སྐྱོ་བྲག་དགའ་དབང་།
བོད་སྤྱི་པའི་ཐ་སྙད་རང་ངོས་ནས་བསྟན་དོན་མི་འདྲ་བ་ཡིན་ནའང་། དིང་སང་གང་ཟག་འགའ་རེས་བེད་སྤྱོད་བྱེད་པ་ན་གཅིག་ཏུ་འཁྲུལ་བ་ཅན་ཆེས་མང་བར་སྣང་སྟེ། དཔེར་ན། ལོ་རྒྱུས་དང་འབྲེལ་ཆེ་བའི་ཐ་སྙད་དེ། སྤྱིར་བོད་པ་རང་གི་ཐ་སྙད་ལྟར་ན། དངོས་སུ་བྱུང་མྱོང་བའི་འདས་དོན་བརྗོད་པ་ལ་ལོ་རྒྱུས་དང། དངོས་སུ་བྱུང་བའི་འདས་དོན་མིན་ན་ཡང་ཡིན་པ་ལྟར་བཅོས་པ་ལ་སྒྲུང་ཟེར།
དེ་ལ་ཡང་དངོས་བྱུང་གི་ལོ་རྒྱུས་ཡིན་པ་གང་ཞིག་ལ། རང་ཉིད་འཁོར་བ་ལས་གཏན་དུ་ཐར་པའི་བྱུང་བ་བརྗོད་པ་ལ་རྣམ་ཐར། རང་ཙམ་དུ་མ་ཟད་གཞན་པའང་འཁོར་བ་ལས་གཏན་དུ་ཐར་པའི་མཛད་ཕྲིན་བསྐྱངས་པར་བརྗོད་པ་ལ་མཛད་རྣམ། ཆོས་ཉམས་སུ་བླངས་པའི་ཡོན་ཏན་སྐྱེ་ཚུལ་བརྗོད་པ་ལ་རྟོགས་བརྗོད། རིགས་དང་ངོ་བོ་དང་ནུས་པ་དམིགས་བསལ་བ་ཡོད་རབས་བརྗོད་པ་ལ་ཆེ་བརྗོད། འདས་དོན་གྱི་གནས་ཚུལ་ཙམ་བརྗོད་པ་ལ་བྱུང་བ་བརྗོད་པ། བྱུང་མྱོང་བའི་གནས་ཚུལ་གྱི་རིམ་པ་མང་པོ་ཞིག་བརྗོད་པ་ལ་བྱུང་རབས། རྒྱལ་པོ་ན་རིམ་གྱི་བྱུང་བ་བརྗོད་པ་ལ་རྒྱལ་རབས། དམ་པའི་ཆོས་ཀྱི་བྱུང་ཚུལ་བཤད་པ་ལ་ཆོས་བྱུང་། སྐྱེ་བ་མང་པོར་གཞན་དོན་དུ་ཕེབས་པའི་བྱུང་བ་བརྗོད་པ་ལ་སྐྱེས་རབས་སོགས་ཟེར་ཞིང་།
དངོས་བྱུང་གི་ལོ་རྒྱུས་མིན་ན་ཡང་ཡིན་པ་ལྟར་བཅོས་པའི་སྒྲུང་ཡིན་པ་གང་ཞིག་ལ། དངོས་ཡོད་ཀྱི་གནས་ཚུལ་གཞི་ལ་བཞག་སྟེ་གང་ཟག་ག་གེ་མོ་དང་ཆེ་གེ་མོའི་ལོ་རྒྱུས་ཡིན་པ་ལྟར་བཅོས་ནས་བྲིས་པ་ལ་བརྩམས་སྒྲུང་། དངོས་ཡོད་ཀྱི་གནས་ཚུལ་ལས་བརྒལ་བ་རྟོག་འཆར་གྱི་ངོ་བོར་བྲིས་པ་ལ་རྟོག་སྒྲུང་། མི་ལས་འདས་པའི་ལྷའི་བྱུང་རབས་བཤད་པ་ལ་ལྷ་སྒྲུང་། མི་ལས་གཞན་པ་འདྲེ་ཡི་བྱུང་རབས་བཤད་པ་ལ་འདྲེ་སྒྲུང་སོགས་ཟེར་གྱིན་ཡོད།
