ཤར་ཕྱོགས་ཁུག་རྟ།
རྩོམ་པ་པོ་སྐུ་ཞབས་ལིག་ཞོ་པོ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པས་སེམས་སྟེང་ནས་མིག་ཆུ་འགོག་མེད་དུ་ཤོར། འཕགས་མཆོག་སྤྱན་རས་གཟིགས་ལ་སྐྱབས་འཇུག་བཅོས་མ་མིན་པ་ཤོར། མཆོད་མེ་སྦར་ཏེ་ཁོང་གི་སྐྱེ་བ་ཕྱི་མ་སླར་ཡང་རྒྱ་ནག་གི་ཆབ་སྲིད་བཅོས་བསྒྱུར་ལ་ལག་རྗེས་ཞོག་མཁན་ཞིག་ཏུ་སྐྱེ་བར་སྨོན་ལམ་བཏབས། གུས་འདུད་དང་བཅས་མྱ་ངན་ཞུས་པ་ཡིན།
ངས་མྱ་ངན་ཞུས་པ་དེ་ནི་ནུབ་ཕྱོགས་ཀྱི་སྲིད་གཞུང་ཆེ་གེ་མོ་དག་གི་བཤད་རྗེས་འབྲང་པ་དང་། ལྷག་པར་མཉམ་འབྲེལ་རྒྱལ་ཚོགས་ཟེར་པ་ལྟ་བུ། དྲང་བདེན་དང་ཉམས་ཐག མི་མང་དཀྱུས་མ། རྒྱལ་ཁབ་ཉམས་ཆུང་། བཙན་དབང་འོག་གི་མི་རིགས་རྣམས་ཀྱི་བདེ་སྡུག་སྣང་མེད་འཇོག་མཁན་མིང་ཆེན་འོག་ཏུ་ཚིག་སྐམ་སྒྲོག་མཁན་དག་གི་མྱ་ངན་ཞུ་ཚིག་གི་རྗེས་སུ་འབྲང་པ་ནི་དེ་བས་ཀྱང་གཏན་ནས་མིན་ལ། ཁོ་པ་ཅག་ནི་གོ་སླ་བར་བརྗོད་ན། རང་དོན་ཁོག་བཅུག་གི་ཞལ་ཞེ་མི་མཚུངས་པའི་ཁེ་སྒྲུབ་དཔུང་ཁག་སྟེ། དཔལ་འབྱོར་དང་ཆབ་སྲིད། ཁྲོམ་རྭའི་རུལ་སུངས་བཅས་ལ་ལྟོས་མེད་ཀྱིས་འགྲོ་བ་མིའི་དྲང་བདེན་ཡལ་བར་འདོར་མཁན་ཞེ་གཅིག་ཡིན་པས། ཁོ་ཚོས་ཆབ་སྲིད་ཀྱི་དམིགས་ཡུལ་གཞན་དང་། མི་མང་གི་མདུན་དུ་སྒེར་གྱི་སྣང་བརྙན་བཟོ་བའི་འཁྲབ་ཚན་གྱི་མྱ་ངན་དང་སེམས་འཚབ་བསྒྲགས་གཏམ་དག་གི་རྗེས་སུ་ནམ་ཡང་བདག་ནི་མི་འབྲང་པ་ཡིན་ནོ།
དེ་བཞིན་ངས་མྱ་ངན་ཞུ་བ་འདི་སྐུ་ཞབས་ལིག་ཞའོ་པོ་མཆོག་གིས་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་ནས་བོད་དོན་ཐད་རྩོམ་ཡིག་ཁ་ཤས་བྲིས་པས་ཀྱང་མིན་ལ། དེ་ལ་མ་གཞི་ནས་ངོ་སོ་ཕུལ་དགོས་དོན་ཀྱང་མེད་པར། དེ་ནི་ཁོང་གི་མཁས་མཛངས་ཀྱི་དམ་ཚིག་སྟེ། རྣམ་དཔྱོད་གསེར་ཞུན་གཞུས་པ་ལས་ཐོན་པའི་སྡོམ་ཚིག རྒྱ་མིར་རང་དབང་མེད་ན་བོད་ལ་རང་དབང་མེད་ཅིང་། བོད་དོན་ནག་བསུབ་བཏང་ན་རྒྱ་ནག་ལའང་བདེ་བའི་སྐབས་མེད་པ་དེའི་ཚུལ་གསལ་བར་བརྗོད་པ་ལྟར་རོ།
