སྟངས་སོགས་གནས་ཚུལ་ཡོངས་གཞི་ལ་བཏིང་ནས་སྐྱོན་བརྗོད་དང་ནག་ཉེས་འགེལ་ས་མ་ནོར་བྱེད་དགོས།
ངས་རང་གི་དྲན་སྣང་གློ་བུར་བ་ཞིག་ལ་བརྟེན་ནས་མི་ཞིག་ལ་ནག་ཐིག་ཕབ་འདོད་མེད། ཡིན་ན་ཡང་རྒྱུ་མཚན་གནས་ལུགས་འདི་ཚོ་ནས་སྦྲགས་ནས་ཤོད་ཀྱིན་ཡོད། བོད་མི་གཅིག་རེ་དང་གཉིས་རེས་བྱས་ཉེས་ལ་བརྟེན་ནས་ད་ལྟའི་ཁ་སྟབས་འདིའི་སྟེང་དུ་བསྐྱལ་སོང་བ་རེད། རྒྱལ་ཁབ་ལ་ཆེ་ཆུང་ལོས་ཡོད། བཙན་གཉོམ་ལོས་ཡོད། རང་བཙན་ཤོར་མཁན་ལོས་ཡོད། རང་བཙན་ཚུར་ཐོབ་མཁན་ཡང་ལོས་ཡོད། ཡིན་ན་ཡང་བོད་ཟེར་བ་འདི་གླང་དར་ནས་མགོ་བཙུགས། ས་པཎ་ཁུ་དབོན་ནས་གཞུང་བསྲངས། ད་ལྟའི་དབུ་ཁྲིད་ཚོས་མཇུག་བསྐྱངས་པའི་དབུ་ཁྲིད་འདི་ཚོའི་འོག་ཏུ་རླུང་རྟ་ཡར་འགྲོའི་དུས་ཡུན་སྐར་མ་གང་ཡང་མ་བྱུང་བར་མགོ་ན་མུན་པ་དྭངས་རྒྱུ་མེད་པའི་ཆག་ཆེ་ཉམ་ང་འདི་བྱུང་བ་རེད། མི་མང་གིས་ད་ལྟ་བར་དུ་སྲོག་ཡན་ཆད་འབེན་དུ་བཙུགས་ནས་འཕག་འཚག་རྒྱུན་མ་ཆད་དུ་བརྒྱབ་པ་དེ་གྲུབ་འབྲས་མེད་པར་གྱུར་ཡོང་གིན་འདུག དབུ་ཁྲིད་འཇོན་པོ་རེ་ཡོད་ན་བོད་མི་མང་འདི་རྒྱག་གཅིག་མཆོང་གཅིག་རེད། རྒྱལ་སྤྱིའི་སྟེང་ནས་ཀྱང་དོ་སྣང་ཆེན་པོ་ཡོང་གི་རེད། ཡིན་ན་ཡང་སྐད་ཆ་གསལ་ལ་མི་གསལ་བ་རེ་སྙན་ནས་སྙན་དུ་བརྒྱུད་པ་དེ་ལ་གཞི་བཅོལ་ནས་ལོ་ནས་ལོ་མཐུད་དེ་བསྒུགས་བསྡད་ན་མི་རིགས་འདི་འཆི་ལམ་ལ་ཐག་ཇེ་ཉེར་འགྲོ་བཞིན་པ་འདི་ཡང་བོད་རེ་བས་ཕུང་ཟེར་བའི་གཏམ་དཔེ་དེ་དང་མཐུན་འདུག
“རྣམ་རྟོག་ལས་བྱུང་བའི་རྒྱུ་མཚན་ཕྱོགས་རེ་བ་བློ་ལ་ཤར་བ་དང་ལམ་སང་ཧ་ལས་པའི་ཆེན་པོ་དང་ཟབ་པོ། གསར་བ་དང་ཡང་དག་པ་ཞིག་ཤེས་མདོག་གིས་གང་ཟག་སྒེར་གྱི་ལོ་རྒྱུས་ནང་ནག་ཐིག་རེ་ཕབ་ཨེ་ཐུབ་ལྟ་བ་ཡག་པོ་མ་རེད།” ཚིག་འདིས་ཅི་ཞིག་བཤད་ཀྱིན་ཡོད།
སྤོབས་པས་བཤད་པ་ནི། “བོད་རྒྱའི་བར་གྱི་གཞུང་འབྲེལ་སྐད་ཆ་ལ་ཡིག་ཆའི་ཐོག་གསལ་ཁ་མི་འདུག་”ཅེས་བཤད་པར་ངས་གོ་བ་བླངས་པ་ཡིན། དེ་ནས་སྤོབས་པའི་ཚིག་ནང་། “ལྐུག་པའི་བྱེད་ཐབས”ཟེར་བ་ལྟ་བུ་བཀོད་པ་དེ་ཚོ་ལ་ངས་ ང་ཚོས་ཚིག་མཚོན་འདེབས་རེས་མཚམས་འཇོག་བྱས་ནས་ཞེས་རེ་སྐུལ་བཏོན་ཡོད།
ད་ནི་དྲི་བ་ཁག་གཅིག་སྟེ། གང་ཟག་སྒེར་གྱི་ལོ་རྒྱུས་ནང་ནག་ཐིག་ཕབ་ཨེ་ཐུབ་ལྟ་བ་ཟེར་བ་དེ་ག་རེ་རེད། ལམ་སེང་ཧ་ལས་པའི་ཆེན་པོ་སུ་རེད། ཟབ་པོ་སུ་རེད། སུས་གསར་པ་ག་རེ་ཤེས་མདོག་བྱེད་གི་འདུག སུས་ཡང་དག་པ་ག་རེ་ཤེས་མདོག་བྱེད་གི་འདུག རྒྱུ་མཚན་ཕྱོགས་རེ་བ་དེ་ག་རེ་རེད། རྒྱུ་མཚན་ཆ་ཚང་དེ་ག་འདྲ་རེད། རྣམ་རྟོག་ལས་མ་བྱུང་བའི་རྒྱུ་མཚན་དེ་ག་རེ་རེད། འདི་ལྟར་བསམས་སྐབས་གོང་གསལ་སྟག་སྨྱོན་གྱི་མཆན་དེ་ནི་རྒྱུ་མཚན་དང་བདེན་པ། དཔྱད་ཞིབ་སྔོན་དུ་སོང་བ་ཞིག་མིན་པར་ཁོང་ཁྲོ་དང་ཕྱོགས་ཞེན་སྔོན་དུ་སོང་བ་ཞིག་རེད་ཅེས་སུ་ཡིན་ཡང་དྭོགས་པ་སླེབས་པ་འདུག་གོ།
I personally think that Yangkub Gyal and Pobpa Thaye are not blaming irrationally. They have evidential talk about Lodue Gyari and Gyallo Dhondup
ཏིང་ཏིང་རེད། ཧུའུ་ཧུའུ་རེད། འདས་པ་འདས་པ་རེད། ད་ལྟ་ད་ལྟ་རེད། ཨ་ཤི་རེ་ཁོ། སྲིད་དོན་པ་ཞིག་གིས་འདི་ཙམ་ཞིག་ཤེས་ན་ལེགས། གལ་སྲིད་ཏང་གིས་དེ་ལྟར་བརྗོད་ཡོད་པའི་དབང་དུ་བྱས་ཀྱང་། སྲིད་དོན་ཟེར་བ་འདི་ནི་ཡུལ་དུས་གནས་སྟབས་དང་བསྟུན་ནས་འགྱུར་བ་འགྲོ་ཆོག་ཆོག་གི་ངོ་བོར་ཡོད་པ་རེད། ང་ཚོས། མི་རོ་སྐམ་པོ་ཆུ་ལ་སྦངས་ནས། །ལོ་རྒན་དྲུག་ཅུ་རྩིས་བྱེད་རྒྱུ་མ་མང་ན་མི་ཉུང་།
ནོར་བཅོས། ཏང་། ཏིང་། གནས་སྟབས། གནས་སྟངས།
༡ སྤོབས་པ། “མི་གཅིག་གི་དྲན་སྟངས་ནོར་བ་ལས་བོད་དོན་མ་འགྲུབ་པའམ། ཡང་ན་མི་གཅིག་གི་བྱེད་སྟངས་འགྲིག་ཡོད་ན་དེང་སྐབས་བོད་ལ་རང་དབང་ཐོབ་ཡོད་པ་འདྲ་བོ་དེ་འདྲ་ཁྲེལ་མེད་ཀྱི་ནག་ཉེས་མ་བཀལ་བཟང་སྙམ།” ཞེས་པའི་ཡི་ཕྲེང་འདིས་སྒང་ནས་ངས་ ༥༩ སྔོན་གླང་དར་དང་ས་པཎ་ཁུ་དབོན་སོགས་ཀྱི་ལོ་རབས་སྐོར་བཤད་ཀྱི་མེད་པ་ཤེས་དགོས། བོད་རང་བཙན་ཤོར་སྟངས་དང་རངབཙན་ཤོར་ཚར་བའི་རྗེས་ཀྱི་དབུ་ཁྲིད་ཚོའི་བྱས་ཉེས་གཅིག་དཔེ་གཅིག་འགེབ་བྱེད་རྒྱུ་ཡོད་པ་མ་རེད། རྒྱ་ནག་གི་འོག་ནས་རང་དབང་ཐོབ་དང་མ་ཐོབ་ཀྱི་སྐད་ཆ་༥༩རྗེས་ཀྱི་གནས་ཚུལ་ཤིག་རེད།
༢ “སྤྱིར་ན་ང་ཚོའི་སྐུ་ངོ་འདིས་ལྐུག་པའི་བྱེད་ཐབས་འདི་འདྲ་བྱས་འདུག” ཞེས་ཐབས་ཤེས་ཡོད་ཚད་སྤྱད་ནས་རང་མི་རིགས་ཀྱི་ཆེད་དུ་ཕྱག་ལས་གནང་མཁན་གྱི་ཆེས་མཐོའི་དབུ་ཁྲིད་ཟུར་བ་ཞིག་ལ་བཀུས་བརྩིའི་རྣམ་པ་ཅི་ཡང་མེད་པར་དེ་ལྟར་བརྗོད་ཕོད་པ་ཧ་ལས་པ་རེད།
༣ སྐུ་ངོ་རྒྱལ་ལོ་དོན་འགྲུབ་༧༩ལོར་ཏིན་ཤོ་ཕིན་ལ་ཐུག་འཕྲད་དུ་འགྲོ་སྐབས་བོད་དོན་ཐོག་ཡིག་ཆ་བཟོ་རྒྱུའི་སྐུ་དབང་ཡོད་པ་མ་རེད། “༧རྒྱལ་རིན་པོ་ཆེས་ཁོང་ལ་ཏིན་ཤོ་ཕིན་གྱིས་སྐད་གཏོང་གི་ཡོད་ན་ཅིག་རྒྱུགས། ཨ་འབྱོག་ཉན་ཤོག འགྲོ་ཡ་དེ་ཁྱེད་རང་སྒེར་གྱི་ངོར་བྱས་ནས་འགྲོ། སྒེར་གྱི་ཡོད་པ་རེད་པ། གཞུང་འབྲེལ་མིན་པ། རྒྱལ་བ་རིན་པོ་ཆེས་བཏང་བ་མ་ཡིན་པ། ཡིན་ནའང་རྒྱལ་བ་རིན་པོ་ཆེས་མཁྱེན་རྟོག་བྱས། རྒྱལ་བ་རིན་པོ་ཆེར་སྙན་གསེང་ཞུས། རྒྱལ་བ་རིན་པོ་ཆེ་བཀའ་ཁྲོལ་ནས་ང་ཡོང་བ་ཡིན། དེ་འདྲ་ལབ་ཅེས་བཀའ་གནང་གིས།” ཞེས་པའི་གསུངས་དྲོན་པོ་དེར་ཉན་རོགས། ཕ་ཡུལ་དྲ་རྒྱ་སོགས་སུ་སྐུ་ངོའི་གསུངས་པ་དེར་གཟིགས་རོགས། དེའི་ཐོག་ནས་སྐབས་དེར་སྐུ་ངོ་རྒྱ་ནག་གི་བསམ་བློ་ག་རེ་འཁོར་གྱི་འདུག་རྒྱུས་ལོན་ཙམ་བྱེད་ཆེད་དུ་བཏང་བ་ལས། བོད་དོན་གྲོས་མོལ་དང་ཐག་གཅོད་ཀྱི་དབང་ཆ་མེད་པས་བོད་དོན་དང་འབྲེལ་བའི་ཡིག་ཆ་བཟོ་རྒྱུའི་དབང་ཚད་མེད་པའང་དྲན་ཤེས་དགོས། མ་ཟད་ཏིན་ཞོ་ཕིན་ལ་སྐུ་ངོས་ “ང་ད་རེས་འདི་ལ་ཨ་འབྱོག་ཉན་དུ་ཡོང་ཡིན་མ་གཏོགས། བཀའ་མོལ་ཞུ་ཡ་དང་། བོད་དོན་ཐོག་ང་ལ་དེ་འདྲའི་ཐོབ་ཐང་མེད་” ཅེས་གསུང་འདུག་པ་ཡག་པོ་ཉན་རོགས། སྐབས་དེར་ཏིན་ཞོ་ཕིན་གྱིས་བསམ་བློ་ག་རེ་གཏོང་གི་ཡོད་མེད་རྒྱུས་ལོན་གྱི་ཆེད་དུ་བཏང་བའི་རྣ་བ་ཁོ་ན་རེད། མ་ཟད་སྐབས་དེར་རང་བཙན་མ་ཡིན་པའི་སྐོར་གྱི་ཡིག་ཆ་ཞིག་བཟོས་ནས་ཡོང་ཡོད་ན་༧རྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་བོད་གཞུང་གིས་འདོད་མོས་ཡིན་མིན་དང་ཁས་ལེན་བྱེད་མིན་ཡང་སྐུ་ངོས་ཚོད་དཔག་བྱེད་ཁག་པོ་རེད། དེའི་ཕྱིར་ཐེངས་གཅིག་སྐུ་ངོས་གཞུང་གི་བཀའ་ཁྲོལ་རྐྱང་ལ་བསྟུན་དགོས་ཀྱི་སྟབས། གོ་སྐབས་རེ་འགའི་སྐབས་སུ་ཕྱག་ལས་གནང་བདེ་མེད་པར་ཕྱག་ལ་ལྕགས་སྒྲོག་གོན་ཡོད་པ་འདྲ་བོ་འདུག་ཅེས་གསུངས་ཡོད་པ་གོ་མྱོང་། སྐབས་དེར་གལ་སྲིད་ཁོང་གིས་ཡིག་ཆ་ཞིག་བཟོས་ཡོད་ན་ཆུ་བཞི་སྒང་དྲུག་གིས་བོད་སོག་ལས་ཁུངས་དང་འབྲེལ་བ་བྱས་པའི་གནས་ཚུལ་དེ་དང་གཅིག་པ་བྱུང་ཡོད་ཤག་རེད། སྐུ་ངོ་རྡ་རམ་ལ་ཕེབས་ས་ཡང་མེད་པ་ཆགས་སྲིད། འོན་ཀྱང་༧གོང་ས་མཆོག་དང་བོད་གཞུང་གིས་ཏིན་ཤོ་ཕིན་གྱི་སྐད་ཆ་དེ་ལ་འདོད་པ་ཡོད་པ་གསལ་བོ་བྱུང་རྗེས། གནད་དོན་དེའི་ཐོག་གྲོས་མོལ་བྱས། ཡིག་ཆ་བཟོས། ཐག་གཅོད་ཡོང་ཐབས་ཀྱི་ཕྱག་ལས་རིམ་པ་མང་པོ་གནང་ཡང་རྒྱ་ཕྱོགས་ནས་ཡིག་ཆ་མི་བཟོ་ཞིང་ཡ་ལན་མི་སྤྲོད་པ་འདི་རེད། མ་གཞི་ད་དུང་ཡང་རྒྱ་གཞུང་གིས་༧རྒྱ་བ་རིན་པོ་ཆེའི་དགོངས་གཞི་གང་འདྲ་ཞིག་བཏོན་གྱང་རང་བཙན་དང་ཕྱེད་རང་བཙན། དབྱིབས་འགྱུར་རང་བཙན་རེད་ཟེར་ནས་དགག་པ་བརྒྱག་གི་ཡོད་པ་རེད། འདིའི་ཐོག་ནས་ད་དུང་ཡིན་ན་རང་བཙན་མ་ཡིན་པའི་དཀའ་ངལ་སེལ་འདོད་ཡོད་མདོག་ཀྱང་། བོད་ཀྱི་ཕྱོགས་ནས་རང་བཙན་གྱི་བསམ་བློ་ཁོ་ན་དོར་མེད་ལུགས་དང་། ལོ་རྒྱུས་ཀྱི་ཐོག་ནས་བོད་རང་བཙན་མ་ཡིན་པ་ཁས་ལེན་གྱི་མི་འདུག་ཅེས་༧རྒྱལ་བ་རིན་པོ་ཆེ་ལ་དགག་པ་བརྒྱག་གི་མི་འདུག་གམ། ཏིན་ཞོ་ཕིན་གྱི་སྐད་ཆ་དེ་རྩ་ཆེན་པོ་བརྩི་མཁན་རྒྱ་ལོན་དོན་གྲུབ་མ་རེད། ཁོང་གིས་བོད་གཞུང་ལ་ཏིན་ལ་བསམ་ཚུལ་དེ་འདྲ་འདུག་ཅེས་ངོ་སྤྲོད་ཞུས་པ་ཙམ་རེད། དེ་ནས་དེ་ལ་བདག་པོ་བརྒྱག་མཁན་བཙན་བྱོལ་བོད་གཞུང་རེད། སུན་སྣང་ཡོད་ཀྱང་ཨུ་ཚུགས་བརྒྱབ་ནས་བྲིས་པས་གོ་ཆོད་པོ་མ་བྱུང་བས་དགོངས།
ཡང་སྙིང་༧རྒྱལ་བ་རིན་པོ་ཆེའི་ཕྱག་གི་གཞུང་འབྲེལ་གྱི་སྙུག་གུ་དེ་ལ་མ་གཏོགས་བོད་དོན་ཐོག་ཆེན་པོ་ཞིག་འབྲི་རྒྱུའི་ཐོབ་ཐང་ཡོད་པ་མ་རེད། བྱས་ཙང་སྐུ་ངོ་རྒྱལ་ལོ་དང་ཐོགས་ཏིན་ལ་ཐུག་འཕྲད་དུ་ཕེབས་སྐབས་སྙུག་གུ་དེ་ཁོང་གི་ཕྱག་ལ་བསྐུར་ཡོད་པ་མ་རེད། སྙུག་གུ་དེ་བེད་སྤྱོད་གཏོང་རྒྱུའི་ཐོབ་ཐང་ཡོད་པ་མ་རེད།
“དཔྱད་ཞིབ་སྔོན་དུ་སོང་བ་ཞིག་མིན་པར་ཁོང་ཁྲོ་དང་ཕྱོགས་ཞེན་སྔོན་དུ་སོང་བ་ཞིག་རེད་ཅེས་སུ་ཡིན་ཡང་དྭོགས་པ་སླེབས་པ་འདུག་གོ།” སྐད་ཆ་འདི་ཐབས་སྐྱོ་བོ་རེད། ང་ཕྱོགས་ཁག་གང་ཡང་མེད་པའི་མི་ལྡོམ་ཞིག་ཡིན་པས་ཕྱོགས་རེས་བྱེད་སའི་ཕྱོགས་ཁག་གང་ཡང་མེད། འོན་ཀྱང་སུས་དྲིས་བོད་པ་ཡིན་ཟེར་བའི་ལན་དེ་འདེབས་ཀྱི་ཡོད། གལ་སྲིད་ཕྱོགས་རེས་ཤིག་བྱེད་ཀྱི་ཡོད་ན་དྲང་བདེན་གྱི་ཕྱོགས་ཞེན་བྱེད་ཀྱི་ཡོད་འགྲོ ཁོང་ཁྲོ་ཞེས་པ་རྟོག་བཟོ་རེད། ངའི་བཤད་རོགས་འདི་འདྲ་རེད་བསམ་ནས་སྐབས་རེ་སེམས་ཤུགས་ཆགས་པ་ལས་ཁོང་ཁྲོ་ལངས་མ་མྱོང་།
སྟག་སྨྱོན། གུས་ཞབས་ཞུ་མིན་གྱི་ཆ་ནས་ཁྱོད་ཀྱང་དེ་ཙམ་མི་བཟང་སྙམ། བོད་གཞུང་ལ་དཔྱ་ཕྲལ་མི་འབུལ་བའི་སྐད་ཆ་དེ་ཡང་ཁྱོད་ཀྱི་ཁ་ནས་ཐོན་པ་མ་རེད་དམ། ཀུ་རེ་ཡིན། དེ་ལ་གནད་འགག་མི་འདུག
ཁྱོད་ཀྱི་རྒྱལ་ལོའི་རྒྱབ་སྐྱོར་རྡོ་རྗེའི་བྲག་རི་ལྟ་བུར་རློམ་པའི་རྒྱལ་ལོའི་བཀའ་མོལ་དུམ་བུ་དེས་བཟང་ཕྱོགས་ཀྱི་རྒྱབ་སྐྱོར་མ་ཡོང་བའི་ཐོག་ལ་སྐད་ཆ་མགོ་བཙུགས་མ་ཐག་ནས་ནང་འགལ་རོ་འདྲ་བ་ཞིག་ཐོན་མི་འདུག་གམ། ང་རྒྱལ་བ་རིན་པོ་ཆེས་བཏང་བ་མ་ཡིན་པ་བྱས་ནས་རྒྱལ་བ་རིན་པོ་ཆེས་ཏིང་གིས་སྐད་གཏོང་གི་འདུག་ན་གཅིག་རྒྱུག་གསུང་གིན་འདུག ཅེས་པའི་དོན་གང་ཡིན་ནམ། རྒྱལ་བ་རིན་པོ་ཆེས་བཏང་བ་མ་ཡིན་པ་བྱས་ཞེས་པ་དང་རྒྱལ་བ་རིན་པོ་ཆེས་རྒྱ་ནག་ལ་རྒྱུགས་གསུང་གི་འདུག་ཅེས་པ་དེ་ནང་འགལ་མ་རེད་དམ།
རྒྱལ་བ་རིན་པོ་ཆེས་འདི་འདྲའི་ནང་འགལ་ཞིག་ག་ལ་གསུངས། གཅིག་བྱས་ན་རྒྱལ་ལོས་རྒྱ་སྐད་འདྲ་ཞིག་འབྱོན་ཡོད་པ་དེ་ཁྱོད་ཀྱིས་ཚུར་བོད་སྐད་ནང་ལ་ཡག་པོ་ཞིག་སྒྱུར་མ་ཤེས་པ་མ་རེད་དམ། ཀུ་རེ་ཡིན།
བོད་དོན་ཐག་གཅོད་ཀྱི་ཐོབ་ཐང་མེད་བཞིན་དུ་པེ་ཅིང་དང་རྡ་རམ་ས་ལ་བར་དུ་འདུར་རྒྱུག་བྱེད་མཁན་དེ་ཚོས་ཡང་སྙིང་ག་རེ་བྱེད་ཀྱིན་ཡོད་པ་རེད་དམ། རྒྱལ་ན་ང་ཡིན་ང་ཡིན་དང་ཕམ་ན་ང་མིན་ང་མིན་གསུངས་པ་འདྲ་མ་རེད་དམ། སྟག་སྨྱོན། ཁྱོད་ལ་སུན་སྣང་སྐྱེས་པ་ཁག་མེད། འདི་ང་ལ་ཡང་སུན་སྣང་སྐྱེས་ཀྱང་ཨུ་ཚུགས་འདྲ་ཞིག་བརྒྱབ་ནས་འབྲི་ཁུལ་བྱས་པ་ཡིན།
སྟག་སྨྱོན། གནམ་བསྐོས་ཏིང་གི་ཞལ་ནས་ས་དབང་རྒྱལ་ལོའི་སྙན་དུ་བརྒྱུད་པའི་རང་བཙན་མིན་ཚད་གྲོས་མོལ་གྱིས་ཐག་གཅོད་ཐུབ་ལུགས་དེ་ཡིག་ཐོག་ཏུ་ཡོད་དགོས་པའི་གནད་དེ་མི་ལོ་སུམ་ཅུ་འདས་པའི་དེ་རིང་གཞི་ནས་ཤེས་པ་རེད་ད། རྒྱལ་ལོ་དོན་གྲུབ་ཀྱིས་འཇུ་ཆུང་ཐུབ་བསྟན་གྲོགས་སུ་བཀུག་ནས་རྒྱལ་རབས་ལོ་རྒྱུས་ལ་འཁོད་ཆེད་དུ་གསལ་བསྒྲགས་བྱས་པ་ཡིན་ལུགས་རྒྱལ་ལོ་ཁོང་རང་གི་གསལ་བསྒྲགས་བོད་གཞུང་དྲྭ་རྒྱ་ལ་བཀོད་འདུག་ག
Sorry for karchen la. It’s clear that you have no interesting in reading Tibetan language, but I couldn’t translate above explanation into English becauce today is Sunday and I need a full rest. Really sorry!
