སྒོམ་སྡེ་ལྷ་རམས་པ
———–
ཐོག་མར་ཏུན་ཧོང་(Dunhuang or Tun-huang) གི་ལོ་རྒྱུས་ནི། བྱེ་ཐང་གི་དཀྱིལ་དུ་ཆགས་པའི་དེང་སང་རྒྱ་ནག་ཀན་སུའུ་(Gansu Province) ཞིང་ཆེན་གྱི་གྲོང་ཁྱེར་ཞིག་ཡིན། འདི་ནི་ཤིན་ཅང་དང་ནང་སོག་གཉིས་བར་དུ་ཆགས་པའི་ས་ཁུལ་ཞིག་ཡིན་ལ། གནའ་བོ་ནི་ཤིན་ཅང་ གི་ཆ་ཤས་སུ་གཏོགས་པར་མངོན་ཞིང་། ལོའུ་ལན་(Lou-Lan) ཞེས་པའི་གྲོང་ཁྱེར་དང་ས་ཐག་མི་རིང་བའི་ས་ ན་ཡོད། ཏུན་ཧོང་ནི་སྔ་མོ་བོད་ཀྱིས་ཀྱང་དབང་བསྒྱུར་བྱས་ཏེ་ལོ་དྲུག་ཅུ་སྐོར་ཞིག་བོད་ཀྱི་མངའ་འོག་ཏུ་ བཅུག་མྱོང་ཡོད། དེ་སྐོར་གཤམ་དུ་གཟིགས། ཏུན་ཧོང་གི་གོ་དོན་ནི། མེ་ལྕེ་རབ་ཏུ་འབར་བའི་སྒྲོན་མེ་ ཞེས་པ་ཡིན། འདི་ནི་གནའ་བོ་གོས་ཆེན་གྱི་ཚོང་ལམ་(Silk Road) ཞེས་ཡོངས་སུ་གྲགས་པ་དེའི་འདུས་མདོ་གལ་ ཆེན་ཞིག་ཏུའང་འཁེལ་གྱི་ཡོད། གནའ་བོ་འདི་ལ་“Sha Zhou” (Beautiful desert Oasis)མཛེས་སྡུག་ལྡན་ པའི་བྱེ་ཐང་གི་ གྲོང་ཁྱེར་གཤིན་པོ་ཞེས་བརྗོད་ཀྱི་ཡོད། ཕྱི་ལོའི་སྔོན་གྱི་དུས་རབས་གཉིས་པའི་མཇུག་ཙམ་ལ་“ཧན་རྒྱལ་རབས” (ཕྱི་ལོའི་སྔོན་གྱི་དུས་རབས་༢༠༦ BC ནས་ཕྱི་ལོའི་དུས་རབས་༢༢༠AD) ཀྱི་སྐབས་ཐོག་མར་རྒྱ་ནག་གི་མངའ་ཁོངས་སུ་ ཚུད
ཧན་རྒྱལ་རབས་ཀྱི་མངའ་ཐང་ཉམས་ནས། དུས་རབས་བཞི་པ་དང་ལྔ་པའི་ནང་འདི་ཕྱེད་རང་ བཙན་ (Semi-Independent) གྱི་རྒྱལ་ཁབ་ཅིག་ཏུ་གྱུར། ཡང་དུས་རབས་ལྔ་པའི་མཇུག་ཙམ་ལ་བྱང་མའི་ རྒྱལ་རབས་ (ཕྱི་ལོ་༤༢༠-༥༨༡) སྐབས་སླར་ཡང་རྒྱའི་ཁྱབ་ཁོངས་སུ་གྱུར། ཕྱི་ལོ་(༦༡༨)ལོར་ཐང་རྒྱལ་རབས་(༦༡༨-༩༠༧) ཀྱི་ སྐབས་སུའང་རྒྱའི་འོག་ཏུ་གནས་མུས་རེད། དེ་ནས་ཕྱི་ལོ་(༧༨༡ ནས ༨༤༠)བར་ཁྲི་ལྡེ་གཙུག་བརྟན་མེས་ཨག་ ཚོམ་གྱི་སྐབས་བོད་པས་དབང་བསྒྱུར་བྱས་ཏེ་བོད་ཀྱི་མངའ་ཞབས་སུ་ བསྡུས། ཕྱི་ལོ་(༨༤༠)ལོར་སླར་ཡང་ཐང་ རྒྱལ་རབས་ཀྱི་ལག་ཏུ་ཤོར། ཕྱི་ལོ་(༡༢༢༧) ལོར་ཡོན་ནམ་སོག་པོའི་རྒྱལ་རབས་ཀྱི་མངའ་འོག་ཏུ་ཚུད། དེ་ནས་དུས་རབས་བཅོ་ལྔ་པ་ནས། དུས་རབས་བཅོ་བརྒྱད་པའི་ཕྱི་ལོ་ (༡༧༢༣) ལོའི་བར་ཏུར་ཕན་གྱི་རྒྱལ་པོས་
(Turfan King)དབང་བསྒྱུར་བྱས་ཏེ་ཡུ་གུར་གྱི་མངའ་ཁོངས་སུ་བསྡུས། དེ་ནས་ཕྱི་ལོ་(༡༧༢༣) ལོར་ཆིང་རྒྱལ་རབས་ ཀྱི་མངའ་འོག་ཏུ་བཅུག་པ་བཅས་སོ།
གྲོང་ཁྱེར་དེའི་ཉེ་འདབས་སུ་ནང་པའི་བྲག་ཕུག་བདུན་བརྒྱ་ལྔ་བཅུ་ཙམ་ ཡོད་ཅིང་ དེ་དག་ལ་སངས་རྒྱས་སྟོང་གི་བྲག་ཕུག་གམ་“མའོ་ཀུའོ”བྲག་ཕུག(Mogao Caves)ཅེས་ཟེར། དེའི་ནང་ ནས་བོད་ཀྱི་གནའ་བོའི་ཡིག་ཆ་རྙིང་པ་མང་པོ་ཐོན་པ་དེ་ལ་ཏུན་ཧོང་ནས་ཐོན་པའི་ལོ་རྒྱུས་ཡིག་ཆ་དང་། ཏུང་ཧོང་གཏེར་ཡིག་དང་། ཏུང་ཧོང་གི་ཤོག་དྲིལ་བཅས་ཟེར་བ་རེད། ཏོང་ཧང་དང་། ཏོན་ཧོང་། ཏོན་ཧྭང་། ཏུང་ཧང་སོགས་འབྲི་ཚུལ་སྣ་ཚོགས་ཤིག་སྣང་ངོ་། །
༼ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་ནི༽ གནའ་རྫས་ཉམས་ཞིབ་པ་“ཨོ་རེལ༈ས་ཊ་ཨེན”Aurel Stein ཞེས་པ་སྐྱེས་ཡུལ་“ཧང་གྷ་རི”Hungaryནས་ཡིན་ཞིང་། དབྱིན་ཇིའི་British Citizen མི་སེར་ཡིན་པ་ཞིག་གིས། ཕྱི་ལོ་༡༩༠༧ལོར་ཏུང་ཧོང་གི་གྲོང་ཁྱེར་ནས་ཀི་ལོ་མི་ཀྲར་༢༥ཙམ་ཡོད་པའི་གནས་སུ་སངས་རྒྱས་སྟོང་གི་བྲག་ཕུག་གམ་“མའོ་ཀུའོ”བྲག་ཕུག་(Mogao Caves)ཏུ་འབོད་པ་དེའི་ནང་ནས་རྙེད་སོན་ བྱུང་བའི་ གནའ་བོའི་ཡིག་ཆ་ རྙིང་པ་རྣམས་ལ། ཏུན་ཧོང་ནས་ཐོན་པའི་ཡིག་ཆ་དང་། ཏུན་ཧོང་ཤོག་དྲིལ། ཏུན་ཧོང་གཏེར་ཡིག་ བཅས་ཟེར་ བ་རེད། ཡིག་ཆ་དེ་དག་ཐོག་མར་རྙེད་མཁན་ནི་དྷའོ་Taoist ཆོས་ལུགས་ཀྱི་རྒྱའི་ཧ་ཤང་ཞིག་ཡིན་ཞིང་། གསར་རྙེད་བྱུང་བའི་གནའ་རྫས་དེ་དག་ལས་གཙོ་བོ་ནི་གནའ་རབས་ཀྱི་ཡིག་ཆ་རྙིང་པ་རྣམས་ཡིན་ལ། ཡིག་རྙིང་ཕལ་མོ་ཆེ་རྒྱ་ཡིག་ཐོག་ཡོད་པ་ཡིན་ལ། བོད་དང་། ཤིན་ཅང་སོགས་སྐད་རིགས་གཞན་ཡང་མི་ཉུང་བ་ ཞིག་ཡོད། གཞན་ཡང་རི་མོ་དང་ལག་རྩལ་ལས་ཐོན་པའི་གནའ་རྫས་ཀྱི་རིགས་མང་པོ་ཞིག་ཀྱང་རྙེད་སོན་བྱུང་ཡོད། གནའ་རྫས་དེ་དག་ལ་ཞིབ་འཇུག་བྱེད་སྐབས་བྲག་ཕུག་འདི་ཕྱི་ལོ་ཆིག་སྟོང་དང་བགྲང་བྱ་ལྔ་༡༠༠༥ཙམ་ནས་གཞན་གྱིས་མ་ཚོར་བར་སྣང་མེད་ལྐོག་ཏུ་ལུས་པའི་ཚོད་དཔག་བྱེད་ཅིང་། ཡིག་ཆ་འདི་དག་བྲག་ཕུག་གི་ལྷ་ཁང་ ཞིག་ཏུ་(ཕྱི་རྒྱལ་གྱི་དཔེ་དེབ་ཅིག་ནང་འདི་གསང་བའི་དཔེ་མཛོད་རེད་ཟེར)ཕྱི་ནས་རྩིག་པ་དང་འདག་ཞལ་བརྒྱབ་ནས་མི་ལོ་ཆིག་སྟོང་དང་གཉིས་ཙམ་རིང་གནོད་སྐྱོན་མ་བྱུང་བར་གནས་ཐུབ་ཡོད་ཅིང་། ཨོ་རེལ༈ས་ཊ་ཨེན་གྱིས་ ༡༩༠༧ལོར་བརྒྱབ་པའི་བྲག་ཕུག་ཨང་བཅུ་དྲུག་༡༦པའི་འདྲ་དཔར་ཞིག་ནང་། ཡིག་ཆའི་ཤོག་དྲིལ་རྣམས་གཅིག་ ཐོག་གཅིག་བརྩེགས་ཏེ་སྤུངས་ནས་བཞག་པ་ཞིག་དབྱིན་ཇིའི་འཛམ་གླིང་དྲ་རྒྱ་ཞིག་ནང་མཐོང་རྒྱུ་འདུག ཨོལ་རེལ་ས་ཊ་ཨེན་གྱིས་བྲག་ཕུག་དང་དགོན་པའི་མཁན་པོའམ་དཀོན་གཉེར་རྒྱའི་ཧ་ཤང་“ཝང་ཡོན་ལུ་Wang Yuanlu”ལ་ལྐོག་རྔན་བྱིན་ནས་ཡིག་ཆ་རྣམས་གསང་སྟབས་སུ་འོར་འདྲེན་བྱས་ཏེ། རྒྱ་གར་གྱི་(སྐབས་དེ་དུས་རྒྱ་གར་ དབྱིན་ཇིའི་དབང་སྒྱུར་འོག་གནས་མུས་རེད)རྒྱལ་ས་ལྡི་ལི་གསར་པའི་འགྲེམ་སྟོན་ཁང་National Museum of India, New Delhi (དགེ་འདུན་ཆོས་འཕེལ་གྱིས་ཀྱང་ལྡི་ལིའི་དཔེ་མཛོད་འདི་ནས་ཏུང་ཧོང་གི་ཡིག་རྙིང་རྣམས་ལག་སོན་བྱུང་སྟེ། དེ་དག་ལ་ གཞི་བྱས་ཏེ་རྒྱལ་རབས་དེབ་ཐེར་དཀར་པོ་བརྩམས་པར་འདུག་ཅིང)དང་། དབྱིན་ཡུལ་གྱི་རྒྱལ་ས་ ལོན་ཌོན་གྱི་དཔེ་ མཛོད་དང་འགྲེམ་སྟོན་ཁང་དུ་ཕུལ་ཏེ་ད་ལྟ་མཐོང་རྒྱུ་ཡོད། ཤོག་ལྡེབས་ཀྱི་ངོས་སུ་ཕྱི་ལོ་ ༨༦༨ཕྱི་ཟླ་ལྔ་ པའི་ ཚེས་༡༡ཅེས་ལོ་ཚིགས་འཁོད་པའི་རྡོ་རྗེ་གཅོད་པའི་དཔེ་རྙིང་ཞིག་ཀྱང་དེ་དུས་རྙེད་སོན་བྱུང་འདུག གོང་དུ་ བཤད་པའི་སངས་རྒྱས་སྟོང་གི་བྲག་ཕུག་གི་ལོ་རྒྱུས་ནི། སྔོན་ཐང་རྒྱལ་རབས་ཀྱི་སྐབས་སུ་ རྒྱའི་ཧ་ཤང་ཞིག་ལ་ གསེར་འོད་འཕྲོ་བའི་འོད་ཟེར་གྱི་གསེབ་ནས་སངས་རྒྱས་སྟོང་གི་གཟིགས་སྣང་བྱུང་ནས་ལྷ་ཁང་བཞེང་འགོ་བཙུགས་ཤིང་། དེ་ནས་ཐང་གི་རྒྱལ་བརྒྱུད་བཅུའི་རིང་ལ་མུ་འཐུད་དེ་བཞེངས་ནས་ཁྱོན་བསྡོམས་བྲག་ཕུག་བདུན་