རྒྱ་ནག་མི་མང་དུང་ཕྱུར་ ༡༣ དོན་དམ་རང་དབང་དང་བདེ་སྐྱིད་ལྡན་པའི་ལམ་ཁར་ཕེབས་ཐུབ་པ་བྱུང་ན། བོད་མི་ས་ཡ་དྲུག་གི་བདེ་སྡུག་ནི་དེ་ལས་གལ་ཆེར་འགྱུར་རྐྱེན་མེད་པ་སུས་ཀྱང་ངོས་ལེན་བྱེད་ཐུབ་པས། མི་འབོར་དུང་ཕྱུར་ 13 གྱིས་གྲུབ་པའི་ད་ལྟའི་རྒྱ་ནག་གཞུང་འདི་སྐྱོབ་ཐུབ་པའི་ཐབས་ལམ་ཆ་ཚང་བ་དང་། ཡང་ན་ཕྱོགས་ཙམ། ཟུར་ཙམ་སུས་སྟོན་ཐུབ་ན། བོད་མི་ཚོས་དེ་ནི་མཁས་མཛངས་ཅན་དང་གཟི་བརྗིད་ཅན་དུ་མི་བརྩི་བ་ག་ལ་སྲིད། གཏན་ནས་མི་སྲིད་པས། སྐུ་ཞབས་ལིག་ཞོ་པོ་ནི་རྒྱ་ནག་སྐྱོབ་མཁན་གྱི་ཐམས་ཅད་མཁྱེན་པ་ཏཱ་ལའི་བླ་མའི་ཞི་བའི་གཡུལ་སའི་དྭང་བླངས་དམག་སྤྱི་ཆུང་ཆུང་ཞིག་སྟེ། མི་གྲངས་དུང་ཕྱུར་ 13 ་སྐྱོབ་དགོས་པའི་འཆར་སྣང་འདོན་མཁན་ཞིག་ཡིན་པའི་ཆ་ནས། བདག་ནི་ཁོང་ལ་བཅོས་མ་མིན་ཞིང་། རང་སེམས་དབུ་མའི་འོ་མཚོ་གྱེན་དུ་འཕྱུར་བཞིན། རྒྱ་ནག་ཀྲུང་ཧྭ་མི་རིགས་ཀྱི་དཔའ་བོ། ང་ཚོ་ཤར་ཕྱོགས་པ་རྣམས་ཀྱི་བུ་རྒོད་ཅེས་མཚན་གསོལ་ཞིང་མྱ་ངན་ཞུ་ལ། དེ་ཡང་བདག་སེམས་དབུ་མའི་འོ་མཚོས་བྱས་པ་དཀར་ཞིང་། རྗེས་ཤུལ་དཀར་པའི་དཔའ་བོ་ཁོང་ལ་འོ་མཆོད་ཕུལ་བཞིན་མྱ་ངན་ཞུ་ལ། འོ་མཆོད་ཕུལ་བཞིན་ཕེབས་སྐྱེལ་ཡང་ཞུ་བཞིན་ཡོད་ལགས།
རྒྱ་ནག་མི་མང་དུང་ཕྱུར་ ༡༣ དོན་དམ་འདྲ་མཉམ་དང་རང་དབང་། བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་ཆགས་དགོས་ན། དེ་ལ་ཐབས་ལམ་གཉིས་ལས་མེད་དེ། གཅིག་ཏུ། ༧གོང་ས་རྒྱལ་མཆོག་ཐམས་ཅད་མཁྱེན་པས། སྐུ་ཞབས་ཞིས་ཅིན་ཕིན་གྱིས་སྙིང་རྗེ་རྩ་བར་གྱུར་བའི་རིག་གནས་གསར་བརྗེ་ཞིག་བྱེད་དགོས་པ་རེད་ཅེས་དང་། དེ་བཞིན། ཆབ་སྲིད་བསྒྱུར་བཅོས་ཐད་བློ་