“རྒྱལ་བ་རིན་པོ་ཆེས་བཏང་བ་མ་ཡིན་པ་བྱས་ཞེས་པ་དང་རྒྱལ་བ་རིན་པོ་ཆེས་རྒྱ་ནག་ལ་རྒྱུགས་གསུང་གི་འདུག་ཅེས་པ་དེ་ནང་འགལ་མ་རེད་དམ།” དེའི་ནང་དོན་ཏིན་གྱིས་ཨུ་ཚུགས་ཀྱིས་ཡང་ཡང་སྐད་གཏོང་གི་འདུག་ན་དང་ལེན་གྱིས་ནས་ཁོ་རང་གི་རེ་བ་བཞིན་ཅིག་འགྲོ་ན་འགྲི་གི་རེད། དགག་ཆ་མེད་ཞེས་བཀའ་ཁྲོལ་པ་རེད། འགྲོ་ནས་ཁོས་ག་རེ་བཤད་ཀྱི་འདུག་ཡག་པོ་ཉན་ཤོག་ཟེར་བ་དེ་རེད། སྤོབས་པ་འདིས་གཟའ་ཉི་མ་གཏོང་གི་འཇུག་རྩིས་མ་རེད།
དཔེར་ན་མགྲོན་ཤོག་གཏོང་མཁན་གྱི་སྦྱིན་བདག་དང་མཐོང་མཆན་སྤྲོད་མཁན་གྱི་གཞུང་ཚབ་ཁང་གི་ལས་བྱེད་འདྲ་བོ་རེད།
སྟག་སྨྱོན། གཟའ་ཉི་མ་སྤྲོ་བོ་ཡོང་བར་སྨོན། ཨ་རག་འདྲ་འཐུང་རྒྱུ་ཡིན་ན་ཨ་རག་སྤུས་ཀ་ངན་པ་མང་པོ་མ་འཐུང་། སྤུས་ཀ་བཟང་ལ་ཉུང་ཙམ་འཐུང་དང་སྣང་བ་སྐྱིད་པོ་ཡོང་གི་རེད། ཡང་བསྐྱར་འཕྲད་པས་དགའ་པོ་བྱུང་།
རང་བཙན་ལག་དེབ་ཀྱི་དངུལ་རྗེས་ལོའི་སྤྱི་ཟླ་བཅུ་བ་བར་དུ་སྤྲད་ཚར་འདུག་པས་ཕྱིར་སློག་མདོག་ཁ་བོ་མ་རེད། དེ་རྗེས་མུ་མཐུད་སྤྲོད་དགོས་ཀྱི་ཡོད་མེད་གཞུང་གིས་རང་བཙན་ལག་དེབ་ཀྱི་དངུལ་འབོར་བེད་སྤྱོད་ཡག་པོ་གཏོང་ཐུབ་མ་ཐུབ་ལ་ལྟ་དགོས་པ་ཞིག་རེད།
གང་ལྟར་ཁྱེད་ཅག་གི་སྐྱག་དྲི་བྲོ་བ་དང་མི་བྲོ་བའི་གཏམ་གླེང་འདྲ་མིན་གང་ཞིག་བཤད་ཀྱང་། ཡིག་ཆ་ཙམ་ལ་ཁས་ལེན་མི་བྱེད་པའི་རྒྱ་ནག་སྲིད་གཞུང་དང་རང་གི་མགོ་ཁྲིད་དག་ལ་ཡིད་ཆེས་མེད་པའི་བོད་པ་ཚང་གཉིས་ལ་རང་རང་གི་ས་ན་ནད་ཚ་ལྕི་མོ་ཞིག་ཡོད་པ་ནི་གཉོན་མེད་རེད། ང་ཚོས་རང་གི་དབུ་ཁྲིད་ལ་ཡིད་ཆེས་དང་བློས་ཐུབ་གང་ཡང་མེད་ལ། རྒྱུས་ལོན་དང་ངོ་ཤེས་ཀྱང་ཡག་པོ་བྱེད་ཐུབ་ཀྱི་མེད་པ་དེའི་གནད་དོན་དེ་ངོ་ཤེས་ཐུབ་པར་གླེང་མོལ་འདྲ་ཡོད་ན་བྱོས་དང་། དེ་མིན་ག་དུས་ཡིན་ཡང་སྐྱག་དྲི་ཁ་བས་སྐད་ཆ་མང་དག་ཞིག་བཤད་དེ་དྲ་ཚིགས་ནང་དུ་དུས་ཚོད་འཕྲོ་བརླག་བཏང་དེ་གང་ཡང་མི་ཡོང་།
ཨ་ཙི་ཉིན་མ་འདི་དག་གི་རིང་དུ་ང་རང་ཁ་བརྡ་དྲ་ཚིགས་དུ་བསྐོར་ར་བྱེད་ཁོམ་མ་བྱུང་མོད། འོན་ཀྱང་། ངས་མིང་གི་འདྲིས་གྲོགས། བོད། ལྷ་ཀླུ་གཉན་གསུམ་ཟེར་བ་འདིས་སྐད་ཆ་བརྫིག་པོ་ཞིག་བཤད་འདུག མི་འདི་དངོས་ནས་སྤོབས་པ་དང་ལྡན་ཞིང་བསམ་འཕོད་པ་ནས་བཤད་འཕོད་པ་ཟེར་བ་དེ་འདྲ་ཞིག་ཡིན་པ་འདྲ།ཡིན་ཡང་། སྒྲུབ་འཕོད་པ་དེ་ཡིན་མིན་ང་ཚོས་མི་ཤེས་པ་དེ་རེད། གང་ལྟར་ཁོས་སྐད་ཆ་ཚ་བོ་འདུག
རྒྱ་ཡིག་ཐོག བོད་ཚིག་ཐོག ཏིང་དང་རྒྱལ་ལོ་གཉིས་ལ་ཁྱད་པར་འདི་ཤོར་འདུག རྒྱ་ཡིག་ཐོག་ལྟར་བོད་ཀྱང་ཡིག་ཐོག་ཡིན་དགོས། བོད་གཞུང་གི་ལས་ཁུངས་ཚང་མ་ཡང་ཚིག་ཐོག་ལས་ཡིག་ཐོག་ནས་ཡོད་མེད་མི་ཤེས།
སྤོབས་པ་མཐའ་ཡས་ལ།
ཁྱོད་ཀྱིས་གོང་གི་བརྗོད་གཞིའི་ཐོག་ཏུ་དོ་སྣང་བྱེད་བཞིན་ཡོད་པས་དེའི་ཐད་ལ་འབྲེལ་ཡོད་ཀྱི་ཡིག་ཆ་ཞིག་རྒྱུས་སྟོན་བྱེད་བསམ་པ་ཡིན། ནང་དོན་གཙོ་བོ་ནི་ཏིན་ཞའོ་ཕིན་གྱི་སྐད་ཆ་དེ་རྒྱ་ནག་གཞུང་འབྲེལ་གྱི་ཡིག་ཆའི་ཐོག་ཏུ་བཀོད་ཡོད་པ་དེའི་བདེན་དཔང་ཡིན། འདི་ནི་ཡོངས་གྲགས་སུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་རྒྱབ་ཤ་དཀར་པོ་(1992.9, ཤོག་གྲངས་44-45) ཟེར་བའི་དེབ་དེ་ལས་དྲངས་པ་ཡིན།
“1991 ལོའི་ཟླ་བ་ 5 པའི་ཚེས་ 19 ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལེ་ཕིང་གིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ ༤༠ འཁོར་བའི་སྔ་ནུབ་ཏུ་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགྱུར་འགོད་མཁན་གྱི་དྲི་བར་ལན་འདེབས་སྐབས་གསུངས་དོན། “ཀྲུང་དབྱང་སྲིད་གཞུང་གིས་ཏཱ་ལའི་བླ་མར་འཛིན་པའི་སྲིད་ཇུས་སྔར་ནས་ད་བར་གཅིག་པ་ཡིན་ཞིང་ད་ལྟའང་འགྱུར་ལྡོག་མེད། ང་ཚོའི་རྩ་བར་གྱུར་པའི་རྩ་དོན་གཅིག་མ་གཏོགས་མེད་པ་དེ་ནི་བོད་ལྗོངས་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དེ་རེད། རྩ་བར་གྱུར་པའི་རྩ་དོན་འདིའི་ཐད་ཟོང་གོང་སྒྲིག་པ་ལྟ་བུར་གྲོས་བསྡུར་བྱ་ཡུལ་གཏན་ནས་མེད། ཀྲུང་དབྱང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཏཱ་ལའི་བླ་མ་དང་འབྲེལ་གཏུགས་བྱ་རྒྱུའི་འདུན་པ་བསྟན་ཡོད། འོན་ཀྱང་ཏཱ་ལའི་བླ་མས་ངེས་པར་མེས་རྒྱལ་ཁ་བྲལ་གཏོང་རྒྱུའི་བྱེད་སྒོ་མཚམས་བཞག་སྟེ། “བོད་རང་བཙན” བྱ་རྒྱུའི་ལངས་ཕྱོགས་སྤོངས་དགོས། “བོད་རང་བཙན” བྱ་རྒྱུའི་སྐོར་གྲོས་སྡུར་བྱ་རྒྱུ་མེད་པ་མ་གཏོགས་གཞན་དག་སྐོར་གྲོས་སྡུར་གང་ཞིག་བྱས་ཀྱང་ཆོག” ཅེས་གསུངས།”
རྒྱལ་ལོ་དོན་འགྲུབ་ལགས་ཀྱིས་ད་རེས་དམིགས་སུ་བཀར་ཏེ་ལིས་ཕིན་གྱིས་ལོ་དེའི་ཞིན་ཧྭ་གསར་ཤོག་ཐོག་ཏུ་འདིའི་སྐོར་ལ་འདི་ལྟར་གསལ་བཤད་བྱས་ཡོད་ཅེས་གསར་འགོད་གསལ་བསྒྲགས་དེའི་ཐོག་ནས་གསལ་བཤད་གནང་ཐབས་བྱས་སོང་། བསམ་ཚུལ་བཤད་ལོག་ཏུ་མི་འགྲོ་བའི་ཆེད་དུ་ལོ་རྒྱུས་ཀྱི་ཡིག་ཆ་ལ་ཞིབ་འཇུག་ཏོག་ཙམ་བྱེད་རྒྱུ་གལ་ཆེན་པོ་རེད་བསམ།
དེབ་མིང་། བོད་ལྗོངས་ཀྱི་བདག་དབང་གཏོགས་ཁོངས་དང་མིའི་ཐོབ་ཐང་གི་གནས་ཚུལ། (རྒྱབ་ཤ་དཀར་པོ)
རྩོམ་སྒྲིག་བྱེད་མཁན། རྒྱལ་སྲིད་སྤྱི་ཁྱབ་ཁང་།
དཔེ་སྐྲུན་བྱེད་མཁན། མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ དཔར་ཐེངས་དང་པོ།
༡༩༧༩ ལོའི་”རང་བཙན་མ་ཡིན་པའི་སྐད་ཆ་གང་ཡིན་ཡང་བཤད་ཆོག་”ཅེས་པའི་ཚིག་འདི་ནི་གནད་ཆེན་པོ་ཞིག་རེད། འདི་རྫུན་ཡིན་ན་ང་ཚོ་ལ་གྱོང་དང་ངོ་ཚ་ཆེན་པོ་ཕོག་ཡོད་པ་རེད། “དབུ་མའི་ལམ་གྱི་དགོངས་གཞི་”དེ་འདིའི་སྔོན་ནས་ཡོད་ཡོད་ཡིན་ན་ཡང་། འདིའི་ཆ་ཤས་དང་ངོ་བོ་ཇེ་ཆེར་འགྲོ་བ་ནི་སྐད་ཆ་འདི་ལ་བརྟེན་ཡོད་པ་རེད། དེ་ལྟར་བསམས་སྐབས་སྐད་ཆ་འདི་ང་ཚོ་ལ་ཡིག་ཐོག་ནས་ཁ་གྲག་པ་ཞིག་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། རྒྱ་ནག་གི་ཕྱོགས་ནས་ཡིག་ཆ་ཞིག་ཡོད་པ་ནས་མེད་པ་བཟོ་བའམ། ཡང་ན་ཡོད་པ་ནས་བཅོས་མ་བཟོ་བ་དེ་ནི་ང་ཚོ་ལ་རྒྱུས་ཡོད་ཡོད་ཡིན། དེ་བས་རྒྱ་ཕྱོགས་ཀྱི་རྣམ་འགྱུར་དེ་ཚོས་ང་ཚོ་ཧང་སངས་ཡོད་པ་མ་རེད་ལ་ཧང་སངས་མི་རུང་བ་ཞིག་ཀྱང་རེད། གལ་ཆེ་ཤོས་བོད་གཞུང་ལ་སྐད་ཆ་འདི་དག་རྩ་འཛིན་བྱེད་སའི་ཁུངས་དང་ཡིག་ཆ་ག་རེ་ཡོད། དེ་འདོན་དགོས་པ་ཞིག་རེད། འདི་ཆབ་སྲིད་ཀྱི་གནད་དོན་གཅིག་པུ་མ་རེད། ༡༩༧༩ ལོར་རྒྱལ་ལོ་དོན་གྲུབ་དང་ཏིང་ཞའོ་ཕིན་གྱི་མཇལ་འཕྲད་ལ་བརྟེན་ནས་མཇལ་འཕྲད་དུ་བསྐྱོད་པའི་སྐུ་ཚབ་རིམ་པ་དེ་ཚོ་མགོ་འཛུགས་ཐུབ་པ་བྱུང་བ་རེད། བོད་གཞུང་ལ་སྐབས་དེ་དང་དེའི་ཚིག་ཐོ་ཞིག་ཏན་ཏན་ཡོད་པ་རེད། དེ་ཚོ་མི་མང་གིས་མཐོང་ཐུབ་པ་ཞིག་གནང་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད་སྙམ། ངས་མདུན་དུ་ཡོད་པའི་དེབ་ཚོགས་ནས་ལག་པར་གང་ཐེབས་ཤིག་བྱས་དུས། སྟག་ལྷ་ཕུན་ཚོགས་བཀྲ་ཤིས་ཀྱི་མི་ཚེའི་བྱུང་བ་བརྗོད་པ་དང་། དེ་བཞིན་ཕྱི་དྲིལ་ལས་ཁུངས་ཀྱིས་ ༡༩༩༤ ལོར་བཏོན་པའི་དངོས་ཡོད་ཀྱི་ལམ་ནས་བོད་ཀྱི་བདེན་པ་ར་སྤྲོད་གཉིས་ལ་རོབ་ཙམ་བལྟས་པ་ཡིན། སྐུའི་གཅེན་པོས་ཏིན་དང་ལྷན་དུ་སྐད་ཆ་བཤད་པའི་ལོ་རྒྱུས་དེ་ཚོ་ཇི་བཞིན་བྲིས་འདུག དེས་ན་ཡིག་ཚགས་དེ་ཚོ་ནམ་ཞིག་ལ་ཕྱིར་ཐོན་གྱི་རེད།
