མགར་ཐར་མཁྱེན་རབ་འོད་གསལ།
——–གཟའ་མཇུག་གི་ཚོར་སྣང་ཞིག
༡༽ བསམ་བློ་རྙིང་རུལ་ལ་རྒོལ་བའི་སྔོན་གླེང་།
འུ་ཅག་བོད་མི་རིགས་ཀྱི་བསམ་བློ་ཞིག་གམ་ཡང་ན་བགས་ཆགས་ཤིག་གིས་གནའ་དེང་གི་སྤྱི་ཚོགས་གསར་རྙིང་གང་ཞིག་ཡིན་རུང་བོད་མི་ཚོས་ལོ་རྒན་ནར་སོན་ཞིག་ཡིན་ཕྱིན་བསམ་བློ་གཏོང་སྟངས་བཟང་བ་དང་། སྒོ་གསུམ་གྱི་བྱ་སྤྱོད་ཕུན་སུམ་ཚོགས་པོ་ཞིག་ཡོད་ཤག་ཤག་ཏུ་རྩིས་ཏེ་གྲལ་འགོ་བཞག་རྐྱང་དང་གོང་ནས་གོང་དུ་བཀུར་བའི་གུས་བརྩི་ཞུ་སྟངས་ཀྱང་ཇི་རྙེད་ཅིག་ཡོད་པ་དེ་རིགས་བཟང་བའི་ཆ་ཞིག་ཏུ་སྒོམ་ནས་མགོ་དམའ་དམའ་དང་དཔའ་ཞུམ་ཞུམ་གྱིས་རྒན་པས་གང་ཞིག་བྱས་ནའང་འཁྲུལ་མེད་འགྲིག་རྐྱང་བྱས་པ་དེ་ཙམ་གྱིས་རང་རེ་བོད་པའི་སྤྱི་ཚོགས་རྗེས་ལུས་ཇི་ཙམ་ཐེབས་ཡོད་མེད་དང་། ད་དུང་ཡང་ཇི་ཙམ་རིང་རྗེས་ལུས་ཐེབས་རྒྱུ་ཡིན་མིན་ཕལ་ཆེར་རྟོགས་ཐུབ་སྙམ།
ལྷག་པར་དུ་སློབ་གྲྭ་ལྟ་བུའི་བསམ་བློ་གུ་ཡངས་དང་ཤེས་ཡོན་གྱི་ལྟེ་གནས་སུ་དབང་འཛིན་མཁན་གྱི་རྒན་རབས་རྣམ་པས་རང་ལྟ་མཆོག་འཛིན་དང་ཀླད་རྙིང་མཁྲེགས་བཟུང་གིས་ནོར་འཁྲུལ་རིགས་མང་དུ་བཟོ་བཞིན་ཡོད་པ་དེར་ངེས་པར་དུ་ཕར་རྒོལ་བྱེད་པའི་གདེང་སྤོབས་ཡོད་དགོས་པ་དང་སྐྱོན་འཛུགས་བྱེད་ཕོད་པའི་དཔའ་ངལ་ལྡན་དགོས་པ་ལས་མགོ་སྒུལ་དགོས་པའི་གནས་སྟངས་སླེབས་མེད། ཡིན་ཡང་དེ་ལྟར་བྱ་ཕོད་པའི་བསམ་བློ་འཁོར་ཐུབ་མཁན་གྱི་སློབ་ཕྲུག་སྒེར་ཚུགས་ཅན་རེ་ཟུང་ཡང་རང་རེ་བོད་པའི་སློབ་གྲྭ་ཁག་ཏུ་ཧ་ཅང་དཀོན།
དེས་ན་ན་ཚོད་གཞོན་ལ་སློབ་ལ་བརྩོན་པའི་བོད་རིགས་སློབ་ཕྲུག་དག་གིས་སྤྱི་ཚོགས་ཡར་ཐོན་གྱི་བསམ་བློ་ཆེར་བསྐྱེད་ཀྱིས་རྒོལ་འགོག་ནན་པོ་ཅི་ནས་ཀྱང་བྱེད་ཕོད་པ་བྱེད་དགོས་པ་རེད་མ་གཏོགས་འགན་དབང་འཛིན་མཁན་རྣམས་ཀྱི་མིག་ལམ་དུ་འགྲོ་ཐབས་བྱས་ཏེ་མིག་གཉིས་ཡོད་ཀྱག་ལོང་བ་ལྟར། ཨ་ཆོག་ཡོད་ཀྱང་འོན་པའི་བཟོ་འདྲ་བོས་གྲགས་མེད་འགུལ་མེད་དུ་སྡོད་མི་ཉན། ཅིའི་ཕྱིར་ཞེས་ན། དེ་ནི་ཕ་གི་དགྲ་ལ་རྒྱབ་སྐྱོར་གྱི་ཚུལ་དུ་རང་ཉིད་གསོད་བྱེད་ཀྱི་མེ་མདའ་སྟེར་ནས་རང་ཉིད་གསོད་པར་བྱེད་དུ་འཇུག་པ་དང་ཀུན་ནས་མཚུངས་པས་སོ།
༢༽ བསམ་བློའི་ཁྱད་པར་དངོས་ལ་འཇུག་པ།