ཁོག་ཆེན་པོས་གོམ་ཞེང་ཆེ་ཙམ་སྤོ་དགོས་པ་རེད་སོགས་གསུངས་པའི་ལམ་སྟོན་ལྟར། ཁྲིམས་ལྟར་རྒྱལ་སྐྱོང་དང་། ཏང་ཁག་གང་ཡིན་རུང་དེའི་སྲིད་ལུགས་ཚད་ལྡན་དུ་བསྒྱུར་དགོས་རྒྱུ་ནི་གཡོལ་ཐབས་མེད་པ་དེ་ག་ལགས་ཤིང་། གཉིས་སུ། རྒྱལ་མཆོག་ཐམས་ཅད་མཁྱེན་པ་རྒྱ་ནག་ཏུ་ཆོས་འཆད་ཉན་དང་བཟང་སྤྱོད་ཡར་རྒྱས་ཁྲིད་སྟོན་ཆེད་ཕེབས་རྒྱུར་གྲ་སྒྲིག་ཨང་གསར་ཡིན་པ་ལྟར། ཁོང་ལ་བརྟེན་ནས་རྒྱ་ནག་མི་མང་དུང་ཕྱུར་ ༡༣ གྱིས་རང་གི་ཡབ་མེས་ནས་ཡོད་པའི་ཞི་བདེ་དང་། ཕན་སེམས། བཟང་སྤྱོད་བཅས་ཀྱི་འབྱུང་ཁུངས་སུ་གྱུར་བའི་ནང་དོན་རིག་གནས་ཀྱི་ཤེས་ཚད་སྤུས་དག་མང་ཁྲོད་དུ་སླར་གསོ་བྱེད་དགོས་པ་ཡིན་སྟབས། ཐབས་ལམ་དེ་གཉིས་ནི་ཀྲུང་གོ་སྐྱོབ་པའི་རེ་བའི་འབྱུང་ཁུངས་གོང་ན་མེད་པ་ཡིན་པ་སུས་ཀྱང་བསྙོན་དུ་མེད།
གལ་སྲིད་སྐུ་ཞབས་ཞིས་ཅིན་ཕིན་ནི་ཁོང་གི་ཡབ་དང་དེའི་ལས་གྲོགས་རྣམས་ཀྱི་ལམ་བཟང་འདེད་མཁན་ཞིག་ཡིན་ན། གལ་སྲིད་སྐུ་ཞབས་ཅིན་ཕིན་ལ་མི་གྲངས་དུང་ཕྱུར 13 ་སྐྱོབ་འདོད་ཀྱི་ཡང་དག་པའི་རྨི་ལམ་དང་ཕུགས་བསམ་མངའ་བ་ཞིག་ཡིན་ན། ཐམས་ཅད་མཁྱེན་པ་ཏཱ་ལའི་བླ་མའི་དྭང་བླངས་དམག་སྤྱི་ཆུང་ཆུང་། སྐུ་ཞབས་ལིག་ཞའོ་པོ་བཙོན་དུ་བཅུག་ནས་གཤེགས་བཅུག་པ་འདི་ནི། སྐུ་ཞབས་ཞིས་ཅིན་ཕིན་གྱི་ཡབ་དང་ཧུའུ་ཡང་པཱང་སོགས་རྒྱ་ནག་གི་དབུ་ཁྲིད་ཚད་ལྡན་ཚོའི་དགོངས་གཞིར་རྩིས་མེད་དང་བྱས་རྗེས་ནག་བསུབ་བཏང་བ་ཆགས་ཡོད་ལ། ཅིན་ཕིན་རང་གི་རྒྱ་ནག་སྐྱོབ་འདོད་ཀྱི་རྨི་ལམ་ལ་གས་ཁ་བཏང་བ། ཀྲུང་ཧྭ་མི་རིགས་ཀྱི་ལ་རྒྱ་ཆུ་ལ་གཡུགས་པ། ང་ཚོ་བོད་སོགས་འཛམ་གླིང་ཤར་ཕྱོགས་པ་རྣམས་ཀྱི་མིང་ཡང་བརྫད་པ་ཞིག་ཏན་ཏན་ཆགས་ཡོད་པས། སྐུ་ཞབས་ལིག་ཞོ་པོ་གཤེགས་བཅུག་པ་ནི་མདོར་དེད་ན་ཉེས་མེད་ཉེས་འགལ་བྱེད་མཁན་གྱི་དཔོན་ངན་དེས་རང་ཉིད་རང་གིས་བསད་པ་དང་གཅིག་པ་གཅིག་རྐྱང་ཆགས་ཡོད། མཚམས་འདིར་ད་དུང་ཡང་མི་རྣམས་ཀྱི་རེ་བ་ནི། ལིག་ཞོ་པོར་ཉེས་འགལ་བཙོན་འཇུག་བྱེད་མཁན་གྱི་དཔོན་ངན་གཏེ་བོར་ཅིན་ཕིན་གཞུང་གིས་ཞིབ་འཇུག་ནན་པོ་བྱས་ཏེ། སྐུ་ཞབས་ལིག་ཞོ་པོ་དག་ཞིང་ནས་དཀར་འདོན་བྱ་རྒྱུ་དེ་ཡིན་པས། དེ་འདྲ་ཡོང་བར་དྲང་བདེན་ལ་དགའ་བའི་ལྷ་མི་ཚང་མས་སྨོན་ལམ་མི་འདེབས་པ་ག་ལ་སྲིད།
རྒྱ་བོད་གཉིས་ལེགས་བྱང་དང་ཤ་མདོག ལོ་རྒྱུས་སོགས་གང་སར་འབྲེལ་བ་ཤིན་དུ་ཟབ་མོ་ཡོད་པས། སྐུ་ཞབས་ལིག་ཞའོ་པོ་མཆོག་གི་༼ ང་ལ་དགྲ་མེད་༽ཅེས་པའི་མཐའ་མའི་ཞལ་ཆེམས་ལྟ་བུའི་བསྒྲགས་གཏམ་དེ་ཡང་། བོད་མི་རྣམས་ཀྱིས་ལོ་ངོ་བརྒྱ་ཕྲག་མང་པོར་ནང་དོན་རིག་པར་གཅེས་སྐྱོང་བྱས་པ་ལས་འགོས་པའི་བསམ་བློའི་གནས་ཚད་དང་སྒོ་ཀུན་ནས་མཉམ་པས། བོད་མི་ཙམ་མིན་པར་ནང་པ་ཡོངས་ལ། སྐུ་ཞབས་ལིག་ཞོ་པོ་མཆོག་ནི་རང་ཉིད་ལ་འདྲིས་ཤིང་འགྲོགས་པའི་ནང་མི་ལྟ་བུ་ཞིག་ཡིན་པའི་སེམས་ཚོར་སྐྱེ་ངེས་པ་ནི་ཞུ་མ་དགོས་པ་ཞིག་རེད། གལ་སྲིད་ཁོང་གི་རྩོམ་ཡིག་དེའི་ནང་དོན་རྣམས་བོད་ཡིག་ཏུ་བསྒྱུར་ནས། བོད་མི་སློབ་གྲྭར་འགྲོ་མ་ཐུབ་མཁན་རྣམས་ལ་སྒྲོག་འགྲེལ་བྱས་པ་ཡིན་ན། ཁོང་ཚོས་ཏན་ཏན། སྐུ་ཞབས་ལིག་ཞོ་པོ་ནི་བོད་མི་ཚོ་དང་བསམ་བློ་གཏོང་སྟངས་གཅིག་པར་ངོས་འཛིན་ཞུ་ཡི་རེད།
སྐུ་ཞབས་ལིག་ཞོ་པོའི་སྟོབས་ཤུགས་ནི་མི་གཅིག་གི་འགུལ་བསྐྱོད་ཡིན་ཡང་། ཁོང་གིས་ཚེ་འདིའི་ཤ་རུས་ཀྱི་ལུས་པོ་དོར་ཟིན་ཡང་། ཁོང་ཉིད་སྔར་ལས་ཀྱང་མི་རྣམས་ཀྱི་སེམས་སུ་ལྷམ་མེར་འཚོ་འགོ་ཚུགས་ཤིང་། ཁོང་ལ་མཇལ་མྱོང་ཡོད་མེད་དང་ཐག་རིང་ཐུང་གཉིས་ཀར་ཡོད་པའི་མི་ཚང་མས། ད་ནི་ཁོང་ཉིད་རང་གི་སེམས་སུ་ཉར་ཏེ། ལག་པས་བྲང་ཁར་རག་ནས་ཁོང་ལ་ཆེས་བརྩེ་བ་ཆེན་པོས་བྱིལ་བྱིལ་གྱིས་འཆམ་པོ་གནང་གི་རེད། དེ་ནི་དྲང་བདེན་ལ་དགའ་ཞིང་བཟང་སྤྱོད་ལྡན་པའི་མི་རྣམས་ཡིན་ལ། དེ་ནི་ཁོང་གི་ཤུལ་ལུས་བཟའ་ཟླར་གདུང་སེམས་མཉམ་བསྐྱེད་བྱེད་པའི་ཁྲེལ་གཞུང་ཅན་གྱི་སེམས་གསོ་ཡང་རེད།