བཙན་བྱོལ་བོད་གཞུང་ལ་གནས་ཚུལ་གསལ་བོ་འཁུར་ཤོག་ཟེར་ནས་གཏིང་འདྲི་བྱེད་པ་ལས། རྒྱ་ནག་སྲིད་གཞུང་ལ་གནས་ཚུལ་གསལ་བོ་དང་རྒྱུ་མཚན་གསལ་གསལ་དངས་དངས་ཤིག་རྒྱལ་སྤྱིའི་སྟེང་བོད་རྒྱ་ཁོངས་ཡིན་པས་བདེན་དཔུང་འཁུར་ཤོག་ཞེས་བསྒྲགས་ཚིགས་སྤེལ་ན་མ་རེད་དམ། ཁ་ནང་ལ་འཁོར་ནས་ཀི་འདེབས་པ་ལས་ཁ་རྒྱ་ལ་ཕྱོགས་དེ་སྡུག་དམོད་རེ་བྱེད་ཐུབ་ན་མི་བཟང་ངམ། ལས་ངན་བོད་པ་ཚང་གི་ལས་སྟངས་བྱེད་སྟངས་འདི་འདྲ་ནི། དངོས་ནས་སྐྱུག་བྲོ་བ་ཞིག་མ་རེད་དམ། རྒྱ་ལོ་དང་ཏིང་གི་བར་གྱི་སྐད་ཆ་གསལ་བོ་ཞིག་དགོས་ན། རྒྱ་ལོ་མཆོག་གི་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསར་འགོད་གསལ་བསྒྲགས་བྱས་པའི་ཡིག་ཆ་དེ་གཟིགས་དང་ཤེས་ངེས་རེད། ཨོ་ན། དེ་ནི་ཡིག་ཐོག་གི་སྐད་ཆར་ངོས་འཛིན་བྱེད་མི་རུང་ཟེར་ན། ག་འདྲ་ཞིག་ལ་ཡིག་ཐོག་གི་སྐད་ཆ་ཟེར་དགོས་རེད། ཡིག་ཐོག་ཟེར་དུས་ཡིན་གཅིག་མིན་གཅིག་གི་རྒྱ་ནག་སྲིད་གཞུང་གི་ཡིག་ཆ་དེ་དག་གི་སྟེང་དུ་བཀོད་པ་དེ་གཅིག་བུ་ལ་ངོས་འཛིན་བྱེད་དགོས་པ་ཡིན་ནམ། དེ་འདྲ་ཡིན་ན་ནི། བོད་པ་ཚང་ལ་ཡིག་ཐོག་གི་བདེན་དཔུང་གང་ཡང་མེད་པར་གྱུར་བ་རེད། གང་ཡིན་ཟེར་ན་བོད་པ་ཚང་གི་ཡིག་ཐོག་ལ་མ་བཀོད་སྔོན་དུ་རྒྱ་ནག་སྲིད་གཞུང་གིས་བཀོད་ཚར་ཡོད་པའི་བོད་ཀྱི་ལོ་རྒྱུས་གྲངས་ལས་འདས་པ་ཞིག ད་ལྟ་རྒྱལ་སྤྱིའི་དཔེ་མཛོད་ཁང་གང་སར་སླེབས་ཚར་བ་མ་ཟད། མི་མང་བོ་ཞིག་གི་ང་ཚོས་མ་ཤེས་གོང་ནས་ཀློག་ཚར་བ་རེད།
རྒྱ་ནག་གིས་དབང་ཡོད་བཤད་ཀྱི་ཡོད་པ་ལས། རང་བཙན་དང་ཕྱེད་རང་བཙན། ཡང་ན་ངོ་བོ་འགྱུར་བའི་རང་བཙན་ཟེར་བ་སོགས་དེ་འདྲའི་རང་བཙན་རིགས་མང་པོ་ཞིག་ཡོད་པ་མ་རེད། རང་བཙན་ནི་རང་བཙན་རང་རེད། རང་བཙན་ནི་ཕྱི་སྲིད་དང་ནང་སྲིད་ཀྱི་དབང་ཆ་བརྒྱ་ ༡༠༠% ཡོངས་སུ་རྫོགས་པ་བོད་མི་རིགས་རང་གིས་འཛིན་སྐྱོང་བྱེད་ཀྱི་ཡོད་ན་དེ་ལ་རང་བཙན་ཟེར་ཆོག་པ་ལས། བརྒྱ་ཆ་ ༥༠% རང་བཙན་ཟེར་བ་དེ་འདྲ་མི་སྲིད་པ་ཞིག་རེད། བོད་མི་རིགས་ཀྱི་ཕྱི་སྲིད་དང་བདེ་སྲུང་གཙོའི་དབང་ཆ་བརྒྱ་ ༥༠% རྒྱ་ནག་ལ་ཡོད་ན་དེ་ལ་རང་བཙན་གྱི་མིང་ཟུར་ཙམ་ཡང་མི་ཐོབ། ཚད་རིམ་མི་གཅིག་པའི་རང་བཙན་རིགས་དེ་འདྲ་མང་པོ་ཡོད་པ་མ་རེད། རྒྱ་ནག་གི་ཕྱེད་རང་བཙན་རྩོད་ཀྱི་འདུག་ལབ་པ་ཙམ་གྱིས་མདོ་དོན་བོད་ཀྱི་ཕྱོགས་ནས་རང་བཙན་རྩོད་ཀྱི་མེད་པ་ཁོ་ཚོས་ཁས་ལངས་ནས་གསལ་བཤད་བྱས་ཚར་བ་རེད། ད་ནས་བོད་གཞུང་གིས་རང་བཙན་རྩོད་ཀྱི་མེད་ཅེས་གསལ་བཤད་བྱེད་དགོས་དོན་ཡོད་པ་མ་རེད། རང་བཙན་གྱི་བརྒྱ་ཆ་ལྔ་ཅུ་མར་བཅག་ཚར་རྗེས་ད་དུང་རང་བཙན་ཟེར་ནས་སྐྱོན་བརྗོད་པ་ཧམ་བཤད་རང་རེད། དཔེར་ན་ ༥༠ ཐམ་པ་ལ་འདི་ ༡༠༠ ཐམ་པའི་ཕྱེད་ཀ་རེད་ལབ་ནས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་དང་གཅིག་པ་རེད། ༥༠ ཡིན་ན་༡༠༠ མ་རེད་ལ། ༡༠༠ ཡིན་ན་༥༠ མ་ཡིན་པ་གསལ་བོ་མ་རེད་དམ། གནས་ཚུལ་འདི་བོད་དོན་ལས་འགུལ་བ་ཚང་མས་རྒྱལ་སྤྱིའི་ཐོག་གསལ་བཤད་བྱེད་དགོས་པའི་གནད་དོན་ཞིག་རེད།
དབང་ཚད་ཀྱི་བརྒྱ་ཆ་ལྔ་ཅུ་མར་ཆགས་ཚར་བའམ་ཡང་ན་ངོ་བོ་འགྱུར་ཚར་ན་རང་བཙན་མ་ཡིན་པ་ཆགས་ཚར་བ་རེད། ཨེ་རེ།
ཁྱེད་རྣམ་པས་དོན་དག་གལ་ཆེན་ཞིག་ཐོག་བགྲོ་གླེང་བྱེད་ཀྱི་འདུག ག་རེ་རེད་ཟེར་ན། ཏིང་གིས་རང་བཙན་མ་གཏོགས་ག་རེའི་ཐོག་ཡིན་ན་ཡང་སྐད་ཆ་བཤད་ཀྱི་ཡིན་ལབ་ཡོད་མེད་དེ་ཉེ་ཆར་གྱི་རྩོད་གཞི་ཞིག་ཆགས་པ་རེད། ཆགས་དོན་ཡང་དེ་ནི་ཁ་དང་ཨམ་ཅོག་གི་བར་ཁོ་ན་ལས་ཡིག་ཐོག་ན་མེད་པས་རེད། དེ་བས་ངས་དམིགས་བསལ་ཚོགས་ཆེན་མ་འཚོགས་སྔོན་ཙམ་ལ་ ་་ བོད་རྒྱ་འབྲེལ་བའི་སྐོར་གྱི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས་་ སོགས་འབྲེལ་ཡོད་ཀྱི་ཡིག་ཆ་ཁག་ལ་སྐྱར་དུ་ཐེངས་གཅིག་བལྟས་པ་ཡིན། སྐད་ཆ་དེ་ཕལ་ཆེར་བདེན་པ་ཡིན་པའི་བཟོ་འདྲ་ཞིག་མཐོང་སོང་།
རྒྱུ་མཚན་ནི་ ༡༩༩༢།༩།༡༡ ཉིན་རྒྱལ་བ་རིན་པོ་ཆེས་ཏིང་ཞོ་ཕིང་དང་ཅང་ཙེ་མིན་སོ་སོར་ཕུལ་བའི་ཕྱག་བྲིས་དང་མཉམ་གྱི་དྲན་ཐོའི་ནང་། ༡༩༩༢།༦།༢༢ ཉིན་རྒྱ་ནག་དབུས་གཞུང་འཐབ་ཕྱོགས་གཅིག་གྱུར་གྱི་གཙོ་འཛིན་ཏིང་ཀོན་ཀིན་ནས་རྒྱ་ལོ་དོན་གྲུབ་ལ་གསུངས་དོན་སྙིང་པོ་བཀོད་འདུག་པར། ་་ ༡༩༧༩ ལོར་ཏིང་ཞའོ་ཕིང་ནས་རྒྱ་ལོ་དོན་གྲུབ་ལ་བོད་རང་བཙན་གྱི་བསམ་ཚུལ་བཅངས་ན་མི་འགྲིགས། དེ་མིན་དོན་གནད་གཞན་དག་ཅི་འདྲ་ཞིག་ཡིན་ཀྱང་ང་ཚོ་གོ་བསྡུར་བྱས་ཏེ་དཀའ་ངལ་ཚང་མ་སེལ་ཐུབ་རྒྱུར་འགྱུར་བ་མེད་་ ཅེས་བཤད་ཚུལ་བཀོད་འདུག ཡང་གོང་ས་མཆོག་གི་༡༩༩༣།༩།༤ ཉིན་ཡོངས་ཁྱབ་ཏུ་སྩལ་བའི་གསར་འགོད་གསལ་བསྒྲགས་ནང་། ་་༡༩༩༣།༨།༢༥ ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པའི་གཏམ་བཤད་ནང་ནས་གསལ་པོ་ཤེས་ཐུབ། ༡༩༧༩ལོར་ཏིང་ཞའོ་ཕིང་གིས་ཐོག་མར་ངོས་ཀྱི་སྐུ་ཚབ་ལ་རང་བཙན་མ་གཏོགས་དེ་མིན་གནས་ཚུལ་གང་ཡང་གྲོས་མོལ་བྱས་ན་འགྲིགས་འཐུས་ཞེས་པའི་གཏམ་བཤད་དེ་ད་རེས་སླར་ཡང་གསལ་བཤད་བྱས་འདུག་་ ཅེས་བཀོད་འདུག ཏིང་དང་ཅང་ལ་གནང་བའི་ཕྱག་ཡིག་དང་རྗེས་ཀྱི་གསར་འགོད་གསལ་བསྒྲགས་གཉིས་ཀར་རྒྱ་གཞུང་གིས་ཏིང་ནས་དེ་ལྟར་ལབ་མེད་ཅེས་ལན་འདེབས་གཅིག་ཀྱང་བྱས་མི་འདུག་པར་ཁ་བཙུམ་ནས་བསྡད་པར་བལྟས་ན་ཁོས་དེ་ལྟར་ལབ་ཡོད་པ་གསལ་པོ་རེད། ད་ཡིན་ན་གོང་གི་ལྕགས་རྒྱའི་བདེན་དབང་དེ་བདེན་དཔང་ངོ་མ་ཞིག
དང་པོ་ཏིང་གིས་དེ་ལྟར་ལབ། དེ་རྗེས་ཏིང་ཀོན་ཀིན། དེ་རྗེས་ཡང་སྐྱར་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་བཅས་སྔ་ཕྱི་རིམ་པ་གསུམ་ལ་རྒྱ་གཞུང་གིས་དེ་ལྟར་བརྗོད་པའི་གནས་ཚུལ་འདུག
རང་བཙན་ཡིན་ན་ཕྱེད་ཀ་ཡིན་མི་ཤེས་ཤིང་། ཕྱེད་ཀ་ཡིན་ན་རང་བཙན་ཡིན་མི་ཤེས་པ་མ་རེད་དམ།
མགོན་པོ་ཕྱག་གཉིས་བས་འཁུར་ཡོང་བས་སྐད་ཆ་དེ་ལ་ཞུགས་ན་རྒྱ་ནག་སྲིད་གཞུང་གི་མི་སྣ་དེ་དག་གིས་སྐབས་ཤིག་ལ་ཏིང་གི་བཤད་པ་རེད་ཟེར་ནས་བསྒྲགས་མེད་ཀྱང་། ཏིང་གི་བཤད་པ་ཡོད་ཚད་ཡིག་ཐོག་དུ་ཡོད་ངེས་ཡིན་ན། རྒྱ་ཡིག་ལ་མཁས་པ་ཞིག་གི་རྒྱ་ནག་སྲིད་གཞུང་གི་ཏིང་གི་ལོ་རྒྱུས་བྲིས་པ་ཆབ་སྲིད་སྐོར་གྱི་དེབ་རེ་ལག་སོན་བྱུང་ན་བོད་བསྒྱུར་བྱེད་ཐུབ་ན་དངོས་ནས་ལེགས་པོ་ཡོད་ས་རེད། ཨ་མའི་བུ་རེད་ཡོད། ཏིང་གི་ལོ་རྒྱུས་ཆབ་སྲིད་སྐོར་ལ་ཡོད་པ་ཞིག་བོད་སྒྱུར་གནང་མཁན་ཞིག་ཡོད་ན་དངོས་ནས་ང་ཚོ་ལ་དགོས་པ་མང་བོ་ཞིག་ཡོད་ངེས་རེད། ད་དུང་ངེད་ཅག་གི་ཁ་གཏད་བྱེད་སའི་སྲིད་གཞུང་དམར་བོ་ཚང་ལ་ངན་ཚང་རེ་ཡང་བསྔོག་ཐུབ་ངེས་ཡིན། དེ་མིན་སྟག་སྨྱོན་ལགས་ཀྱི་ཕྱེད་རང་བཙན་ཟེར་བ་སོགས་ཀྱི་དོགས་པ་དེ་དག་ཡང་སེལ་བས་ཐབས་ཤེས་རེ་ཡོད་ངེས་ཡིན། ངས་སྔོན་ཆད་ཕྱེད་རང་བཙན་ཟེར་བ་ཞིག་གོ་མ་མྱོང་ལ། ཕྱེད་རང་བཙན་ཐོབ་མཁན་གྱི་རྒྱལ་ཞིག་ཀྱང་འཛམ་གླིང་འདིར་ཡོད་པ་དེ་བས་ཀྱང་མ་ཤེས། ཕྱེད་རང་བཙན་གླེང་མཁན་གྱི་མི་དེའི་རིགས་ནི་མི་ཕྱེད་ཀ་ཞིག་ཡིན་ངེས་རེད། སྐད་གོ་ན་ཡི་གེ་མི་ཤེས། ཡི་གེ་ཤེས་ན་འདང་རྒྱག་མི་ཤེས་མཁན་དེ་ཚོ་ཡིན་ངེས་རེད།