སྤྱིར་བཏང་རང་རེ་བོད་པའི་སྤྱི་ཚོགས་སུ་གཞོན་པས་རྒན་པར་གུས་བཀུར་དང་རྒན་པས་གཞོན་པར་བྱམས་སྐྱོང་བྱེད་པའི་སྲོལ་བཟང་ཞིག་ཡོད་པ་བཟང་མོད། འོན་ཀྱང་རྒན་པས་བྱས་པའི་ནོར་འཁྲུལ་ལ་གཞོན་པས་དང་བླངས་བྱེད་རྐྱང་དང་དེ་ལུགས་ཡིན་ཤག་གིས་ཞག་འགྱངས་ཉིན་འགྱངས་བྱེད་དགོས་དོན་མེད་ལ། སྐྱོན་འཛུགས་རྒོལ་འགོག་བྱེད་ཕོད་པའི་དཔའ་ཡང་ཞུམ་དགོས་དོན་དེ་བས་མེད། གང་ལེགས་ཤེ་ན། རྒན་པ་དེ་རིགས་ཀྱིས་བསམ
བློར་རང་ཉིད་ངོ་གདོང་འགེབས་སྲུང་བྱེད་རྒྱུར་གཙོ་གཉེར་བྱས་ཏེ་ཕྱི་ཚུལ་རྫིག་པོ་སྟོན་ཐུབ་ཙམ་ལས་དོན་དམ་པར་ནང་གི་སྐྱོན་ཆ་ཇི་བྱུང་ལ་བཅོས་བསྒྱུར་གྱི་བསམ་བློ་མི་ལྡན་པས་སོ། དེ་དང་དེ་འདྲ་བའི་འགན་འཛིན་དང་འགོ་འཁྲི། དགེ་རྒན་རྒན་པ་དག་ནི་ལོ་ན་རྒན་པ་ཙམ་ལས་བསམ་བློ་རྒན་པ་མིན་སྟབས། བདེན་པ་འཚོལ་ཐབས་བྱེད་མཁན་གྱི་ན་གཞོན་དག་གིས་བྱིས་བློ་ཅན་གྱི་མི་བུ་དེ་རིགས་ལ་གུས་བཀུར་མཚོན་བྱེད་མགོ་སྒུལ་སྒུལ་ངང་སྤྲེལ་ལས་ཅིས་ཀྱང་བྱེད་་མི་འོས་སྙམ། དེ་ལས་བསམ་བློ་དང་ཀུན་སྤྱོད་གཉིས་ཐད་ནས་གནས་ཚད་སྤུས་ལེགས་ཅན་ན་མཉམ་སློབ་གྲོགས་དག་ལ་གུས་བཀུར་དང་ཡི་རང་བྱེད་རྒྱུ་དེ་བས་གལ་འགངས་ཆེའོ།
༣༽ སྤྱི་སེམས་དོ་ཁུར་གྱི་བསམ་བློ་གླེང་བ།
སྤྱི་སེམས་དོ་ཁུར་བཤད་དུས་རྒན་གཞོན་ཕོ་མོ་སུ་ལའང་དམིགས་བསལ་མེད་ལ་ཚང་མས་བྱེད་དགོས་པའི་ལས་འགན་ལས་ལྷག་པའི་འོས་འགན་ཞིག་ཅིས་ཀྱང་ཡིན་པས། མཐོ་འགོ་འཁྲི་དང་། འགན་འཛིན། དགེ་རྒན་ནས་བཟུང་སྟེ་སྨད་སློབ་ཕྲུག་དང་མི་མང་ཡོངས་ནས་སྤྱི་ཚོགས་རམ་འདེགས་ཀྱི་བསམ་བློ་ལྡན་དགོས། དེ་མིན་སྒེར་སེམས་དོ་ཁུར་གཙོ་གཉེར་བྱེད་མཁན་གྱི་འགོ་འཁྲི་དང་། འགན་འཛིན། དགེ་རྒན་ནི་སུ་ལའང་མི་མཁོ་སྙམ། དེང་སང་སྤྱི་ཚོགས་ཆེ་འབྲིང་ཆུང་གསུམ་གང་ཞིག་ཡིན་རུང་མི་འབོར་མང་ཤོས་ཤིག་གིས་མི་རབས་རྒན་པ་ཡིན་ཚད་ཐམས་ཅད་བསམ་བློའི་གནས་ཚད་མཐོ་བ་བརྩིས་ཤག་དང་། མི་རབས་གཞོན་པ་ཡིན་ཚད་ཐམས་ཅད་བསམ་བློའི་གནས་ཚད་དམའ་ཤོས་ཤིག་ཏུ་བརྩིས་རྐྱང་བྱེད་པའི་བགས་ཆག་རྙིང་པ་ཞིག་གམ་བསམ་བློ་རྙིང་པ་ཞིག་ཡོད་པ་གསལ་པོ་རེད། དེ་འདྲའི་བསམ་བློ་དེ་ད་དུང་བསམ་བློ་རྙིང་པ་རེད་ཅེས་བསྙད་ཆོག་སྙམ། དེ་མིན་དངོས་ནས་བོད་མི་རིགས་ལ་ཞེན་ཁོག་དང་རྒྱལ་ཞེན་ཆེ་བའི་མི་རབས་རྒན་པ་ཁག་ཅིག་གིས་གདམས་པའི་མན་ངག་འགའ་ལ་བསམ་བློ་རྙིང་པ་དང་ཀླད་རྙིང་མཁྲགས་བཟུང་བྱེད་པ་རེད་ཟེར་ཉེས་འདོགས་སྐྱོན་འཛུགས་བྱེད་ན་བོད་པའི་ཁ་རྒྱུན་ལ”ཨ་མ་དང་གདོན་འདྲེ་ནོར”ཟེར་བ་དང་ཁྱད་ཅི་ཡོད། དེའི་ཕྱིར་མཁས་པ་གཟུ་བོར་གནས་པ་དག་གིས་བརྟག་པར་འཚལ།
