ཐེ་བོ་ཤེས་རབ་རྒྱ་མཚོ།
མདང་དགོང་ངས་འོད་ཟེར་གྱིས་གསར་དུ་བྲིས་པའི་བླ་བྲང་ཨ་ཁུ་འཇིགས་མེད་སྐོར་གྱི་བྲིས་རྩོམ་ཞིག་བཀླགས་པ་ཡིན། བླ་བྲང་ཨ་ཁུ་འཇིགས་མེད་ནི་ད་ལྟ་མདོ་སྨད་གཙོད་གྲོང་ཁྱེར་གྱི་གསོལ་མགྲོན་ཁང་ཞིག་ཏུ་བཀག་ཉར་བྱས་ནས་རྒྱུན་རིང་སོང་ཡོད་པས། ཨ་ཁུ་འཇིགས་མེད་ཀྱི་ཕུ་བོས་བཤད་ན། ཆུ་ཚོད་༢༤ རིང་ཉེན་རྟོག་པ་བཞི་ལྔ་ཞིག་གི་ལྟ་རྟོགས་ནན་པོའི་འོག་བཞག་ཡོད་འདུག ངས་བསམ་ན་བཀག་ཉར་དེའི་རྒྱབ་ཏུ་ཤིན་ཏུ་རྟོག་དཀའ་བའི་གསང་བ་གཞན་ཞིག་ཡོད་སྲིད། བདག་གིས་འོད་ཟེར་གྱི་བྲིས་རྩོམ་དེ་བཀླགས་ཚར་དུས། ད་ལྟ་བོད་ན་ཧ་ཅང་ཤ་ཚ་མོ་དང་དཀྱུས་མ་ཡིན་པའི་ཐ་སྙད་རྒྱུན་སྤྱོད་སྐོར་ཞིག་ལ་རྒྱ་ནག་གཞུང་གི་དབང་སྒྱུར་འོག་ཏུ་ནག་ཉེས་ཕོག་ནས་ཁྲིམས་ཐག་གཅོད་ཀྱིན་ཡོད་པ་ཤེས་རྟོགས་བྱུང་། སྲིད་འགྱུར་རབས་དང་རིམ་པ་བྱུང་མྱོང་བའི་ལོ་ངོ་སྟོང་ཕྲག་གི་བོད་ཀྱི་ལོ་རྒྱུས་ལ་ཕྱིར་དྲན་བྱེད་སྐབས། དེ་ལྟའི་རྒྱུན་སྤྱོད་ཀྱི་ཐ་སྙད་གཉོམ་ཆུང་འགར་ནག་ཉེས་འདི་འདྲ་ཕོག་ནས་ཁྲིམས་ཐག་བཅད་པའི་བཅད་ཁྲ་ཤོག་ལྷེ་ཕྱེད་ཀ་ཙམ་ཡང་མཐོང་དུ་མེད། ད་ལྟ་ནག་ཉེས་ཕོག་ནས་ཁྲིམས་ཐག་བཅད་ཟིན་པའི་ཐ་སྙད་དག་ནི། “ཉི་མ་” “ཟླ་བ་” “སྐར་མ་” “གངས་སེང་” “གངས་ཅན་པ་” ཨ་ཙི། མིའི་རིགས་ལ་ཅི་འདྲའི་འཆར་ཡན་མོད་པོ་དང་། ཅི་འདྲའི་དྲོད་ཁོལ་འཇམ་པོ་སྟེར་བའི་བོད་ཀྱི་ཐ་སྙད་ཤ་ཚ་མོ་དང་། བོད་ཀྱི་ཐ་སྙད་ཡིད་དུ་འོང་བ་དེ་ཚོ་གྲས་ལ་ད་ལྟ་བོད་ཡུལ་ན་ནག་ཉེས་ཕོག་སྟེ་ཁྲིམས་ཐག་གཅོད་ཀྱིན་ཡོད། གཞས་པ་དང་གཞས་མ་ཚོའི་གཞས་ཚིག་ཏུ་ཐ་སྙད་དེ་ཚོའི་རིགས་བཀོལ་སྤྱོད་བྱས་ཡོད་མེད་ཞིབ་བཤེར་ནན་པོ་བྱེད་ཀྱིན་ཡོད་པ་དང་། གལ་སྲིད་ཐ་སྙད་དེའི་རིགས་བཀོལ་སྤྱོད་བྱས་པ་མཐོང་ཚེ། དེ་ནི་གནད་དོན་ཤིན་ཏུ་ཚབས་ཆེན་ཞིག་ལ་བརྩིས་ནས་ཐ་སྙད་དེ་ཚོ་མཉམ་དུ་གཞས་པ་དང་གཞས་མ་རྣམས་བཀག་ཉར་དང་འདྲི་རྩད་བྱེད་ཀྱིན་ཡོད་པར་མ་ཟད། ད་དུང་ཉིན་མཚན་མེད་ལྟོས་མེད་ཀྱིས་རྩོམ་པ་པོ་ཚོའི་སྙུག་རྩེ་ནས་ཀྱང་ཐ་སྙད་དེ་རིགས་ཤོག་དཀར་གྱི་ངོས་སུ་བཞུར་གྱིན་ཡོད་མེད་ལའང་ལྟ་རྟོགས་ནན་པོ་བྱེད་ཀྱིན་ཡོད་འདུག
ད་དུང་དེ་ལས་ཀྱང་ཚབས་ཆེ་བའི་གནད་དོན་གཞན་ཞིག་ནི། “ཏཱ་ལའི་བླ་མ་” ཞེས་ཡིག་འབྲུ་བཞི་ལས་གྲུབ་པའི་ཐ་སྙད་འདི་ལ་ལོ་ངོ་བརྒྱ་ཕྲག་འགའི་ལོ་རྒྱུས་ཀྱི་བྱུང་རིམ་གཏིང་ཟབ་ལྡན་ཡོད་པས། “གུང་ཁྲན་ཏང་” ཞེས་པའི་ཐ་སྙད་འདི་དང་མཚུངས་བསྡུར་ཞིག་བྱས་ན་ “ཏཱ་ལའི་བླ་མ་” ཞེས་པའི་ཐ་སྙད་འདི་ལོ་ན་བརྒྱ་ཕྲག་འགས་རྒན་པ་ཆགས་ཡོད། དེ་ལྟ་ནའང་གུང་ཁྲན་ཏང་གི་གནམ་འོག་ན། “ཏཱ་ལའི་བླ་མ་” ཞེས་འབྲི་བའམ་“ཏཱ་ལའི་བླ་མ་”ཞེས་བརྗོད་ཚེ་དེ་ནི་གཏན་ནས་གུ་ཡངས་སྟེར་ཐབས་མེད་ཅིང་། ནག་ཉེས་འདག་ཐབས་མེད་པའི་ཁྲིམས་འགལ་གྱི་ཐ་སྙད་ཅིག་ཏུ་གྱུར་ཡོད་པས། དགོས་ངེས་ཀྱི་དབང་གིས་མི་འབྲིའམ་མི་བརྗོད་ཐབས་མེད་རེ་བྱུང་ཚེ་ “ཏཱ་ལའི་” ཞེས་འབྲི་བའམ་ “ཏཱ་ལའི་” ཞེས་བརྗོད་དགོས་ཀྱི་ཡོད། གཅིག་བྱས་ན། ཁྱེད་ཀྱིས་བདག་ལ་དེ་ནི་ཁྱེད་རང་རྒྱའི་སྐད་ཡིག་གི་གོམས་སྲོལ་དང་རྒྱ་མིའི་བསམ་པའི་འཁྱེར་སོ་ལ་རྒྱུས་མངའ་མེད་པའི་རྐྱེན་གྱིས་རེད་ཅེས་བཤད་སྲིད། ཡིན་ཡང་། ངས་ནི་དེ་ལས་ལྡོག་སྟེ། ཁྱེད་རང་བོད་སྐད་ཀྱི་གོམས་སྲོལ་དང་བོད་མིའི་བསམ་པའི་འཁྱེར་སོ་ལ་རྒྱུས་མངའ་མི་འདུག་ཅེས་ལན་ལྡོན་ངེས་ཡིན། སུ་ཞིག་གིས་ “ཏཱ་ལའི་” ཞེས་བརྗོད་ཚེ། དེས་བོད་མིའི་སེམས་ཁོང་ལ་གྲི་གཙགས་བྱས་པ་ལྟར་ན་ཟུག་བཟོད་གླགས་མེད་པ་ཞིག་སྐྱེ་ཡི་ཡོད། དེའི་རྒྱུ་མཚན་ནི་བོད་སྐད་ཀྱི་གོམས་སྲོལ་དང་བོད་མིའི་བསམ་པའི་འཁྱེར་སོ་ལ། འབྲི་སྲོལ་དང་བརྗོད་སྲོལ་དེ་ནི། ྋརང་གི་དཔྲལ་བའི་མིག་དང་ཁོང་བའི་སྙིང་ལྟ་བུའི་ྋགོང་ས་ཏཱ་ལའི་བླ་མ་མཆོག་ལ་ཆེད་དུ་དམའ་འབེབས་བྱས་པའམ། ཡང་ན་བསམ་གཟས་ནས་བརྙས་བཅོས་བྱས་པའི་ཚིག་བཙོག་རྣར་གཟན་ཞིག་ཡིན་པའི་ཚོར་བ་ངམ་ངམ་ཤུགས་ཤུགས་ཀྱིས་འབྱུང་གི་ཡོད་པས་ཡིན། སྤྱིར་བཏང་སྐད་ཡིག་གི་གོམས་སྲོལ་དང་བསམ་པའི་འཁྱེར་སོ་ལ་རྒྱུས་མངའ་མེད་པ་ནི་དེ་འདྲའི་ཚབས་ཆེ་བའི་གནད་དོན་གང་ཡང་མིན་ནའང་། གུང་ཁྲན་ཏང་ལ་མཚོན་ནས་བཤད་ན། བོད་མི་རིགས་ཀྱི་སྐད་ཡིག་གི་གོམས་སྲོལ་དང་བོད་མི་རིགས་ཀྱི་བསམ་པའི་འཁྱེར་སོ་ལ་རྒྱུས་མངའ་སྤུ་ཙམ་ཡང་མེད་པ་འདི་ནི་གནད་དོན་ཧ་ཅང་ཚབས་ཆེན་ཞིག་ཏུ་མི་རྩི་རང་རྩི་ཡིན། རྒྱུ་མཚན་ནི། གུང་ཁྲན་ཏང་གིས་བོད་ལ་དབང་སྒྱུར་བྱས་ནས་དུས་རབས་ཕྱེད་ཀ་ལྷག་སོང་ཡང་། ད་དུང་བོད་སྐད་ཀྱི་གོམས་སྲོལ་དང་བོད་མིའི་བསམ་པའི་འཁྱེར་སོའི་ཁྲོད་ཀྱི་རྒྱུན་ཤེས་ཆུང་ངུ་འདི་ཙམ་ཡང་མ་ཤེས་པའམ་དེ་ཙམ་ལའང་དོ་སྣང་མ་བྱས་ཚེ། ཡང་སྙིང་གུང་ཁྲན་ཏང་གིས་རྒྱལ་སྤྱིའི་སྒང་ལ་ད་ཐུག་གི་བར་བོད་ཀྱི་རིག་གནས་ “སྲུང་སྐྱོབ་” དང་ “དར་སྤེལ་” གཏོང་གིན་ཡོད་རབས་ཀྱི་ཁ་གཡང་ཐོན་པོ་དེར་གནམ་འོག་གི་མི་རྣམས་ཐེ་ཚོམ་མི་ཟ་རང་ཟ་ཡིན། དེ་ལྟར་བལྟས་ཡོང་ན། འདས་པའི་ལོ་ངོ་འགའ་ནི་བོད་ཀྱི་ལོ་རྒྱུས་ཐོག་མུན་ནག་གི་ལོ་ངོ་འགའ་ཡིན་ལ། མུན་ནག་གི་ལོ་ངོ་འདི་ཚོའི་རིང་བོད་ཀྱི་རྩ་ལམ་ན་རྒྱུ་བཞིན་པའི་ཁྲག་རྒྱུན་དྲོན་མོ་དང་གཅིག་ཏུ་འདྲེས་ནས་བརྩེ་གདུང་ཟབ་མོ་ཆགས་ཡོད་པའི་ཐ་སྙད་ཤ་ཚ་མོ་དང་། སྙིང་རྗེ་མོ་འགའི་མགོ་ལ་ནག་ཉེས་ཕོག་ནས་ཁྲིམས་ཐག་བཅད་དང་གཅོད་ཀྱིན་ཡོད་པ་འདི་དག་ལ་བསམ་ཚེ་བདག་གིས་ཟླ་འགའི་སྔོན་ལ་《ཁྲིམས་ཐག་བཅད་པའི་སྡེ་མིང་》ཞེས་པའི་སྒྲུང་ཐུང་ཞིག་བྲིས་ཡོད་པ་དེ་ནི་ཅི་འདྲའི་གནད་ལ་ཁེལ་བ་ཞིག་བྱུང་འདུག་ཨང་སྙམ་པའི་ཚོར་སྣང་ཞིག་བདག་ལ་ངམ་ངམ་ཤུགས་ཤུགས་ཀྱིས་འབྱུང་གི་འདུག
རྩོམ་ཡིག་སེམས་ལ་ཟུག་འགྲོ་བ་ཞིག་བྲིས་འདུག ཁ་དྲོ།
ཟུར་ཞུ། ཀློག་མཁན་ཚོར་དགོངས་སེལ་ཞུ་རྒྱུ་ཞིག་ལ། རྩོམ་ཡིག་མགོའི་ཚིག་དུམ་ཞིག་ནོར་བཅོས་བྱ་རྒྱུ་ལུས་འདུག་པས་འདིར་བསྐྱར་བཀོད་བྱས་ཡོད།
ཐ་སྙད་ཤ་ཚ་མོ་སྐོར་ཞིག་ལ་ཁྲིམས་ཐག་བཅད་པ།
མདང་དགོང་ངས་འོད་ཟེར་གྱིས་གསར་དུ་བྲིས་པའི་བླ་བྲང་ཨ་ཁུ་འཇིགས་མེད་སྐོར་གྱི་བྲིས་རྩོམ་ཞིག་བཀླགས་པ་ཡིན། བླ་བྲང་ཨ་ཁུ་འཇིགས་མེད་ནི་ད་ལྟ་མདོ་སྨད་གཙོད་གྲོང་ཁྱེར་གྱི་བཙོན་ཁང་ཞིག་ཏུ་བཀག་ཉར་བྱས་ནས་རྒྱུན་རིང་སོང་ཡོད་པ་དང་། ཉེ་ཆར་གསོལ་མགྲོན་ཁང་ཞིག་ཏུ་ཁྲིད་ཡོང་ནས་ཁོང་གི་ཕུ་བོ་དང་ཐུག་འཕྲད་བྱེད་དུ་བཅུག་ཡོད་པ་རེད། ཨ་ཁུ་འཇིགས་མེད་ཀྱི་ཕུ་བོས་བཤད་ན། ཆུ་ཚོད་༢༤ རིང་ཉེན་རྟོག་པ་བཞི་ལྔ་ཞིག་གི་ལྟ་རྟོགས་ནན་པོའི་འོག་བཞག་ཡོད་འདུག ངས་བསམ་ན་བཀག་ཉར་དེའི་རྒྱབ་ཏུ་ཤིན་ཏུ་རྟོག་དཀའ་བའི་གསང་བ་གཞན་ཞིག་ཡོད་སྲིད།