བརྒྱ་ལྔ་བཅུ་༧༥༠ཙམ་ཡོད་པའི་ལོ་རྒྱུས་ཡོད། དགེ་འདུན་ཆོས་འཕེལ་གྱི་དེབ་ཐེར་དཀར་པོ་༤༧ལས་ཏུན་ ཧོང་ནས་ཐོན་པའི་ཡིག་ཆའི་སྐོར་མདོར་བསྡུས་ཤིག་འབྱུང་བ་འདི་ལྟར། ད་ལྟའི་ལོ་སུམ་ཅུ་ལྷག་གི་སྔ་རོལ་དུ། ལི་ཡུལ་གྱི་བས་མཐའ་ཏོང་ཧང་བྱ་བའི་གནས་སུ། སྔོན་གྱི་ལྷ་ཁང་ཞིག་རལ་དུ་གྱུར་པ་གཅིག་གི་རྩིག་པའི་གསེབ་ ནས། བོད་དང་ཡུ་གུར་གྱི་ཡིག་རྙིང་ཤོག་དྲིལ་འཕོན་ཆེ་ཞིག་འཐོན་པའི་གྲས་ཡིན་ལ། ཡིག་རིགས་དེ་རྣམས་ རྒྱལ་ཁབ་དུ་མས་བགོ་བཤའ་བྱས་ཤིང་། རྒྱ་གར་དང་ཕྱི་རྒྱལ་གྱི་རྟོག་ཞིབ་བྱེད་པ་མང་པོ་ཞིག་གི་ལག་ཏུ་བཏང་ བ་ལས། ཕྱི་མོ་དངོས་ཀྱི་ཆ་ཤས་དང་། སྤར་བཏབ་པ་དང་། ངོ་བཤུས་བྱས་པ་སོགས་སྣ་ཚོགས་ཤིག་ཕྲན་གྱིས་ མཐོང་ བ་རྣམས་ཕན་ཚུན་ཞིབ་བསྡུར་བྱས་ཏེ་ཡིད་བརྟན་རུང་བར་བཀོད་ལ།ད་ལྟ་འདིའི་ཕྱི་མོའི་བྱིངས་ རྣམས་ཕ་རན་སི་དང་དབྱིན་གཞུང་གཉིས་ནས་བདག་སྤྲོད་བྱས་ཏེ་ཡོད་འདུག་ཅིང་། ཆ་ཤས་མང་ཙམ་ཞིག་ པེ་ཅིང་དུ་ཡང་འཁྱེར་ཞེས་ཟེར། ཞེས་སོགས་གསལ་ལོ། །ཉེ་སྔོན་ངེད་རང་དབྱིན་ཇིའི་རྒྱལ་ས་ ལོན་ཌོན་དུ་ འགྲོ་དུས་དཔེ་མཛོད་ཆེན་པོ་ཞིག་ཏུ་ཏུན་ཧོང་གི་ཡིག་རྙིང་ཕྲན་བུའི་ཀློག་རྒྱུའི་གོ་སྐབས་བྱུང་ཞིང་། ཡིག་རྙིང་ གཟིགས་འདོད་ན་དབྱིན་ཇིའི་དྲ་རྒྱ་ http://idp.bl.uk/idp.a4d ལ་ཕེབས་ནས།རང་གི་ལག་གཡོན་ཕྱོགས་སུ་Catalogue Search ཞེས་པར་བསྣུན་ན་དཔེ་རྙིང་མང་པོ་གཟིགས་ཐུབ
དཔེ་གསལ་བོ་ཞིག་བྲིས་འདུག་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ང་རང་བོད་ན་ཡོད་དུས་ཏུན་ཧོང་ལ་ཚར་ཁ་ཤས་འགྲོ་རྩིས་བྱས་ཀྱང་འགྲོ་ཐུབ་མ་སོང་། གང་ལྟར་ཁྲི་རལ་བ་ཅན་གྱི་དུས་སྐབས་སུ་ས་འདི་རྒྱ་བོད་གཉིས་འདྲེས་ཀྱི་ཆབ་སྲིད་དང་རིག་གཞུང་འཕྲོག་རྩོད་བྱེད་པའི་ས་ཆ་གནད་འགག་ཅན་ཞིག་རེད་བསམས། རྒྱ་ནག་གིས་ས་འདི་ནས་བྱུང་བའི་གཏམ་རྒྱུད་ཡིན་ཟེར་བའི་གློག་བརྙན་མིང་ལ་”བྱེ་ཐང་ཆེན་མོའི་བཀའ་ཡིག་”ཅེས་པ་ཞིག་འཁྲབས་ཡོད་པར་བོད་ནང་ལྟ་མྱོང་།
འ་རོགས་སྐུ་སྨྱོན། སྒོར་མོ་གསོགས་དང་རྗེས་མ་མཉམ་དུ་འགྲོ དེའི་ཐག་ཉེས་ན་ཁ་ཆེའི་མཛེས་མ་ འདི་འདྲ་ཡོད་ནི་རེད། http://www.youtube.com/watch?v=76Gbr88_VKg&feature=related ཡག་པོ་བལྟས་འ།
གོང་གི་ངའི་བྲིས་པའི་བོད་ཡིག་འདི་ཚོ་ལ་སྟོབས་ཆེན་གླང་བོ་ཁྲ་འབར་གྱིས་རྡོ་ཐོ་རྒྱབ་པ་ཡིན་རྒྱུ་མ་རེད་ལ། ཤེད་ཆེན་རི་བོ་སྤང་ཁུར་གྱིས་ཁུ་ཚུར་བཞུས་པ་ཡང་ཡིན་རྒྱུ་མ་རེད། འོན་ཀྱང་ས་ཐོར་གནམ་ཐོར་བྱས་བསྡད་ནོ་ཆི་མ་ཉན་ནི་རེད།
འུ་གཉིས་ཀྱི་སྔུན་མ་ང་རེད་ཨ་རོགས། ངས་སྔོན་མ་ཞིག་ནས་ཞི་མོ་འདིའི་འཁྲབ་སྟོན་ལ་བལྟས་པ་ཡིན། གང་ལྟར་རྗེས་མ་ང་ཏུན་ཧོང་ལ་ལོས་ཐོན་བསམས། རྒྱ་སྐད་མི་ཤེས་པའི་སྟབས་ཀྱིས་ཡང་སྐྱར་འུ་གཉིས་རྡ་སར་འགྲོ་དུས་འདྲ་བོ་ཡིན་ན་ཐང་ཀོ འུ་གཉིས་ཀའི་ཨམ་སྐད་དང་དབྱིན་སྐད་དེ་ཚོས་མི་གོ དེ་ཚོའི་རྒྱ་སྐད་དང་ཡུ་སྐད་འུ་གཉིས་ཀྱིས་མི་གོ ཧུ་ཧུ་ཧུ།
ཨ་ཁུ་ལགས། དྲ་གྲོགས་གཞོན་ནུ་ཟླ་མེད་དེ་དངོས་གནས་ཟླ་མེད་པ་ཞིག་རེད། ཁོང་བོད་རྒྱ་དབྱིན་གསུམ་ལ་རང་སྐྱ་འཕེར་བ་ཞིག་ཡིན་པས་རྗེས་ཁོས་ཁྱེད་ལ་སྐད་སྒྱུར་དང་ཞབས་ཞུ་ཡང་ཞུ་ངེས་རེད། ངའང་ཏུན་ཧོང་ལ་འགྲོ་འདོད་ཧ་ཅང་ཆེ་ཡང་འགྲོ་ཐུབ་མ་སོང་། དེའི་ཚབ་ཏུ་ལ་དྭགས་དང་དཀར་དགྱིལ་སོགས་ལ་ཐེངས་འགར་སོང་བ་ཡིན། དཀར་དགྱིལ་པྱོགས་ན་གནའ་བོའི་རིག་དངོས་གང་མངས་མཐོང་མྱོང་ལ་ཟིན་ཐོར་ཡང་བརྒྱབ་ཡོད། ཁོམ་པ་རེ་ནམ་བྱུང་ལ་རྩོམ་འཆལ་རེ་འབྲི་འེ་ཐུབ་ལྟ་གིན་ཡོད།
ཨ་ཁུ་ལགས། དྲ་གྲོགས་གཞོན་ནུ་ཟླ་མེད་དེ་དངོས་གནས་ཟླ་མེད་པ་ཞིག་རེད། ཁོང་བོད་རྒྱ་དབྱིན་གསུམ་ལ་རང་སྐྱ་འཕེར་བ་ཞིག་ཡིན་པས་རྗེས་ཁོས་ཁྱེད་ལ་སྐད་སྒྱུར་དང་ཞབས་ཞུ་ཡང་ཞུ་ངེས་རེད། ངའང་ཏུན་ཧོང་ལ་འགྲོ་འདོད་ཧ་ཅང་ཆེ་ཡང་འགྲོ་ཐུབ་མ་སོང་། དེའི་ཚབ་ཏུ་ལ་དྭགས་དང་དཀར་དགྱིལ་སོགས་ལ་ཐེངས་འགར་སོང་བ་ཡིན། དཀར་དགྱིལ་པྱོགས་ནས་གནའ་བོའི་རིག་དངོས་གང་མངས་མཐོང་མྱོང་ལ་ཟིན་ཐོ་དང་འདྲ་པར་འགའ་ཡང་བརྒྱབ་ཡོད། ཁོམ་པ་རེ་ནམ་བྱུང་ལ་རྩོམ་འཆལ་རེ་འབྲི་འེ་ཐུབ་ལྟ་གིན་ཡོད།
རྩོམ་འདི་ཧ་ཅང་ཡིད་འཕྲོག་པ་ཞིག་བསྐྲུན་འདུག
ང་ཚོ་ཏུན་ཧོང་སོགས་ལ་འགྲོ་རྒྱུའི་གོ་སྐབས་ཤིག་ཏན་ཏན་ཚེ་འདི་ལ་ཤར་རྒྱུ་རེད་བསམ་གི
ཏུན་ཧོང་ནས་ཐོན་པའི་ཐང་ཀ་དང་གནའ་རྫས་འགའ་རྒྱ་གར་རྒྱལ་ས་རྡི་ལི་རུ་རྟེན་གཞི་བྱས་བའི་རྒྱ་གར་གཞུང་གི་འགྲེམས་སྟོན་ཁང་དེ་ན་ཁ་ཤས་འདུག
གཞིས་ནིང་ལོའི་དབྱར་ཁའི་གུང་གསེང་གི་སྐབས་སུ་གྲོགས་པོ་ཞིག་དང་མཉམ་དུ་དེར་སོང་ནས་ཕྱི་དྲོ་ཆ་ཚང་ཞིག་ལ་བལྟས་བ་ཡིན།།
ཏུན་ཧོང་གི་སྐོར་དེ་དང་རྒྱའི་སྐད་ཡིག་གི་འབྱུང་ཁུངས་སྐོར་དེ་གཉིས་ཀྱི་ནང་ན་བསམ་བློ་གཏོང་ས་དང་ལེན་རྒྱུ་གཉིས་ཀ་འདུག་བསམ་སོང༌།
འདི་ལྟར། བོད་རིགས་རྩོམ་འབྲི་བ་ཚོས། ཞིབ་འཇུག་ཆུང་ཚགས་རེ་བྱས་ནས་རྩོམ་རེ་བྲིས་ན། ཀློག་རྒྱུ་དང་ལེན་རྒྱུ་གཉིས་ཀ་འདུག
གཅན་བཟོད་རྒྱམ་ལགས། ཁྱོད་རང་གི་འགྲོ་ས་དེ་འགྲིག་བསྡད་ཡོད་ནི་རེད། དེ་ཕྱོགས་ནས་ངོ་ནས་རྩོམ་ཡིག་གི་རྒྱུ་ཆ་མང་པོ་རེག་གི་རེད། ཏུང་ཧོང་ན་དེང་སང་བྲག་ཁུང་རྐམ་པོ་མ་གཏོགས་ཡོད་ནི་མ་རེད། དེའི་ནང་གི་རིན་པོ་ཆེ་དེ་ཚོ་དབྱིན་ཇི་དང་། ཕྷ་རན་སི་སོགས་ཀྱིས་རྒྱ་གུང་ཁྲན་མ་ཡོང་སྔོན་ནས་རྐུ་མ་བརྒྱབ་སོང་ནི་རེད།