མགར་ཐར་མཁྱེན་རབ་འོད་གསལ་ལགས། ཁྱོད་འདི་སྤྱི་ཚོགས་སུ་གནས་ཀྱང་སྤྱི་ཚོགས་ཀྱི་གནས་སྟངས་ཧ་མ་གོ་བའི་ཧོན་ལོག་ཅིག་རེད་འདོད། སྤྱི་ཚོགས་སུ་ཡོད་པ་རྣམས་མི་འདུག་ཅེས་ལབ་ཅིང་། མེད་པ་རྣམས་མང་དྲགས་འདུག་ཅེས་ལབ་པར་ལྟོས་དང་། ད་སྐབས་ཕྱི་སྡོད་བོད་མི་ལྟ་ཞོག་གཞིས་ལུས་སུ་འང་རྒན་གཞོན་བརྩི་བཀུར་མེད་ལ། གཞོན་པས་རྒན་པའི་ཁར་མི་ཉན་པའི་དུས་ལ་བསླེབས་ཡོད། བཙན་བྱོལ་སྤྱི་ཚོགས་ནས་མགོ་བཙུགས་ཏེ་ཕ་མ་རྣམས་བུ་ཕྲུག་དག་གི་གཡོག་པོ་ནང་བཞིན་བརྩིས་ཏེ་བྱས་ནས་བསྡད་ཡོད། ཁྱེད་ཀྱིས་ད་དུང་རྒན་པ་རྣམས་བཀུར་རྒྱུ་མང་དྲགས་འདུག་ཅེས་ལབ་སོང་། དུས་རབས་སྔ་མ་ཞིག་ལ་བཤད་ཀྱིན་ཡོད་དམ། ཡང་ན། ད་ནི་གཞོན་པ་ཚོས་གཡུག་རིང་བཟུང་སྟེ་རྒན་པ་རྣམས་ལེབ་རྡུང་བྱ་དགོས་པ་རེད་དམ། ད་ཁྱོད་སྨྱོས་ཚར་འདུག སྤྱི་ཚོགས་དཔྱད་བརྗོད་ཀྱི་བསམ་བློའི་ནུས་པ་ཁྱེད་ལ་སྨིན་མི་འདུག ད་སྐུ་མཁྱེན། ངོ་ཚ་བའི་སྐད་ཆ་དེ་འདྲ་མ་གསུངས་རོགས། རྩོམ་མཁན་ངོ་མི་ཚ་ནའང་ཀློག་མཁན་ངོ་ཚ་བོ་འདུག ངོ་མ་ཡིན། རིང་བོར་མ་ཐོགས་པར་ཁྱེད་ཀྱི་བུ་ཕྲུག་གིས་ཁྱེད་ལ་ཉེས་རྡེག་གཏང་ཡོང་གི་རེད། དེར་སེམས་ཁྲལ་མ་བྱེད་རོགས།
འོ་་ཡང་ཅིག་བཤད་ན། ཁྱེད་ཀྱི་སྐད་ཆ་འདི་དག་དུས་རབས་ཉི་ཤུ་བའི་ལོ་རབས་དགུ་བཅུ་དང་དུས་རབས་ཉེར་གཅིག་པའི་ལོ་རབས་བཅུ་བའི་མགོ་སྟོད་ཀྱི་ཏང་ཡོན་པ་དག་གི་སྐད་ཆ་རེད། ད་སྐབས་སྐད་ཆ་དེ་ཡོལ་ཚར་རེད། གནའ་རྫས་ཆགས་ཚར་བ་རེད།
ཨོ་ཧོ། འདི་ན་ཡང་རིག་གནས་གསར་བརྗེའི་སྐབས་ཀྱི་སྔོན་ཐོན་པ་རང་གི་ཕ་མ་ཡང་འཐབ་རྩོད་བྱས་ཏེ་ཕམ་པར་རྒྱག་མཁན། སྡིག་ཅན་མའོ་ཡི་ཨབ་ཕྲུག་ཞིག་གི་ཡང་སྤྲུལ་ཅིག་སླེབས་འདུག ཉེ་ཆར་ཁ་ཆེ་དྲགས་གཅོད་ཚོགས་པའི་ཚོགས་མི་ཞིག་གི་ཨ་མས་རང་གི་བུ་ལ་ཚོགས་པ་འདིའི་ནང་ནས་ང་གཉིས་ཕྱིར་ཐོན་དགོས་ཚུལ་དང་དྲགས་གཅོད་ཚོགས་པ་ནང་མུ་འཐུད་བསྡད་ན་ཡག་པོ་མེད་པ་སོགས་ཀྱི་བསླབ་བྱ་རྒྱག་སྐབས། བུ་དེས་རང་གི་ཨ་མའི་བསམ་བློ་གཏོང་སྟངས་ནོར་བ་དང་། ཀླད་རྙིང་ཡིན་ཚུལ་སོགས་བཤད་ནས་མི་མང་ཚོགས་སར་ཨ་མའི་རྐེ་གཏུབ་ནས་གསད་ཡོད་པ་རེད། ཨོ་ཡ་ད་དེ་ཚོ་ཚང་མ་རིགས་གཅིག་པ་རེད། རྒན་གཞོན་གོ་རིམ་མི་དགོས། རྒན་པ་ལ་བརྩི་བཀུར་ག་རེ་བྱས་ནས་བྱེད་དགོས་པ་རེད་བསམ་མཁན་འདི་ཚོ་སྙིང་རྗེ་ནི་ཞིག་རེད།
དང་པོ་རྩོམ་ཡིག་ནང་མིག་གཉིས་ཡོད་ཀྱག་ལོང་
