དབུས་ཕྲུག་ཚེ་རིང༌།
དེ་སྔོན་རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མ་ཡི་ཐོབ་དབང་དང༌། དེའི་ཆེད་དུ་གྲོས་མོལ་བྱེད་ཀྱི་ཡོད་པའི་སྐོར་ལས། བོད་མི་དམངས་དང་བོད་མི་རིགས་ཀྱི་ཆེད་དུ་ཡིན་པའི་འགྲེལ་བརྗོད་ཅི་ཡང་བྱེད་ཀྱི་མེད། བར་སྐབས་ནས་རྒྱ་ཕྱོགས་ཀྱིས་ཏཱ་ལའི་བླ་མའི་གནས་དོན་ཟེར་བ་མ་གླེང་པར། བོད་ཆེན་པོ་དང་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང༌། རྣམ་པ་འགྱུར་བའི་རང་བཙན་ཞེས་པ་སོགས་ཀྱི་སྐོར་ཤོད་ཀྱིན་ཡོད་ལ། ྋགོང་ས་མཆོག་ནས་ཀྱང་ངོས་སྒེར་གྱི་ཐོབ་དབང་དང༌། གནས་དོན་ཐོག་ལ་གྲོས་མོལ་བྱེད་རྒྱུ་ཅི་ཡང་མེད་སྐོར་སྔ་ཕྱིར་གསུངས་ཡོད།
དེས་ན་ང་ཚོས་ཆབ་སྲིད་ཀྱི་ཐ་སྙད་བེད་སྤྱོད་གཏོང་སྐབས་ངེས་པར་དུ་གཟབ་དགོས་སྙམ། ད་རེས་ཀྱི་སྐུ་ཚབ་ཚོ་ཕེབས་སྐབས་ནས་བཟུང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང༌། ཨ་རིའི་རླུང་འཕྲིན་ཁང༌། བོད་གཞུང་གི་དྲ་ཚིགས། བོད་ཀྱི་དུས་བབ་དང་བང་ཆེན་སོགས་གང་དུ་ཡང༌། སྐུ་ཚབ་ཚོའི་སྐོར་གླེང་དུས། ྋགོང་ས་མཆོག་གི་དམིགས་བསལ་སྐུ་ཚབ། ཅེས་ཚིག་འདི་འབའ་ཞིག་བེད་སྤྱོད་ཀྱི་འདུག ཚིག་བརྗོད་འདིར་ང་ཚོས། བཙན་བྱོལ་བོད་གཞུང་གི་སྐུ་ཚབ་རྣམ་པ། ཞེས་བེད་སྤྱོད་རྒྱུ་ལས་ྋགོང་ས་མཆོག་དང་ཏཱ་ལའི་བླའི་སྐུ་ཚབ་ཅེས་ཚིག་འདི་བེད་སྤྱད་ན། ནམ་ཞིག་ང་ཚོས་མ་བསམ་སར་ང་ཚོའི་མགོ་ཐོག་ཏུ་ཆབ་སྲིད་ཀྱི་ཐ་སྙད་འདི་ཁྱེར་ནས་དཀའ་རྙོག་ཅིག་སླེབས་ངེས་རེད།
ྋགོང་ས་མཆོག་དང་བོད་གཞུང་ནི་རྦད་དེ་ཐ་དད་རེད། གཅིག་ནི་གང་ཟག་སྒེར་པ་ཞིག་དང༌། གཅིག་ཤོས་ནི་མི་དམངས་མཉམ་འདུས་ཀྱིས་གྲུབ་པའི་ཚོགས་སྡེ་ཞིག་རེད། མ་གཞི་ནས་ང་ཚོའི་དམངས་གཙོའི་ལམ་ལུགས་དང་ཆབ་སྲིད་ཀྱི་སྟེང་ནས་བཤད་ནའང༌། མི་སྒེར་དང་གཞུང་གི་ས་མཚམས་སོ་སོར་ཡོད་ལ། ཆབ་སྲིད་ཀྱི་དབང་ཚད་ཐོག་ནས་ཀྱང་དམངས་གཙོའི་ཀ་བ་གསུམ་ནི་རྒྱལ་ཁབ་ཅིག་གི་ཆབ་སྲིད་ཀྱི་དབང་ཚད་མཐོ་ཤོས་དང༌། དེ་དག་གི་ལས་ཐོགས་སུ་བཞུགས་པའི་མི་སྣ་རྣམས་ཀྱང་ཆབ་སྲིད་ཀྱི་གནས་རིམ་མཐོ་ཤོས་ཀྱི་མི་སྣ་རྣམས་ཡིན་དགོས། ཕྱོགས་གཞན་ནས་བཤད་ན་ད་དུང་ཡང་ང་ཚོའི་དམངས་གཙོ་འདི་ཚད་ལྡན་དུ་བསྐྱོད་ཐུབ་མེད་པའི་འགག་རྩ་ཡང་ཕྱོགས་འདི་ཚོ་དང་འབྲེལ་བ་ཡོད།
