བོད། ལྷ་ཀླུ་གཉན་གསུམ།
ཕ་མ་ཉེ་དུ་བཞག་ནས་རྒྱང་རིང་ལ་སླེབས་ནས།།
རིགས་ཀྱི་བུ་མོ་འདི་ཡི་ལས་དབང་ལ་བསམ་བཞིན།།
ཉིན་ལྟར་ལས་ཀྱི་བྲེལ་བའི་མགོ་རྐང་རང་གཟེར་ཡང་།།
སེམས་ལ་ངལ་བ་མེད་པར་ཧུར་བརྩོན་རང་བྱས་ཀྱང་།།
ལུས་ཀྱི་འབྲེལ་བའི་བར་གྱི་དགའ་རོགས་མའི་གམ་དུ།།
སྐྱིད་ལ་སྡུག་རོགས་མེད་པའི་འཚོ་བ་འདིས་གཞུག་ན།།
མ་འོངས་རེ་བ་ཡོད་སའི་ཁྱིམ་ཚང་ཞིག་མི་རིག།
འདི་ཉིད་དྲན་དུས་སེམས་ཀྱི་གཏིང་རིམ་གྱི་སྐྱུར་ཁ།།
འདོད་མེད་འཐུང་དགོས་ང་ཡི་ལས་དབང་གི་གནམ་འོག།
སོ་སོས་བཟོས་པའི་ནག་ཉེས་ལྕི་མོ་འདིས་ལན་ནམ།།
ཡང་ན་གཞན་དག་བསམ་པའི་འདུ་ཤེས་འདིས་ལན་ནམ།།
འཚོ་བ་ངན་ངན་ཞིག་གི་དགོས་མཁོ་ཞིག་རེད་དམ།།
རང་སྐད་རང་ཡུལ་མེད་པའི་གཞན་ཡུལ་གྱི་མི་ཚེ།།
ཅི་ཙམ་རོལ་ཡང་དེ་ཙམ་གོམ་ཐབས་ཤིག་དཀའ་བ།།
ང་ཉིད་གཅིག་བུའི་ལས་དབང་ཨེ་ཡིན་ནི་བསམ་གི།
ང་དང་འདྲ་བའི་རིགས་མཐུན་སྤུན་ཟླ་ཚོ་ཡོད་སའི།།
གླིང་ཕྲན་མི་གཅིག་འཛམ་གླིང་སོ་སོ་ན་གནས་པའི།།
སྤུན་ཟླ་ཀུན་ལ་ཚོར་བ་འདི་འདྲ་རང་ཡོད་སྲིད།།
ཡོད་ན་ཡོད་པའི་དགའ་སྐྱོ་ཡིག་གཟུགས་སུ་བྲིས་དེ།།
རང་རིགས་རྗེས་རབས་ནོར་བའི་ལམ་ཕྲན་འདིར་མི་ཞུགས།།
ཆེད་དུ་ང་ཚོས་ཉམ་མྱོང་དམར་པོ་དག་གླེང་ན།།
རིགས་ཀྱི་སྲུ་ཞུ་ཟེར་བ་དེ་འདྲ་ཞིག་ཡིན་འགྲོ།
དྲང་མོ་བཤད་ན་གཞན་ཡུལ་སྙེགས་མཁན་ཚོ་ནི་ཅི་འདྲའི་མི་གླེན་པ་ཤ་སྟག་ཞིག་རེད་ཨང་སྙམ་ཞོར་དུ། སེམས་པ་གསོ་བའི་སྙན་ངག་འདི་ཤར་མར་དྲ་ངོས་ནས་བྲིས་པ་ཡིན། ༡༦།༩།༡༠ ཨེས་སུ་རལ་གྱི་རྒྱལ་ས་རྗོ་སུ་ལམ་ར་མོ་ཀྲི་གྲོང་ཚོ་ནས།
གཞན་ཡུལ་འགྲིམས་བཞིན་འགྲིམས་བཞིན་རང་ཡུལ་དེ་དྲན་གི།