བ་ལྟར་(ཀྱག་) གི་གོ་དོན་གང་ཡིན་ནམ་།
གཉིས་པ་ཨ་ཆོག་ཡོད་ཀྱང་འོན་པའི་བཟོ་འདྲ་བོྈ(ཨ་ཆོག་)ཟེར་ན་གང་རེད་།
བོད་མི་རིགས་ཀྱིས་རིག་གཞུང་སྒོམ་བཤིས་ནང་
ཡ་རབས་བཟང་སྤྱོད་རྒན་པ་ལ་གུས་བརྩི་དང་ཆེ་
མཐོང་ཞུ་དགོས་པ་དང་ཕ་མ་དང་དགེ་རྒན་ལ་བཀུར་སྟི་ཞུ་དགོས་པ་སོགས་ལྷ་ཆོས་དགེ་བྈབཅུ་དང་མི་ཆོས་གཙང་མ་བཅུ་དྲུག་དང་ནང་གསུང་པ་དེ་ཚོ་ད་ལྟ་དུས་ལས་ཡོལ་མེད་པ་ནས་ང་ཚོ་བོད་མི་ཚང་མས་གོང་ས་མཆོག་གི་བཀའ་སློབ་མ་བརྗེད་སེམས་ལ་འཇོག་དགོས་པ་དང་ལས་བྱེད་དགེ་རྒན་སོགས་ལ་རྐྱོན་ཡོད་ན་འཛུབ་མོ་འཛུག་ཆོག་པ་དང་
བདེན་དཔང་ཁུངས་བསྐྱེལ་རང་གི་བྱེད་དགོས་པ་ལས་རང་ལྟ་ཕྱོགས་ལྷུང་གི་མི་མང་ངམ་སློབ་ཕྲུག་ལ་བརྒྱུད་བསྐུལ་བྱས་ནས་ངོ་རྒོལ་བྱ་རྒྱུ་དེ་ཚོ་ཡ་རབས་བཟང་སྤྱོད་དང་ཡོངས་སུ་འགལ་བ་ཡིན་
ན་འདིར་བསམ་ཡོད་བོད་མི་ཚང་མས་དཔྱད་ཞིབ་ནན་པོ་གནང་དགོས་།
གོང་གི་མཆན་བུ་བཏབ་མཁན་རྣམ་པར་ཞུ་རྒྱུར། ཁྱེན་རྣམ་པས་རྒན་པས་གང་བཤད་ལ་བརྩི་མཁན་ཡིན་ཤག་དང་རྒན་པས་གང་བྱས་ལ་མོས་པའི་རྒན་གཞན་གོ་རིམ་ལྡན་མཁན་ཤ་སྟག་ཡིན་ཟེར་གྱི་ཡོད་ན། དེས་ན་ངས་བཤད་པའི་”མིག་གཉིས་ཡོད་ཀྱང་ལོང་བ་ལྟར། ཨ་ཆོག་ཡོད་ཀྱང་འོན་པ་འདྲ།” ཞེས་པ་དེ་ཏག་ཏག་ཁྱེད་རྣམས་ལ་ཟེར་གྱི་ཡོད། ཨ་ཆོག་ཅེས་པའི་གོ་དོན་གང་ཡི་མ་ཤེས་མཁན་དང་། ཕྲད་བརྒྱབ་སྟངས་ཏོག་ཙམ་ནོར་བ་དག་ལ་སྐྱོན་འཛུགས་བྱེད་ཁུལ་བགྱིས་མཁན་དག་ནི་ངས་བསམས་ན་”མགོ་ལ་སྐྱག་པ་བཏང་ཡང་ཕར་རྒོལ་བྱེད་མི་ཕོད་པའི་སྡར་མ་ཤ་སྟག་མིན་ནམ་སྙམ།” མུ་མཐུད་ནས་དེ་ལྟར་བྱོས་ཡ།
ཡིག་འཕྲེང་གཅིག་ཙམ་ཡང་ནོར་མེད་དག་མོ་ཞིག་འབྲི་མི་ཐུབ་ཁར་ནོར་བ་དངོས་ལེན་བྱེད་པའི་སྙིང་སྟོབས་ཀྱང་མི་ལྡན་པས། ཁྱོད་མི་ག་འདྲ་ཞིག་ཡིན་རང་ཉིད་ཀྱིས་གསལ་བཤད་ཡག་པོ་གནང་སོང་། ངས་གོང་དུ་ཞུས་པ་དེ་ག་རང་ཡིན་པའི་ངེས་པ་ལྷག་ཏུ་རྙེད་བྱུང་། ངར་ཁྱོད་ཀྱི་ཁྱི་ཁ་གཙེ་ཁོམ་དང་གཙེ་འདོད་མི་འདུག པེ་པེ་་་བདེ་མོ་བྱོས།
གསར་བརྗེ་ཡི་བསམ་བློ་ཡོད་པའི་མི་ཞིག་གིས་སྐད་ཆ་བཤད་འོང་དུས་མའོ་ཡི་ཨབ་ཕྲུག་རེད་ཟེར་བ་དང་། རྙིང་བཞིར་རྩ་གཏོར་བཏང་མཁན་རེད་ཟེར་ནས་ཞྭ་མོ་ཀོན་གྱི་རེད། སྤྱིའི་ཆ་ནས་བོད་ལ་གསར་བརྗེ་བྱས་མཁན་མའོ་དང་མའོ་ཡི་ཨམ་ཕྲུག་ཚོ་མ་གཏོགས་ཡོང་མྱངས་མེད་པས་ཡིན་གྱི་རེད།
