རྨུ༜བློ་བཟང་།
དྲྭ་གྲོགས་ལྷན་རྒྱས་ལ་འཚམ་འདྲི་ཞུ། ཉེ་སྔོན་བསམ་བློ་གོ་རྟོགས་དམན་ཡང་ཞན་ས་ནས་སྡོད་མ་བཟོད་པར་འཆི་ལམ་དུ་མི་འདེད་པའི་ཞུ་ཚིག་འགོ་འཇུག་མི་མཚུངས་པ་བྲིས་ཡིན། དེང་ཡང་མཁྱེན་དཔྱོད་ཡངས་པའི་རྒྱ་ཆེ་ཀློག་པ་པོ་རྣམས་དང་ཁྱད་པར་བསམ་ཚུལ་འདོན་པ་པོ་དག་ལ་སྙིང་ནས་དགའ་བསུ་ཡོད་ཅིང་ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཀྱི་ཕྱྭ་གཡང་འབོད་ཅིང་ཐུགས་རྗེས་ལེགས་འབུལ་ཡོད།
འདི་ལྟར་གཏམ་དཔེ་ལ་བྲེ་སེར་འབྲོང་གི་རྭ་བར་དང་། དམར་ཡག་སྟག་གི་མཆེ་བར་ཞེས་པ་བཞིན། ཛ་དྲག་གི་དུས་འདིར་གླེང་བྱུང་བ་འདི་ནི་མཐོ་ལ་ཕྲག་དོག མཉམ་ལ་འགྲན་སེམས། དམན་ལ་འཕྱ་མོད་བྱེད་པའི་སླད་མིན། མེས་པོ་ཚོའི་ཕྱི་བཞག་བོད་རང་ཉིད་ཀྱི་ཐུན་མིན་ཐུན་མོང་གི་རིག་གཞུང་ལ་སྒེར་བདག་གི་ལྟ་མཐོང་ཞིག་བྲིས་པ་ཡིན།
རྣམ་དཔྱོད་ཡངས་པས་འཛིན་སྐྱོང་སྤེལ་གསུམ་བྱ་མ་ཐུབ་ཚེ་མ་འོངས་པའི་བོད་མིས་རང་གི་རིག་གཞུང་མི་ཤེས་ཤིང་དུས་དེར་སྲོག་དབང་དབེན་པའི་མཛེས་འཕྱོར་ཅན་ཏུ་འགྱུར་བ་ལགས་ལ། ལྷག་པར་དེང་སང་མི་ག་གེ་མོ་ཞིག་གིས་ཐོབ་གོ་ས་དང་མཚན་སྙན་གྲགས། ནོར་ལོངས་སྤྱོད་ཀྱི་ཆེད་དུ་རང་གི་རིག་གཞུང་སྐད་དང་བཅས་གཞན་གྱི་དེ་དག་ལ་སྤྱོད་དགོས་པ་འདི་རང་དབང་འཐབ་རྩོད་ཀྱི་འགན་དུ་སེམས་པ་ནི་ཁ་ཞེ་ལག་ལེན་འགལ་བ་ཁོ་ན་རེད་སྙམ།
བོད་རང་གི་ཡང་དག་པའི་རིག་གཞུང་འདིས་མི་བུ་སུ་དང་གང་ལ་ཆོས་སྲིད་ཀྱི་འཇོན་ཐང་ངོམས་པའི་གེགས་སུ་འགྲོ་བར་བཤད་པ་དང་འཛམ་གླིང་གི་མི་གྲལ་ལ་འགྲོ་མི་ཐུབ་པའི་གཏམ་ནི་བཙན་དྲགས་པ་ཞིག་མ་རེད་དམ།
གལ་ཏེ་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་བདག་པོ་མི་བྱེད་རང་དབང་ཐོབ་པའི་དབང་དུ་བཏང་ན་དུས་ཐུང་ངུའི་ནང་། སླར་དེ་དག་སླར་གསོ་བྱ་ཐུབ་ཀྱི་བློ་བཀོད་ཡོད་དམ་འོན་ཏེ་གཞན་གྱི་དེ་དག་སྤྱོད།
གལ་སྲིད་འདི་མེས་བོ་ཚོས་སྐུ་ཚེ་གང་བོ་དང་མིར་རྒྱུད་མཐུད་དེ་འོང་པ་ཞིག་རེད་དེ་མི་མཁོ་དང་དེ་དག་སློབ་པས་མ་འོངས་པའི་བུ་རབས་ཚ་རྒྱུད་ཀྱི་མདུན་ལམ་ལ་གེགས་སུ་སྨྲ་བ་ནི་ཧ་ཅང་ཐལ་དྲགས་པ་དང་གནས་ལུགས་མེད་པའི་གཏམ་རེད།
ད་དུང་ཡང་རང་གཞུང་གི་ཟིན་ཐོ་དང་ཐ་ན་སྨན་ཁང་ཆུང་ངུ་ཚུན་ཆད་ཀྱི་ཟིན་ཐོ་དབྱིན་ཡིག་བེད་སྤྱོད་གཏོང་འདུག་ཟེར།
གང་ལྟར་དུས་ཚོད་དབང་གི་མཚམས་འཇོག་རན་སོང་རྗེས་ཕྱོགས་ཀྱང་། དྲྭ་གྲོགས་རྣམས་དགོངས་དག བློ་བཟང་ངའི་ས་གནས་ཀྱི་དབང་གིས་དྲྭ་རྒྱ་སྟབས་མི་བདེ་བ་མ་ཟད། དུས་ཚོད་ཀྱིས་ཀྱང་ཁྱེད་ཅག་རྣམས་དང་ཉམས་ཞིབ་བྱ་ཐུབ་མ་སོང་། དགོངས་འགལ་མེད་པར་ཞུ། ངོ་མ་དགོངས་དག་ཞུ། ཡང་བློ་བཟང་ཟེར་བ་ང་ལས་གཞན་སྲིད་པས་རྗེས་མ་ངའི་མིང་ལ་(རྨུ༜བློ་བཟང་)ཞེས་འདི་འབྲི་རྒྱུ་ཡིན། སརྦ་མངྒ་ལཾ།
རྩོམ་འབྲི་ན་བརྗོད་སྙིང་ཡོད་དགོས་ཤིང་། དེ་ཁ་གསལ་བོ་དང་གནད་ལ་ཁེལ་། ད་དུང་བདེན་དཔང་སོགས་ཀློག་པ་པོའི་མིག་ལམ་ལ་སྟོན་ཆེད་འགྲེལ་བཤད་དང་དཔེར་མཚོན་སོགས་གང་མང་དགོས་། ཡིན་ཡང་། ང་ནོར་མེད་ན་ཡར་བཤད་དང་མར་བཤད་ཙམ་ལས་གཞི་འཛིན་ས་གང་ཡང་མི་རྙེད་ཀི
རང་གཞུང་གི་ཟིན་ཐོ་དང་ཐ་ན་སྨན་ཁང་ཆུང་ངུ་ཚུན་ཆད་ཀྱི་ཟིན་ཐོ་དབྱིན་ཡིག་བེད་སྤྱོད་གཏོང་འདུག་ཟེར།
དོན་སྙིང་ལྡན་པའི་སྐད་ཆ་ཞིག་བཤད་འདོད་ཀྱང་། སྲན་མ་ཐང་ལ་ཐོར་བ་ལྟར་མཉམ་རུབ་མ་ཐུབ་པར་ལུས་པ་དེ། འཚོ་བ་དངོས་དང་རྒྱུ་མཚན་ཡང་དག་ལ་རྣོ་བསམ་མ་བྱས་པའི་ལན་པ་རེད།