དེ་མིན་ང་རང་ནི་རྒྱ་སྐད་ཐ་ར་ཐོ་རེ། ཧིན་རྡུ་ཐ་ར་ཐོ་རེ། དབྱིན་ཇི་ཐ་ར་ཐོ་རེ་མ་གཏོགས་མི་ཤེས། ད་མུ་མཐུད་ནས་དབྱིན་ཇི་སྐད་དེ་སྦྱང་རྩིས་ཡོད།
འོ་དགོངས་དག གཅན་བཟོད་རྒྱམ་ཟེར་བ་ཡིན་ས་མ་རེད། བཟོད་རྒྱམ་ཟེར་བ་རེད་འདུག
ཏུན་ཧོང་ལ་ང་1987 ལོར་སོང་མྱོང་། ཏུན་ཧོང་ཞེས་མིང་གྲགས་རྒྱས་བྱེད་ཀྱི་ནང་པའི་ས་ཕུག་མང་པོ་ཡོད་པའི་གནས་དེ་ལ་མའོ་ཀའོ་ཁུའུ་ཟེར་ཞིང་ཏུན་ཧོང་ནི་རྫོང་མིང་རེད།ང་འགྲོ་དུས་ཏུན་ཧོང་ནི་གྲོང་ཁྱེར་ཞིག་མ་རེད། དེ་ན་ཕུག་པ་རྣམས་དང་། དེ་དག་ལ་དོ་དམ་དང་སྣེ་ཤན་གྱི་ལས་ཁུངས་སྐོར་ཞིག ད་དུང་མགྲོན་ཁང་འགའ་བཅས་མ་གཏོགས་མི་འདུག དེ་དང་ཐག་ཉེ་ན་གྲོང་ཁྱེར་གྱི་མིང་ཅོའུ་ཆོན་ཟེར་བ་ཞིག་འདུག སྒོམ་སྡེ་ལྷ་རམས་ཀྱི་གྲོང་ཁྱེར་loulan ཟེར་བ་དེ་གང་ཡིན་མ་ཤེས། ང་ཏུན་ཧོང་གི་རྒྱུད་དེ་ལ་ཅུང་ཙམ་རྒྱ་ཆེ་བར་ཉུལ་བ་ཡིན་ཡང་ནང་སོག་དང་ཐུག་ས་ཞིག་གཏན་ནས་མ་རེད། སྔོན་མ་ས་ཆ་དེ་གང་ཞིག་ལ་གཏོགས་པ་མ་ཤེས་ཀྱང་དེང་སང་ཀན་སུའུ་ཞིང་ཆེན་གྱི་ཁོངས་ཡིན་ཞིང་ཀན་སུའུ་དང་ཞིན་ཅང་གཉིས་ཀྱི་ས་མཚམས་ན་ཡོད། ཏུན་ཧོང་བརྒལ་ན་ཞིན་ཅང་གི་ས་ཐོག་ལ་སླེབས་པ་རེད།
ངག་རྒྱུན་ལ་གནའ་སྔ་མོ་ཞིག་གི་དུས་ལ་ས་ཆ་དེ་བོད་ཀྱི་རུས་རྒྱུད་”ལྡོང་”་གིས་དབང་བསྒྱུར་ཅིང་། ཏུན་ཧོང་ཞེས་པའི་སྒྲ་དེ་ཡང་”ལྡོང་”གི་ཟུར་ཆག་ཡིན་པར་བཤད། དེ་བདེན་མིན་གང་ལྟར་ཡང་ཁྲི་སྲོང་ལྡེ་བཙན་གྱི་སྐབས་ནས་ལོ་གྲངས་བདུན་ཅུ་ཙམ་ལ་བོད་ཀྱིས་དབང་བསྒྱུར་མྱོང་ཞིང་། རྗེས་སུ་ས་ཆ་དེ་བོད་འོག་ནས་ཤོར་ན་ཡང་ས་ཆ་དེའི་སྐད་ཡིག་གཙོ་བོ་བོད་སྐད་བྱས་ནས་ལོ་ངོ་བརྒྱ་ཙམ་ལ་བསྡད་པ་རེད་ཟེར། དེང་སང་རྒྱུད་དེའི་ཝུའུ་ཝེ་ཟེར་(སྔོན་མ་ས་སྐྱ་པཎྚི་ཏ་ཕེབས་ས)བའི་གྲོང་ཁྱེར་དེར་རྒྱུད་དེ་ནས་རྙེད་པའི་བོད་ཀྱི་ཡིག་རྙིང་གི་བསགས་མཛོད་ཅིག་ཡོད།
ང་དེ་ལ་འགྲོ་དུས་ནང་པའི་ས་ཕུག་སྟོང་ཕྲག་ལྷག་ཡོད་སྐད་ཀྱང་། མཇལ་སྐོར་བྱས་ཆོག་པ་ཉིས་བརྒྱ་ཙམ་ཡོད་པ་ལས། ང་རང་གིས་ས་ཕུག་བདུན་ཅུ་ལ་མཇལ་རྒྱུ་བྱུང་། ས་ཕུག་སྐོར་ཞིག་བོད་པས་བཞེངས་པ་རེད་ཟེར་ནས་བསྟན་སོང་། ས་ཕུག་བརྐོ་བ་ལ་བོད་པས་གཡོ་བྱས་རྟགས་རེ་ཡང་བསྟན། དཔེར་ན་བོད་པ་རྣམས་ཀྱིས་གཞན་གྱིས་བཞེངས་ཟིན་པའི་ས་ཕུག་རྙིང་པ་འགའ་རེའི་ལྡེབས་རིས་རྣམས་བསུབ་ནས་ལྡེབས་རིས་གསར་པ་འགའ་རེ་བྲིས་ནས་ས་ཕུག་དེ་ཡང་བོད་པས་བཞེངས་པ་ཡིན་ཞེས་པ་དེ་འདྲ་ཡང་སྟོན་རྒྱུ་འདུག ད་དུང་ཁྲི་སྲོང་ལྡེ་བཙན་སྐབས་ལ་བཞེངས་པའི་མཆོག་རྟེན་རེད་ཟེར་བ་གཉིས་ཀྱང་མཇལ་རྒྱུ་བྱུང་།
འདིའི་སྐོར་ལ་དེ་དུས་ངས་ཟིན་བྲིས་མང་པོ་བཏབ་ཡོད་ལ་ད་ལྟ་ཡང་ངའི་ལག་སྣེ་ན་ཡིག་ཆ་མང་པོ་ཡོད། དོ་སྣང་ཡོད་ན་ག་ལེར་ངོ་སྤྲོད་ཞུས་ཆོག
རབ་འབྱོར་དྲིན་ཆེན་པོ། མུ་མཐུད་ནས་གསུངས་དང་། ང་ཚོས་ཏུན་ཧོང་ཞིབ་འཇུག་ཅེས་རྩོམ་ཡིག་བཀླགས་བཀླགས་ནས་བྲིས་བྲིས་ནས་ད་དུང་ས་ཆ་ངོ་མ་འཕྲོད་པ་དེ་འདྲ་ཡོང་ན་ངོ་ཚ་པོ་འདུག མུ་མཐུད་ནས་གསུངས་དང་།
རབ་འབྱོར་ལགས་ཀྱི་གསུངས་སྟངས་དེས་ང་ཡང་ར་བཟི་བཞིན་ཏུན་ཧོང་གི་ཕྱོགས་་ལ་འཁྲིད་སོང༌།
ཕལ་ཆེར་སང་ཉིན་ཞོགས་པ་དེར་སླེབས་པ་ཡོད། ཨ་ལ་ཀུ་རེ་ཡིན།
སྐུ་ཉིད་ཀྱིས་ཏུན་ཧོང་གི་སྐོར་ལ་གང་ཡོད་པ་དེ་ཚོ་མཆན་བུའི་ནང་ལ་མ་བཞག་པར་རྩོམ་གྱི་ནང་ལ་འཇོག་རོགས་གནང༌།
འདི་རེ་བ་ཡིན།
རབ་འབྱོར་ལགས།
༡༽ ངེད་ནས་ཏུན་ཧོང་ནི་ནང་སོག་དང་ཤིན་ཅང་གཉིས་ཀྱི་བར་དུ་ཆགས་པའི་ས་ཁུལ་ཞིག་རེད་བྱས་པར་ཉིད་ནས་དེར་ཐུགས་དོགས་ཡོད་པའི་རྣམ་པ་ལྟ་བུ་ཞིག་ཐོན་འདུག ཏུན་ཧོང་ནི་ནང་སོག་དང་ཤིན་ཅང་གཉིས་ཀྱི་བར་དུ་ཡོད་མེད་འོག་གི་ས་ཁྲ་ལ་གཟིགས་ན་གསལ་བར་མཁྱེན་ནུས།
http://www.justchina.org/china/images/dunhuang/dunhuang-map2.gif
༢༽ ཉེ་འཁོར་གྱི་ཅོའུ་ཆོན་ཟེར་བ་ལྟ་བུ་མ་སྨོས་པར་ལོའུ་ལན་Loulan སྨོས་དགོས་དོན་ནི། གྲོང་ཁྱེར་དེ་ནི་དུས་རབས་བདུན་པ་ཙམ་ནས་ཡོངས་སུ་གྲགས་པའི་གྲོང་ཁྱེར་ཞིག་ཡིན་པས། ས་ཁྲ་སོགས་སུ་འཚོལ་བདེ་བའི་ཁྱད་ཡོད་ཙང་དེས་ཡིན། མ་ཟད་གོས་ཆེན་གྱི་ཚོང་ལམ་Silk Road ཟེར་བ་དེ་ཡང་གྲོང་ཁྱེར་དེ་བརྒྱུད་ནས་འགྲོ་དགོས་ཀྱི་ཡོད། དཔེར་ན་ཅོའུ་ཆོན་ཟེར་བ་ལྟ་བུ་ཡོངས་གྲགས་ཀྱི་ས་ཁྲ་མང་པོའི་ནང་འཁོད་མེད་ཙང་། མིང་སྨོས་ཀྱང་ཕན་ནུས་དེ་ཙམ་མེད།
གཞན་ཡང་། ས་ཐག་ཉེ་རིང་ཟེར་བ་དེ་ཡང་ལྟོས་ས་ལྟོས་འཇོག་གིས་བཞག་པ་ཞིག་མ་ཡིན་ནམ། དཔེར་ན་རྒྱ་གར་དེ་འཛམ་གླིང་ནང་བོད་དང་ས་ཐག་ཉེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས་“རྒྱ་གར་དེ་བོད་དང་ས་ཐག་མི་རིང་བའི་ས་ན་ཡོད”ཅེས་སྨྲས་ཀྱང་སྨྲ་རུང་བ་ལྟ་བུ་མ་ཡིན་ནམ།
༣ མེས་ཨག་ཚོམ་ནི་ཁྲི་སྲོང་ལྡེ་བཙན་གྱི་ཡབ་ཡིན་པས། མེས་ཨག་ཚོམ་རྒྱལ་རབས་༣༧པ་དང་། ཁྲི་སྲོང་ལྡེ་བཙན་རྒྱལ་རབས་༣༨པ་ཡིན་པས། ངེད་ནས་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་གྱི་སྐབས་སུ་བོད་པས་ལོ་དྲུག་ཅུ་སྐོར་ཞིག་དབང་སྒྱུར་བྱས་ཞེས་པ་དང་། ཁྱེད་ཀྱིས་ཁྲི་སྲོང་ལྡེའུ་མཚན་གྱིས་སྐབས་ལོ་བདུན་ཅུ་སྐོར་ཞིག་དབང་སྒྱུར་བྱས་ཚུལ་བཤད་པ་གཉིས་ཧ་ཅང་ཉེ་པོ་འདུག ཕྱི་རྒྱལ་གྱི་ཡིག་ཆ་ཁུངས་མ་དག་ཏུ་༼༧༨༡-༨༤༠༽བར་བོད་པས་དབང་སྒྱུར་བྱས་ཚུལ་བཤད་པ་དེ། དུས་ཚིགས་བརྩིས་ན་མེས་ཨག་ཚོམ་ལ་ཏག་ཏག་འཁེལ་གྱི་འདུག
འོན་ཀྱང་གཞི་བཅོལ་སའི་རྒྱའི་ཡིག་ཆ་ཁུངས་ལྡན་འདྲ་ཡོད་ན་ཡག་པོ་འདུག་སྙམ།
ངོ་མ་དགའ་གི མཁས་པའི་བགྲོ་གླེང་རང་རེད་འདུག མང་ཙམ་གནངས་དང་།