མའོ་དང་མའོ་ཡི་ཏང་གི་སྲིད་གཞུང་གི་རྗེས་སུ་དབུ་མའི་ལམ་ནས་ཁྱི་རྒྱུགས་རྒྱུགས་བྱེད་མཁན་ཁྱོད་ཚོས་ངོས་ནས་བྱས་ན་མའོ་དང་མའོ་ཨབ་ཕྲུག་ཚོ་ལ་ཁ་གཏོང་པའི་ཐོབ་ཐང་ཞིག་ཅང་ལྷག་ཡོད་དམ། ངས་བལྟས་ན་ཁྱོད་ཚོ་ལ་ཏང་དང་མའོ་ཀྲུང་ཞིའི་ལ་ཁ་གཏོང་ཆོག་པའི་ཐོབ་ཐང་ཞིག་ཅང་ལྷག་མ་སོང་ལབ་ཀྱི་ཡིན།
མཁས་པའི་ཁྱུ་མཆོག་ཉན་ཤུལ་མཁྱེན་རབ་འོད་གསལ་ལ་བཀྲ་ཤིས་བདེ་ལེགས་ཡོད། བོད་མི་རིགས་ལ་གསར་བརྗེ་ཡི་མཛུབ་སྟོན་མང་ཙམ་གནང་རོགས་ཞུ།
མཁས་དབང་ར་སེར་དཀོན་མཆོག་རྒྱ་མཚོ་དང་དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས། ཞོགས་དུང་སོགས་བོད་ནང་གི་མཁས་དབང་ཁྱོད་ཚོས་བོད་ཀྱི་གནས་བབས་དང་མཐུན་པའི་གསར་གཏོད་ཀྱི་ལམ་སྟོན་གནང་རོགས།
ཅོ་རི་ཉི་མ་་་ རྟག་པར་མགོ་མ་ཚོས་པའི་སྐད་ཆ་བཤད་རྒྱུར་དགའ་ནོ་ལྟོས་དང་། ཉན་ཤུལ་མ་རེད་ཡ། མགར་ཐར་རེད། སྐད་ཆ་ཚིག་གཅིག་བཤད་ན་ཕྱོགས་རེས་དང་ཞེན་ཁོག་ལ་འདྲེས་ནས་ཡོང་གི། ཨ་ཁ་ཁ་ཤ་ཚ། ཐུབ་བསྟན་ཕུན་ཚོགས་ཟེར་བའི་ཏང་ཡོན་རྒན་པ་དེ་རྣམ་དཔྱོད་ཅན་དང་མཁས་དབང་ཞིག་མ་རེད། ཁོ་ལ་གསར་གཏོད་ཅིག་ཕ་རིའི་སྤང་རྒྱན་རེད། འོན་ཏེ། ཁོ་ལ་ཟླ་ཕོག་འོ་ཙི་ཡོད་རབས་འདུག རྔ་མ་གཡུགས་ཏེ་སྐྱག་ཁུང་ལྡོགས་དང་། ཁ་སོས་ལ་མ་སོས་བྱས་བསྡད་པའི་མྱི་འཁྱམས་ཁྱོད་ལ་ཇ་འཐུང་བྱེད་རེ་སྟེར་ན་ཐང་། ཁྱོད་སྐབས་འཚོལ་བ་ནི་ཡིན། ཨ་འགྲིག་ཆ་འགྲིག་རེད།
ཅོ་རི་ཉི་མ། རྟག་པར་༧ གོང་ས་མཆོག་དང་དབུ་མའི་ལམ་ལ་སྐྱོན་བརྗོད་དེ་རྒྱ་གཞུང་གི་རྒྱུག་ཁྱི་བྱེད་པ་ལས། དོལ་ཚོགས་ཀྱི་ནང་ལ་ཞུགས་ཏེ་དངོས་སུ་༧ གོང་ས་མཆོག་གི་མདུན་ལ་ཐོན་ནས་ངོ་རྒོལ་བྱོས་དང་། ཁྱེད་ལ་ཡོང་འབབ་དེ་ཆེ་བ་ཡོད་རེད། འོན་ཏེ། དེ་ལྟར་བྱ་ཕོད་པའི་བློ་ཁོག་ཁྱོད་ལ་ཡོད་པ་མ་རེད། ཧ་གོ་ཡོད། རྒྱ་གཞུང་གིས། ཁྱེད་ཀྱི་དངོས་སུ་ལག་བསྟར་ག་ཚོད་ཐུབ་མིན་ལ་གཞིགས་ནས་སྒོར་མོ་སྤྲོད་གི་རེད་མ་གཏོགས། ཁ་བརྡ་དྲ་ཚིགས་ནས་ཁ་ཕོ་བསྒྲགས་ཙམ་ཞིག་ལས་ཁྱེད་ཀྱི་ལྟོ་རྒྱབ་ལ་འདང་བྱེད་ཀྱི་སྒོར་མོ་སྤྲོད་ཁག་པོ་རེད། ཁྱོད་ཁ་བཤད་ལག་ལེན་ལ་མེད་པ་དང་། ཁེ་བཟང་གང་ནས་རག་ན་དེར་རྒྱུག་མཁན་ཞིག་ཡིན་པ་ཕལ་ཆེར་ཧ་གོ་ཡོད་ཚོད་རེད།
སྙིང་རྗེ་ཁྱོད་་་་ཁེ་ཕན་གྱི་ཆེད་དུ་ཁྱི་རྒྱུགས་བྱེད་ནས་མི་ཚེ་བསྐྱེལ་མཁན་རྒྱལ་བཙོང་བ་ཁྱོད་རང་ཚོ་ནང་བཞིན་ཅོ་རི་ཡིན་གྱི་རེད་བསམས་ན་ནོར་བ་རེད་ད། ཡོད་ཚོད་རང་ལ་དཔེ་ལེན་ནས་གཞན་གྱི་མགོ་ལ་བཀོད་ན་དོན་མཐུན་མ་རེད། རྒྱ་གཞུང་གི་རྒྱུགས་ཁྱི་བྱེད་དགོས་ན་རྒྱལ་བཙོང་བ་ཚོ་ལས་འཇོན་པ་སུ་ཡོད་དམ།