དེ་ལྟར་ན་ལོ་རྒྱུས་ནི་དངོས་དོན་དང་། སྒྲུང་ནི་བཅོས་པ་ཡིན་ལ། ལོ་རྒྱུས་ནི་སྤྱི་དང་། རྣམ་ཐར་ནི་བྱེ་བྲག་ཡིན་པ་སོགས་ཐ་སྙད་རང་ངོས་ཀྱི་བསྟན་དོན་མི་འདྲ་བ་ཡིན་ནའང་། དིང་སང་ནི་ལོ་རྒྱུས་དང་སྒྲུང་གཅིག་ཏུ་འཁྲུལ་པ་དང་། ལོ་རྒྱུས་དང་རྣམ་ཐར་གཅིག་ཏུ་འཁྲུལ་པ་སོགས་བེད་སྤྱོད་ནོར་བར་བྱེད་པ་ཆེས་མང་ངོ་། །
སྐྱོ་བྲག་དགའ་དབང་ལེགས་ཀྱི་བཤད་པ་དག་་ལ་གོ་དོན་ཡོད་པ་ཞིག་ཏུ་མངོན། འོན་ཀྱང་བེད་སྤྱོད་ཅེས་པ་དེ། འབད་སྤྱོད། ཅེས་པའི་བརྗོད་སྟངས་གྱུར་ནས་ཡིག་སྐད་ན་མེད་པའི། བེད་སྤྱོད། ཅེས་མ་དག་རྒྱུ་འབྱམས་སུ་སོང་བ་མ་ཡིན་ནམ།
རྣམ་ཐར། མཛད་རྣམ། རྟོགས་བརྗོད། ཆེ་བརྗོད། བྱུང་བ་བརྗོད་པ། བྱུང་རབས། རྒྱལ་རབས། ཆོས་བྱུང་། སྐྱེས་རབས། བརྩམས་སྒྲུང་། རྟོག་སྒྲུང་། ལྷ་སྒྲུང་། འདྲེ་སྒྲུང་སོགས་ཟེར།
ང་ནི་སྐྱོ་བྲག་དགའ་དབང་ལ་ངོ་མ་དགའ་གི
དེ་ན། གཟའ་མཇུག་གི་སློབ་དེབ་ཟེར་ན་ག་འདྲ་ཞིག་གོ་ཡ་འདུག།
གཟའི་གོ་རིམ་ནི། ཉི་མ་དང་པོ། ཟླ་བ་གཉིས་པ། མིག་དམར་གསུམ་པ་ལྟར། ལྷག་པ། ཕུར་བུ། པ་སངས། སྤེན་པ་ཡིན་པ་རེད།
གཟའ་མཇུག་མ་དེ་ཡིན་དགོས་ན། གཟའ་སྤེན་པ་ཆགས་ཡོད་པ་རེད། གཟའ་སྤེན་པ་ནི་དབྱིན་ཡིག་ལ་fridayཡིན་པ་དང་། དགྱ་ཡིག་ལ་(ཞིན་ཆེ་བུའོ་)ཡིན་པ་རེད། གཟའ་སྤེན་པ་ལ་དམིགས་ནས་དེབ་དེ་བཏོན་པ་ཡིན་ནམ། གཟའ་བདུན་མ་ཡིན་པའི་གཟའ་མིན་གྱི་གཟའ་རྩིས་གསར་བ་ཞིག་གསར་དུ་བྱུང་བ་རེད་དམ།
ལན་ཡོད་ན་གདའ་བསུ་ཞུ།
འོ་ན་རྒྱ་ཡིག་མ་ཤེས་ནའང་ཤེས་མདོག་བྱས་པ་ལ་ཐ་སྙད་ག་རེ་འདོགས་དགོས་སམ། ཧ་ཧ་་།