བདག་གིས་འོད་ཟེར་གྱི་བྲིས་རྩོམ་དེ་བཀླགས་ཚར་དུས། ད་ལྟ་བོད་ན་ཧ་ཅང་ཤ་ཚ་མོ་དང་དཀྱུས་མ་ཡིན་པའི་ཐ་སྙད་རྒྱུན་སྤྱོད་སྐོར་ཞིག་ལ་རྒྱ་ནག་གཞུང་གི་དབང་སྒྱུར་འོག་ཏུ་ནག་ཉེས་ཕོག་ནས་ཁྲིམས་ཐག་གཅོད་ཀྱིན་ཡོད་པ་ཤེས་རྟོགས་བྱུང་།
སྲིད་འགྱུར་རབས་དང་རིམ་པ་བྱུང་མྱོང་བའི་ལོ་ངོ་སྟོང་ཕྲག་གི་བོད་ཀྱི་ལོ་རྒྱུས་ལ་ཕྱིར་དྲན་བྱེད་སྐབས། དེ་ལྟའི་རྒྱུན་སྤྱོད་ཀྱི་ཐ་སྙད་གཉོམ་ཆུང་འགར་ནག་ཉེས་འདི་འདྲ་ཕོག་ནས་ཁྲིམས་ཐག་བཅད་པའི་བཅད་ཁྲ་ཤོག་ལྷེ་ཕྱེད་ཀ་ཙམ་ཡང་མཐོང་དུ་མེད།
ད་ལྟ་ནག་ཉེས་ཕོག་ནས་ཁྲིམས་ཐག་བཅད་ཟིན་པའི་ཐ་སྙད་དག་ནི། “ཉི་མ་” “ཟླ་བ་” “སྐར་མ་” “གངས་སེང་” “གངས་ཅན་པ་” ཨ་ཙི། མིའི་རིགས་ལ་ཅི་འདྲའི་འཆར་ཡན་མོད་པོ་དང་། ཅི་འདྲའི་དྲོད་ཁོལ་འཇམ་པོ་སྟེར་བའི་བོད་ཀྱི་ཐ་སྙད་ཤ་ཚ་མོ་དང་། བོད་ཀྱི་ཐ་སྙད་ཡིད་དུ་འོང་བ་དེ་ཚོ་གྲས་ལ་ད་ལྟ་བོད་ཡུལ་ན་ནག་ཉེས་ཕོག་སྟེ་ཁྲིམས་ཐག་གཅོད་ཀྱིན་ཡོད། གཞས་པ་དང་གཞས་མ་ཚོའི་གཞས་ཚིག་ཏུ་ཐ་སྙད་དེ་ཚོའི་རིགས་བཀོལ་སྤྱོད་བྱས་ཡོད་མེད་ཞིབ་བཤེར་ནན་པོ་བྱེད་ཀྱིན་ཡོད་པ་དང་། གལ་སྲིད་ཐ་སྙད་དེའི་རིགས་བཀོལ་སྤྱོད་བྱས་པ་མཐོང་ཚེ། དེ་ནི་གནད་དོན་ཤིན་ཏུ་ཚབས་ཆེན་ཞིག་ལ་བརྩིས་ནས་ཐ་སྙད་དེ་ཚོ་མཉམ་དུ་གཞས་པ་དང་གཞས་མ་རྣམས་བཀག་ཉར་དང་འདྲི་རྩད་བྱེད་ཀྱིན་ཡོད་པར་མ་ཟད། ད་དུང་ཉིན་མཚན་མེད་ལྟོས་མེད་ཀྱིས་རྩོམ་པ་པོ་ཚོའི་སྙུག་རྩེ་ནས་ཀྱང་ཐ་སྙད་དེ་རིགས་ཤོག་དཀར་གྱི་ངོས་སུ་བཞུར་གྱིན་ཡོད་མེད་ལའང་ལྟ་རྟོགས་ནན་པོ་བྱེད་ཀྱིན་ཡོད་འདུག