ཁྱོད་ཀྱིས་བདེན་པའི་སྐད་ཆ་གཅིག་བཤད་འདུག ཅོ་རིས་རང་ཁ་སོས་ལ་མ་སོས་ལ་བྱས་ནས་མི་ཚེ་བསྐྱེལ་ནས་ཡོང་བ་ཡིན། མ་གཏོགས་རྒྱལ་བཙོང་བ་དང་ལྐོག་ཟ་རུལ་སུངས་ཀྱི་སྐྱག་ཁུ་ལྡག་ནས་མི་ཚེ་བསྐྱེལ་མྱངས་མེད། རྗེས་སུ་ཡང་དེ་འདྲ་བའི་མི་ཚེ་བསྐྱེལ་འདོད་མེད། ཅོ་རི་མུ་གེས་ཤི་ནའང་ལྐོག་ཟ་རུལ་སུངས་དང་རྒྱལ་བཙོང་བའི་སྐྱག་ཁུ་ལྡག་མི་སྲིད། དེར་ཤེས་པ་བྱོས་ཨ།
མཁས་དབང་ཐུབ་བསྟན་ཕུན་ཚོགས་ཟེར་བ་ཁོང་་་་བུར་ཕས་བསྟོད་མི་དགོས་དགྲ་བོས་བསྟོད། བུ་མོར་མས་བསྟོད་མི་དགོས་གནས་ཀྱིས་བསྟོད་ཟེར་བ་ལྟར་མཁས་དབང་ཐུབ་བསྟན་ཕུན་ཚོགས་ཁོང་པེ་ཅིན་སློབ་གྲྭ་ཆེན་མོ་དགེ་རྒན་ཆེན་མོ་ཞིག་ཡིན་པར་འདྲ་་་་ཧཧ
ཅོ་རི་ཉི་མ་ཟེར་མཁན་འདི་༧གོང་ས་མཆོག་དང་དབུ་མའི་ལམ། བཙན་བྱོལ་བོད་ཀྱི་སྒྲིག་འཛུགས་ལ་ཞེ་ནས་སྡང་མཁན་ཞིག་ཡིན་པ་སྔར་ནས་ཚང་མས་ཤེས་གསལ་རེད། ཕ་གསད་བུ་ལ་ཡང་བཤད་ཡ་ཡོད་ཟེར་བ་ལྟར། རྒྱུ་མཚན་ལྟར་སྣང་བཤད་ཡ་ལ་རྫོགས་ཡ་ཡོད་པ་མ་རེད། བཤད་ན་མ་བཤད་ན་༧གོང་ས་མཆོག་གི་མཛད་འཕྲིན་ཉི་མ་སྟོང་ཅིག་ཆར་ཏུ་ཤར་བ་ལྟར་འཛམ་གླིང་ཤར་ནུབ་ཚང་མ་ལ་ཕྱི་གསལ་ནང་གསལ་རེད། འོན་ཀྱང་རྒྱ་གུང་བྲན་སྲིད་གཞུང་དང་། དོལ་ཚོགས། ཅོ་རི་ཉི་མ་ལྟ་བུའི་ཞེན་ཁོག་གི་གདོན་གྱིས་བརླམས་པའི་སྲིན་བྱའི་རིགས་ཅན་རྣམས་གྱིས་གང་ཡང་མཐོང་མི་ཐུབ་པ་ཆོས་ཉིད་ཡིན་པ་རེད། སྙིང་རྗེ། སངས་རྒྱས་སྒོ་ནང་ལ་ཕེབས་ཀྱང་ངོ་མི་ཤེས་ཟེར་པ་དེ་འདྲ་ལ་ཟེར་བ་རེད། དྲ་གྲོགས་ཚང་མས་ལས་ངན་འདི་དག་ལ་སྙིང་རྗེ་སྒོམ་རོགས།
སྔར་གྱི་སློབ་དེབ་གཅིག་གི་ནང་ལ།
རྒན་གཞོན་གོ་རིམ་ལྡན་ན། ཡུལ་ལུང་བདེ་སྐྱིད་བྱུང་བ། ཞེས་སོགས་པ་ཅིག་དྲན་དུ་བཅུག་སོང་།
ཁྱོད་ཀྱིས་བཀོད་པའི་དཔེ་དོན་མཚུངས་སོང་།
སྐྱིད་ཀྱི་ཉི་མ་ཤར་དུས་གཟུགས་མཐོང་ཐུབ་མཁན་སེམས་ཅན་མང་ཀྱང་སྡུག་གི་མུན་པའི་ནང་དུ་འུག་པ་མ་གཏོགས་གཟུགས་མཐོང་ཐུབ་མཁན་མེད་པ་ལྟར་་ཅོ་རིས་རང་ཁ་སོས་ལ་མ་སོས་ལ་བྱས་ནས་ཡོང་བའི་སྡུག་གི་མི་ཚེའི་ནང་དུ་རྨོངས་དད་མགོ་ཚོས་མཐོང་མ་ཐུབ་པ་དང་མ་ཤེས་པ་མང་པོ་ཞིག་ཅོ་རིས་འུག་པའི་མཚན་མོར་གཟུགས་མཐོང་བ་ལྟར་རེད་ད།་་་ཧཧ
༅༅། གང་ལྟར་སུ་དང་སུ་ཡིན་ཡང། རང་གི་ཕ་ཡུལ་བཙན་འཕྲོག་བྱས། སྐད་ཡིག་ཆོས་དང་མི་རིགས་