བློ་མཐུན་འགྲམ་ནག་གིས་དེབ་དེ་ངོ་སྤྲོད་ཐུབ་པས་ལེགས་པོ་བྱུང་ལ་སྟག་སྨྱོན་སོགས་ཀྱི་ཕྱེད་རང་བཙན་དང་རྣམ་པ་འགྱུར་བའི་རང་བཙན་སྐོར་གླེང་བ་ལ་ཡང་བསམ་བློ་གཏོང་ས་འདུག
ངས་རྒྱལ་ལོ་དོན་གྲུབ་རང་གིས་གསར་འགོད་གསལ་བསྒྲགས་དེ་རང་ལ་གཞི་རྩར་བཟུང་ནས་སྐད་ཆ་འདི་བཤད་པ་ཡིན། གསལ་བསྒྲགས་དེའི་ནང་དོན་ནི་ཚུར་བསྡུས་ན་མི་ལོ་ཉི་ཤུ་རྩ་དགུའི་སྔོན་ཞིག་ལ་ཏིང་གིས་བོད་རང་བཙན་མིན་པའི་གནད་དོན་གང་ཡིན་ཡང་གྲོས་མོལ་བྱེད་ཆོག་ཅེས་རྒྱལ་ལོའི་རྣ་བར་ཤབ་ཤུབ་ཅིག་བཤད་བྱུང་ཞེས་པ་ཙམ་རེད། དེ་ལ་ཡིག་ཐོག་གི་བདེན་དཔང་མེད་ཐོག་ར་སྤྲོད་བྱེད་མཁན་ཀྱི་མི་གཞན་ཞིག་ཀྱང་ཡོད་སྐད་མི་འདུག ད་ཐེངས་ཀྱི་རྒྱལ་ལོའི་གསལ་བསྒྲགས་དེ་ཕལ་ཆེར་བྱས་མ་བྱས་གཅིག་པ་འདྲ་ཞིག་རེད། དེ་ཨུ་ཚུགས་ཙམ་ལས་བདེན་དཔང་སྣ་གཅིག་མི་འདུག
དབུ་ཁྲིད་ལ་ཡིད་ཆེས་དགོས་པ་བདེན་པ་རེད། ཡིན་ན་ཡང་དབུ་ཁྲིད་ལ་ཡིད་ཆེས་བྱེད་མི་བྱེད་ཟེར་བ་དེ་དབུ་ཁྲིད་ཚོའི་མཁྱེད་དཔྱོད་དང་བྱས་རྗེས་ལ་ལྟ་དགོས་པ་ཞིག་མ་གཏོགས་སྐུ་ངོ་དང་བཀའ་ཟུར་སོགས་མིང་ཆེ་ཆེ་གཉན་གཉན་རེ་ལ་འཐམ་པའི་དད་ཞེན་ལོང་བ་འདིས་དམིགས་འབེན་ལ་ཕོག་གི་མ་རེད།
ད་ཐེངས་ཀྱི་རྒྱལ་ལོའི་རྒྱབ་སྐྱོར་ཡོད་ན་མེད་ན་འཇུ་ཆུང་ཐུབ་བསྟན་གྱི་བདེན་དཔང་གསལ་བསྒྲགས་དེ་དང་བསྡུར་ན་ཆབ་སྲིད་ལ་ཨ་གསར་མེད་མཁན་བློ་མཐུན་འགྲམ་ནག་གི་ཡིག་ཆའི་ཁུངས་སྐྱེལ་འདི་ནུས་པ་ཆེ་བ་འདུག རང་རེའི་སྲིད་དོན་གྱི་སྟེགས་བུའི་སྟེང་ན་འགྱེང་མཁན་ཚོས་འདི་འདྲ་ཞིག་ཀྱང་ཤེས་ཀྱིན་མི་འདུག་པས་ངས་སྨྲེ་ངག་འདོན་དགོས་བྱུང་བ་རེད།
འདི་གནད་འགག་ཆུང་ཆུང་ཞིག་མ་རེད། ང་ཚོའི་མི་ལོ་སུམ་ཅུའི་དུས་ཡུན་གྱི་ལངས་ཕྱོགས་ཏེ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞི་དང་ཁ་མི་བྲལ་བའི་ངང་ནས་བོད་དོན་དཀའ་རྙོགས་སེལ་ཐབས་ཀྱི་དབུ་མའི་ལམ་དེ་ཡང་རྒྱལ་ལོའི་སྙན་དུ་བརྒྱུད་པའི་ཏིང་གི་ཞལ་ཆད་དེ་དང་འབྲེལ་བ་ཆེན་པོ་ཡོད་པ་རེད།
ཟླ་གཉིས་ལྷག་གི་གོང་ལ་ཨེ་ཤི་ཡ་རང་དབང་རླུང་འཕྲིན་གྱིས་རྒྱ་ལོ་དོན་འགྲུབ་ལགས་སུ་ཏིན་ཞའོ་ཕིན་གྱི་སྐད་ཆ་དེར་དཔང་རྟགས་སྟོན་རྒྱུ་ཡོད་མེད་ཁ་འདྲི་གཏིང་འདྲི་བྱེད་སྐབས། རྒྱ་ལོ་ཡིས་དེ་ནི་ངག་ཐོག་གི་སྐད་ཆ་ཞིག་རེད་ཅེས་གསུངས་སོང་པས། སྐབས་དེར་ཁ་བརྡའི་ཐོག་ཏུ་“རྒྱ་རི་ཡི་དབང་ཆ་དང་རྒྱ་ལོའི་ཤུགས་རྐྱེན” ཞེས་པའི་བསམ་ཚུལ་འདི་སྤེལ་བ་ཡིན།
ཡིན་ནའང་། ཉེ་ཆར་རྒྱ་ལོ་དོན་འགྲུབ་ཀྱིས་རྡ་རམ་ས་ལར་གསར་འགོད་གསལ་བསྒྲགས་སྤེལ་བའི་ཐོག་ཏུ་དེ་ནི་རྒྱ་ནག་གི་ཡིག་ཆ་འདི་དང་འདིའི་ནང་དུ་བཤད་ཡོད་པ་རེད་ཅེས་གསུངས་སྐབས། དེ་ལ་བརྩད་གཅོད་ཅིག་བཏང་བ་ན་རྒྱལ་ལོ་དོན་འགྲུབ་ལགས་ཀྱིས་གསུངས་པ་དངོས་འབྲེལ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡིག་ཆའི་ཐོག་ཏུ་འཁོད་འདུག་པ་མཐོང་སྟེ། ང་ལ་རང་ཉིད་ཀྱི་ཐོག་ལ་འགྱོད་པ་དང་ངོ་ཚ། བློ་ཕམ་བཅས་དང་མཉམ་དུ་དགའ་སྣང་ཞིག་ཀྱང་བྱུང་བ་ནི་བདེན་དཔང་གསོན་པོ་འདི་རེད་ཅེས་མཛུབ་མོ་འཛུགས་ས་ཞིག་ཡོད་པ་རྙེད་པས་ཡིན། ང་རང་ཉིད་ཐེ་བའི་གསར་འགོད་པ་དང་རྩོམ་འབྲི་མཁན་ཚོ་ལེ་ལོ་དང་སྒྱིད་ལུག་གི་དབང་དུ་ཤོར་ཏེ་གནད་འགག་འདི་འདྲའི་ཐོག་ཏུ་བརྟག་དཔྱད་དང་ཞིབ་འཇུག་མེད་པར། སེམས་ལ་ཤར་ཚད་ཁ་ནས་བཤད་རྐྱང་བྱས་ན་ཕན་ལས་གནོད་ཆེ་བར་མཐོང་སོང་།
རྒྱ་རི་ཡི་དབང་ཆ་དང་རྒྱ་ལོའི་ཤུགས་རྐྱེན།
ལྕགས་རྒྱ་འགྲམ་ནག
དགེ་འདུན་གྱིས་སྤྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༣༠ ལ་ རྩོམ་གྱི་གྲས་སུ་བཀོད། |
རྒྱ་ལོ་དོན་འགྲུབ་ནི་འདས་པའི་རྒྱ་བོད་གྲོས་མོལ་གྱི་ལས་རིམ་ཁྲོད་དུ་བོད་ཕྱོགས་ཀྱི་མི་སྣ་གཙོ་བོ་དེ་རེད། ཡིན་ནའང་ད་ལྟ་ཁོང་ལ་རྒྱ་བོད་གྲོས་མོལ་གྱི་ཐོག་ལ་འགན་འཁུར་དང་དབང་ཆ་མེད་པ་གསལ་བོ་རེད། དེ་མིན་ན་ཁོང་གིས་ཟམ་གདོང་རིན་པོ་ཆེ་ལ་ད་ལྟའི་སྐུ་ཚབ་གཉིས་ཀྱིས་ག་རེ་གནང་གི་ཡོད་རེད་ཅེས་འདྲི་དགོས་དོན་མི་འདུག
ཁོང་དགུང་ལོ་ ༨༠ རེད། ཆབ་སྲིད་ཀྱི་དབང་ཆ་འཐབ་རྩོད་བྱེད་པའི་དུས་ཚོད་ཡོལ་ཚར་བ་རེད། ད་ཁོང་གིས་ག་རེ་གནང་གི་ཡོད་རེད་ཟེར་ན། རྒྱ་བོད་གྲོས་མོལ་གྱི་ཐོག་ལ་ཆབ་སྲིད་ཀྱི་ཤུགས་རྐྱེན་འཚོལ་བཞིན་འདུག དེ་ཡང་བོད་སྐད་ཀྱི་རླུང་འཕྲིན་དང་བོད་ཡིག་གི་ཚགས་པར་བརྒྱུད་དེ་བོད་མི་དམངས་དང་ཐད་ཀར་སྐད་ཆ་བཤད་དེ་མང་ཚོགས་ལ་ཤུགས་རྐྱེན་སྟེར་བཞིན་ཡོད། དེ་ཡང་བཀའ་ཤག་ལ་ཐུག་སྟེ་མི་རིགས་ས་ཁུལ་རང་སྐྱོང་ཟེར་བའི་རྒྱ་ནག་གི་ཞག་པ་དེའི་ནང་འཛུལ་ཚར་ན། རྒྱ་ནག་གིས་འཐེན་གི་རེད།་ཅེས་ཉེན་བརྡ་གཏོང་བཞིན་ཡོད། དེ་ཡང་རྒྱ་རི་བློ་གྲོས་རྒྱལ་མཚན་ལ་ཐུག་སྟེ་རྒྱ་ནག་གིས་རྒྱལ་བ་རིན་པོ་ཆེ་ལ་སྔར་བྱུང་མ་མྱོང་བའི་སྐྱོན་བརྗོད་བྱེད་པ་དེ་ཆབ་སྲིད་ཀྱི་འགྱུར་བ་རེད་ཅེས་བཤད་བསླབ་བྱ་བརྒྱག་གི་ཡོད།
ཡིན་ནའང་གྲོས་མོལ་མཚམས་བཞག་སྟེ་བོད་དོན་འཐབ་རྩོད་ཀྱི་ལམ་ཕྱོགས་གཞན་པ་ཞིག་ཁོང་ལའང་སྟོན་རྒྱུ་མི་འདུག དེ་མ་ཟད། ཏིན་ཞའོ་ཕིན་གྱི་ཁས་ལེན་སྐད་གྲགས་ཅན་ཏེ། བོད་རང་བཙན་མ་བཤད་ན་ག་རེ་ཡིན་ནའང་འགྲིག་གི་རེད་ཟེར་བ་དེའི་བདེན་དཔང་ག་རེ་ཡོད་དམ་ཞེས་དྲིས་ན། དེ་ངག་ཐོག་གི་སྐད་ཆ་ཞིག་རེད་ཟེར་བ་ཙམ་མ་གཏོགས་ལན་ཁ་སྟེར་རྒྱུ་མི་འདུག
གང་ལྟར་སྐབས་འདིར་རྒྱ་ལོ་ཡིས་རང་གི་ཤུགས་རྐྱེན་བེད་སྤྱད་དེ་བོད་གཞུང་དམངས་གཉིས་ལ་འདི་ལྟར་བསླབ་བྱ་དང་ཉེན་བརྡ་བཏང་བ་ནི་ལོ་རྒྱུས་ཐོག་གི་དྲན་ཐོ་ཞིག་ཏུ་འགྱུར་རྒྱུ་རེད་ལ། ད་ནི་ང་ཚོས་རྒྱ་རི་ཡིས་རྒྱ་ལོའི་ཉེན་བརྡའི་རང་བཞིན་ལ་ཁས་ལེན་མེད་པར་དེ་ནི་རྒྱ་ནག་གི་འཆར་ཅན་གྱི་སྐྱོན་བརྗོད་རེད་ཅེས་པའི་ཡིད་ཆེས་ལ་འདི་ལ་མཇུག་འབྲས་ཅི་འདྲ་ཞིག་འབྱུང་རྒྱུར་ལྟད་མོ་བལྟ་རྒྱུ་ཡིན།
བོད་ཀྱི་མང་གཙོའི་ལམ་སྲོལ་ཚགས་ཚུད་མེད་པར་བརྟེན། ས་དབང་ཆེན་མོ་འདི་ཚོས་སྲིད་ཀྱི་འཁོར་ལོ་གང་འདོད་དུ་བསྒྱུར་ཆོག་པ་ལྟ་བུ་ཞིག་བྱེད་བཞིན་ཡོད་མོད། ཡིན་ནའང་ལོ་རྒྱུས་རྒན་པོས་བོད་ཀྱི་བླ་དཔོན་སུ་ཡིན་རུང་བསྐལ་བ་ནས་བསྐལ་བའི་བར་གུ་ཡངས་གཏོང་གི་མ་རེད།
རྡ་རམ་ས་ལའི་མགོ་ཐོག་ན་ཆབ་སྲིད་ཀྱི་སྤྲིན་པ་ལང་ལོང་དུ་འཁྲུགས་པའི་སྐབས་འདིར། ཁ་བརྡའི་འབྲུག་སྒྲ་ལྡིར་ལྡིར་དུ་གྲགས་ཤོག
རྩོམ་འདིའི་མཆན་དང་བཅས་པ་ཀློག་འདོད་ཡོད་མཁན་ཚོས་འབྲེལ་ཐག་འདི་ནས་གཟིགས་རོགས་http://www.khabdha.org/?p=625
ང་ཚོར་རྩོད་གཞི་ཞིག་བྱུང་སྐབས་ཡིག་ཆའི་ཐོག་ནས་ཁུངས་སྟོན་རྒྱུ་དེ་གལ་ཆེན་པོ་རེད། ལྕགས་རྒྱ་འགྲམ་ནག་ཁུངས་འཚོལ་མཁན་ཡིན་ད།