འོན་ཀྱང་ཡིད་སྐྱོ་དགོས་པ་ཞིག་ནི། སྐུ་ཞབས་ལིག་ཞོ་པོ་མཆོག་གི་རྣམ་ཤེས་ཀྱི་དྲུང་དུ། ཚོགས་ལ་ཉེ་བའི་ཀྲུང་གུང་ཏང་གི་ཚོགས་ཆེན་ ༡༩ པའི་ཁོར་ཡུག་བརྟན་བརླིང་མིན་ཞིང་། ཐ་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྐོག་རྒོལ་འགོ་པ་ཡཱང་ཇན་རེན་རུལ་སུངས་ཆགས་ཟིན་སྐོར་རྒྱལ་སྤྱིའི་སྟེང་ཚོང་དཔོན་ཀོ་བཱན་གོས་ཟེར་བ་ཞིག་གིས་ཉིན་ལྟར་ཆེས་ཆེར་བཀྲམས་བཞིན་པས་ན། དགྲ་བོ་གང་ཡང་མེད་པའི་སྐུ་ཞབས་ལིག་ཞོ་པོ་མཆོག་གིས་རང་གི་རྒྱལ་ཁབ་ཀྱི་བརྟན་བརླིང་ལ་བཅངས་པའི་ཐུགས་ཁྲལ་རྣམས་ཀྱང་མཚམས་མ་ཆད་པར། གསོན་པོ་ཚོར་བཞག་པའི་ཐུགས་རེ་ཡིན་པའང་ཞུ་ག་ལ་དགོས།
དཔའ་བོ་ལིག་ཞོ་པོ་མཆོག་གིས་ད་དུང་དག་པའི་ཞིང་ནས་ཕྱིར་མིག་རང་གི་རྒྱལ་ཁབ་དང་མི་མང་ལ་འཕངས་ཏེ།རང་ཉིད་གཤེགས་ཟིན་པའང་ཐུགས་དྲན་བརྗེད་མེད་འགྲོ་སྙམ་ལ། དེ་བཞིན་དཔའ་བོ་ཁྱོད་ཉིད་འཇིག་རྟེན་སྟེང་གི་ཆེས་རྙོག་སླད་མ་འདྲེས་པའི་བརྩེ་བའི་ནམ་མཁའ་ནས། རང་གི་དགའ་མ་དང་མཉམ་དུ་རྟག་ཏུ་བདེ་བར་གཟིམ་རོགས། རྩོམ་པ་པོ་ལིག་ཞོ་པོ། དགེ་རྒན་ལིག་ཞོ་པོ་ལགས།། །།
2017། 7། 15། གཟའ་སྤེན་པའི་ཉིན།
ཆོས་པ་རང་མགོ་མི་འཐོན་པར་སེམས་ཅན་གཞན་འདྲེན་པའི་སྐད་ཆ་འདི་འདྲ།
འཛམ་གླིང་ཞི་བདེ་གཟེངས་རྟགས་ཟེར་བ་དེ་ལ་ནུས་པ་གང་ཡང་མེད་པ་ད་མཐོང་སོང་། རྒྱ་དམར་གྱི་ངོས་ནས་དེ་ཏག་ཏག་ཀྱག་ཀྱག་བྱས་པ་རེད། ད་འདི་རེད། ང་ཚོས་བསམ་བློ་ཐོངས་དགོས་པ་དེ་ནི་དབུ་མའི་ལམ་ཟེར་བའི་ལྕེབས་ཐག་འདི་རེད། རྒྱ་དམར་གྱི་རྩ་ཁྲིམས་འོག་ཏུ་བརྩད་ནས་ཐོབ་རྒྱུ་ཞིག་ཡོད་པ་དེ་ཤི་རྒྱུ་ཉག་གཅིག་དེ་རེད། རྒྱ་མིའི་རྒྱ་ཁྲིམས་བརྩད་ན་ཡོང་རྒྱུ་འདི་ལས་མེད་ན་བོད་མིའི་རྒྱ་མིའི་རྩ་ཁྲིམས་འོག་ན་ཅིག་ཐོབ་ཡོང་རྒྱུ་ཞིག་མེད་པ་གསལ་གསལ་ཐིངས་ཐིངས་རེད། ངོ་མ་ང་ཚོ་ཅི་འདྲ་བླུན་པ་ལ་ཨང་།