ཡང་བསྐྱར་གནས་ཚུལ་ཞིག་དྲན་བྱུང་།
Silk Road༼གོས་ཆེན་གྱི་ཚོང་ལམ༽ ཞེས་པའི་བརྙན་ཐག་video བརྒྱད་དགུ་ཞིག་འདུག་པ་༼ཕྱི་རྒྱལ་གྱི་དཔེ་མཛོད་རྣམས་སུ་ཡོད༽དེར་གཟིགས་ན། Taklamakan desert ཏག་ལ་མཱ་ཀན་ཞེས་པའི་བྱེ་ཐང་ཆེན་པོའི་ཉེ་འདབས་སུ་ཡིན་སྙམ་ཡག་པོ་མི་དྲན། གང་ལྟར་དེའི་གཡས་གཡོན་ཞིག་ཏུ་༼སྔར་ཤིན་ཅང་གི་ས་ཁུལ་དེར༽བོད་པས་དབང་བསྒྱུར་བྱས་དུས་བོད་དམག་སྡོད་ས་རེད་ཟེར་བའི་རྫོང་ཤུལ་ཧ་ཅང་གི་ཆེན་པོ་ཞིག་མཐོང་རྒྱུ་འདུག རྒྱུ་མཚན་དེ་ལ་བརྟེན་ནས་བོད་འདི་དུས་རབས་བཅུ་གཉིས་བཅུ་གསུམ་སོགས་སུའང་དམག་གི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད་པའི་མངོན་རྟགས་གསལ་པོ་འདུག ལོ་རྒྱུས་ཉམས་ཞིབ་པ་རྣམས་ཀྱིས་གནས་ཚུལ་འདི་དག་ལ་ངེས་པར་ཐུགས་སྣང་གནང་དགོས་འདུག
སྒོམ་སྡེ་ལྷ་རམས་པ་ལགས།
སྐུ་ཉིད་ཀྱིས་ཟུར་འདོགས་གནང་བའི་ས་ཁྲ་དེ་ལ་ངས་བལྟས་པ་ཡིན། སྔོན་མ་ཡང་དེའི་རྒྱུད་ཀྱི་ས་ཁྲ་ལ་ལན་མང་བལྟས་མྱོང་། སྐུ་ཉིད་ཀྱིས་རང་གི་ས་ཁྲ་དེ་ལ་ཡང་སྐྱར་ཐེངས་གཅིག་གཟིགས་རོགས་གནང་། ངའི་མཐོང་སྣང་ལ་སྐུ་ཉིད་ཀྱི་ས་ཁྲའི་ཐོག་ན་ཏུན་ཧོང་ནི་ཀན་སུའུ་དང་ཞིན་ཅང་གཉིས་ཀྱི་འདྲེས་མཚམས་དག་དག་ན་ཡོད་པ་མ་གཏོགས་ཞིན་ཅང་དང་ནང་སོག་གཉིས་འདྲེས་མཚམས་ན་མི་འདུག
སྐུ་ཉིད་ཀྱིས་ཅོའུ་ཆོན་ཟེར་བ་ལྟ་བུ་ཡོངས་གྲགས་ཀྱི་ས་ཁྲ་མང་པོའི་ནང་འཁོད་མེད་ཙང་། མིང་སྨོས་ཀྱང་ཕན་ནུས་དེ་ཙམ་མེད་ཅེས་གསུངས་འདུག དངོས་གནས་བྱས་ན་ཅོའུ་ཆོན་ཟེར་བ་དེ་དེང་སང་གི་ས་ཁྲ་ཅུང་ཞིབ་ཕྲ་ཅན་ཞིག་གི་ཐོག་ལ་མི་འགོད་པ་མི་སྲིད་པའི་གྲོང་ཁྱེར་ཞིག་རེད། དེ་ནི་ང་ནོར་མེད་ཏུན་ཧོང་རྫོང་གི་རྒྱལ་ས་རེད། ཏུན་ཧོང་ལ་འགྲོ་ན་ངེས་པར་བརྒྱུད་དགོས་པ་དང་། ཏུན་ཧོང་ལ་ལྟད་སྐོར་བའི་འཚང་ཁ་ཆེ་དུས་འགྲོ་མཁན་མང་པོ་ཉིན་དཀར་ཏུན་ཧོང་ལ་འགྲོ་ཞིང་དགོང་མོ་ཅོའུ་ཆོན་གྲོང་ཁྱེར་ལ་གནས་སྡོད་བྱེད། ང་རང་ཡང་ཏུན་ཧོང་ལ་འགྲོ་དུས་ཕར་ལམ་ཚུར་ལམ་ཅོའུ་ཆོན་ལ་ཞག་འདུག་བྱས་པ་ཡིན།
ང་འགྲོ་དུས་་ཅོའུ་ཆོན་ལ་ཏུན་ཧོང་གི་འགྲེམས་སྟོན་ཁང་ཞིག་རྒྱག་གི་འདུག་ཅིང་། དེའི་ནང་ལ་ཏུན་ཧོང་ནས་གསར་དུ་རྙེད་པའི་བོད་ཡིག་གི་ཤོག་དྲིལ་འགའ་ཞིག་ལ་མཇལ་བའི་གོ་སྐབས་ཀྱང་བྱུང་། དོ་དམ་པ་ལ་ཞུ་བ་འཐེན་ནས་ཤོག་དྲིལ་གཅིག་གི་ཁ་འབྱེད་དུ་བཅུག་སོང་། ཁ་ཕྱེ་དུས་བར་ཞིག་ནས་ཤོག་ཐུམ་ཆུང་ཆུང་ཞིག་མངོན་ཡོང་སོང་། དེའི་ཁ་ཕྱེ་དུས་ནང་ན་སྐྲ་ཚོམ་བུ་ཞིག་འདུག དེ་ཅི་ཡིན་སྙམ་ནས་ཤོག་ཐུམ་དེའི་ཕྱི་ནང་ལ་ཞིབ་ལྟ་བྱེད་སྐབས་ཏུན་ཧོང་གི་ཡིག་རིས་ལྟ་བུ་ཞིག་གིས་བེ་རོ་ཙ་ནའི་དབུ་སྐྲ་ཡིན་ཚུལ་བྲིས་འདུག འདི་ནི་ཞོར་འཕྲོས་ཡིན།
ཁོམ་ལོང་བྱུང་དུས་ལ་ངས་ཏུན་ཧོང་གི་སྐོར་ལ་རྒྱའི་ཡིག་ཁུངས་ལ་གཞི་བཅོལ་ནས་གླེང་རྩོམ་ཐུང་ཐུང་རེ་སྤེལ་རྩིས་ཡོད་པས་རྗེས་མ་ཡང་སྐྱར་མཇལ་ཡོང་།
ཨ་རོ། སྒོམ་སྡེ། དེ་རིང་འདིར་སྐུ་ཞབས་རབ་འབྱོར་ཕེབས་འདུག་པས་ངས་ཀྱང་འདིས་ནང་ལ་སྐེ་སོ་ཞིག་བྱས་པ་ཡིན། ཁྲི་ལྡེ་གཙུག་བཙན་ཏུན་ཧོང་གི་ལོ་ཚིགས་གནད་བསྡུས་ལྟར་ན་ཁོང་ ༧༠༤ ནས་༧༥༤ བར་ཞིག་ཡིན་དགོས་ཀྱི་འདུག འཁྲུངས་ལོ་གསལ་བོ་ཡིན་ཡང་། གྲོངས་ལོ་གསལ་བོ་ཞེ་དྲག་མ་རེད། ཡིན་ན་ཡང་། ༧༥༥ལོར་ཡབ་ཀྱི་ཁོར་ཕ་དམག་གིས་ཕབ་ཟེར་བ་དེར་བལྟས་ན་ཕལ་ཆེར་ ༧༥༤ ཡིན་དགོས་འདུག ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཟེར་བ་དེའི་མཇུག་ལ་བོད་ཀྱི་བཙན་པོ་རིམ་བྱུང་གི་རེའུ་མིག་ཅིག་ཏུན་ཧོང་ཡིག་རྙིང་གཞིར་བཟུང་ནས་བཀོད་འདུག་པའི་ནང་ཡང་། (ཁྲི་ལྡེ་གཙུག་བཙན། ཁྲི་ལྡེ་གཙུག་བརྟན། མེས་ཨོགཚོམ ༧༠༤-754)ཞེས་བཀོད་འདུག ཕྱི་རྒྱལ་ཡིག་ཆ་ཁུངས་མ་ཟེར་ན་ཁྱེད་རང་གིས་ཡིག་ཆ་གང་བཤད་གི་ཡོད། མིང་ཅིག་ཤོད་དང་། ཕྱི་རྒྱལ་བ་དེ་ཚོས་ཕལ་ཆེ་བ་ཞིག་གིས་ཏུན་ཧོང་ལ་ཁུངས་གཏུགས་ནས་བྲིས་ཡོང་གི་མི་འདུག་གེ
དེ་ནས་གོས་ཆེན་གྱི་ཚོང་ལམ་ལ་མིང་གསར་པ་དེ་འདྲ་ཡིན་གཅིག་མིན་གཅིག་འདོགས་དགོས་གི་ཨེ་ཡོད། དེ་ལ་རྒྱ་མོའི་དར་ལམ་ཟེར་གི་ཡོད་པ་མ་རེད་དམ། ངས་ཁྱེད་རང་གི་རྩོམ་དེ་དྲ་གནས་ནས་ཕབ་བཤུས་བྱས་པ་ཞིག་རེད་བསམ་ནས་ཡག་པོ་ཀློག་མེད། སང་ཉིན་ཡག་པོ་ཀློག་གི་ཡིན།
སྒོམ་སྡེ་ལྷ་རམས་དང་རབ་འབྱོར་གཉིས་ལ་སྙིང་ནས་ཟིལ་མེད་ཀྱིས་ཐུགས་རྗི་གྲངས་མེད་ཞུ།
སྒོམ་སྡེ་ལྷ་རམས་པ་ལགས།
དགོངས་དག་་་ང་རྦད་དེ་འཁྲུག་འདུག་་་ང་ཅོའུ་ཆོན་དང་ཏུན་ཧོང་གྲོང་ཁྱེར་གཉིས་བར་ལ་འཁྲུག་འདུག་་་ནང་པའི་ཕུག་པ་མང་པོ་ཡོད་སའི་གནས་ངོ་མ་མ’ོ་ཀོ་ཁོའུ་ཟེར་བ་དང་ཐག་ཉེ་བ’ི་གྲོང་ཁྱེར་དེ་ཅོའུ་ཆོན་གྲོང་ཁྱེར་མ་རེད་ཏུན་ཧོང་གྲོང་ཁྱེར་རེད།་་་ཅོའུ་ཆོན་གྲོང་ཁྱེར་ཟེར་བ་རྒྱ་མོའི་དར་ལམ་མམ་དར་གོས་འཚོང་ལམ་གྱི་གྲོང་ཁྱེར་ཆེན་པོ་ཞིག་ཡིན་ན་ཡང་ཏུན་ཧོང་དང་ཐག་རིང་།་་ངས་དེའི་རྒྱུད་ཀྱི་ས་ཁྲ་ལ་ཡང་སྐྱར་བལྟས་པ་ཡིན་ཡང་Laulan ཟེར་བའི་གྲོང་ཁྱེར་ཞིག་མཐོང་རྒྱུ་མི་འདུག་་གཅིག་བྱས་ན་སྔོན་མ་ཞིག་ལ་དེའི་རྒྱུད་ཀྱི་གྲོང་ཁྱེར་ཀྲང་ཡེ་དང་ཝུའུ་ཝེ།་་ཅོའུ་ཆོན་ལྟ་བུ་ལས་གཅིག་ལ་་Laoulanཟེར་བ་ཡིན་ནམ།་་དེང་སང་མིང་དེ་ཕལ་ཆེར་ཡལ་ཚར་བ་འདྲ།
མགོན་པོ་ཕྱྒ་གཉིས་ལགས་ཐུགས་རྗེ་ཆེ།་་་རྒྱ་མོའི་དར་ལམ་ཟེར་བ་ད་བར་དུ་གོ་མ་མྱོང་།་་་མིང་འདི་དེ་འདྲ’ི་སྙན་པ་ལ།
ས་སྐྱའི་གདུང་རབས་དང་བོད་ཀྱི་ཆོས་འབྱུང་དག་ཏུ།་་སོག་པོའི་རྒྱལ་པོ་གོ་དན་གྱིས་ས་སྐྱ་པན་ཊི་ཏ་གདན་འདྲེན་ཞུ་ས་དེ་ལ་བྱང་ངོས་ཟེར་གྱི་འདུག་་་འདི་ཡིན་རྒྱུ་ནི་ཕལ་ཆེར་གོང་གི་རྒྱ་མོའི་དར་ལམ་རྒྱུད་ཀྱི་ཝུའུ་ཝེ་ཟེར་བའི་གྲོང་ཁྱེར་དེ་ཡིན།་་་བྱང་ངོས་ཟེར་བ་འདི་ཡུལ་ཁམས་དེ་འབྲེལ་བའི་བོད་མིང་ཞིག་ཡིན་ན་ཡང་དེས་གྲོང་ཁྱེར་དེ་གཅིག་པོ་སྟོན་གྱི་ཡོད་དམ་རྒྱ་མོའི་དར་ལམ་སྟོན་གྱི་ཡོད་པ་གང་ཡིན་མ་ཤེས།