ད་དུང་དེ་ལས་ཀྱང་ཚབས་ཆེ་བའི་གནད་དོན་གཞན་ཞིག་ནི། “ཏཱ་ལའི་བླ་མ་” ཞེས་ཡིག་འབྲུ་བཞི་ལས་གྲུབ་པའི་ཐ་སྙད་འདི་ལ་ལོ་ངོ་བརྒྱ་ཕྲག་འགའི་ལོ་རྒྱུས་ཀྱི་བྱུང་རིམ་གཏིང་ཟབ་ལྡན་ཡོད་པས། “གུང་ཁྲན་ཏང་” ཞེས་པའི་ཐ་སྙད་འདི་དང་མཚུངས་བསྡུར་ཞིག་བྱས་ན་ “ཏཱ་ལའི་བླ་མ་” ཞེས་པའི་ཐ་སྙད་འདི་ལོ་ན་བརྒྱ་ཕྲག་འགས་རྒན་པ་ཆགས་ཡོད། དེ་ལྟ་ནའང་གུང་ཁྲན་ཏང་གི་གནམ་འོག་ན། “ཏཱ་ལའི་བླ་མ་” ཞེས་འབྲི་བའམ་“ཏཱ་ལའི་བླ་མ་”ཞེས་བརྗོད་ཚེ་དེ་ནི་གཏན་ནས་གུ་ཡངས་སྟེར་ཐབས་མེད་ཅིང་། ནག་ཉེས་འདག་ཐབས་མེད་པའི་ཁྲིམས་འགལ་གྱི་ཐ་སྙད་ཅིག་ཏུ་གྱུར་ཡོད་པས། དགོས་ངེས་ཀྱི་དབང་གིས་མི་འབྲིའམ་མི་བརྗོད་ཐབས་མེད་རེ་བྱུང་ཚེ་ “ཏཱ་ལའི་” ཞེས་འབྲི་བའམ་ “ཏཱ་ལའི་” ཞེས་བརྗོད་དགོས་ཀྱི་ཡོད།
གཅིག་བྱས་ན། ཁྱེད་ཀྱིས་བདག་ལ་དེ་ནི་ཁྱེད་རང་རྒྱའི་སྐད་ཡིག་གི་གོམས་སྲོལ་དང་རྒྱ་མིའི་བསམ་པའི་འཁྱེར་སོ་ལ་རྒྱུས་མངའ་མེད་པའི་རྐྱེན་གྱིས་རེད་ཅེས་བཤད་སྲིད། ཡིན་ཡང་། ངས་ནི་དེ་ལས་ལྡོག་སྟེ། ཁྱེད་རང་བོད་སྐད་ཀྱི་གོམས་སྲོལ་དང་བོད་མིའི་བསམ་པའི་འཁྱེར་སོ་ལ་རྒྱུས་མངའ་མི་འདུག་ཅེས་ལན་ལྡོན་ངེས་ཡིན།
སུ་ཞིག་གིས་ “ཏཱ་ལའི་” ཞེས་བརྗོད་ཚེ། དེས་བོད་མིའི་སེམས་ཁོང་ལ་གྲི་གཙགས་བྱས་པ་ལྟར་ན་ཟུག་བཟོད་གླགས་མེད་པ་ཞིག་སྐྱེ་ཡི་ཡོད། དེའི་རྒྱུ་མཚན་ནི་བོད་སྐད་ཀྱི་གོམས་སྲོལ་དང་བོད་མིའི་བསམ་པའི་འཁྱེར་སོ་ལ། འབྲི་སྲོལ་དང་བརྗོད་སྲོལ་དེ་ནི། ྋརང་གི་དཔྲལ་བའི་མིག་དང་ཁོང་བའི་སྙིང་ལྟ་བུའི་ྋགོང་ས་ཏཱ་ལའི་བླ་མ་མཆོག་ལ་ཆེད་དུ་དམའ་འབེབས་བྱས་པའམ། ཡང་ན་བསམ་གཟས་ནས་བརྙས་བཅོས་བྱས་པའི་ཚིག་བཙོག་རྣར་གཟན་ཞིག་ཡིན་པའི་ཚོར་བ་ངམ་ངམ་ཤུགས་ཤུགས་ཀྱིས་འབྱུང་གི་ཡོད་པས་ཡིན།