གཞན་སྐད་བཤད་བཞིན་བཤད་བཞིན་རང་སྐད་དེ་དྲན་གི།
རང་དབང་ལྡན་པའི་མི་རིགས་སྣ་ཚོགས་ཤིག་མཐོང་དུས།།
རང་དབང་བྲལ་བའི་ཕ་ཡུལ་སེམས་གཏིང་ནས་དྲན་བྱུང།།
རིགས་ཀྱི་དེད་པའི་ལས་དབང་འདི་ཉིད་ཅིག་ཡོད་ལ།།
འཚོ་བའི་མནར་བའི་སེམས་ཀྱི་དཀའ་ངལ་་ཡང་ཆེ་སྟབས།།
རང་དབང་མེད་པའི་མི་གྲལ་ཚུད་པ་འདི་དཀའ་བའི།།
སྐྱབས་བཅོལ་རིགས་སུ་ཡོད་པའི་འུ་ཅག་གི་འགན་འཁྲི།།
སོ་སོ་རང་ལས་འཁུར་མཁན་གཞན་ཞིག་ནི་མེད་དུས།།
ད་ནི་ཉིད་ཀྱིས་དེ་ནས་མ་འོངས་པའི་བོད་ཆེད།།
ཤ་དང་རུས་པའི་གསེང་ནས་རིགས་པ་ཞིག་བསྒྲུམ་བཞིན།།
དུས་ཚོད་གོ་སྐབས་བཟང་བོ་ལྷོད་གཡེང་དུ་མ་གཏོང་།།
ལྷ་ཀླུ་གཉན་གསུམ་ཁྱེད་ལྟར་སྙན་ངག་ཤེས་ཀྱི་་མེད་ཏེ།
བདག་གི་བྱ་་སྤྱོད་དངོས་ཀྱི་འཚོར་བ་ཞིག་བྲིས་པ་ཡིན།།
བདག་གི་སྙིང་ནས་བརྩེ་བའི་བུ་ཕྲུག་གི་ཆེད་དུ།། དལ་ལྷོད་ཞི་འཇམ་ཡུལ་ནས་སེམས་ཐག་ཞིག་བཅད་ཏེ།། དཀའ་ལས་རྒྱབ་དགོས་བསམ་ནས་འདི་ཕྱོག་སུ་ཡོང་ཡིན།། ཉིན་ལྟར་ལས་ཀྱི་བྲེལ་བའི་མགོ་རྐང་རེ་གཟེར་དུས།། རང་སེམས་རང་གི་བཅུན་ནས་ལས་ཚོད་ཞིག་བགྱིས་དང་།། ལུས་པོར་སྦྱོངས་སྡར་སོམས་ནས་དཀའ་སྡུག་ཞིག་མ་བསམ།། བརྩོལ་གཏུན་ཐོབས་སྤྲོད་དངུལ་ལོར་རྗེ་རེས་དེ་སོམས་དང་།། རང་དབང་དམངས་གཙོའི་རྒྱལ་ཁབ་ཡིད་རང་ཞིག་གནང་ནས། དུས་ཚོད་ཆ་དགོས་རྒྱབས་ནས་དམ་འཛིན་ཞིག་གནང་ན།། མེ་ཚེ་དོན་དང་ལྡན་པ་ཡོང་ངེས་ཞིག་ཡིན་ནོ། ཉིན་ལྔ་རང་གི་ཆེད་དུ་དཀའ་སྡུག་ཞིག་མྱོང་ཡང་།། ཉིན་གཉིས་རང་རིག་ཆེད་དུ་ལས་འགན་ཞིག་འཁུར་ན།། མ་འོང་སོན་རྩའི་ཆེད་དུ་འབྲས་བུ་ཞིག་མཐོན་ཡོང་།།
འཕན་པོ་བསྟན་དར་པས་ མཚ་ནམོའི་ཆོུད་༡༠་དངསྐར་མ་༣༠ ཀེ་ནི་ཌའི་གྲོང་ཁྱེར་ཀྲོ་རོན་ཀྲོ་ནས།། །།