མི་གི་མི་ཚེ་ཕྱོགས་གཏོགས་འོག་ཏུ་རྫོགས་།
གོ་ལ་གཅིག་རྒྱུར་སྤྱི་ཚོགས་ཧྲིལ་པོ་འདིར་།
རང་བདེན་གཞན་རྫུན་སྨྲ་བའི་སྒོམས་བཤིས་དར་།
དྲང་བདེན་ཁྲིམས་ནི་ཤིན་རྗེའི་མེ་ལོང་ཙམ་།
ཁྱོད་ལྟར་ན་ཏ་ལའི་བླ་མ་དམག་དཔོན་ཞིག་དེད་དམ།
ཀྲུང་གོའི་གཞུང་ཚབ་སྒོར་ཏང་དར་ཁུར་ནས་ལས་འགུལ་སྤེལ་བའི་བསམ་ཚུལ་བསླབ་མི་སྐུ་ཞབས་ལིག་རེད་དམ།
རྒྱ་ནག་སྐར་ལྔའི་དར་དམར་འོག །
མི་གྲངས་མང་པོའི་ཚེ་སྲོག་ཤོར །
ཤར་ཕྱོགས་ཁུག་རྟས་ཀླ་ཀློ་དར །
ཆོས་ལྡན་ཞིང་ལ་ཀྱག་ཀྱག་གོོ །།
ལི་ཡི་ཞིའོ་པོར་མྱ་ངན་གུས་འདུད་ཞུ།
ལི་ཡི་ཞིའོ་པོ་ཤི་ཡང་། མང་གཙོ་དེ་ཡང་སྐྱེས་ངེས།
དྲང་བདེན་པ་བསད་ཀྱང་། གསོད་མཁན་དེ་ཡང་འཆི་ངེས།
རྩོམ་བྲིས་པ་བསད་ཀྱང་། རྩོམ་ལུས་དེ་ཡང་གསོན་ངེས།
རང་རྒྱ་རིགས་བསད་ཀྱང་། གསོད་མཁན་དམར་གཞུང་ཡང་འཆི་ངེས།
རྩོམ་ཡིག་ཧྲིལ་གྱིས་ལྟ་དུས་ཤར་ཕྱོགས་ཁུག་རྟ་ཞེས་པའི་མིང་ཟུར་གྱི་ཤར་ཕྱོགས་དེའི་གོ་དོན་ཁ་གསལ་དུ་ཕྱིན། རྒྱ་དར་འོག་གི་དམ་ཚིག་སྲུང་མཁན་ཞིག་གི་ངོས་ནས་བལྟས་ན་ཁོང་ནི་དཔའ་རྒོད་ཅིག་ཡིན་སྲིད་ནའང་། རྒྱལ་བ་རིན་པོ་ཆེའི་མཚན་མར་དྲུད་ཡོང་བ་དེས་ཅི་ཞིག་མཚོན་ནམ། བོད་པ་ཞིག་གི་ངོས་ནས་བཤད་ན་ལི་ཞའོ་པའོ་ཤི་བ་ནི་ཤི་བ་ཙམ་དུ་ཟད་ཀྱང་། རང་ཉིད་བོད་རིགས་ལས་བོད་པ་མིན་པར་འདོད་མཁན་དེའི་ངོས་ནས་ཧ་ཅང་གལ་ཆེ་བ་འདྲ། འདི་ལྟར་རྒྱལ་དར་གཉིས་ཀྱི་བར་ནས་འཚོ་མཁན་ཞིག་གིས་ད་གཟོད་བསམ་ཞིག་བྱེད་ཁུལ་དེ་ཡང་ཆོས་ལ་མ་བརྟན་པའི་བཟང་སྤྱོད་མིན་ནམ།