སྤྱིར་བཏང་སྐད་ཡིག་གི་གོམས་སྲོལ་དང་བསམ་པའི་འཁྱེར་སོ་ལ་རྒྱུས་མངའ་མེད་པ་ནི་དེ་འདྲའི་ཚབས་ཆེ་བའི་གནད་དོན་གང་ཡང་མིན་ནའང་། གུང་ཁྲན་ཏང་ལ་མཚོན་ནས་བཤད་ན། བོད་མི་རིགས་ཀྱི་སྐད་ཡིག་གི་གོམས་སྲོལ་དང་བོད་མི་རིགས་ཀྱི་བསམ་པའི་འཁྱེར་སོ་ལ་རྒྱུས་མངའ་སྤུ་ཙམ་ཡང་མེད་པ་འདི་ནི་གནད་དོན་ཧ་ཅང་ཚབས་ཆེན་ཞིག་ཏུ་མི་རྩི་རང་རྩི་ཡིན།
རྒྱུ་མཚན་ནི། གུང་ཁྲན་ཏང་གིས་བོད་ལ་དབང་སྒྱུར་བྱས་ནས་དུས་རབས་ཕྱེད་ཀ་ལྷག་སོང་ཡང་། ད་དུང་བོད་སྐད་ཀྱི་གོམས་སྲོལ་དང་བོད་མིའི་བསམ་པའི་འཁྱེར་སོའི་ཁྲོད་ཀྱི་རྒྱུན་ཤེས་ཆུང་ངུ་འདི་ཙམ་ཡང་མ་ཤེས་པའམ་དེ་ཙམ་ལའང་དོ་སྣང་མ་བྱས་ཚེ། ཡང་སྙིང་གུང་ཁྲན་ཏང་གིས་རྒྱལ་སྤྱིའི་སྒང་ལ་ད་ཐུག་གི་བར་བོད་ཀྱི་རིག་གནས་ “སྲུང་སྐྱོབ་” དང་ “དར་སྤེལ་” གཏོང་གིན་ཡོད་རབས་ཀྱི་ཁ་གཡང་ཐོན་པོ་དེར་གནམ་འོག་གི་མི་རྣམས་ཐེ་ཚོམ་མི་ཟ་རང་ཟ་ཡིན།
དེ་ལྟར་བལྟས་ཡོང་ན། འདས་པའི་ལོ་ངོ་འགའ་ནི་བོད་ཀྱི་ལོ་རྒྱུས་ཐོག་མུན་ནག་གི་ལོ་ངོ་འགའ་ཡིན་ལ། མུན་ནག་གི་ལོ་ངོ་འདི་ཚོའི་རིང་བོད་ཀྱི་རྩ་ལམ་ན་རྒྱུ་བཞིན་པའི་ཁྲག་རྒྱུན་དྲོན་མོ་དང་གཅིག་ཏུ་འདྲེས་ནས་བརྩེ་གདུང་ཟབ་མོ་ཆགས་ཡོད་པའི་ཐ་སྙད་ཤ་ཚ་མོ་དང་། སྙིང་རྗེ་མོ་འགའི་མགོ་ལ་ནག་ཉེས་ཕོག་ནས་ཁྲིམས་ཐག་བཅད་དང་གཅོད་ཀྱིན་ཡོད་པ་འདི་དག་ལ་བསམ་ཚེ་བདག་གིས་ཟླ་འགའི་སྔོན་ལ་《ཁྲིམས་ཐག་བཅད་པའི་སྡེ་མིང་》ཞེས་པའི་སྒྲུང་ཐུང་ཞིག་བྲིས་ཡོད་པ་དེ་ནི་ཅི་འདྲའི་གནད་ལ་ཁེལ་བ་ཞིག་བྱུང་འདུག་ཨང་སྙམ་པའི་ཚོར་སྣང་ཞིག་བདག་ལ་ངམ་ངམ་ཤུགས་ཤུགས་ཀྱིས་འབྱུང་གི་འདུག
14/08/2012
ཐེ་བོ་སྙན་ངག་པའི་སྨྱུག་ཁ་གང་ལ་བཀོད་བཀོད་རེད་འདུག དཔྱད་རྩོམ་ཡག་པོ་ཞེ་དྲག་བྲིས་གནང་འདུག
ད་རུང་ཤུགས་རྒྱོབས་་གང་མང་མང་ཕྲིས་་་་ཁྱེད་ནི་འབྲུག་དཀར་གཙང་བོའི་གཟི་བརྗིད་རེད་ལ་་་ཐེ་ཕྲུག་བརྒྱ་སྟོང་གི་སྣ་འདྲེན་ཡང་ཡིན་པས་་་གང་མང་མང་ཕྲིས་་་རྒྱང་རིང་གི་འདྲེ་རྐང་ཐོ་ངའི་རེ་བ་ཆེ་ཤོས་ཀྱང་ཁྱེད་ཉིད་ཡིན།
ངས་བལྟས་ན་(གུང་ཁྲན་ཏང་)དང་(ཏཱ་ལའི བླ་མ)གཉིས་མཚུངས་བསྡུར་བྱེད་པ་ལས། (མའོ)དང་(ཏཱ་ལའི)ཞེས་པའི་ཐ་སྙད་གཉིས་མཚུངས་བསྡུར་བྱས་ན་དེ་བས་དོན་སྙིང་ཅན་ཞིག་ཡོང་བ་འདུག་སྙམ། འདི་གཉིས་ལ་ཡུལ་གྱི་ཁྱད་ཆོས་ཀྱི་ཆ་ནས་དང་། ཡུལ་ཅན་གྱིས་འཛིན་སྟངས་ཀྱི་ཆ་ནས། ད་དུང་མཚོན་བྱེད་དཔེའི་ཆ་ནས་སོགས་མང་པོ་ཞིག་བཤད་རྒྱུ་འདུག་སྙམ།
རྨུ་ཐག་གི་བུ་རྒྱུད་ཀྱིས་བསམ་ཚུལ་བཤད་པར་ཐུགས་རྗེ་ཆེ།
ཁྱེད་ཀྱིས་ནོར་བཅོས་དང་བཅས་རྩོམ་ཡིག་དེ་བསྐྱར་ཏུ་བཀོད་པས་ངའི་བློ་ཅུང་ཙམ་བདེ་སོང་། ཕུ་བོས་ཐུག་འཕྲད་སྐབས་བཙོན་ཁང་ནས་གསོལ་མགྲོན་ཁང་དུ་ཁྲིད་ཡོང་སྟེ་ཤ་ཚ་མདོག་གི་འཁྲབ་སྟོན་རྫུན་མ་ཞིག་བཟོས་བ་རང་རེད། བོད་མི་རིགས་ཀྱི་གློ་སྙིང་བྲང་གསུམ་དང་འབྲེལ་བའི་ཐ་སྙད་ཤ་ཚ་མོ་རྣམས་ལ་ཞ་ནག་གོན་ནས་མུན་དོང་ནང་ལ་བཅུག་པའི་སྐོར་བྲིས་ནོ་ཧྲ་གི ཁྱོ་ནམ་རྒྱུན་གྲགས་ཀི་རེ་བསྡན་ན་ངའི་སེམས་བདེ་ཀི