གང་ལྟར་ང་ཚོས་བསམ་བློ་སྔོན་དུ་གཏོང་དགོས་པ་ལས། གནས་ཚུལ་འདི་དང་འདི་ལྟ་བུར་སྐྱོན་ཨ་ཡོད་ན་སྙམ་སྟེ་འཕྱུགས་སོང་ན། ནམ་ཞིག་གནས་ཚུལ་འདི་ཚོ་ཆེན་པོར་འགྱུར་བའི་སྐབས་ལེའུ་རྫོགས་ཚར་བ་རེད། འདི་ཚོ་ནི་ལོ་རྒྱུས་ཀྱིས་ང་ཚོར་ཁ་གྲགས་ཀྱི་ཡོད། དཔེར་ན། དུས་རབས་གོང་མའི་བོད་ཀྱི་བླ་ཆེན་མི་ཆེན་རྣམས་ཀྱིས་དོགས་པ་རྣམ་རྟོག་གང་ཡང་མེད་པར། ཐོབ་ཞྭ་དང་གསེར་ཡིག གསེར་ཐམ་སོགས་བླངས་པ་རེད། འོན་ཀྱང་ཁོང་རྣམས་ལ་སྤྲད་པའི་ཆོ་ལོ་དེ་ཚོ་ཁོང་རྣམས་ཀྱིས་རྨི་ལམ་དུ་ཡང་མེད་པར། ད་གཟོད་རྒྱ་ནག་གཞུང་གིས་ཁོང་ཚོའི་རྣམ་ཤེས་བོད་ཀྱི་བདག་དབང་དང་སྦྲེལ་ནས་ལོ་རྒྱུས་ལ་འཁྱོགས་བརྗོད་བྱེད་ཀྱི་ཡོད། འདི་ཚོ་ང་ཚོས་ལེན་དགོས་པའི་ལོ་རྒྱུས་ཀྱི་བསླབ་བྱ་རེད།།
དབུས་ཕྲུག་ཚེ་རིང་ལགས་ལ་བཀྲིས་བདེ་ལེགས་ཞུ།
ཁོང་གི་དཔྱད་རྩོམ་འདི་ངོ་མས་ཡག་པོ་རེད། སྐུ་ཚབ་ཁོང་ཚོ་ནི་སུ་ཡི་སྐུ་ཚབ་ཡིན་པ་ཤེས་དགོས་རྒྱུ་དེ་གལ་ཆེན་པོ་རེད། ཁ་སྔོན་ཞིག་ལ་དྲྭ་གྲོགས་ཤིག་གིས་སྐུ་ཚབ་འདི་ཚོགས་རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་ཡིན་ནམ་བོད་གཞུང་གི་སྐུ་ཚབ་ཡིན་ཞེས་དྲི་བ་ཡག་པོ་ཞིག་བཏང་་སོང་། འདི་ལ་དྲིས་ལན་གསལ་བོ་ཞིག་དེ་རིང་བར་རེག་མེད། ངོ་མས་བཤད་ན་སུ་ཡི་སྐུ་ཚབ་ཡིན་མིན་ཙམ་མ་ཤེས་པར་ཁོང་ཚོ་ལ་ཁ་སྡང་གཏོང་མཁན་མང་ནི་རེད།
འདི་ལ་ཉོན་དང་དགྲ་ནག་གི་ཀྲུའུ་ཝེ་ཆོན་སྨྱོས་རབས་དང་། སྲི་ཐར་གཉང་རབས། ཉི་མ་ཚེ་རིང་སྐྱུག་རབས་རྣམས་གསལ་བོར་ཡོད།
http://gb.cri.cn/news/gxb.htm
ད་ལྟའི་ཆ་ལ་རྒྱ་གཞུང་གིས་༸ཏཱ་ལའི་བླ་མ་དང་མཇལ་འཕྲད་མི་ཆོག་ཟེར་བ་མ་གཏོགས་བཙན་འབྱོལ་སྲིད་གཞུང་དང་འབྲེལ་བ་བྱས་མི་ཆོག་ཅེས་པ་དེ་དཀོན་པར་བརྟེན་༸གོང་ས་མཆོག་གི་དམིགས་བསལ་༸སྐུ་ཚབ་དང་གྲོས་མོལ་ཞེས་པ་མིང་དོན་མཚུངས་པ་ཡོད་རེད།
ཏཱ་ལེ་རུ་ཁག་དང་། ཡུལ་གྱལ་ཇག་ཚོགས། ཁ་བྲལ་ཤོག་པ་ཟེར་བ་སྔ་མོའི་གཏམ་དང་། ན་ནིང་ནས་འཇིགས་བསྐུལ་རིང་ལུགས་པ། ངོ་རྒོལ་སྒྲིག་འཛུག གཏོར་བཤིག་ཚོགས་ཆུང་ཟེར་བའི་ཐ་བཏགས་ཇེ་མང་དུ་ཕྱིན་ཤག སུའི་སྐུ་ཚབ་ཡིན་འབྲེལ་ཡོད་ཀྱི་ལན་འདེབས་པར་འོས།