ཁ་བརྡ་དྲ་དེབ་ཏུ་བེད་སྤྱོད་བྱས་པའི་ཐ་སྙད་སྐོར་གཅིག་དབྱིན་བོད་ཤན་སྦྱར་ཏུ་བཀོད་པ།
ང་ཚོས་དྲ་རྒྱའི་ཐོག་བོད་ཡིག་མང་བར་སྤྱོད་པའི་སྐབས་འདིར། ཐ་སྙད་རིགས་གཅིག་གྱུར་ཡོང་བ་གལ་ཆེར་འཛིན་དགོས་སྟབས། ཁ་བརྡ་དྲ་དེབ་ཏུ་སྤྱད་པའི་ཐ་སྙད་སྐོར་གཅིག་འདིར་བཀོད་ཡོད། ཐ་སྙད་རིགས་ལ་ནོར་བ་དང་ཆད་པ། གཅིག་གྱུར་མིན་པ་སོགས་མཆིས་ཚེ། དེ་ལྟར་ཡིན་པའི་བསམ་ཚུལ་ལྷུག་སྩོལ་ཡོང་བ་ཞུ།
དགེ་འདུན་རབ་གསལ་གྱིས།
… ནང་གི་ཡིག་མཛོད། -achieve for ….
གཞུང་ཡིག་-Scripts་
ཇུས་འགོད་བྱེད་པ་-Formatting
ཐོ་བརྒྱབ་-signed up
ཐོ་བྱང་-Menu
ཐོ་འགོད།-register
དཀར་ཆག་-catalog
དྲ་དེབ་-blog
དྲ་དེབ་འདི་ལ་འཚོལ་ཞིག-search in this blog
དྲ་བ- Network
དྲ་ཤོག-sites
ནང་གསེས་དཀར་ཆག་-subcategory
པར་གཞི་-theme
པར་གཞི་-theme
ཕབ་བཤུ་-Download
བཙལ་ནས་རྙེད་པ།-search result
བཟོས།-made by
བརྗེ་བསྒྱུར་-Convert
བསམ་ཚུལ་བརྗོད་པ།-suggest ideas
བསྣུན་-Click
མཆན་བུ་-comments
མཉེན་ཆས་བཟོ་བྱད་སྐོར་གྱི་དྲ་དེབ།-development blog
ཟུར་བྱང་།-widgets
འགྱུར་བཅོས་བྱེད་-Configured
འགྲེལ་བརྗོད་ཡིག་ཆ་-documentation
འདེམས་ཀའི་ཐོ་བྱང -menu item for Options
འབྲེལ་ཐག་-links
འབྲེལ་ཐག་སྦྱོར་བ།-plug in
འཚོལ་བ་-search
ཡིག་གཟུགས་-font
ཡིག་མཛོད་-achieves
ཡོད་ཡོད་-built-in
རིགས་-tags
རོགས་འདེགས་གླེང་སྟེགས།-support forum
རྗེས་འདེད།-Trackback
རྩོམ་ཡིག་-post
ཤོག་ངོས་-pages
སྔོན་གྱི་རྩོམ་ཡིག་ཁག རྗེས་ཀྱི་རྩོམ་ཡིག་ཁག-Previous entries and next entries
སྣ་ཚོགས་ -un categorized
སྣེ་ཁྲིད་-hyperlinks
སྣོན་མ་-add-on
ཕྱེད་ཀ་འགྲིགས། ཕྱེད་ཀ་ནོར། དུས་རབས་ཉེར་གཅིག་གི་འགྱུར་རང་རེད།