མི་ཚེ་གཅིག་བོད་གཞུང་མང་གཉིས་ཀར་ཞབས་ཞུ་སྒྲུབ་ནས་སྐུ་ཚེ་རྫོགས་མཁན་དག་ལ་ཚིག་གཅིག་གིས་རྗེས་དྲན་ཟེར་བ་དང་མཛད་རྗེས་གླེང་བ་མེད་ཀྱང་། རྒྱ་རྒན་ཞིག་གྲོངས་པ་ལ་དེ་འདྲ་བྱེད་དགོས་དོན་ཨེ་ཡོད། དོན་ངོ་མར་ཐང་གི་རྡོ་ལེན་ཁུལ་གྱིས་རུམ་གྱི་དྲོ་ཟགས་པའང་ཚོར་གྱི་མེད་པ་འདྲ།
ཤར་ཁུག་འདི་ངོ་མ་དགེ་ཆོས་ཚང་གི་སྤྲུལ་སྐུ་ཡིན་ས་རེད། སྔོན་མ་དགེ་ཆོས་ཀྱིས་ཅིག་ལ་ཕྱག་འཚལ་ཤོར་ཟེར་བ་ལྟར་དེ་རིང་ཤར་ཁུག་གིས་སྤྱན་རས་གཟིགས་ལ་སྐྱབས་འཇུག་ཤོར་འདུག་ག
དངོས་གནས་ཡག་པོ་འདུག ཤར་ཕྱོགས་ཁུག་རྟས་ཡང་དག་ལམ་བཟང་གསལ་སྟོན་གནང་འདུག
བོད་སྐད་སྡེ་ཚན། | གསར་འགྱུར།
རྒྱ་གར་གྱིས་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་པའི་དུས་ལ་སླེབས་འདུག་ཟེར།
http://www.rfa.org/tibetan/sargyur/time-to-support-resolute-of-tibet-independence-mulayam-singh-yadav-07192017152051.html
སྟུ་ངན་གྱི་སྤུ་སུད་ནང་དུ་གཟུག་པའི་ཀླུ་མཁར་བྱམས་ཟེར་བས། ཕྱི་གླིང་བ་ཞིག་ཤི་བ་ལ་བསྟོད་ར་གནམ་སར་མི་ཤོང་བ་གཏོང་ཞོར། རྒྱལ་མཆོག་ལྔ་པ་དང་བཅུ་བཞི་པར་མཚན་སྨད་ཟུར་ཟ་གནམ་སར་མི་ཤོང་བ་ཞུས་པ་དང་། མཇེ་ངན་གྱི་མགོ་བོ་ཐུར་དུ་དུད་པའི་ཤར་ཕྱོགས་ཁུག་རྟས། རྒྱ་རྒན་ཞིག་ཤི་བ་ལ་བསྟོད་བསྔགས་གཏོང་ཞོར་ནུབ་ཕྱོགས་པའི་སྲིད་གཞུང་དང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་དམའ་འབེབས་བྱེད་སྟངས་གཉིས་ཁྱི་མོ་སྨད་ཆག་མ་ཞིག་ལ་བཀལ་ཡང་ཡང་ལྗི་ཡོད་བཟོ་མི་འདུག ཅེས་བརྗོད་ན་དྲྭ་འབུ་ཚོར་བསམ་ཚུལ་ཅི་ཡོད་དམ།
ནོ་ཝེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གོང་ས་མཆོག་དང་རྒྱ་མི་ནེ་ཝེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ལིག་ཞོ་པོ་རྣམ་གཉིས་ལ་དམག་སྤྱི་ཟེར་བའི་བའི་ཐ་དསྙད་དེ་ཁྲིམས་མཐུན་ཚད་ལྡན་ཞིག་ཨ་ཡིན་ན་?