རབ་འབྱོར་ལགས།
ཁྲི་སྲོང་ལྡེ་བཙན་གྱིས་ཏུན་ཧོང་དབང་སྒྱུར་བྱས་སྐོར་གསུངས་པ་དེ་ངེད་ལ་བློ་སྐྱེད་གནང་བྱུང་བར་ཐུགས་རྗེ་ཆེ། ཁྱེད་ཀྱིས་གསུངས་པ་དེ་ཕལ་ཆེར་བདེན་པར་ལྟར་འདུག འོན་ཀྱང་ད་དུང་དཔྱད་དགོས།
མེས་ཨག་ཚོམ་གྱི་འཁྲུངས་འདས་ལོ་ཚིགས་(740-802)འདི་ངེད་ནས་བོད་རྒྱ་ཚིག་མཛོད་ཆེན་མོར་གཞི་བཅོལ་བ་ཡིན་རུང་། བོད་རྒྱ་ཚིག་མཛོད་ལའང་རང་ལུགས་གང་ཡིན་གསལ་ཁ་མི་འདུག མ་ཟད་ཏུན་ཧོང་ནས་ཐོན་པའི་ཡིག་ཆ་ལའང་འདྲ་མིན་སྣ་ཚོགས་ཤིག་འདུག་པ་བོད་རྒྱ་ཚིག་མཛོད་མོའི་མཇུག་གི་རེའུ་མིག་ཏུ་གསལ།
གང་ལྟར་འདི་ལ་དོགས་པ་གསུམ་འདུག
བོད་ཀྱིས་ཏུན་ཧོང་དབང་སྒྱུར་བྱས་པའི་དུས་ཚོད་དེ།
༡༽ ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་གྱི་དུས་སུ་ཡིན་ནམ།
༢༽ ཁྲི་སྲོང་ལྡེ་བཙན་གྱི་དུས་ཡིན་ནམ།
༣༽ ཡང་ན་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་གྱི་དུས་སུ་འགོ་བཙུགས་ནས་ཁྲི་སྲོང་ལྡེ་བཙན་སྐབས་སུ་མཇུག་བསྒྲིལ་བ་སོགས་གང་ཡིན་གྱི་སྐོར་ལ་ད་དུང་དཔྱད་པ་གཏོང་དགོས་པ་འདུག་སྙམ།
མགོན་པོ་ཕྱག་གཉིས་པ།
རབ་འབྱོར་ལགས་ནས་དགོངས་ཚུལ་བཏོན་པ་ལྟར་ཁྱེད་ནས་Silk Road ལ་ “རྒྱ་མོའི་དར་ལམ”ཞེས་མིང་གསར་པ་སུས་ཀྱང་གོ་མ་མྱོང་བ་དང་གོ་མི་ཐུབ་ཅིག་བཏགས་འདུག འདི་མཁས་བླུན་སུའི་དབང་དུ་བྱས་པ་ཡིན། ད་དུང་ངས་“གོས་ཆེན་གྱི་འཚོང་ལམ”ཟེར་བར་འགྲིག་མི་འདུག་མདོག་མདོག ཁྱེད་རང་གིས་རྒྱ་མོའི་དར་ལམ་ཟེར་བ་དེར་འགྲེལ་བཤད་ཅིག་གནང་རོགས། མ་གཞི་ཁྱོད་གོ་སླ་བ་དེ་དཀའ་རུ་གཏོང་མཁན་ཞིག་རེད།
སྤྱིར་བཏང་འདི་ལ་འགའ་རེས་“དར་གྱི་ལམ་བུ”དང་། “དར་གོས་ཀྱི་ལམ”ཟེར་བ་སོགས་སྣ་ཚོགས་ཤིག་འདུག
འདི་ཕ་སྐད་ལྷད་མེད་གནའ་ནས་ད་བར་དམངས་ཁྲོད་ལ་འཇགས་ཡོད་པའི་ཐ་སྙད་ཅིག་རེད། ཁྱེད་ཀྱིས་མི་ཤེས་པ་ཁག་མེད། མི་ཤེས་ན་བསྡུས་ར་བེད་སྤྱོད་ཐོངས། ལོ་ཚིགས་དེ་ཚོ་ནོར་སོང་ནའང་བསྡུས་ར་བེད་སྤྱོད་ཐོངས། ཁ་སང་དེ་རིང་ཁྱོད་ལ་ཁ་གཏད་མང་སྐབས་འདིར་བསྡུས་རས་ཕན་མ་ཐོགས་ན་དེ་རང་གི་སྡོམ་པ་དང་མཉམ་དུ་ཁམས་དཀར་གྱིས་ཁ་གསོས་བྱས་ནས་དབྱིན་མོ་ཞིག་གི་སྟུ་ནང་ཡར་བརྫང་ཤོག
སྒོམ་སྡེ་ལྷ་རམས་པ་ལགས།
དེ་རིང་འདིར་ཏུན་ཧོང་དེ་དང་པོ་ཇི་ལྟར་བྱུང་བའི་སྐོར་མདོར་བསྡུས་ཤིག་བྲིས་ན་འདོད། ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བོད་ཀྱིས་ཏུན་ཧོང་ལ་དབང་བསྒྱུར་ཚུལ་རིམ་གྱིས་ཡོང་རྒྱུ་ཡིན་པ་དགོངས་འཇགས་འཚལ།
———————
རྒྱ་ཡིག་གི་ཏུན་ཧོང་ཞེས་པའི་ཏུན་སྒྲ་ནི་ཆེན་པོའི་དོན་དང་། ཧོང་སྒྲ་ནི་དར་བའམ་རྒྱས་པའི་དོན་ལ་གོ་དགོས་པར་བཤད་དེ། མདོར་ན་དར་རྒྱས་ཆེན་པོ་ཞེས་པ་ལྟ་བུའི་གོ་དོན་ཞིག་འབབ་བོ།
དེང་སང་གི་རྒྱ་ནག་ནང་ལོགས་ཀྱི་དར་རྒྱས་ཅན་གྱི་གྲོང་ཁྱེར་དང་ཡུལ་ཁམས་ཤིག་ལ་བསྡུར་ན། མྱ་ངམ་ཐང་དཀྱིལ་ན་ཡོད་པའི་ཏུན་ཧོང་ནི་དར་རྒྱས་ཆེན་པོའི་ཡུལ་ཞིག་ཏུ་ངོས་འཛིན་པ་ནི་ཧ་ཅང་དཀའ། ཡིན་ན་ཡང་། རྒྱའི་ལོ་རྒྱུས་སྨྲ་པ་རྣམས་ཀྱིས་དུས་རབས་གཉིས་པའི་གཡས་གཡོན་ལ་ཡུལ་འདིའི་དཔལ་འབྱོར་དང་རིག་གནས། མི་འབོར་བཅས་གང་ཐད་ནས་སྐབས་དེའི་རྒྱ་ནག་ནང་ལོགས་ཀྱི་གྲོང་ཁྱེར་ཆེན་པོ་(དེང་སང་ཡང་ཆེན་པོ་ཡིན།)ལོ་དབྱང་དང་ཁྲང་ཨན་(དེང་སང་གི་ཤིས་ཨན་ཏེ། སྲོང་བཙན་གྱི་རྒྱ་བཟའ་ཀོང་ཇོའི་ཕ་ཡུལ།)ལྟ་བུ་དང་དོ་མཉམ་པའི་དུས་སྐབས་ཤིག་བྱུང་ཡོད་པར་བཤད། འདི་ལྟར་ཡིན་ལུགས་ཡིན་སྟངས་རྒྱའི་ལོ་རྒྱུས་སྨྲ་པ་རྣམས་ཀྱིས་མང་པོ་བཤད་ཡོད་ན་ཡང་ངོ་སྤྲོད་མདོར་བསྡུས་འདི་ལ་དེ་བརྗོད་དགོས་དོན་མ་མཐོང་།
ཏུན་ཧོང་ནི་ཏུན་ཧོང་གྲོང་ཁྱེར་ལས་མལ་ལེ་ཉེར་ལྔ་ཙམ་གྱི་ས་ན་ཡོད་པའི་ནང་ཆོས་ཀྱི་ནང་དོན་ཅན་གྱི་ལྡེབས་རིས་དང་ལྡེར་བཟོ་སྣ་ཚོགས་ཡོད་པའི་བྲག་ཕུག་གི་ཚོགས་ཤིག་ཡོད་པ་དེས་མིང་གྲགས་རྒྱས་པ་ཡིན། དེའི་བྲག་ཕུག་དང་པོ་ནི་སྤྱི་ལོ་ ༣༦༦ ལོར་བརྐོས་པར་བཤད།
ཏུན་ཧོང་ཐང་དཀྱིལ་དུ་རི་བོ་གཉིས་རྒྱང་ཁད་རིང་པོའི་ས་ན་ཕན་ཚུན་ཁ་གཏད་ཀྱིས་ཡོད་པ་ལ། གཅིག་གི་མིང་ལ་སན་ཝེ་རི་བོ་དང་ཅིག་ཤོས་ཀྱི་མིང་ལ་མིན་ཧྲ་རི་བོ་ཟེར། ཏུན་ཧོང་གི་བྲག་ཕུག་རྣམས་ནི་མིན་ཧྲ་རི་བོ་ཟེར་བ་དེའི་ལྡེབས་ངོས་ལ་བརྐོས་ཡོད།
དེ་ཡང་སྤྱི་ལོ་ ༣༦༦ ལོར་རྒྱའི་ཧྭ་ཤང་ཞིག་ཡུལ་སྐོར་གྱིས་མིན་ཧྲ་རི་བོའི་འདབས་སུ་སླེབས་སྐབས། ནུབ་ཁའི་ཉི་འོད་སན་ཝེ་རི་བོ་ཡི་རྩེ་ལ་འཕྲོས་པ་ན། རི་རྩེ་དེ་ནས་འོད་ཟེར་བཀྲག་མདངས་ཅན་ལྡོག་འཕྲོས་བྱས་པའི་ནང་དུ་བཅོམ་ལྡན་འདས་ཀྱི་གཟུགས་བརྙན་ཁྲི་ཕྲག་ཤར་བ་གཟིགས། དེ་ལ་བརྟེན་ནས་ཧྭ་ཤང་དེས་དེ་གནས་བྱིན་ཅན་ཞིག་ཡིན་པར་ཡིད་ཆེས་ཀྱིས་དེ་ལ་གནས་བཅས་ཏེ་ཁོ་རང་འདུག་སའི་བྲག་ཕུག་ཅིག་བརྐོས། དེ་ནི་དེང་སང་ཏུན་ཧོང་ན་ཡོད་པའི་བྲག་ཕུག་གི་ཚོགས་དེའི་བྲག་ཕུག་དང་པོ་ཡིན་པར་བཤད།
དེང་སང་ཏུན་ཧོང་ལ་ཞིབ་འཇུག་བྱེད་མཁན་གྱི་རྒྱའི་མཁས་པ་རྣམས་ཀྱིས། ཧྭ་ཤང་དེས་སན་ཝེ་ཡི་རི་རྩེར་བཅོམ་ལྡན་འདས་ཀྱི་གཟུགས་བརྙན་མཇལ་བ་ནི་ཁོང་ལ་མིག་འཕྲུལ་བྱུང་བར་འདོད། ཁོ་ཚོས་བལྟས་ན། སན་ཝེ་རི་བོ་སྐམ་པོ་ཡིན་པ་དང་། ཉིན་གང་པོར་ཉི་འོད་ཀྱིས་བསྲོས་ནས་ཕྱི་དྲོ་རི་རྩེ་ལ་ཚ་སྟོབས་རྒྱས་ཡོད་པ། རིའི་ཁོང་ན་གཏེར་དངོས་ཡོད་པ། དེ་རྣམས་ཀྱི་སྟེང་ལ་ནུབ་ཁའི་ཉི་འོད་འཕྲོས་ནས་རྫས་འགྱུར་གྱི་ནུས་པས་གྲྭ་པ་དེ་ལ་སྨུག་སྒྱུ་དང་མིག་འཕྲུལ་ལྟ་བུ་ཞིག་བྱུང་ཡོད།