གྲོགས་པོ་རབ་གསལ་ལགས། ཁྱེད་ཀྱི་དབྱིན་ཡིག་གི་ཐ་སྙད་འདི་དག་ལས་འགའ་རེའི་དོན་གོ་ལ་འགའ་རེའི་དོན་མི་གོ་བར་འདུག གོ་བ་རྣམས་ཀྱི་འགྱུར་ལ་མཆན་འདེབས་རྒྱུ་གང་ཡང་མེད་ཀྱང་རང་གི་བསམ་ཚུལ་ལམ་ཡང་ན་འཕྲོས་བཤད་དེ་མིན་ན་དཔྱད་ཅིག་འཇོག་འདོད་བྱུང་། སྤྱིར་ཐ་སྙད་གསར་བཟོ་དང་ཡང་ན་བསྒྱུར་བ་ལ་མཁས་པ་ཞིག་གིས་བསྒྱུར་པ་དང་གསར་བཟོ་ལས་དམངས་ཕལ་པ་རྣམས་ཀྱི་གསར་བཟོ་ལ་བོད་སྐད་ཀྱི་ཁྱད་ཆོས་ལྡན་པར་ཁོ་བོས་བསམ་མོ། ད་འདིར་ཉོག་བཤད་ཉུང་ཤས་ཤིག་བྱ་འདོད་དོ།
signed up ནི་མིང་རྟགས་སམ་ས་རྟགས་བརྒྱབ་པའི་དོན་མ་ཡིན་ནམ། ཐོ་བརྒྱབ་པ་དང་ཐོ་འགོད་པའི་དོན་གཅིག་ཡིན་ཏེ དེ་གཉིས་ registr གྱི་དོན་དུ་འགྲོ་སྙམ། download ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལྟར་ཕབ་ལེན་བདེ། ཕབ་བཤུ་ནི་ copy གྱི་དོན་མ་ཡིན་ནམ། suggest idea བསམ་འཆར་དང་། click མནན་པའི་དོན་ལས་བསྣུན་པའི་དོན་ལ་ཇི་ལྟར་འགྲོ་བ་ངས་མི་ཤེས། comments ཚབ་ཏུ་བསམ་ཚུལ་ཤོད་ཡང་ན་དཔྱད་ཞོག་ལྟ་བུ་བདེ་སྙམ་མོ། གཞན་ཐ་སྙད་འགའ་རེལའང་བསམ་ཚུལ་མི་མཐུན་པ་དུ་མ་ཞིག་མཆིས་ཀྱང་རེ་ཞིག་དེ་ཙམ་མོ། མ་གཞི་ཨུ་ཚུགས་བརྒྱབ་ནས་བསྒྱུར་བ་ལས་དོན་ལ་འབབ་པའི་ཚིག་གསར་པ་ཞིག་བཟོས་ན་མི་ལེགས་སམ། གཞན་དྲ་གནས་ཁག་ཏུ་གཏན་ཁེལ་ཟིན་པ་རྣམས་ལ་བསྟུན་རྒྱུ་དེའང་གལ་ཆེའོ། དཔེར་ན་བོད་ནང་དུ་ blog ལ་བོད་ཁུག་ཅེས་བྲིས་ཡོད་སྙམ།
བསམ་ཚུལ་མང་པོ་ཞིག་བསྡུ་ལེན་བྱ་རྒྱུ་དེ་གལ་ཆེན་པོ་ལོས་ཡིན་ཀྱང་དེ་ལས་ཀྱང་གལ་ཆེ་བ་ནི་བསམ་ཚུལ་མང་བའི་ཕྱོགས་དང་ཡང་ན་འགྲིགས་པའི་ཕྱོགས་དེ་རང་གི་བསམ་ཚུལ་དང་མཐུན་མིན་ལ་མ་ལྟོས་པར་ལམ་སང་དང་ལེན་གྱིས་བཟོ་བཅོས་བྱ་རྒྱུ་དེ་ཧ་ཅང་གལ་ཆེ་བར་འདོད། མ་གཞི་མི་སུ་ཞིག་ཡིན་ན་ཡང་རང་གི་བསམ་ཚུལ་དེ་འགྲིགས་བསམ་ནས་ཡོད་པས་དེ་ལམ་སང་བསྒྱུར་བཅོས་བྱ་རྒྱུའང་ལས་སླ་པོ་མེད་པ་རེད། དེ་བས་ནོར་བ་ལམ་སང་ངོས་ལེན་དང་དེ་བཟོ་བཅོས་བྱེད་ཐུབ་མཁན་ནི་ཆེས་རྣམ་དཔྱོད་དང་ལྡན་པའི་མི་ཁོ་ན་ཡིན་པ་རེད།
I read this translation for several times, It is helpful and useful .