ཁ་ནས་འདྲ་ཆགས་ཆགས་ལབ་བསྡད་པ་མ་གཏོགས། དམག་སྤྱི་དང་གམག་དཔོན་ལབ་སྟངས་འདིས་༧གོང་ས་མཆོག་ཆབ་ཁུག་རྟའི་ཁ་མཚར་རྩེད་ཆས་ཙམ་རེད། མི་འདི་འདྲ་ལས་མཐུས་མིར་མངག་བགྱི་ཅང་རྙེད་ན། ཇོ་ནང་ལ་རྐུབ་བཀྱག་གཅིག་སྤྲོད་པ་འམ་ཡང་ན་གཅིག་ཉུང་བྲི་བཏང་ན་རེད། ཡུམ་དུམ་པ། དང་བླངས་དམག་དཔོན་སུ་རེད་དམ།
ཁ་ནས་འདྲ་ཆགས་ཆགས་ལབ་བསྡད་པ་མ་གཏོགས། དམག་སྤྱི་དང་དམག་དཔོན་ལབ་སྟངས་འདིས་༧གོང་ས་མཆོག་ཆབ་སྲིད་པ་ཁུག་རྟའི་ཁ་མཚར་རྩེད་ཆས་ཙམ་རེད། མི་འདི་འདྲ་ལས་མཐུས་མིར་མངག་བགྱི་ཅང་མི་རྙེད་ན། ཇོ་ནང་ལ་རྐུབ་བཀྱག་གཅིག་སྤྲོད་པ་འམ་ཡང་ན་གཅིག་ཉུང་བྲི་བཏང་ན་རེད། ཡུམ་དུམ་པ། དེས་ན་དང་བླངས་དམག་དཔོན་སུ་རེད་དམ།
༄༅། ང་ཚོ་བོད་པའི་མི་ཚོ་དངོས་གནས་ཧ་གོ་གི་མི་འདུག་ དཔེ་བོད་ནང་ལ་བཞག་ནས་རང་ལུས་མེར་བསྲེགས་བཏང་པ་ནི་ཆོ་རྩ་བ་ནས་མ་མཐོང། དངོས་གནས་རང་བོད་དོན་ཆེད་ཡིན་ན་ལྡི་ལི་རྒྱ་མིའི་གཞུང་ཚབ་མགོ་འགྲམ་ལ་རང་ལུས་མེར་སྲེག་ན་སྐད་གྲག་ཕྲན་བུ་ཡོང་གི་རེད།
བོད་ནང་ལ་ལུས་ངག་ཡིད་གསུམ་ལ་རང་དབང་རྩ་བ་ནས་མེད་ཅིང་། རྒྱ་དམར་པོས་བཙན་དབང་དང་དྲག་རྩུབ་ལ་བརྟེན་ནས་འ་ཆད་འུ་ཐུག་ནས་རང་ལུས་མེར་བསྲེགས་གནང་གི་ཡོད་པ་རེད། རྒྱ་གར་ནང་ལ་སོ་སོར་རང་དབང་ཆ་ཚང་ཡོད་པ་རེད།
ཡང་བོད་མི་ཁག་གཅིག་ནས་རྒྱ་མི་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ལ་མཆོད་འབུལ་དང་སེམས་ཁྲལ་ཚད་མེད་ཞུ་བ་སོགས་ཡར་མགོ་བོའི་སྟེང་ལ་བཀྱགས་པ་སོགས་བྱས་པ་ནི་་་་མིས་ལས་དོད་ཁྱིས་བྱས། ཁྱིས་མཇུག་པ་མེས་འཚིགས་ཞེས་པའི་དཔེ་ལྟར་མངོན།
ད་དུང་དཔའ་བོ་དང་དཔའ་བོ་ཟེར་གྱི་འདུག་ སེམས་ཤུགས་མ་འཕར། བོད་ནང་ལ་ཡིན་ན་དཔའ་བོ་ཟེར་དངོས་གནང་འགྲིགས་ས་རེད།