དོན་འགྲུབ་རྒྱལ་གྱི་ཏུན་ཧོང་གི་མཐོང་ཐོས་མདོར་བསྡུས་ནང་། རྒྱའི་ལོ་རྒྱུས་ཀྱི་དེབ་ཐེར་ནང་བཀོད་པ་ལྟར་ན། སྤྱི་ལོ༧༨༡-༨༤༨ བར་གྱི་ལོ་ངོ་དྲུག་ཅུ་རེ་བདུན་གྱི་རིང་ལ་བོད་དམག་གིས་ཏུན་ཧོང་ལ་དབང་བསྒྱུར་ཞེས་གསལ། དེ་ལྟར་ན་ཏུན་ཧོང་གི་དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས་ལྟར་བྱས་ན་ཁྲི་སྲོང་ལྡེ་བཙན་དགུང་ལོ་བཞི་བཅུ་མ་སོན་ཙམ་ནས་ཁྲི་རལ་བ་ཅན་གྲོངས་ནས་ལོ་བཞི་འགོར་མ་འགོར་ཞིག་གི་བར་ཡིན་པ་འདྲ།
ཏུན་ཧོང་གི་ལོ་ཚིགས་གནད་བསྡུས་འདི་སྲོང་བཙན་གྲོངས་པ་ནས་བཟུང་སྟེ་ལོ་བརྒྱ་དང་བཅུ་གསུམ་གྱི་ལོ་རེའི་དོན་ཆེན་ཚང་མ་པང་བསྒྲིགས་ནས་ཡོད་པ་མ་ཟད་ཐང་བོད་གསར་རྙིང་གི་ལོ་ཚིགས་སོགས་དང་ཡང་ཕལ་ཆེར་མཐུན་གི་ཡོད་འདུག་པས་ངོ་མ་ཡིད་ཆེས་འཕེར་བ་ཞིག་རེད།
མགོན་པོ་ཕྱག་གཉིས་པ།
ཁ་སྔོན་ཁྱེད་ཀྱིས་ངེད་ཀྱི་ཏུན་ཧོང་གི་རྩོམ་ཡིག་འདི་ཁུངས་གང་ལ་གཏུགས་སྐོར་ཞིག་དྲིས་བྱུང་བར། དེ་ནི་གཙོ་བོ་དབྱིན་ཇིའི་རིག་མཛོད་ཆེན་མོ་Encyclopedia Britannica ལ་གཙོ་བོར་གཏུགས་པ་ཡིན། རིག་མཛོད་ཆེན་མོ་འདི་ནི་ཡོངས་སུ་གྲགས་པའི་ཁུངས་ལྡན་གྱི་ཡིག་ཆར་རྒྱལ་ཁབ་ཚང་མས་ཁས་ལེན་གྱི་རེད། དེར་མེད་པ་རྣམས་གཞན་ནས་ཁ་གསབ་བྱས་པ་ཡིན། ཡང་བློ་ལ་མི་བབས་པ་འགའ་གཞན་ལ་གཞི་བཅོལ།
རིག་མཛོད་འདི་ལ་སྤར་ཐེངས་མང་པོ་ཡོད་རེད་ད། ཅིག་ཁོ་ནར་མ་གཟིགས་རོགས།
བོད་ཀྱིས་དབང་སྒྱུར་བྱས་པའི་དུས་ཚིགས་དེ་(༧༨༡ནས༨༤༨)འདི་རང་རེད། གོང་དུ་ངེད་ཀྱིས་༨༤༨ ལ་་༨༤༠ ཞེས་ཡིག་ནོར་བྱུང་འདུག དབྱིན་ཇིའི་རིག་མཛོད་ནང་དང་གཅིག་པ་གཅིག་ཀྱང་རེད།
ཏུན་ཧོང་གི་བྲག་ཕུག་དང་པོ་ཇི་ལྟར་བཞེངས་པའི་ལོ་རྒྱུས་འདི་ཚོ་མཁས་པ་ཚང་མ་འགྲིན་གཅིག་དབྱངས་གཅིག་གིས་ཚང་མས་ལུང་ཚིག་གཅིག་རང་གཅིག་འདྲེན་གྱི་འདུག དེ་བས་ངས་དེའི་ཁུངས་ཅིག་བཙལ་བ་ཡིན། དེ་ཚང་མའི་ཁུངས་ནི་ཏུན་ཧོང་རང་ན་ཡོད་པའི་ཐང་རྒྱལ་རབས་སྐབས་ཀྱི་རྡོ་རིང་ཞིག་རེད། རབ་འབྱོར་ལགས་ཀྱིས་རྡོ་རིང་དེ་མཇལ་ཡོད་ན་མེད་ན།
ལྷ་རམས་པ་དང་ཁྱེད་གཉིས་ཀྱིས་ཧྭ་ཤིང་ཞིག་ནས་ཟེར་བའི་ཧྭ་ཤིང་དེའི་མིང་ལ་ཡོ་ཙུན་ཟེར། དེའི་མིང་དང་བྲག་ཕུག་ཇི་ལྟར་བརྐོས་པ་ལོ་ཚིགས་་དང་བཅས་པ་ཚང་མ་རྡོ་རིང་དེའི་ཐོག་བཀོད་ཡོད་འདུག
རྡོ་གྲུབ་རྒྱལ་གྱིས་རྡོ་རིང་གི་ཡི་གེ་ཚང་མ་མར་བསྒྱུར་འགོད་བྱས་འདུག་ལ་གཞན་གངས་བུ་ཟེར་བ་ཞིག་ནས་ཀྱང་རྡོ་རིང་གི་ཡི་གེ་མར་ཇི་བཞིན་བཀོད་འདུག
བྲག་ཕུག་སྐོར་ལ་འདི་ལས་ལྷག་པའི་ཁུངས་ཤིག་ཡོད་རྒྱུ་མ་རེད་འདོད་དེ། གཞན་ཅུང་ཟད་མི་མཐུན་པ་ཞིག་ཡོད་པ་ནི་ཆོས་རྒྱལ་ཐར་ཟེར་བ་ཞིག་ནས། དཔྱད་གཞིའི་ཡིག་ཆ་ལྟར་ན། ༣༦༠ ལོརརྒྱའི་བཙུན་པ་ལེ་ཙོན་གྱིས་ས་དེར་བྲག་ཕུག་བཞེངས་ཞེས་གསལ། བོད་སྐད་དུ་ཕལ་ཆེར་ཀླུ་བཙུན་ཟེར་ཟེར་ནས་གུག་རྟགས་ནང་བཀོད་འདུག ད་རུང་མོ་ཀོ་ཕུག་ལ། དེང་སང་དཔྱད་ཡིག་འགར་སྨུག་པོ་ཕུག་ཞེས་པའང་སྣང་ཟེར་ནས་གུག་རྟགས་ནང་བཀོད་ཤག
མགོན་པོ་ཕྱག་གཉིས་པ་ལ་ཕྱག་འཚལ་ལོ།་་གསུང་ལ་མངོན་པར་བསྟོད་དོ།
ཁྱེད་ཀྱིས་གསུངས་པ་བདེན་པ་རེད།་་་སྤྱི་ལོ་༦༩༨་ལོར་མོ་ཀོ་ཕུག་པ་ཞིག་གསོ་ཞིག་བྱས་རྗེས་རྡོ་རིང་ཞིག་བཙུགས་འདུག།་་་ཡིན་ན་ཡང་ངས་རྡོ་རིང་དེའི་ཡི་གེ་མ་མཐོང་།་་་ངས་ཀློག་བཞིན་པའི་ཏུན་ཧོང་གི་གནས་བཤད་དེའི་ནང་དུ་རྡོ་རིང་དེའི་ཚིག་དོན་ལྟར་ན་ཞེས་ངས་གོང་དུ་བཀོད་པ་དེ་བྲིས་འདུག
བཙུན་པ་དེའི་མིང་ངས་མཐོང་སོང་།་་འོན་ཀྱང་ངའི་ཁྱིམ་གྱི་གློག་ཀླད་སྟེང་ལ་རྒྱ་ཡིག་མི་ཤར་བས་མིང་བྲིས་མེད།ཧྭ་ཤང་དེའི་མིང་ལ་ཡོ་ཙུན་དང་ལེ་བཙུན་ཞེས་སྒྲ་གཉིས་འབྱུང་བ་ནི་དེའི་རྒྱ་ཡིག་གི་乐
ལ་yue དང་le ཞེས་སྒྲ་གཉིས་ཡོད་པས་ཡིན་རྒྱུ་རེད།་་་མཁྱེན་གསལ་ལྟར།་་yue ཡི་སྐབས་སུ་སྒྲ་དབྱངས་ལ་གོ་ཞིང་།་་་le ཡི་སྐབས་སུ་དགའ་སྤྲོ་འཇུག་མོད།་་་་ཧྭ་ཤང་གི་མིང་འདིའི་སྐབས་སུ་སྒྲ་གང་དབྱུང་འོས་པ་རྒྱ་ཡིག་ལ་མཁས་པ་ཞིག་ལ་འདྲི་འོས།
ཐུགས་རྗེ་ཆེ་གནང་རབ་འབྱོར་ལགས། ང་ཚོའི་དྲ་ཁང་འདིར་ཁྱེད་རང་ལྟ་བུ་ཤིན་ཏུ་ནས་ཀྱང་མཁོ། དྲང་མོར་བཤད་ན་མི་མི་འགའ། དབྱུག་པ་བསྟན་ན་ཁྱི་མི་དགའ་ཟེར་བ་ལྟར་ང་ལ་མི་དགའ་མཁན་ཡང་མང་ནས་མང་དུ་རེད། མཚམས་རེར་འདིར་ཡོང་ནས་ཆོ་མི་འདུག་བསམ་གི་འདུག ཡིན་ནའང་ཁྱེད་རང་ལྟ་བུ་རེ་འདིར་ཕེབས་ན་སེམས་རྩ་དྲོ། ཡོང་འདོད་ཀྱང་སྔར་ལས་ཆེ།
མགོན་ཕྱག་ལགས།
གྲུབ་རྒྱལ་གྱི་རྡོ་རིང་གི་བསྒྱུར་རྩོམ་དེ་དང་། གངས་བུ་དང་། ཆོས་རྒྱལ་ཐར་ཟེར་བ་སོགས་ཀྱི་རྩོམ་ཡིག་དེ་དག་གང་དུ་མཇལ་རྒྱུ་ཡོད་ན།
རྡོ་གྲུབ་རྒྱལ་མ་རེད། དོན་གྲུབ་རྒྱལ་ཅེས་བཅོས་རོགས། དེ་ཚོ་ ་་བོད་ཀྱི་ཡིག་རྙིང་ཞིབ་འཇུག་་ ཟེར་བའི་དེབ་ཆེན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བ་ཞིག་གི་ནང་འདུག རྡོ་རིང་གི་ཡི་གེ་དོན་གྲུབ་རྒྱལ་དང་གངས་བུ་གཉིས་ཀྱིས་བཀོད་པ་འདི་ལྟར།
་་མོ་ཀོ་ཁུའུ་བྱ་བ་ནི་ཆིན་རྒྱལ་རབས་སྔ་མའི་ཅན་ཡོན་གྱི་ཁྲི་ལོ་གཉིས་པར། བཙུན་པ་ཡོ་ཙུན་བྱ་བ་སྡོམ་ཁྲིམས་བསྲུངས་ཏེ་སེམས་དབེན་པར་གནས་པ་ཞིག་རི་ཁྲོད་ནགས་ནང་དུ་བསྐྱོད་པ་ལ། རི་འདིར་ཕེབས་དུས། གློ་བུར་དུ་གསེར་གྱི་འོད་འབར་བ་ལས་སངས་རྒྱས་སྟོང་ཕྲག་བྱོན་པ་གཟིགས་ནས་བྲག་ཕུག་ཅིག་བརྐོས་པ་དང་། ཕྱིས་རྣལ་འབྱོར་པ་ཧྥ་ལེང་བྱ་བ་ཞིག་ཤར་ཕྱོགས་ནས་འདིར་ཕེབས་ཏེ། ཡོ་ཙུན་གྱིས་བརྐོས་པའི་བྲག་ཕུག་དེའི་ལོགས་སུ་སླར་ཡང་བྲག་ཕུག་ཅིག་བརྐོས… …ལོ་རྒན་དྲུང་ཅུ་ལྟར་བརྩིས་ན་ལོ་ངོ་བཞི་བརྒྱ་ལྷག་འདས་ཟིན། དེའི་རིང་ལ་བྲག་ཕུག་ཆིག་སྟོང་ལྷག་བྱུང་་ ཞེས་གསལ།