མགོན་པོ་ཕྱག་གཉིས་པ་ལགས།
ཁྱེད་ཀྱིས་འདིར་གསུངས་པ་རྣམས་ལ་ནི་དོན་དང་ལྡན་པའི་བདུད་རྩི་མཆིས་པས། བདག་གིས་དགའ་བ་ཆེན་པོས་བཏུང་ངོ་༎ འཇིབ་བོ། ཡིད་ཚིམ་པར་བྱེད་དོ༎
ཐ་སྙད་ཀྱི་སྐོར་ལ་རྒྱུ་མཚན་ཞིག་ཡོད་པ་དེ་རྒྱབ་ལྗོངས་ཀྱི་ཚུལ་དུ་ཞུ་འདོད། དེ་ནི་ང་ཚོ་བཙན་བྱོལ་དུ་སྡོད་མཁན་ཚོས་ཐ་སྙད་རེ་ཟུང་ལ་འགྲིག་མིན་གྱི་རྩོད་པ་བརྒྱབ་ནས་མི་ཚེ་བསྐྱལ་བ་ལྟ་བུ་ཡོང་གིན་ཡོད། བོད་ནང་དུ་གློག་ཀླད་ཚན་རིག་གི་རླབས་ཆེན་པོ་ཞིག་ལངས་ཏེ། ཐ་སྙད་ནི་སྣ་ཚོགས་པ་ཞིག་འབྱུང་བཞིན་ཡོད། སྐུ་ཞབས་བཀྲ་ཤིས་ཚེ་རིང་ལགས་ཞུ་བ་དེས་གློག་ཀླད་ཀྱི་ཐ་སྙད་སྐོར་ཕྱོགས་བསྒྲིགས་མཛད་དེ་ཚིག་མཛོད་ཅིག་ཕལ་ཆེར་པར་བཏབ་ཡོད་ཚོད། ངེད་ལ་ཚིག་མཛོད་དེའི་ངོ་བཤུས་ཤིག་ཐོབ་ནས་དེ་ལ་ཡང་ཞིབ་བསྡུར་བྱས་པ་ཡིན། རྩ་བའི་མི་མཐུན་པ་ཆེན་པོ་གཅིག་ནི། བོད་ནང་གི་ཐ་སྙད་གསར་པའི་རིགས་ནི་རྒྱ་ཡིག་གི་སྒྲ་དོད་ནས་བསྒྱུར་བ་དང་སྤེལ་བ་ཡིན་བརྟེན། རྒྱའི་ཤན་ཞིག་ཐེབས་ཀྱིན་འདུག དེའི་དཔེ་མཚོན་ཅིག་ནི། ཁྱེད་ཀྱིས་གསུངས་པའི་པོད་ཁུག་ཅེས་པ་འདི་ཡིན་ནམ་སྙམ། དབྱིན་ཡིག་གི་ blog ཅེས་པ་འདི་ཡིན་བསྡུས་མིང་ཞིག་ཡིན་ཟེར། འདིའི་མིང་ཚིག་ངོ་མ་དེ་ནི་ web log ཅེས་པ་ཡིན་ཟེར། དེ་ལྟར་བྱས་པས་ཚིག་འདིའི་ཡོང་ཁུངས་ལ་བལྟས་ཚེ། འདི་ལ་དྲ་དེབ་ཅེས་བསྒྱུར་ན་ལེགས་པར་མཐོང་།
ང་ལ་རྒྱུ་མཚན་གཉིས་པ་ཞིག་ཡོད། དེ་ནི་མིང་ཚིག་གཅིག་གྱུར་ཡོང་རྒྱུར་རེ་ནས་ངང་སྒུག་བྱེད་ལོང་མེད་པ་དེ་རེད། མིང་ཚིག་རྣམས་ཉིན་རེ་བཞིན་འགྱུར་གི་ཡོད། ང་ཚོ་ཡང་འགྱུར་བའི་རྗེས་ཟིན་པ་བྱས་ཏེ་འགྲོ་ཐུབ་ན། མཁས་པ་ཚོས་འགྲིག་མིན་གྱི་དཔྱད་བརྗོད་འདི་ཚོ་ཡང་མུ་མཐུད་ནས་ཡོང་ངེས་རེད། མ་གཞི་ནས་མིང་ཚིག་གཅིག་གྱུར་ཟེར་བ་འདི་ཡང་ཡིག་མཁན་ཚོ་ཁོ་ནས་ཡོང་བ་ཞིག་ཡིན་མིན་མི་ཤེས། འདི་ཚོང་དང་འཚོ་བ་ལ་ཡང་འབྲེལ་བ་ཡོད་པར་འདོད། དེ་རིང་དེ་ཙམ་ཡིན།
གུས་བཅས། ཕུལ།