གཞུང་སྒེར་གང་རུང་ལ་སྐྱོན་བརྗོད་བྱེད་ན་ཡང་གནས་ཚུལ་ཤེས་པའི་ཐོག་ནས་བྱས་ན་ཡག་པོར་མཐོང་། ང་ལ་མཚོན་ན་ས་ཁད་ཀྱི་དབང་གིས་གཞུང་སྒེར་སུ་ལ་ཡང་རྒྱུ་མཚན་ལ་བརྟེན་པའི་སྐྱོན་བརྗོད་བྱེད་རྒྱུ་རྙེད་དཀའ།
འགྲམ་ནག་གིས་ལས་སླ་པོའི་ཐོག་ནས་རྙེད་པའི་ཡིག་ཆ་དེ་འདྲས་ཁུངས་སྐྱེལ་ཡོང་གི་ཡོད་ན་རྒྱལ་ལོ་གཙོས་པའི་རང་རེའི་དབུ་ཁྲིད་ཚོས་ག་རེ་བྱས་ནས་ཏིང་གིས་དེ་ལབ་བྱུང་ཟེར་བ་ཙམ་གྱི་ཨུ་ཚུགས་ཙམ་ལས་བྱེད་མི་ཐུབ་པ་ཅི་ཡིན་ནམ། གསལ་བསྒྲགས་གོ་ཆོད་པ་ཞིག་དངོས་གནས་བྱེད་བསམ་ན་གོ་མི་ཆོད་པ་མང་པོ་ཞིག་བྲིས་ནས་ཅི་བྱེད་ལ་འཇུ་ཆུང་ཐུབ་བསྟན་ལྟ་བུ་གྲོགས་སུ་བསྡེབས་ནས་ཀྱང་ཅི་བྱེད། ཕ་ཡི་དཔང་པོ་བུ་ཡིས་བྱས་པའི་དཔེར་གྱུར་པ་མ་རེད་དམ། འགྲམ་ནག་ཁྱོད་ཀྱིས་ཡིག་ཆ་དེ་ལ་གཞིར་བཞག་ནས་རྒྱ་ནག་ལ་དེ་ལུགས་ཀྱི་ལན་ཞིག་འདེབས་ཨེ་ཐུབ་བལྟས་ན་ག་འདྲ་འདུག དེ་མིན་རྒྱལ་ལོ་འཇུ་ཆེན་གྱི་གསལ་བསྒྲགས་ལྟ་བུས་གོ་ཆོད་པ་ལས་ལྡོག་སྟེ་ཡིད་མི་ཆེས་པའི་སྣ་འདྲེན་རེ་ཡང་བྱེད་ཀྱིན་འདུག
ལྕགས་རྒྱ་ལགས། ཁྱེད་ཀྱིས་”ཉེ་ཆར་རྒྱ་ལོ་དོན་འགྲུབ་ཀྱིས་རྡ་རམ་ས་ལར་གསར་འགོད་གསལ་བསྒྲགས་སྤེལ་བའི་ཐོག་ཏུ་དེ་ནི་རྒྱ་ནག་གི་ཡིག་ཆ་འདི་དང་འདིའི་ནང་དུ་བཤད་ཡོད་པ་རེད་ཅེས་གསུངས་སྐབས། དེ་ལ་བརྩད་གཅོད་ཅིག་བཏང་བ་ན་རྒྱལ་ལོ་དོན་འགྲུབ་ལགས་ཀྱིས་གསུངས་པ་དངོས་འབྲེལ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡིག་ཆའི་ཐོག་ཏུ་འཁོད་འདུག་པ་མཐོང་སྟེ།” ཞེས་བྲིས་འདུག་པ་ཧ་ཅང་ཡག་པོ་རེད། ཁྱེད་ཀྱིས་
སླར་ཡང་ཁོང་གིས་གང་དུ་དེ་འདྲ་གསུངས་ཡོད་པའི་ཁུངས་བསྐྱེལ་ཞིག་ཀྱང་འདིར་འགོད་ཐུབ་བམ། སྤོབས་པ་ལའང་མཁོ་འདུག དེ་མིན་མུ་མཐུད་རྒྱལ་ལོར་མ་ཉེས་ཁ་གཡོག་གིས་སྐྱོན་བརྗོད་བྱེད་སྲིད་པས། ཁོང་གིས་ངོ་མ་དེ་ལྟར་ཁུངས་གསུངས་ཡོད་ན་རྒྱ་རི་དང་བཀའ་ཁྲི་སོགས་ཀྱིས་ཁོང་གི་གསུངས་པ་བཞིན་ཡིག་ཆ་རྣམས་འཚོལ་སྒྲུབ་ཀྱིས་རྒྱ་ནག་ལ་ལན་མི་འདེབས་དོན་ག་རེ་ཡིན་ནམ། རྒྱལ་ལོ་དོན་གྲུབ་ཀྱི་གསུངས་པ་རྫུན་མ་རེད་མདོག་མདོག་བྱས་ནས་སྣང་ཆུང་ཁྱད་གསོད་བྱེད་པའི་དམིགས་ཡལ་ག་རེ་རེད་དམ། “ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་གྱིས་གསུངས་པ་ལྟར་རྒྱལ་ལོ་དོན་གྲུབ་ཀྱི་རྫུན་བཤད་འདུག་མདོག་མདོག་བྱེད་ཀྱི་ཡོད་པ་མ་རེད་དམ།” རྒན་ཡོལ་ཕེབས་ཟིན་ཞིང་དགོངས་ལོ་༨༠ལོན་པའི་རྒྱལ་ལོ་དོན་གྲུབ་ཀྱིས་དེ་དང་དེ་ན་ཡོད་གསུངས་ལས་ལྷག་ག་རེ་བྱེད་ཐུབ་ཀྱི་རེད་དམ། མི་རེ་གཉིས་ཀྱིས་རྒྱལ་ལོ་དོན་གྲུབ་ཀྱི་བྱས་རྗེས་ནག་གསུབ་དང་མ་ཉེས་ཁ་གཡོག་བྱས་ཏེ། བོད་པའི་སྤྱི་ཚོགས་ནང་ཁོང་གི་ཆབ་སྲིད་ཀྱི་ཤུགས་རྐྱེན་མེད་པ་བཟོས་ཏེ་ཕྱིར་འབུད་ཨེ་ཐུབ་ལྟ་གི་ཡོད་པ་མ་རེད་དམ། བཙན་བྱོལ་བོད་གཞུང་གིས་སྔོན་མ་”སྡོང་རྒན་རིལ་དགོས་ན་དང་པོ་ཡལ་ག་གཏུབ་དགོས་པ་རེད་”ཅེས་པའི་གཡོ་སྲིད་དེ་ཇེ་གསལ་དུ་འགྲོ་གི་ཡོད་པ་མ་རེད་དམ།
སྤོབས་པ་མཐའ་ཡས་ཀྱིས་“སྐད་ཆ་འཁྱར་བོ་འདི་ལ་བརྟེན་ནས་རེ་བ་ཡོད་རེད་གསུངས་མཁན་རྒྱ་ལོ་དོན་གྲུབ་རེད་ལ་ད་ནི་རེ་བ་མི་འདུག་ལབ་མཁན་ཡང་རྒྱལ་ལོ་དོན་གྲུབ་རེད།”ཅེས་བཤད་པ་འདི་ལས་དང་པོ་སྐད་ཆ་འཁྱར་བོ་ཟེར་བ་དེ་འཁྱར་བོ་མིན་པ་གོང་གི་རྒྱ་ནག་གི་ཡིག་ཆ་དེ་ལས་ཤེས་ཐུབ། གཞན་ད་ནི་རེ་བ་མི་འདུག་ལབ་མཁན་ཡང་རྒྱ་ལོ་དོན་གྲུབ་རེད་ཟེར་བ་དེའི་ཁུངས་ག་རེ་ཡིན་མིན་མི་ཤེས།
༧རྒྱལ་ལོ་དོན་འགྲུབ་ལགས་ཀྱིས་ཨེ་ཤི་ཡ་རླུང་འཕྲིན་དང་གསར་འགོད་གསལ་བསྒྲགས་ཀྱི་སྐབས་སུ་རྒྱ་ནག་དང་མཉམ་དུ་སྐད་ཆ་ངེས་པར་དུ་བཤད་དགོས་པ་རེད་ཅེས་ཡང་ཡང་གསུངས་སོང་། ནང་ཁུལ་ནས་གོ་བརྡ་མི་འཕྲོད་པར་ཕར་བཤད་ཚུར་བཤད་བྱས་ཏེ་ད་བར་དུ་དུས་ཚོད་བསྐྱལ་ནས་ཡོང་བ་རེད། ད་ཉོབ་ཀྱི་འདུག དུས་ཚོད་འཕྲོ་བརླག་རེད།
ང་ཚོས་རང་རང་གི་ས་ནས་བསམ་ཚུལ་རེ་གླེང་རྒྱུ་ཡང་གཉོབ་ན། རྒྱལ་ལོ་དོན་འགྲུབ་དང་འཇུ་ཆེན་སོགས་ཀྱིས་བོད་མི་དམངས་ཀྱི་བདེ་སྡུག་ཆེད་དུ་མི་ལོ་མང་བོ་ཞིག་བཏང་ཡོད་པ་མ་ཟད། རྒྱ་ནག་སྲིད་གཞུང་དང་མི་ལོ་མང་བོ་རིང་དུ་བོད་དོན་ལ་སྐད་ཆ་ཞིག་བཤད་ཞིབ་འཇུག་བྱས་པ་དེ་དག་གི་ཁྲོད་ནས་ཁོང་ཚོ་ལ་ཉམ་མྱོང་མང་བོ་ཐོབ་ནས་ངེད་ཅག་ཕྱི་རབས་དག་ལ་ལམ་སྟོན་གནང་བ་དེར་ཤར་བསྐྱོད་བྱེད་མི་ཐུབ་ཀྱང་། དེ་ལ་གཏོར་བཤིག་བྱེད་པ་ལས། དེ་དག་གི་ནང་དུ་བདེན་རྫུན་ཡོད་མེད་ཀྱི་གནས་ལུགས་དེ་དག་རྒྱ་ནག་སྲིད་གཞུང་ལ་གླེང་ཨེ་ཐུབ་རེ་བལྟས་ན་མ་རེད་དམ། གཡོ་སྒྱུ་ཁྲམ་གསུམ་གྱི་ཕྱུག་པའི་རྒྱ་ནག་སྲིད་གཞུང་གི་སྲིད་ཇུས་དེ་ལ་ཉམས་ཞིབ་བྱེད་པ་ལ་བསམ་ཚུལ་ཐུང་ཐུང་རེ་བྲིས་དེ་བསྡད་པས་མི་ཡོང་བར། རྒྱ་ནག་སྲིད་གཞུང་གི་ཁྲིམས་ལུགས་ཤེས་ཐུབ་བྱེད་དགོས། རྒྱ་ནག་སྲིད་གཞུང་གི་ཁྲིམས་ལུགས་དེ་གཡོ་སྒྱུ་ཁྲམ་གསུམ་བྱེད་ལུགས་ཅུང་ཙམ་ཤེས་ན། ད་གཟོད་རྒྱ་ནག་སྲིད་གཞུང་གི་བདེན་པ་ཞེས་པ་སྙན་མོ་ཞིག་ལས་ལག་ལེན་དུ་མི་བསྟར་བ་དང་སྐྱག་རྫུན་ཟེར་བ་ནི་རྣ་ལ་མི་སྙན་ཡང་བཤད་དགོས་པའི་རིག་གཞུང་དེ་ཁ་ལོ་བསྒྱུར་མཁན་གྱི་བོད་དོན་མཁས་པ་རེ་ཟུང་བྱུང་ངེས་པ་རེད། དེ་མ་གཏོགས་རྒྱལ་ལོ་དོན་འགྲུབ་བཞིན་མི་ཚེ་བཀང་བོར་བོད་དོན་བྱས་ན་ཡང་། མཐའ་མར་མིང་ངན་རེ་འཁུར་ནས་འགྲོ་མི་སྲིད་པ་ག་ལ་ཡིན། བོད་ལ་དྲིན་ཆེན་ཡོད་ཀྱང་དྲིན་ངོ་མི་ཟིན་པ་དང་བོད་ལ་དབུ་ཁྲིད་ཡོད་ཀྱང་ལམ་སྟོན་འོག་འགྲོ་མི་ཐུབ་པ་དང་ཆིག་སྒྲིལ་གྱི་ནུས་པ་མེད་པ་འདི་ནི་བོད་མི་ཚང་གི་གནའ་ནས་ད་ལྟའི་བར་དུ་རྒྱུད་དེ་འོང་བས་ནད་ནག་རེད།
འགྲམ་ནག་ལགས། འདི་གནད་འགག་ཆུང་ཆུང་ཞིག་མ་རེད། གལ་སྲིད་ཁྱེད་ཀྱིས་རྒྱ་ནག་རང་གིས་ཀྱང་དེ་ལུགས་ཁས་ལེན་བྱས་མྱོང་ལུགས་ལ་རྩོམ་ཡིག་ཅིག་འབྲི་ཐུབ་ཀྱང་གཏན་ནས་ལན་མ་བརྒྱབ་པ་ལས་དྲག་གི་རེད། ང་ཚོས་རང་རང་གི་ས་ནས་མགོ་བཙུགས་དགོས་ཟེར་བ་བཞིན་དེ་ཡང་ཁྱེད་རང་རང་གི་ས་ནས་མགོ་བཙུགས་པའི་ཆབ་སྲིད་ཀྱི་ལས་འགན་ཞིག་བསྒྲུབས་པ་ལོས་ཡིན།
རྒྱལ་ལོས་སྔོན་དུས་སུ་ཏིང་གི་ཞལ་ཆད་བཟང་པོ་དེ་ཁྱེར་ཡོང་ནས་རྒྱ་ནག་ལ་གྲོས་མོལ་བྱེད་ས་འདུག་སྐོར་གསུངས་པ་རེད། ད་རེབ་ཀྱི་གསལ་བསྒྲགས་དེ་ལས་རྒྱ་ནག་གིས་ཏིང་གིས་དེ་ལྟར་གསུངས་ཟེར་བ་རྒྱ་རི་བློ་གྲོས་ཀྱིས་བློ་མཐུན་ཏིང་གི་གསུངས་པ་འཁྱོག་བརྗོད་ཚབ་ཆེན་བྱས་ལུགས་དེར་ཁོང་ཧང་སངས་སོང་དང་། ད་དུང་ཁོང་གིས་སྔ་ཕྱི་དུ་མར་ད་ནི་རྒྱ་ནག་ཇེ་སྡུག་ལ་འགྲོ་གི་འདུག་དང་ཟམ་གདོང་རྒྱ་རི་སོགས་ཀྱིས་བྱེད་སྟངས་དེས་འདངས་མ་སོང་མདོག་མདོག་ཅིག་གསུངས་ཡོང་གིན་འདུག ལམ་ཁ་གཞན་ནི་གང་ཡང་སྟོན་གྱིན་མི་འདུག ཟམ་གདོང་རྒྱ་རི་སོགས་རྒྱལ་ལོ་ཁོ་རང་གིས་ཁྱེར་ཡོང་པའི་ཏིང་གི་ཞལ་ཆད་དེ་ཀ་རང་ལ་ཡིད་ཆེས་བྱས་ནས་འགྲོ་བཞིན་ཡོད་པ་ལས་ལམ་གཞན་ཞིག་ལ་འགྲོ་བཞིན་ཡོད་པ་མ་རེད།