རྩ་མེད་བཟོ་མཁན་ལ་བློ་སྙིང་བྲང་གསུམ་གཏད་ནས་ སོ་སོའི་ཉིན་ལྟོའི་ཆེད་རྒྱལ་ཁོ་ལ་ངོ་ལོག་ནས་
རྒྱལ་ཚོང་གི་ལས་དོན་བྱེད་ན་་་མི་རབས་ནས་མི་རབས་བར་ལོ་རྒྱུས་ཀྱི་ཁྱོད་ལ་ནམ་ཡང་རོགས་བྱེད་
རྒྱུ་ཕར་བཞག་ཉལ་ལང་སྒུར་གསུམ་། ཉིན་མཚན་ཀུན་ཏུ་ཁྱོད་ལ་བདེ་བ་ནམ་ཡང་བསྟེར་མི་སྲིད།
ཁྱོད་ལ་་་་འདི་དང་བར་དོ་ཕྱི་མ་གསུམ་ལ་་་་ལུས་སེམས་སྐྱིད་པ་ཞིག་ནམ་ཡང་ཡོང་མི་སྲིད་དོ།
རྒྱ་དམར་པོ་ལ་གསོལ་བ་འདེབས་སྐྱབས་སུ་བཅོལ། ཁྱོད་ཞབས་འདྲེན་ཕ་བཟང་པོའི་རྒྱུད་པ་གང་ནས་
ཡིན། ཀླ་ཀློ་མའུ་ཚེ་ཐུང་གི་རྒྱུད་པ་ཞིག་ཡིན་པ་དངོས་བདེན་རེད།
ཅོ་རི་ཉི་མ་ལགས། ཁྱོད་ལ་ཁེ་བཟང་དང་ལྟོ་རག་ན། གཞན་གྱི་སྐྱག་ཁུ་འཐུང་བ་དང་དགྲ་བོའི་རྒྱུག་ཁྱི་བྱེད་པ་ནི། གོ་རིམ་དང་མགོ་རྔ་མེད་པ་དགྲ་གཉེན་ངོ་མི་ཤེས་པ། ལེགས་ཉེས་འབྱེད་པའི་རྣམ་དཔྱོད་མེད་ཅིང་ཨ་མ་དང་འདྲེ་མོ་གོ་ནོར་ཐེབས་བསྡད་པ་སོགས་ཡིན་པས་ཀྱང་ར་འཕྲོད་པ་རེད་དེ། སྤྱིར་ན། ཁྱེད་ག་འདྲ་ཞིག་ཡིན་མིན་དང་ཁྱེད་ཀྱིས་ཅི་ཞིག་བྱེད་ཀྱིན་ཡོད་སོགས་ང་ལ་རྒྱུས་མངའ་ཧ་ཅང་ཡོད། ཁ་བརྡ་དྲ་ཚིགས་ནས་མ་ཡིན་ཡིན་མདོག་ག་ཙམ་བྱས་རུང་། ཁྱེད་ཀྱི་ངོ་གདོང་ངོ་མ་དེ་ངས་མཐོང་ཡོད། ད་འདྲ་ཆགས་ཆགས་བཤད་པས་ཕན་ཐོགས་ཡོད་མ་རེད། རྒྱུག་ཁྱི་བྱེད་ན་༧ གོང་ས་མཆོག་གི་སྐུ་མདུན་ལ་དངོས་སུ་ཐོན་ཏེ་དོལ་རྒྱལ་བ་དང་མཉམ་དུ་ངོ་རྒོལ་བྱོས། དེ་མིན་ཁྱོད་ལ་ཆེན་པོ་ཞིག་རག་གི་མ་རེད་དོ།། རང་ཉིད་གབ་སྦས་བྱས་ཏེ་དྲ་ཐོག་གི་ཁ་ཕོ་ཙམ་གྱིས་ཁྱེད་ཀྱིས་ཁེ་བཟང་ཆེན་པོ་མི་ལོན་ཁོ་ཐག་རེད། ལོག་ལམ་ལ་ཞུགས་རུང་ལོག་ལམ་ནས་མངོན་དུ་གྱུར་བའི་སྙིང་སྟོབས་དང་སྤོབས་པ་མེད་པ་འདིས། ཁྱོད་ཀྱིས་མི་ཚེ་གང་བོར་ཐབས་སྡུག་པའི་འཚོ་བ་རོལ་རྒྱུ་ཡིན་པའི་མངོན་རྟགས་ཤར་བ་རེད་དོ།།
གདོང་རིས་སྟོན་རྒྱུ་དང་ཕར་ཞོག་རང་མིང་ཡང་གསལ་སྟོན་བྱས་མི་ཕོད་པའི་མཆན་འགོད་ཚོ་ལ་ལན་འདེབས་དུས་ཚོད་འཕྲོ་བརླགས་ལས་མ་འདས། ངོ་མ་བདེན་ཁ་སྟེར་ནུས་ཡོད་ན་དངོས་སུ་ཐོན་ནས་དགག་བཞག་གྱིས་དང་ཕོའི་ལས་ཀ་རང་རེད། དེ་མིན་ནག་ཁུང་ནས་དུས་རྟག་ཏུ་མི་ལ་ཞྭ་ནག་བཀོན་རེ་འདིར་ཡ་ང་བའི་གནས་སོ།།
གང་ཡིན
ལ་སོགས