ཐ་སྙད་སྐོར་ལ་བསམ་འཆར་མང་པོ་ཡོང་གི་ཡོད་ལ་ཐབས་ལམ་ཡང་མང་པོ་ཡོད། གོང་གི་སྐུ་ཞབས་རྣམ་པ་གཉིས་ཀྱི་བསམ་འཆར་རྣམས་ཡག་པོ་འདུག ངའི་བསམ་བློར་ང་རང་ཚོ་བོད་ལ་ཐ་སྙད་གསར་པ་བཟོ་སྐབས་ཁྲིམས་དང་གོ་རིམ་ལྟ་བུ་ཞིག་མེད་འགྲོ། དཔེར་ན་ཆོས་ཞེས་རྒྱ་གར་གྱི་སྐད་Dharmaལས་བཟོ་སྐབས་དེ་སྒྱུར་ཡིག་མ་རེད། རྡ་མ་ཞེས་པ་ནི་འཛིན་པ་དང་སྐྱོབ་པའི་དོན་རེད་ཅེས་ལེགས་སྦྱར་གྱི་མཁས་དབང་རྣམས་ཀྱི་གསུངས་ལས་ཐོས། ཡིན་ནའི་ང་ཚོ་བོད་སྐད་ནང་དེ་ལ་བཅོས་སྒྱུར་དང་བཟོ་བཅོས་རྱྒག་པའི་དོན་ཡོད། དེ་གང་འདྲ་བྱས་ནས་ཡོང་བ་ཡིན་མིན་ཞིབ་འཇུག་གནང་ཐུབ་ན་ཚིག་གསར་པ་དག་བཟོ་བ་དང་སྒྱུར་བར་ཕན་པ་མི་ཆེའམ།
དེ་མིན་Blogལྟ་བུ་བོད་སྐད་ནང་ཐ་སྙད་བཟོ་སྐབས་སྦོ་ལོག་ཅེས་བཞག་ནའང་འགྲིག་ལ། བློག་ཅེས་བྲིས་ནའི་མ་འགྲིག་པ་མིན་འདུག རྒྱུ་མཚན་ནི་B་ལ་བ་དནག་L་ལ་ལ་བཏགས། o དེར་ན་རོ་དང་g དེར་ག ཅེས་བཀོད་པ་ལས་ཡིན་ནོ།
གུས་པས་ངེད་ཚོའི་་་་་ ཐ་སྙད་མཁན་པོ་མང་པོ་ཞིག་ལ་སྐྱོན་གཅིག་མཐོང་གི་འདུག་ དེ་ནི་ཁོང་ཚོ་ཚང་མ་ཐ་སྙད་སྐད་ཡིག་གཞན་ལས་སྒྱུར་བའི་ཐབས་ཤེས་བྱེད་པ་ལས་ཐ་སྙད་གསར་པ་བཟོ་བའི་ཐབས་ཤེས་གནང་བའི་བློ་སྟོབས་མིན་འདུག སྐད་ཡིག་གཅིག་ལ་ཐ་སྙད་གསར་པ་བཟོ་བའི་ལམ་ལུགས་དང་གཞུང་ལུགས་མེད་ན་སྐད་ཡིག་དེ་ནམ་ཡང་རྗེས་ལ་ལུས་རྒྱུ་ཡིན། དེར་བརྟེན་ཐེངས་རྗེས་མ་ཐ་སྙད་གསར་པ་བཟོ་སྟངས་སྐོར་གྲོས་བསྡུར་བྱེད་པའི་རྱྒལ་སྤྱིའི་ཚོགས་འདུག་ཞིག་སྐོང་ནས་བོད་ཕྱི་ནང་གི་མཁས་པ་རྣམས་ཕེབས་ནས་དགོངས་འཆར་ཞིག་གསུངས་ཐུབ་ན་མི་ལེགས་སམ། དཔེར་ན་ང་ལ་Circumscision ཞེས་པའི་ཚིག་འདི་བོད་ཡིག་ནང་ད་དུང་བཟོ་ཐུབ་ཀྱི་མིན་འདུག རྒྱུ་མཚན་ནི་ཕོ་རྟགས་གི་ཁ་དེ་འགེབས་མཁན་གྱི་ལྤགས་པ་དེར་བོད་ཡིག་གི་མིང་ཚིག་མི་ཤེས།
བསམ་བློ་གཏོང་རྒྱུ་ཏན་ཏན་འདུག འགའ་ཞིག་གིས་བཤད་དོན། blog སྟེ། པོད་ཁུག་ཅེས་པ་ནི་རྒྱ་ནག་གི་སྐད་ཡིག་ནས་ཚུར་སྒྲ་བསྒྱུར་བྱས་ཟེར་ལ། འདི་བདེན་པ་རེད། རྒྱ་ནག་གིས་ཀྱང་དབྱིན་ཡིག་ནས་ཕར་སྒྲ་བསྒྱུར་བྱས་པ་གོར་མ་ཆགས། ཡང་རེ་ཟུང་གིས་པོད་ཁུག་ནི་པོ་ཏིའི་ཁུག་མར་གོ་ཆོག་ཟེར་ལ། གླེགས་བམ་གྱི་ཁུག་མ་དང་། དཔེ་ཆའི་ཁུག་མ་ལྟ་བུ་གང་ལྟར་འདྲ་ཆག་པོ་རེ་འདུག་ཟེར། འདིའི་ཐད་འགྲེལ་བཤད་དང་གསལ་བཤད་གཞན་པ་ཡོད་དམ།
ངས་བསམས་ན་བོད་ཁུག་ཅེས་བོས་ན་ལེགས། རྒྱུ་མཚན་ནི་བོད་ཀྱི་ལོ་རྒྱུས་ཀྱི་ཁུག་སོ་ན་ལུས་པའི་དོན་དག་མང་པོ་ཞིག་འདི་ནས་གླེང་ཆོག་པས་སོ། །