ང་ཚོའི་ནང་ཁུལ་ནས་སུ་ཞིག་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་དང་སུ་ཞིག་ལ་དགག་པ་རྒྱག་གི་འདུག་གླེང་ནས་སྡོད་པ་ལས་ཕར་ཕྱོགས་ཀྱི་རྒྱ་ནག་ལ་གནད་དུ་ཁེལ་བའི་ལན་ཞིག་ཕོག་དགོས་པ་དེ་གནད་ཆེན་རེད། རྒྱ་མིས་ང་ཚོའི་ཉམས་དང་ཚོད་ལ་དཔག་ནས་ཏིང་གི་དུས་སུ་ཡིན་མདོག་མདོག་གི་སྐད་ཆ་རྡབ་རྡིབ་ཅིག་བཤད་པ་དེ་ད་ལྟ་ཧུའུ་ཡི་དུས་སུ་ཏིང་གིས་དེ་བཤད་མ་མྱོང་ཚུལ་གྱི་རྫུན་བཤད་ཡོང་གི་ཡོད་པ་དངོས་འབྲེལ་རེད། སྐད་ཆ་འཁྱར་བོ་མིན་ན་སྐུ་ངོ་ཚོ་རྒས་དྲགས་པ་འདྲ་མིན་ནམ། གསལ་བསྒྲགས་གོ་ཆོད་པ་ཞིག་ཀྱང་སྤེལ་མི་འདུག མ་གཞི་གསལ་བསྒྲགས་ཀྱིས་བོད་སྐྱོབ་མིན་ཁ་ཚོན་མི་ཆོད་ཀྱང་སྤེལ་ན་ཅུང་ཟད་གནད་དུ་ཁེལ་བ་ཞིག་བྱུང་ན་འགྱོད་པ་ཆུང་བ་ཞིག་ཡོང་གི་རེད། ཆབ་སྲིད་པ་ཞིག་ལ་མཁྱེན་དཔྱོད་ཡོད་མེད་ཟེར་བ་དེ་མིག་རྒྱང་རིང་མིན་ལས་འཇོག་དགོས་སྟབས་ངས་འདི་ཚོ་གླེང་གི་ཡོད་པ་ལས་ངས་བོད་མི་ཞིག་དམིགས་བསལ་གྱི་ནག་པོ་བཟོ་འདོད་མེད་ལ་སུ་གཅིག་ལ་དམིགས་བསལ་གྱི་རྒྱབ་སྐྱོར་ཡང་བྱེད་འདོད་མེད།
འདི་ལ་གཞུང་ངོས་ནས་འགྲེལ་བཤད་བརྒྱག་དགོས་པ་ཞིག་དང་འོས་པ་ཞིག་རེད། ནེའུ་ཡོག་ཏུ་རྒྱ་བོད་ཉམས་ཞིབ་ཁང་ཡོད་པ་རེད། རྡ་རམ་ས་ལར་བོད་གནས་ཉམས་ཞིབ་ཁང་ཡོད་པ་རེད།
ཁོང་ཚོའི་ལས་ཀ་ནི་གནད་དོན་འདི་འདྲའི་ཐོག་ལ་ཞིབ་འཇུག་བྱེད་རྒྱུ་དེ་རེད། དེ་ནས་བོད་ཀྱི་ཚགས་པར་དང་རླུང་འཕྲིན་ཁང་དུ་གསར་འགོད་པ་མང་དག་ཅིག་ཡོད། ཁོང་ཚོའི་ལས་ཀའང་གནས་ཚུལ་འདི་ལྟ་བུ་བོད་ཕྱི་ནང་གི་མང་ཚོགས་ཁྲོད་དུ་གསལ་བོ་བཟོ་རྒྱུ་དེ་རེད། འདི་ལྷག་བསམ་ཡོད་མེད་དང་སེམས་ཤུགས་ཆེ་ཆུང་གི་སྐད་ཆ་ཞིག་མ་རེད། ལས་ཀའི་འགྲོ་སྟངས་ཤིག་དང་ལྷག་པར་དུ་གནས་ཚུལ་གྱི་བྱུང་རིམ་ལ་ལོ་མང་པོའི་རིང་ལ་ཞིབ་འཇུག་བྱས་མྱོང་མིན་གྱི་གནད་དོན་ཞིག་རེད།
དེས་ན་ཁྱེད་རང་གི་བོད་ཕྱོགས་ནས་ཞིབ་འཇུག་ཡག་པོ་གནང་གི་མི་འདུག་ཟེར་གྱི་ཡོད་དམ། ཁྱེད་ཀྱིས་རྒྱ་ནག་སྲིད་གཞུང་གི་བསྒྲགས་ཚིགས་དེ་དག་ནི་ཁུངས་ལུང་ཡོད་པར་ངོས་འཛིན་བྱེད་རྒྱུ་ཡིན་ནམ། རང་གི་གཞུང་གི་ལས་བྱེད་དེ་དག་གི་ཞིབ་འཇུག་བྱས་དེ་གསལ་བསྒྲགས་བྱས་པ་ལས་རྒྱ་ནག་སྲིད་གཞུང་གི་སྐད་ཆ་གཅིག་ལ་དེ་འདྲའི་ཤུགས་ཆེན་པོ་ཡོད་པར་ངོས་ལེན་བྱེད་ཀྱི་ཡིན་ནམ།
ཚིག་པ་གཡག་ལ་ཟ་ནས་། འགུལ་ལྕགས་རྟ་ལ་ཕོག་པས་དཔེ་ལྟར་། རྒྱ་རོ་ཚང་གི་སྤྱོད་ལོགས་རེ་སྤེལ་ཐེངས་རེར་། ཁྱོད་རྣམས་པས་ཕན་ལ་ཚིགས་རྕུབས་གསུང་རེ་གནང་གི་ཡོད་པ་དེ་ཡག་པོ་མི་འདུག་། དཔེར་ན་གོང་དུ།
་་ ཁྱེད་ཅག་གི་སྐྱག་དྲི་བྲོ་བ་དང་མི་བྲོ་བའི་གཏམ་གླེང་འདྲ་མིན ་་ ཞེས་དང་། གཞན་ཡང་། ་་རང་གི་མགོ་ཁྲིད་དག་ལ་ཡིད་ཆེས་མེད་པའི་བོད་པ་ཚང།་་ ཞེས་སོགས་གསུང་བ་དེ་ནི་གཏན་ནས་ཡག་པོ་མི་འདུག་།
བརྗོད་གཞི་དངོས་ཀྱི་སྟེང་བཀའ་མོལ་གནང་རོགས་གནང་།
མི་ནག་དཀའ་སྡུག་གི་འགྲིལ་བཞུད་རང་མོ་ནང་། ཟོང་ཁྲག་གི་རྒྱུན་དང་སྡབས་ནས་། རང་ཉིད་ཀྱི་དབུ་ཁྲིད་དེ་སྐར་ཆ་ཙམ་ཡང་སེམས་ངོས་ནས་འདོར་མ་མྱོང་བ་ནི་བོད་པ་ཚང་ཡིན་པས་། བོད་པ་ཚང་ལ་དེ་ཙམ་གྱི་སྡོམ་ཚིག་མ་གནང་རོགས།
ཏིང་གི་ཞལ་ཆལ་དེ་འདྲ་ཞིག་གནང་ཡོད་མེད་དང་། གལ་ཏེ་ཞལ་ཆལ་དེ་ཁུང་ལྡན་དུ་ཡོད་ན་ཡང་། ད་ལྟའི་དངོས་ཡོད་ལ་ཕན་ཐོག་ཡོད་མེད་སོགས་གསུང་རོགས།
དངོས་ཡོིད་མི་དགོས་པ་དེ་ནི་རྒྱ་ནག་སྲིད་གཞུང་རེད་ལ། ནང་ཁུལ་ལ་གཏམ་རྙོག་བརྗོད་པ་ལས་རྒྱ་ནག་སྲིད་གཞུང་གི་ལས་ཀྱི་སྣེ་མོ་གང་ལ་ཡང་སྐད་ཆ་ཚིགས་གཅིག་གི་འབྲེལ་བ་ཡང་བྱེད་མི་ཐུབ་མཁན་ནི་རྒྱལ་ལོ་དང་འཇུ་ཆེན་སོགས་ལ་སྐྱོན་འཛུགས་བྱེད་མཁན་གྱི་བོད་པ་ཁ་རྒྱག་པ་དེ་ཚོ་རེད། དེ་ནི་དངོས་ཡོད་དང་དོན་དངོས་གཉིས་ཀ་རེད། དེ་མ་གཏོགས་གང་ཡང་མི་འདུག
རྒྱ་བོད་ཀྱི་གནད་དོན་བཙན་གཉོམ་གྱི་དཀའ་རྙོག་ཅིག་ཡིན་པས་ང་ཚོས་ཁུངས་ལྡན་གྱི་ཡི་ཆ་ག་རེ་མིག་བསྟན་ནའང་ཐད་ཀར་འགྱུར་བ་གང་ཡང་མེད་པ་ཤེས་སླ། འོན་ཀྱང་ང་ཚོ་གཉོམ་ཆུང་གྲངས་ཉུང་ཞིག་གིས་བཙན་པོ་གྲངས་མང་ཞིག་ལ་ཁ་གཏད་གཅོག་གི་ཡོད་སྟབས། ང་ཚོས་ཕྱི་ལོག་གི་རྒྱབ་སྐྱོར་གང་མང་མང་རག་ཐབས་ལ་འཐུས་ཤོར་གཏོང་རྒྱུ་ཡོད་པ་མ་རེད། རྒྱ་ནག་གིས་རྒྱལ་སྤྱའི་གསར་འགོད་བརྒྱུད་ལམ་ནང་ཧམ་གཏམ་དང་རྫུན་གཏམ་ཆེན་པོ་ཞིག་བཤད་པ་དང་། དུས་ཐོག་བོད་པས་དཔང་རྟགས་དང་མཉམ་དུ་ཐེར་འདོན་ཚ་ཐག་ཆོད་རེ་བྱེད་ཐུབ་ན། ང་ཚོ་ལ་རྒྱབ་སྐྱོར་དང་ཡིད་ཆེས་བྱེད་མཁན་མང་དུ་འགྲོ་གི་རེད། རྒྱ་ནག་ལ་མ་དགའ་བ་དང་ཡིད་ཆེས་མི་བྱེད་མཁན་མང་དུ་འགྲོ་གི་རེད། རྒྱ་ནག་གིས་རྫུན་ཆེན་པོ་ག་ཚོད་བཤད་ན་ང་ཚོ་ལ་གོ་སྐབས་ཆེན་པོ་རེ་རག་གི་ཡོད་པ་རེད། འོན་ཀྱང་དཔང་རྟགས་སྦྲགས་མས་ཐེར་འདོར་བྱེད་མ་ཐུབ་ན་ཚར་རེད། ཉེ་ཆར་རྒྱ་ནག་གིས་ཏིང་གིས་སྐད་ཆ་དེ་འདྲ་བཤད་ཡོད་པ་མ་རེད་ལབ་དང་། བོད་གཞུང་གིས་དཔང་རྟགས་བཙལ་ནས་རྒྱ་ནག་གི་རྫུན་རྐུབ་དམར་རྗེན་མ་འཛམ་གླིང་ཧྲིག་པོར་མིག་སྟོན་མ་ཐུབ་པ་བློ་འགྱོད་ཆེན་པོ་རེད། ང་ཚོས་གོ་སྐབས་ཡག་པོ་གཅིག་ཆུད་ཟོས་བཏང་བ་རེད། ད་དུང་སྲས་རྒྱལ་ལོ་དོན་གྲུབ་ཀྱིས་རྗུན་བཤད་ཡོད་ཤས་ཆེ་མདོག་གིས་བློ་རྩལ་ནང་ལ་སྐོར་ནས་དཀྲུགས་ཤིང་བཟོ་ཨེ་ཐུབ་ཀྱི་མིན་ལོག་བྱས་བསྡད་པ་རེད། དེ་ནི་འགན་ཡོད་ཀྱི་ལས་ཁུངས་དང་ཚོགས་སྡེ་ཁག་གིས་འོས་འགན་ཡིན་པ་ལས། བོད་མི་དཀྱུས་མ་གང་བྱུང་གིས་བྱེད་ཐུབ་པ་ཞིག་མ་རེད། གོང་དུ་སྤོབས་པས་རྕགས་རྒྱ་ལ་དེ་ཐོག་ཁྱབ་སྒྲག་གི་རྩོམ་ལན་ཞིག་འབྲི་སྐུལ་བྱས་པ་དེའི་ཐོག་ནས་གཞུང་གིས་མི་དམངས་ཀྱི་འདོད་ཁེངས་པའི་ཕྱག་ལས་གནང་ཐུབ་ཀྱི་མེད་པ་དང་། མི་དམངས་འུ་ཐབས་ཐུག་པའི་རྟགས་མཚན་གསལ་བོ་རེད། སེམས་པ་སྐྱོ་བྱུང་།
སེམས་པ་སྐྱོ་བ་ལས་མིག་ཆུ་མ་ཤོར་བ་བཟང་གི ཨ་ལ་ཀུ་རེ་ཡིན། བུ་རྒོད་པོ་སྐད་ཆ་རེ་བཤད་ཞོར་དང་སེམས་པ་རེ་སྐྱོ་ཞོར་བོད་ཆེན་པོ་ཚང་གི་རང་ལུགས་ཇི་ལྟར་འཛིན། དེ་ལས་བློ་ཁོག་ཆེན་ཙམ་བྱས་དེ་རྗེས་ཕྱོགས་རྒྱ་ནག་སྲིད་གཞུང་གི་གཡོ་སྒྱུའི་ལས་དཔོན་དེ་དག་ལ་ལན་རེ་འཕོག་བྱེད་ཀྱི་གནས་ལུགས་དང་རྒྱུ་མཚན་ཁ་ཤས་རེ་དྲངས་རྒྱུ་ཨེ་རྙེད་ལ་འབད་པར་བྱ་རོགས། ཨོ་རེད། ངེད་ཅག་གི་ཐོག་མར་རང་རིགས་ཀྱི་སྟོབས་ཤུགས་དང་མཐུན་སྒྲིལ། ཆིག་སྒྲིལ་དང་ནང་མོལ་ཡོང་བར་བརྩོན་དགོས་རྒྱུ་དེ་ནི་ཧ་ཅང་གི་གལ་ཆེན་རང་བཞིན་དུ་གྱུར་འདུག ལྷག་པར་དཔལ་འབྱོར་རང་བཞིན་གྱི་འགྲན་རྩོད་ཀྱི་འཛམ་གླིང་འདིོའི་སྟེང་གི་བྱ་བ་མང་བོ་ཞིག་ཐག་བཅད་དེ་འགྲོ་བཞིན་པས་དེང་རབས་མིའི་རིགས་ཀྱི་བྱེད་ལུགས་འདིའི་མི་རིགས་སུ་ལ་བདེན་པ་ཡོད་མེད་ལ་རྒྱབ་སྐྱོར་ཁ་ཡོད་ལག་ཡོད་བྱེད་ཐུབ་མཁན་ནི། ད་ལྟ་བར་དུ་ངེད་ཅག་བརྒྱུད་མྱོང་བས་ལམ་ཁ་དེ་ནས་ཤེས་ཐུབ་པ་ཞིག་རེད། དེ་ལས་ཁ་སྙན་པོ་བཤད་མཁན་གྱི་རྒྱབ་སྐྱོར་ཞིག་འཚོལ་བ་ལས། རང་རིགས་ཕྱི་ནང་གཉིས་ཀྱི་གནད་དོན་ཐད་དུ་བོད་མི་རང་རང་གི་མི་རེ་ངོ་རེ་ནས་གང་ཐུབ་ཐུབ་ཞིག་བྱས་ན། ད་གཟོད་བོད་པ་ཚང་ལ་རེ་བ་དང་ལམ་ཁ་གཉིས་ཡོད་ཡིན།