སྟར་བུ་དམར་པོ། ༧ གོང་ས་མཆོག་ཁ་རྩོད་རྒྱག་བྱེད་ལག་ཆར་ལ་ཁུར་མ་ཡོང་། ༧གོང་ས་མཆོག་བོད་མི་མང་གི་སྐྱབས་ཡུལ་རེད་མ་ཏོག། ཁྱོད་རང་གི་ངན་དགུའི་མན་ངག་འདོན་སའི་རྩོད་གཞི་མ་རེད། ཅོ་རི་ཉི་མ་དྲང་བདེན་གྱི་རང་གཤིས་ཅན། ལྷག་བསམ་གྱི་བློ་སྟོབས་ཅན། མི་ཚེའི་འགྲོ་འདུག་སྤྱོད་གསུམ་ལ་དག་ཐེར་མཛད་ཐུབ་པའི་རྣམ་དཔྱོད་ཅན་ཞིག་ཡིན་པ་ལས། ཁྱེད་འདྲ་བའི་ཆོས་དང་འཇིག་རྟེན་གཉིས་ཀའི་གཡང་ལ་ལྷུང་ནས་གཡོ་སྒྱུ་ཁོ་ནའི་དབང་གི་ངན་དགུ་སྣ་ཚོགས་ཀྱི་སྐྱབས་གསོ་ལ་རོལ་མཁན་དེ་འདྲ་མ་རེད།
རེད་རེད་་བདེན་པ་རེད་་་་དད་པ་ལོག་སྤྱོད་པ་ཚོས་སྐད་ཆ་འོང་དུས་ནས་གོང་ས་ཏྭ་ལའི་བླ་མ་སྟ་གྲི་འཕྱར་འཕྱར་བྱས་ནས་མི་གཞན་ལ་གནོན་ཤུགས་སྤྲད་ཀྱི་རེད། ད་ལོའི་འོས་བསྡུའི་སྐབས་སུ་དད་པ་ལོག་སྤྱོད་བྱས་ནས་སྲིད་སྐྱོད་བློ་སངས་ལ་དཀའ་ངལ་ག་ཚོད་སྤྲད་མ་སོང་ངམ།
དད་པ་ལོག་སྤྱོད་པ་ཚོས་གོང་ས་ཏྭ་ལའི་བླ་མ་ལ་དགའ་མདོག་དང་གུས་མདོག་བྱེད་ཀྱི་རེད། དོན་དངོས་པོའི་ཐོག་ཏུ་དད་པ་ལོག་སྤྱོད་པ་ཚོའི་ནང་དུ་གོང་ས་ཏྭ་ལའི་བླ་མའི་སྒེར་རྒྱུ་ལྐོག་ཟ་བྱེད་མཁན་མང་པོ་ཡོད་པར་བོད་མི་ཡོངས་ཀྱིས་ཤེས་གསལ་རེད་བ།་་་་ཧཧཧ
ཨ་ཁུ་མི་བསམས་ཤ་སྐལ་བསམས་མཁན་ཚོས།
ཨ་ཁུ་ཁོང་ལ་དགའ་མདོག་བྱེད་ཀྱི་རེད།
ཨ་ཁུ་ཁོང་ལ་གུས་མདོག་བྱེད་ཀྱི་རེད།
དགའ་དང་གུས་པ་དངོས་བདེན་ཡིན་གྱུར་ན།
ཨ་ཁུའི་སྒོར་མོ་རྐུ་དོན་ཅི་ལ་ཡོད།་་་་ཨོ་་་་་ཧཧཧཧཧཧཧ་་་་་བཙན་བྱོལ་ནང་གི་མི་ངན་འཁྲམ་པ་དེ་ཚོ་ལ་རྒྱུས་ཡོད།
རྙིང་ཞེན་པ་འདི་དག་ནི་དོན་དངོས་བོད་པ་རྣམས་མགོ་སྐོར་བཏང་མཁན་དང་འཆི་ལམ་དུ་འདེད་མཁན་རེད།
རྟེན་འབྱུང་མགོ་སྐོམ། ཤེས་བྱ་ལ་མེད་པའི་དཔེ་བཞག་མ་ཡོང་། ཉི་མ་སྟོང་ཅིག་དུ་ཆར་བའི་འོད་ཞིག་ཡོད་ན་འཛམ་གླིང་རང་ས་གནས་མི་ཐུབ་པས། འཛམ་གླིང་ལ་ཉེན་ཁ་ཡོད་པའི་དཔེ་ལེན་མ་ཡོང་། རྒྱ་ཕོགས་དང་བོད་ཕོགས་ཞེས་པའི་དགྲ་སྟ་ནང་ལ་འཕྱག་མ་ཡོང་། གོང་ས་མཆོག་ཉི་མ་ནང་བཞིན་འཛམ་གླིང་ལ་ཤར་ཤར་པ་རེད། ཁྱོད་རང་གད་སྙིགས་མཉམ་དུ་མིའི་ཚེ་གཡོ་བྱེད། ཉིན་མཚན་མེད་པ་དྲི་ངན་ཐུལ་ནས་བསྡད་ཡོད་པ།
མཁས་དབང་ཁྱེད་རྣམ་པས་གང་གསུངས་པ་དེ་བླུན་པོ་ང་ཚོས་རྟོགས་མི་ཐུབ། ང་ཚོས་འདི་ལྟར་སེམས།
བོད་པ་མཁས་པ་ཞིག་ཡིན་ན་བོད་སྤྱིའི་དོན་ལ་གཅེས་དགོས། བོད་པའི་བླ་མ་ཞིག་ཡིན་ན་བོད་ཀྱི་ཆོས་དེ་བོད་པའི་སྤྱི་ཚོགས་ལ་སྨན་དུ་འགྲོ་བ་བྱེད་དགོས། བོད་པ་སྨྱུག་འཛིན་པ་ཞིག་ཡིན་ན་གཞན་ཕན་གྱི་བསམ་པས་སྤྱི་ཚོགས་ལ་ཕན་པ་བྱེད་དགོས།
བོད་ཡིག་འབྲི་རྒྱུར་དགའ་བ་ཞིག་ཡིན་ན། བོད་ཡིག་འདིའི་བདག་པོ་བོད་པ་ཚོར་བཀའ་དྲིན་དྲན་དགོས།