དོན་འགྲུབ་རྒྱལ་གྱིས་ལུང་འདྲེན་གྱི་རྟགས་དེ་འདྲ་གང་ཡང་བཀོད་མི་འདུག ངས་ལུང་འདྲེན་གྱི་རྟགས་འདི་ཆོས་རྒྱལ་ཟེར་བ་དེས་བཀོད་པ་ལྟར་བྱས་པ་ཡིན། རྡོ་རིང་གི་ཡི་གེ་ཆ་ཚང་མིན་པ་འདྲ། གོང་གི་ཚེག་ཐིག་ཆུང་ཆུང་དྲུག་ཡོད་པ་དེ་སྤྱིར་བཏང་བྱས་ན་ལུང་འདྲེན་བྱེད་མ་དགོས་པར་བར་ནས་བསྐྱུར་བཞག་པའི་མིང་དང་ཚིག རྗོད་པ་དེ་འདྲའི་ཚབ་རེད། ཁོང་གཉིས་ཀྱིས་བསྒྱུར་བཤུ་བྱས་པ་གཉིས་ཡི་གེ་རེ་རེ་བསྡུར་ནས་བལྟས་པ་ཡིན། ཡི་གེ་ན་གཅིག་གི་ཁྱད་པར་ཡང་མི་འདུག་པ་ལ་བལྟས་ན་ཆོས་རྒྱལ་ཟེར་བ་དེས་དོན་གྲུབ་རྒྱལ་གྱི་རྩོམ་ལས་བཤུ་འགོད་བྱས་པ་ཡིན་ནའང་ཁྲིགས་ཁྲིགས་མེད་གི འདི་ཉིད་གཟིགས་ལ་གཟིམས་འཇགས་ཡག་པོ་གནང་གོ། དགེ་བཤེས་ཁྱོད་ཁ་དྲོ།
མགོན་ཕྱག་ལགས།
ཡ་ཡ། དེའི་སྐོར་དེ་ཁྱེད་རང་གིས་ཡག་པོ་ཞིག་གསུངས་སོང་། ཐུགས་རྗེ་ཆེ།
གོ་ལྔ་ལོར་འབྲས་སྤུངས་དང་དགའ་ལྡན་གྱི་གྲྭ་པ་སྙན་ངག་པ་དག་གིས་སྙན་ངག་གི་འགྲན་བསྡུར་ཞིག་བྱས་པ་དང་། འབྲས་སྤུངས་ནས་དཔྱད་འདེམས་པར་ང་རང་བསྐོས་ཤིང་གཞིས་གྲོང་གསུམ་པའི་སློབ་གྲུ་ནས་ཨ་ཁུ་དགེ་འདུན་སྦྱིན་པ་བསྐོས། འབྲས་སྤུངས་སྒོ་མང་ཀླུ་འབུམ་ཁམས་ཚན་དྷི་ཚ་དགོན་པའི་གྲྭ་འཇིགས་མེད་ཟེར་བའི་སྙན་ངག་པ་ཞིག་ཡོད་པ་དང་ཐེངས་འདིའི་སྙན་ངག་འགྲན་བསྡུར་ཁྲོད་དུ་ཞུགས་པ་དང་། འཇིགས་མེད་ཀྱིས་སྙན་ངག་ཧ་ཅང་ལེགས་པོ་བྲིས་ཡོད་ན་ཡང་ཨ་ཁུ་དགེ་འདུན་སྦྱིན་པས་གྲྭ་པ་འདི་འདྲ་ཞིག་གིས་འདི་ལྟ་བུའི་སྙན་ངག་འབྲི་ཐུབ་ཀི་མ་རེད་གཞན་ཞིག་ནས་བཤུས་པ་ཡིན་ས་རེད་ཟེར་ནས། དགའ་ལྡན་གྱི་གྲྭ་འོད་ཟེར་ཟེར་བ་ཞིག་གི་སྙན་ངག་དེ་ཙམ་ལེགས་རྒྱུ་མེད་པ་ཞིག་ལ་བྱ་དགའ་ཨང་དང་པོ་སྤྲོད་རྩིས་བྱེད་ཀྱིན་འདུག་པས། ངས་ཨང་དང་པོ་དེ་འཇིགས་མེད་ཀྱི་སྙན་ངག་ལ་འཐོབ་ཀི་འདུག གཉིས་པ་དེ་སྙན་ངག་རང་མོས་ཅན་འབྲི་མཁན་ཞིག་གིས་བྲིས་པ་དེ་ལ་འཐོབ་ཀི་འདུག ཨང་གསུམ་པ་དེ་འོད་ཟེར་ལ་སྤྲད་ན་མི་ཆོག་པ་མི་འདུག་ལབ་པ་ཡིན་ཏེ། དགེ་འདུན་སྦྱིན་པས་ཨུ་ཚུགས་མཐར་སྐྱེལ་གྱིས་སྙན་ངག་རང་མོས་ཅན་ཟེར་བ་དེ་རྒྱ་མིའི་འབྲི་སྟངས་ཤིག་རེད། དེ་འདྲ་ཡོང་གི་མ་རེད་ཟེར་བས། ངས་ཁོང་ལ་ད་ལྟ་བོད་ནང་དུ་སྙན་ངག་རང་མོས་ཅན་འདི་ས་ཁྱབ་རྡོ་ཁྱབ་ཏུ་སོང་ཡོད་ལ་འདི་ནི་རྒྱ་མི་གཅིག་པོའི་འབྲི་སྟངས་ཤིག་མ་ཡིན་པར་འཛམ་གླིང་ཡོངས་གྲགས་ཀྱི་འབྲི་སྟངས་ཤིག་ཡིན་རབས་འདུག་ཅེས་བརྗོད་ཀྱང་མ་ཉན་པར། འོད་ཟེར་གྱི་སྙན་ངག་དེར་ཨང་དང་སྤྲོད་དུ་བཅུག་སོང་། འཇིགས་མེད་ཀྱི་སྙན་ངག་ནི་བོད་ནང་དུ་ཡོད་དུས་ནས་སྐད་གྲགས་ཡོད་པས་ངས་ཐེངས་དེར་འགྲེལ་བཤད་ཅི་ཙམ་བརྒྱབ་ནས་ཡང་ཨ་ཁུ་དགེ་འདུན་སྦྱིན་པས་ཁས་ལེན་བྱས་མ་སོང་། གང་ལྟར་ཨ་ཁུ་དགེ་འདུན་སྦྱིན་པ་ལགས་སྲོལ་རྒྱུན་སྙན་ངག་བྲིས་ན་ཏོག་ཙམ་ཡག་པོ་འདུག འདི་ཕྱོགས་སུ་བཤད་རྒྱུ་ཡང་དགའ་རབ་འདུག རྗེས་སུ་ཁོང་སྦེ་ཀོབ་གཞིས་ཆགས་སུ་གནས་སྤོས་བྱས་ལུགས་གོ་མྱོང་།
རང་མོས་སྙན་ངག་འདི་དུས་རབས་ཀྱི་གོམ་འགྲོས་ངོ་མ་སྟེ་ཚོར་འདུའི་སྒྱུ་རྩལ་ཁྱད་འཕགའ་ཀྱི་ལམ་ནས་བཞུར་བའི་ཁྲག་རྒྱུན་དྲོན་མོ་ཡིན་བས་རྟོག་གེ་མགོ་མཁྲིགས་དག་གིས་ནམ་ཟབ་ཚད་ནས་འཇལ་མི་ཐུབ།
དགེ་འདུན་སྦྱིན་པ་ཟེར་མཁན་ཀླད་པ་མཁྲེགས་པོ་རྡོ་འདྲ་བ་ཞིག་ཡོད། དེ་ངས་ཅུང་ཟད་ཤེས།
མགོན་ཕྱག་ལགས།
རེད། རེད། མི་བྱས་རྗེས་ཅན་ཚང་མ་མགོ་མཁྲེགས་པོ་རྡོ་འདྲ་བ་དང་སྡུག་པ་ཤ་སྟག་རེད།
༡༽ མཁས་དབང་དགེ་འདུན་སྦྱིན་པ་ལགས་སྐུ་ཚེ་ཧྲིལ་པོ་བོད་མིའི་གཞིས་ཆགས་ཀྱི་དབུས་སློབ་གྲྭ་ཁག་ཏུ་རིག་གནས་སློབ་འཁྲིད་ཀྱི་ཞབས་འདེགས་ཞུས་ཏེ་མཐར་རྒས་ཡོལ་བཞེས།
༢༽དེ་ནས་སྒོ་མང་གྲྭ་ཚང་གི་བློ་གསར་བ་རྣམས་ལ་རིག་གནས་སློབ་འཁྲིད་གནང་ཡོད་སྙམ།
༣༽ དེ་ནས་སེར་བྱེས་སློབ་གྲྭས་གསོལ་བ་ཡང་ཡང་བཏབ་སྟེ་སེ་ར་བྱེས་ཀྱི་སློབ་གྲྭར་རིག་གནས་སློབ་འཁྲིད་གནང་སྟེ་ཕན་ཐོགས་དང་གྲུབ་འབྲས་ཧ་ཅང་ཆེན་པོ་བྱུང་ཡོད།
༤༽ དེ་ནས་བོད་མི་དམངས་ཀྱི་ཨ་མདོའི་སྤྱི་འཐུས་གནང་།
༥༽ སུམ་རྟགས་ཀྱི་འགྲེལ་པ་དང་། སྙན་ངག་གི་དཔེར་བརྗོད་དེབ་སོགས་རྩོམ་ཡིག་ཆེ་ཆུང་ཆེས་མང་། སུམ་རྟགས་དང་སྙན་ངག་གི་དཔེར་བརྗོད་དེ་དག་ནི་སློབ་གྲྭ་ཁག་ལའང་བེད་སྤྱོད་གཏོང་གི་ཡོད་འདུག
༦༽ ངེད་ལྟ་བུའི་དོན་གཉེར་ཅན་འགའ་ཞིག་ལ་ཟུར་འཁྲིད་གནང་སྟེ་རང་སྐྱ་འཕེར་བའི་སློབ་མ་མང་པོ་བསྐྲུན། ངེད་གཅིག་པུས་ཀྱང་། ༡ མདོ་སྔགས་ཀྱི་གཞུང་ཆེན་མོའི་ཚིག་མཛོད། ༢ གཞོན་ནུའི་ཚིག་མཛོད། ༣ གསང་འདུས་རྫོགས་རིམ་གྱི་འཁྲིད་ཡིག་རྩོམ་འཕྲོ། ༤ མཎྜལ་གྱི་འཁྲིད་ཡིག ༥ ཆོ་ག་ཕྱག་ལེན་གྱི་ཟིན་བྲིས། ༦ ཤེར་སྙིང་འགྲེལ་པ་སོགས་དཔེ་དེབ་དྲུག་ཙམ་དང་། གཞན་ཡང་རྩོམ་ཐུང་མི་ཉུང་བ་ཞིག་བྲིས་པ་རྣམས་ཁོང་ཉིད་ཀྱི་བཀའ་དྲིན་ཡིན། རིག་གནས་མ་ཤེས་ན་དཔེ་ཆ་ཇི་ལྟར་མཁས་ཀྱང་ཁ་ལ་མཛུག་གུ་བརྒྱུས་ནས་སྡོད་རྒྱུ་རེད།
ཐུགས་བསམ་ཡག་པོ་བཞེས་དང་། དེང་སང་དངུལ་མ་སྤྲད་ན་སུས་སློབ་འཁྲིད་བྱེད་ཀྱི་འདུག ངེད་ཚོ་དེ་དུས་གྲྭ་རྐྱང་ཚོ་ལ་ཕར་འབུལ་རྒྱུ་གང་ཡང་མེད་པ་མ་ཟད། ད་དུང་ཚུར་ཉིན་ལྟར་གསོལ་ཇ་དང་སྐབས་རེར་བཞེས་ལགས་ཀྱང་གནང་གི་རེད། ཉིན་གང་པོ་སློབ་གྲྭར་སློབ་འཁྲིད་གནང་ནས་ཚུར་ཤག་ལ་དལ་ལྷོད་ཀྱིས་བཞུགས་ལོང་མེད་པར་ངེད་ཚོར་སྐབས་རེར་ཆུ་ཚོད་བཞི་ལྔ་དང་། མ་མཐར་ཡང་ཆུ་ཚོད་༢ནས་༣བར་སློབ་འཁྲིད་གནང་བའི་བཀའ་དྲིན་དེ་དག་ནི་དུས་ནམ་ཡང་གསབ་པར་དཀའོ། །དངུལ་སྤྲོད་མི་དགོས་པར་སློབ་འཁྲིད་གནང་མཁན་ནི་བོད་པ་མ་གཏོགས་ཕལ་ཆེར་ འཛམ་གླིང་གི་ཡུལ་གྲུ་གང་དུའང་མི་འདུག་གོ
ད་དུང་ཁོང་གི་སློབ་བུ་ངེད་ཀྱི་འཛིན་གྲོགས་དགེ་བཤེས་ཐུབ་བསྟན་བཟོད་༼ང་ཚོ་དཔེ་འཁྲིད་ལ་མཉམ་དུ་བཅར་བ་ཡིན༽པས་ཀྱང་རྩོམ་ཡིག་གང་འཚམས་བྲིས་ཡོད་འདུག
ད་ཁྱེད་ཅག་ལ་རྔོ་ཐོགས་པའི་ལག་རྗེས་ག་རེ་སྟོན་རྒྱུ་ཡོད་དམ། ?????