སྟག་སྨྱོན། གདུང་སེམས་མཉམ་སྐྱེད་ཡོད།
ད་ནི་བོད་ཀྱི་སྐད་ཡིག་གི་བཀོལ་སྤྱོད་ཙམ་བཤད་བཞིན་ཡོད། རྭ་རྒྱ་བློ་དབང་གིས་ཁོའི་དུས་བབ་ཀྱི་ཟིན་བྲིས་སུ་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་བོད་ཡིག་གི་དགོས་མཁོ་མི་འདུག་ཅེས་བཤད་པ་དེ་ནི་ཁོས་ལྷོ་ཕྱོགས་སུ་བོད་ཡིག་གི་ཚགས་པར་བཙོངས་པའི་ཉམས་མྱོང་གཞི་ལ་བཞག་སྟེ་བཤད་པ་རེད། ལུའུ་(ཞི་མི)སྒྱེ་ནང་དུ་བཅུག་སྟེ་སྟག་ཡིན་ཁུལ་བྱས་ནས་སྡོད་རྒྱུ་ལས་ཅང་ཨེ་ཡོད་བསམ། ཐབས་སྐྱོ་བོ་རེད། མང་པོ་བཤད་དགོས་དོན་མེད་པར་ཚང་མས་མཁྱེན་གསལ་རེད། རྒྱལ་བ་རིན་པོ་ཆེ་ལ་མགོ་སྐོར་བཏང་ནས་ད་བར་དུ་ཉི་མ་འཁྱོལ་ཐབས་བྱས་ཏེ་བསྡད་པ་རེད། འདི་ལྟར་བཤད་ན་ཁ་རྒྱག་པ་བཤད་ཀྱིན་འདུག་ཟེར་སྲིད་མོད། ད་ལོ་རྡ་སྟེང་བུ་ཁྱིམ་སློབ་གྲྭའི་ཚོགས་ཐོག་ནས་རྒྱལ་བ་རིན་པོ་ཆེས་ཤེས་རིག་ལས་ཁུངས་ལ་སྐྱོན་བརྗོད་བྱས་པ་དང་། གཞན་ཡང་འབིག་གིས་གཞིས་ཆགས་ཁག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྐོར་ལ་རྒྱལ་བ་རིན་པོ་ཆེའི་གསུང་བཤད་དུམ་བུ་ཞིག་ལུང་དྲངས་པ་དེ་དག་གཟིགས་དང་གསལ་བོར་ཤེས་ཐུབ། སྙིང་རྗེ་ན་རྗེ་རྒྱུ་བོད་ནང་གི་མི་དམངས་དཀྱུས་མ་ཚོ་རེད། ཁ་སྔོན་རྒྱ་རི་ཚང་གི་སྤྲུལ་ཕྲུག་གི་གནད་དོན་གྱི་ཐོག་ནས་སྤོབས་པས་མང་ཚོགས་སྙིང་རྗེ་ཞེས་བཤད་སོང་མོད། མང་པོ་ཞིག་གིས་དེར་གོ་བ་ལོག་སྒྲུབ་བྱས་ཏེ་ཁ་བརྡའི་ཐོག་ནས་ཐོག་རྒྱག་རྒྱག་དང་འབྲུག་གྲགས་གྲགས་བྱས་རྗེས་ད་ནི་གར་སོང་ཆ་མེད་རེད།
ང་ཚོ་ལ་བདེན་པ་དང་གནས་ལུགས་གོ་ཚོད་བཤད་རྒྱུ་ཡོད་ནའང་གོ་ཆོད་ཀྱི་མི་འདུག དེ་རིང་ལེས་ཞོ་ལོང་གི་གློག་བརྙན་ལ་ལྟ་ཞོར་དུ་རྒྱ་རྒན་ཚོས་རང་གི་ཕྲུ་གུ་ཚོར་མི་རིགས་ཀྱི་ལར་ཞེན་སྤེལ་སྟངས་ཀྱི་སློབ་གསོའི་ཐབས་ལམ་ལ་བསམ་བློ་གཏོང་གི་ཡོད། ལེས་ཞོ་ལོང་ཨ་རི་ལ་སོང་ནས་中国功夫ཞེས་པའི་མིང་ཚིག་དེ་ཨ་རིའི་ནང་གསར་སྤེལ་བྱེད་ཁུལ་གྱི་སློབ་གསོ་དེའི་ནུས་ཤུགས་ལ་བསམ་བློ་གཏོང་གི་ཡོད། དེ་དང་བསྡུར་ན་བོད་མི་ཚོས་རང་གི་སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་ལ་དངོས་ཤུགས་ཀྱི་སློབ་གསོའི་ནུས་པ་གང་ཡང་འདོན་གྱི་མེད་པ་ཐབས་སྡུག་རེད་བསམ་ནས་དྲན་གྱི་འདུག
དེ་སྔོན་༧གོང་ས་མཆོག་གི་རྒྱལ་ཁབ་གཞན་པའི་ཕྲུ་གུ་ཚོས་དུས་ཚད་ ༢ ལ་སློབ་སྦྱོང་བྱེད་ཀྱི་འདུག་ན། བོད་ཕྲུག་ཚོས་དེ་མང་བ་དུས་བཞི་ལ་སློབ་སྦྱོང་བྱེད་དགོས་པ་རེད་ཅེས་དྲན་སྐུལ་དང་ཐུགས་རེ་ཆེན་པོ་ག་ཚོད་གནང་བ་ཚང་མ་ཆུ་ལ་གཡུག་བཞག་པ་རེད།
ལྕགས་རྒྱ་ཉིད་ཀྱིས་ཁ་བརྡ་སོགས་བོད་ཡིག་དྲ་དེབ་ཚོའི་ནང་ཆུ་ཚོད་གང་མཚམས་གཏོང་གི་ཡོད་པས་དུས་ཚོད་དེ་ལ་ཁེ་ཕན་གསུམ་ལེན་ཐུབ་ན་བསམ། དཔེར་ན་ངས་རྣ་འབྱོག་ནང་ཉན་ཆས་བཙུགས་ནས་གློགབརྙན་དང་ཡང་ན་གསར་འགྱུར་གང་རུང་ཉན་ཞོར་ལ། དྲ་དེབ་ནང་མཆན་འབྲི་གི་ཡོད། ད་དུང་བར་སྟོང་དུ་སློབ་སྦྱོང་གཞན་པའང་བྱེད་ཀྱི་ཡོད། ཉིད་ཀྱིས་དེ་སྔོན་ནས་དྲན་ཡོད་ཤག་རེད། དེ་མིན་འདི་གཅིག་པོའི་ཐོག་ཆུ་ཚོད་བཏང་བསྡད་ན་འཕང་སེ་མ་རེད་དམ། ང་ཚོས་མཉམ་གཅིག་ཏུ་དུས་ཚོད་བེད་སྤྱོད་གསུམ་གཏོང་ཐུབ་ན་བསམ་ནས་དྲ་གྲོགས་ཚོར་དྲན་གསོ་ཙམ་བྱས་པ་ཡིན།
དུས་ཚོད་གཅིག་བེད་སྤྱོད་གསུམ་གཏོང་ཐུབ་ན་བསམ་་་་་་། ནོར་བཅོས།
སྐུ་ཞབས་སྟག་སྨྱོན་དང་འགྲམ་ནག་གཉིས་ཀྱིས་བཀའ་མོལ་གནང་སྟངས་ལས་ང་ལ་སེམས་འགུལ་ཐེངས་མང་པོ་ཞིག་ཐེབས་བཅུག་སོང་། ང་ལ་མཚོན་ན་ཡང་བོད་ཡིག་འདི་ཆེད་ལས་དང་འཚོ་ཐབས་སོགས་ལ་འབྲེལ་བ་སྤུ་ཙམ་ཡང་མེད་མོད། རང་གི་དགའ་ཕྱོགས་ཟེར་ན་ཡང་འདྲ། བོད་མི་ཞིག་ཏུ་སྐྱེས་པའི་ལས་འགན་ཟེར་ན་ཡང་འདྲ། ཚེ་སྟོད་ཉི་མ་གང་བོར་སྦྱངས་ཁུལ་བྱས་པའི་གངས་ཅན་པའི་ཕ་སྐད་འདི་བེད་སྤྱད་ནས་རྒྱང་རིང་དུ་འཐོར་བའི་སྤུན་གྲོགས་ཚོར་སེམས་གཏམ་གང་དྲན་རེ་བཤད་ཐུབ་པ་འདི་ཡང་ལས་ངན་ནང་གི་ལས་ཅན་ལྟ་བུར་རློམ་གྱིན་ཡོད། གང་ལྟར་ཡང་བོད་གངས་ཅན་པ་ཚང་ལ་རྒྱ་མིས་བཙན་འཛུལ་བྱས་པའི་ཚུལ་དེ་ནི་སྲན་ནད་ལྟ་བུར་ནམ་ཡང་ཞི་ཐབས་མེད་པར་སེམས་ཀྱི་ནང་དུ་ན་ཚ་འདྲ་ཞིག་གཏོང་འདུག་གིན་འདུག ང་ཚོས་བཤད་ཀྱིན་བཤད་ཀྱིན་གཅིག་གི་གཅིག་ལ་ལེ་བརྡ་ལྟ་བུ་རེ་ལ་གྱུར་འགྲོ་གི་འདུག་ཀྱང་གཅིག་གིས་གཅིག་ལ་ཡིད་ཆད་པ་མ་གནང་རོགས། དྲྭ་གྲོགས་སྤྱི་དང་ལྷག་པར་དུ་ལྕགས་རྒྱ་དང་སྟག་སྨྱོན་གཉིས་ལ་ཐུགས་རྗེ་ཆེ་ཞུ།
དྲ་གྲོགས་འདི་གསུམ་གྱིས་སེམས་ནང་དུ་སེམས་བཞག་སོང་ལ་ལག་པའི་ནང་དུ་ལག་པ་བཞག་སོང་། དངོས་ནས་དགའ་བ་ཞིག་རེད་མོད། གང་ལྟར་བོད་པ་ཚང་གི་བོད་དོན་བཤད་དགོས་པ་དང་བོད་པ་ཚང་གི་བོད་ཡིག་སྤྱོད་དགོས་པ་ནི་བོད་ལ་སྐྱེས་པས་ལས་ཀ་དང་བོ་དེ་རེད་ཟེར་ནས་བཤད་ཆོག་ལ། ང་ཚོས་མུ་མཐུད་དུ་རང་རང་གི་ལས་ཞོར་དུ་བོད་པ་ཚང་གི་ཡི་གེ་འདི་གང་ཐུབ་ཐུབ་ཀྱིས་བོད་རིགས་གང་མང་མང་ལ་སྤྲོ་སྣང་ཡོད་པ་ཞིག་དང་བོད་ཡིག་ལ་དུངས་ཞེན་མེད་པ་དག་ལ་དུངས་ཞེན་ཡོད་པ་ནས་མི་ཤེས་པ་དག་ལ་ཤེས་པར་འཇུག་ཐབས་ཀྱི་འབོད་སྐུལ་རེ་རང་རང་གི་ཉེ་འབྲེལ་དང་རང་རང་གི་ནང་མི་ནས་མགོ་བརྩམས་ཟིན་པ་རྣམ་ནི་བཤད་མ་དགོས་པ་རེད། མགོ་མ་བརྩམ་པ་རྣམ་ལ་མགོ་རྩོམ་པར་གང་ཐུབ་ཐུབ་ཀྱིས་འབོད་སྐུལ་ཉིན་ལྟར་རང་རང་གི་ཁོར་ཡུག་ནས་མགོ་བརྩམས་དེ་འགྲོ འདི་ལྟར་ངེད་ཅག་གི་བོད་ཡིག་ལ་རིན་ཐང་མེད་པར་གླེང་མཁན་དག་ལ་རིན་ཐང་ཡོད་པ་ནས་རིན་གོང་ཆེན་པོ་ཞིག་ཡིན་པ་ཤེས་སུ་འཇུག་དགོས། ངེད་ཅག་གི་སྐད་ཡིག་འདི་ནི་འཛམ་གླིང་གི་མི་རིགས་གཞན་གྱི་སྐད་རིགས་དང་འདྲ་མཉམ་དུ་འགྲོ་ཐུབ་པར་ངེད་ཅག་གི་མི་དམངས་ལ་བརྡ་ལན་རེ་སྤྲོད་ཐབས་བྱེད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དམིགས་བསལ་ཚོགས་ཆེན་གྱི་ཚོགས་བཅར་བ་རྣམས་ལ་སྤྱི་ཟླ་ 11 ཚེས་ 23 ཉིན་བཀའ་སློབ་བསྩལ་གནང་སྐབས་ཏེང་ཞའོ་ཕིང་གི་སྐད་ཆ་བཤད་པ་དེར་གཞི་བཞག་ནས་དབུ་མའི་ལམ་དང༌། བོད་རྒྱ་གྲོས་མོལ་གྱི་འགོ་འཛུགས་གནང་བ་མ་ཡིན་པར་ 1974 ནས་ཐུགས་འདུན་ཡོད་སྐོར་གསུངས་པ་དེ་ཚང་མས་ཤེས་དགོས་རྒྱུ་གལ་ཆེར་མཐོང༌།
རྒྱ་རི་དང་རྒྱལ་ལོ་སུ་བཟང༌།
བཟང་མི་བཟང་ལབ་རྒྱུ་ལས་སླ་བོ་མ་རེད་བསམ། རྒྱ་རི་དང་རྒྱ་ལོ་གཉིསཀར་བཟང་ཕྱོགས་དང་ངན་ཕྱོགས་གཉིས་ཀ་ཡོད་རེད་སྙམ། གཙོ་བོ་ཁོང་གཉིས་ཀྱིས་བོད་དོན་ཐད་ཕྱག་ལས་གནང་ཚར་བའི་ངོས་དང་གནང་བཞིན་པའི་ངོས། གནང་རྒྱུའི་ངོས་བཅས་གསུམ་ནས་བལྟ་དགོས་རྒྱུ་རེད།
དེར་བརྟེན། བཟང་མི་བཟང་འདི་བཤད་ལས་སླ་བོ་ཞིག་གང་ནས་ཡིན། འདི་ཚོའི་སྐོར་ལ་ཞིབ་འཇུག་བྱས། ཡིག་ཆའི་ཐོག་ནས་ཞིབ་འཇུག་བྱོས། མི་འབྲེལ་བརྒྱུད་ནས་ཞིབ་འཇུག་བྱོས། དུས་ཚོད་དང་གནས་སྟངས་ཀྱི་ངོས་ནས་ཞིབ་འཇུག་བྱོས། མ་རེད་དམ།
ངས་ཟེར་ན། མ་འོངས་པར་བོད་རྒྱ་འབྲེལ་མོལ་བྱེད་ཕྱོགས་ལ་སུ་ཡག བཤད་པ་ལས་གཞན་ཅིང་མེད།