ཨོ་སྒོམ་སྡེ། དགེ་འདུན་སྦྱིན་པ་དུམ་བུ་མང་པོར་གཏུབ་ནས་གླེང་རྒྱུ་ཡོད་རྒྱུ་རེད། ཁོའི་རང་བཞིན། གཤིས་ཀ། ཡོན་ཏན། གྲུབ་འབྲས་སོགས། ཡོན་ཏན་གཅིག་པོ་ལའང་ཤེས་བྱའི་རྣམ་གྲངས་རེ་རེ་ནས་བཟང་ཞན་གྱི་ཁྱད་པར་མང་པོ་ཞིག་དབྱེ་རྒྱུ་ཡོད་རྒྱུ་རེད།
གོང་ནས་ཀླུ་སྨྱོན་གྱིས་ཁོས་ཨུ་ཚུགས་མཐའ་སྐྱེལ་བྱས་པའི་སྐོར་ཞིག་བཤད་སོང་ང། དེ་ནས་དམ་ཆོས་དབྱངས་འཛོམས་ཀྱིས་ཀྱང་རྟོག་གེ་མགོ་མཁྲེགས་ཚོས་རང་མོས་སྙན་ངག་གི་ཟབ་ཚད་མཇལ་མི་ཐུབ་པའི་སྐོར་བཤད་སོང་ང་། ངེད་ཚོའི་བརྗོད་གཞི་ཁོ་ཨུ་ཚུགས་ཆེ་བ་དང་ཀླད་པ་མཁྲེགས་པོ་ཡིན་པའི་སྐོར་བཤད་གི་ཡོད། ཁོ་ཀླད་པ་མཁྲེགས་པོ་ཡིན་པའི་སྐོར་ང་མང་པོ་བཤད་རྒྱུ་ཡོད།
བགྲེས་པ་ཚོས་རང་གི་སྲོལ་རྒྱུན་གྱི་རིག་གནས་ལ་དབུ་མཁྲེགས་པོ་གནང་ཡ་དེ་ལ་དགེ་ཚན་ཏན་ཏན་འདུག སྲོལ་རྒྱུན་གྱི་སྙན་ངག་རྩ་བ་ཆེན་པོ་དེ་དག་རྡོག་རོལ་དུ་མ་བཏང་བར། དེའི་སྟེང་ཡར་ལྡན་གྱི་ཚུལ་དུ་དེང་དུས་ཀྱི་སྙན་ངག་གིས་ཁ་སྐོང་ལྟ་བུ་བྱས་ཚེ་དཔལ་དང་རྒྱན་རེད། དེ་མིན་ལས་སླ་བ་ཤ་སྟག་ལ་དགའ་མོས་བྱེད་ཚེ་ཉིན་ཞིག་སྲོལ་རྒྱུན་གྱི་རིག་གནས་རྩ་ཆེན་འདི་དག་རྩ་བརླག་ཏུ་འགྲོ་རྒྱུའི་ཉེན་ཁ་ཡོད།
རྗེ་རིན་པོ་ཆེའི་༼བློ་སྦྱོང་སྙན་ངག་སྒྲ་རྒྱན༽ལ་ཅིག་གཟིགས་དང་། དཔེ་མི་སྲིད་པ་ཞིག་མི་འདུག་གམ།
དཔེ་མཚོན།
དེ་ཉིད་ལས།
དད་པས་གཞན་ལ་ཕན་བྱེད་སེམས་འདི་བཟང་། །
ཕན་ལ་སེམས་དུས་དགོས་པས་བསྟན་པར་རིགས། །
དགྲས་ཀྱང་གཉེན་བྱེད་ཕན་བྱེད་གཉེན་ཀྱང་དགྲས། །
བྱེད་ལ་སུ་སེམས་སྡང་སེམས་སུ་ལ་བྱེད། །
༼ལྟ་བུ་འགོ་མཇུག་གང་ནས་ཀློག་ཀྱང་ཀློག་ཆོག་ལ་གོ་རྒྱུ་ཡོད་པ༽
གཞན་ཡང་།
དཀར་ནག་ལས་དག་བསམ་པ་བཟང་ངན་ལགས། །
བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། །
བཟང་པ་དམན་ན་ས་དང་ལམ་དང་དམན། །
ཐམས་ཅད་བསམ་པ་དག་ལ་རག་ལས་པས། །
སྙན་ངག་འདི་ནི་བོད་གངས་ལྡན་ཅན་གྱི་ལྗོངས་སུ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཡོད། རྙིང་མའི་ཀུན་བཟང་བླ་མའི་ཞལ་ལུང་ན་ཡང་འདི་དྲངས་ཡོད།
རྗེ་རིན་པོ་ཆེས། ཚིག་ལ་གཟིགས་དང་རྩོམ་པའི་ལྟད་མོ་ཡོད། །དོན་ལ་སོམས་དང་དམ་ཆོས་བྱེད་ལུགས་ཡོད། །ཅེས་སོགས་གསུངས་པ་བདེན་པར་འདུག
འདི་ནི་མཚོན་པ་ཙམ་ལས་རྒྱས་པར་དེ་ཉིད་དུ་གཟིགས།
དེང་དུས་ཀྱི་སྙན་ངག་ཟེར་བ་དེའི་དཔེ་མཚོན་ཐུང་ངུ་ཞིག་འདིར་འགོད་རོགས། ངེད་ནས་དོ་སྣང་ཞེ་དྲག་མ་བྱུང་།
མགོན་ཕྱག་ལགས།
ངས་ཁྱེད་ལ་ཤ་ཚའི་སྐད་ཆ་ཅིག་བཤད་གོ
གཞན་སྐྱོན་ཤ་སྟག་འཚོལ་རྒྱུ་ཡོད་མ་རེད། སྐྱོན་གྱི་ངོས་ནས་བསམས་ན་རང་གི་སྣང་བ་མ་དག་པའི་དབང་གིས་སངས་རྒྱས་ལའང་སྐྱོན་མཐོང་གི་རེད། དེས་རང་གི་སེམས་མི་སྐྱིད་པ་དང་། གཞན་ལ་ཁ་དགྲ་སྣ་དགྲ་བསགས་ནས་ཕན་ཐོགས་གས་ཡོད་མ་རེད། སྐྱོན་མེད་པའི་མི་ཡོད་མ་རེད། དེ་བས་ཡོན་ཏན་བླངས། སྐྱོན་གད་སྙིགས་ནང་གཡུག་ཞོག
ངས་ཀྱང་ཁྱེད་ཅག་ལྟར་སྐྱོན་གྱི་ངོས་ནས་བལྟས་ཡོད་ན། ད་ཆ་ང་ལ་ཁོང་གི་ཡོན་ཏན་དེ་དག་འཇགས་ཡོད་མ་རེད། དེར་བརྟེན་ལམ་རིམ་དུ་བཤེས་གཉེན་བསྟེན་ཚུལ་གལ་ཆེན་པོར་གསུངས་པའི་རྒྱུ་མཚན་ཡང་དེ་རེད། སྐྱོན་འདོགས་ཀྱི་བློ་སྐྱེས་ན། རང་ལ་ཡོན་ཏན་སྐྱེ་བའི་གེགས་སུ་འགྱུར་གྱི་རེད་དོ། །
མགོན་ཕྱག་ལགས།
ཨ་མདོ་བ་ཁྱེད་ཅག་ནང་ཁུལ་ལ་ཕྲག་དོག་འགྲན་སེམས་ཆེ་སེ་འདུག་དཱ། དེ་ཞབས་འདྲེན་རེད། ཁྱེད་ཅག་ངོ་མ་ཚ་ན་ཡང་ང་ཚོ་ལྟད་མོ་ལྟ་མཁན་ཚོ་ངོ་ཚ་གི་འདུག་དཱ།
ངས་ཨ་ཁུ་དགེ་འདུན་སྦྱིན་པ་ཁོང་དབུ་མཁྲེགས་ཙམ་འདུག་ཟེར་བ་མ་གཏོགས་ཁོང་ལ་སྐུ་ཡོན་མི་འདུག་ལབ་ཀི་མེད། ཁོང་གིས་སྐུ་ཚེ་གང་བོར་རིག་གནས་ཁྲིད་སྤེལ་གནང་སྟེ་རྒྱ་བལ་དུ་སློབ་མ་གང་འཚམ་ཞིག་ཡོད་པ་རེད། དེའི་ནང་ནས་ཀྱང་སྒོམ་སྡེ་བ་ལྟ་བུ་གང་ནས་བཤད་ན་ཤུར་སྒྲ་གྲགས་པ་འདི་འདྲ་ཡོད་པ་ནི་ཁོང་གི་ཕྱག་རྗེས་ཀྱི་ཆ་ཤས་ཤིག་རེད། ཁོང་ནི་མཁས་ཉམས་ཞེ་དྲགས་མེད་པ་འདོད་ཆུང་ཆོག་ཤེས། ན་བཟའ་ཡང་དཀྱུས་མ་ཞིག་མཆོད་དེ་གང་སར་ཞབས་ཐང་ལ་ཕེབས་རྒྱུར་མཉེས་པ་ཞིག་ཏུ་མཐོང་། མཁས་པ་རྒན་པའི་ཁྲོད་དུ་ཨ་ལགས་དོར་ཞིས་དོན་གྲུབ་རྒྱལ་གྱི་ཡོན་ཏན་ཁས་བླངས་པ་དེ་འདྲ་ཞིག་མཁས་པ་རྒན་པ་ཁག་གིས་ལས་སླ་བོའི་སྒོ་ནས་ཁས་ལེན་གནང་མི་ཐུབ་པ་འདི་ཡང་ང་ཚོས་ཤེས་དགོས་པ་ཞིག་རེད། ཁོང་གི་སྙན་ངག་དཔེར་བརྗོད་ཀྱི་དེབ་དེ་ངས་ཀྱང་ཐེངས་གཅིག་བཀླགས་པ་ཡིན་ཏེ་ག་འདྲ་ཞིག་ཡོད་ད་ལྟ་དྲན་པའི་ཀློང་ནས་བོར་འདུག
འོ་རེད། གཅིག་བརྗེད་འདུག ཨ་མདོ་བ་ཚོ་རིག་གནས་ལ་དངོས་གནས་མཁས་པ་རེད། དུས་རབས་འདིའི་ནང་རིག་གནས་ཐོག་བྱས་རྗེས་ཆེ་ཤོས་ཨ་མདོ་བ་ཚོ་རེད་སྙམ། ཡིག་ཆ་ཡང་སྤུས་དག་ཤོས་ཨ་མདོ་བ་ཡིན་ས་འདུག ང་རང་ནི་སྔོན་མ་ནས་སྒོ་མང་ཡིག་ཆ་སྤྱི་དང་ལྷག་པར་རྗེ་གུང་ཐང་ཚང་ལ་སྙིང་ནས་དགའ་མོས་ཡོད་མཁན་གྱི་མི་ཞིག་ཡིན། ངེད་ཀྱི་ཚིག་མཛོད་ནང་རྗེ་གུང་ཐང་པའི་གསུང་ཆེས་མང་པོ་དྲངས་ཡོད།
སྔོན་མ་སེ་ར་བྱེས་པའི་དྲང་ངེས་ལྟ་མཁན་གྱི་བློ་གསར་བ་རྣམས་ལ་རྗེ་གུང་ཐང་པའི་དྲང་ངེས་མཆན་འགྲེལ་མང་པོ་གདན་འདྲེན་ཞུ་རུ་བཅུག་པ་ཡིན། གྲྭ་པ་བླ་རྒན་ཞིག་གིས་ངའི་དཔེ་སྒྲོམ་ནང་ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཕར་ཕྱིན་སྐོར་གྱི་དཔེ་དེབ་ཅིག་ཡོད་པར་གཟིགས་ནས། ཨོ། ཁོས་འཇམ་དབྱངས་བཞད་པའི་དེབ་ཅིག་ཉར་ཁ་བྱེད། ཅེས་ཟུར་ཟ་དང་མ་དགའ་བ་ཡང་བྱས་མྱོང་།
སྒོམ་སྡེ་བ་ལགས་ཀྱི་སྐུ་ཚེའི་ལོ་རྒྱུས་དང་སྐུ་པར་ཞིག་གུས་པར་གློག་ཡིག་བརྒྱུད་ནས་གནང་ཐུབ་བམ། མི་ངོ་མ་མཐོང་བར་བགྲོ་གླེང་བྱས་ན་སྨུག་ལོང་ཁྲོད་དུ་ཀི་རིང་བཏབ་པ་དང་གཅིག་པ་འདྲ་ཞིག་རེད་ལགས།
རྗེ་རིན་པོ་ཆེའི་སྙན་ངག་འདིར་བཀོད་པ་ཐུགས་རྗེ་ཆེ། ངའི་བློ་ཐོག་ན་ཡོད་པ་ལྟར་ན་ཁྱེད་རང་གིས་ནོར་འདུག
དད་པས་གཞན་ལ་ཕན་བྱེད་སེམས་འདི་བཟང་། དེ་ནས་ཁ་ཕྱིར་འཁོར་ནས་ཀྱང་ཀློག་ཆོག་གི་རེད བཟང་འདི་སེམས་བྱེད་ཕན་ལ་གཞན་པས་དད།། དེ་འདྲ་རེད།
དེའི་རྗེས་མ་དེའང་།
ཕན་ལ་སེམས་དུས་དགོས་པས་བསྟན་པར་རིགས།། དེ་ནས་ཕྱིར་འཁོར་ནས་ཀློག་ན། རིགས་པར་བསྟན་པས་དགོས་དུས་སེམས་ལ་ཕན།།
དད་པས་གཞན་ལ་ཕན་བྱེད་སེམས་འདི་བཟང་།།
བཟང་འདི་སེམས་བྱེད་ཕན་ལ་གཞན་པས་དད།།
ཕན་ལ་སེམས་དུས་དགོས་པས་བསྟན་པར་རིགས།།
རིགས་པར་བསྟན་པས་དགོས་དུས་སེམས་ལ་ཕན།།
ཨོ་སྒོམ་སྡེ། ང་ལ་བསླབ་བྱ་རྒྱབ་པ་ཐུགས་རྗེ་ཆེ། ཁྱོད་དགེ་བཤེས་སེམས་བཟང་ཞིག་རེད། ཨ་མདོ་ཚོ་ནང་ཁུལ་ཕྲག་དོག་ཆེ་ན་དེ་ཚོ་ཚང་མའི་ཕྲག་དོག་ངའི་སྒང་ལ་ལེན་ཆོག ཞབས་འདྲེན་ཞུ་མཁན་མང་པོ་ཡོད་ན་ཞབས་འདྲེན་དེ་ཚོའང་ངའི་ཁུར་དུ་ལེན་ཆོག་པ་གྱིས། མར་གྱུར་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ན་ཕྲག་དོག་མེད་པར་ཤོག མར་གྱུར་སེམས་ཅན་ཐམས་ཅད་ཀྱིས་ཞབས་འདྲེན་མ་ཞུས་བར་ཤོག
མགོན་ཕྱག་ལགས།
རེད། རེད། ཁྱེད་གསུང་བ་བདེན་པ་རེད། ངས་འགོ་མཇུག་ནས་ཀློག་བདེ་བའི་ཆེད་རྐང་བཙུགས་ནས་བསྐྱུར་བ་ཡིན། དཔེ་ཆ་ངའི་འཁྲིས་རང་ལ་ཡོད།
ཀླུ་སྨྱོན་ལགས།
ལགས་སོ། །
ངེད་ཀྱི་དཔར་ཞིག་དང་ལོ་རྒྱུས་དེ་བཙལ་ནས་རིམ་པས་འབུལ་ཆོག
གོང་དུ་ཞུས་པ་ལྟར།
རང་མོས་ཀྱི་སྙན་ངག་ཟེར་བ་དེའི་དཔེ་མཚོན་ཞིག་ཡོད་ན་ཡག་པོ་འདུག
ངོ་མ་བགྲོ་གླེང་ཡག་པོ་འདུག ཏུན་ཧོང་ཡིག་རྙིང་དུ་གསལ་བའི་བོད་ཀྱི་ས་ཁྱོན་སྐོར་ཁ་གསལ་འདྲ་ཡོད་ན་འདིར་ངོ་སྤྲོད་གནོངས་རོགས།
གོང་ཞུས་བཞིན་བོད་བཙན་པོས་དུས་དང་། ད་ལྟའི་བར་བོད་ཀྱི་ས་ཁྱོན་ལ་འགྱུར་ལྡོག་གང་བྱུང་མིན་ལོ་རྒྱུས་སྨ་བ་དག་གིས་གལ་ཆེར་རྩིས་མེད་པ་ལྟ་བུའི་སྣང་ཚུལ་བྱུང་། བོད་ཀྱི་ས་དབྱིབས་དང་། ཕྱོབས་སོ་སོར་རྒྱལ་ཁབ་འདྲ་མིན་ཡོད་རབས་སོགས་བི་གཅིག་མཚུངས་འདྲ་བཤད་འདུག གལ་གནད་ངོ་མ་ནི་ས་མཚམས་ཆུ་མཚམས་དེ་དག་དམིགས་བཀར་གྱིས་བཤད་པ་ཧ་ཅང་ཉུང་། འདི་ནི་ལོ་རྒྱུས་མཁན་པོ་དག་གི་ཞན་ཆ་ལ་ངོས་མི་འཛིན་ཀ་མེད་རེད།