བོད་བསྒྱུར་བ་ལྡོང་སྲས།
རྒྱ་ནག་བཙན་བྱོལ་རྩོམ་པ་པོ་ཡན་ཧོང་པེན་དང་བོད་རྒྱ་སྐད་གཉིས་སྙན་ངག་པ་གནམ་ལོ་ཡག་གཉིས་ཀྱི་མཉམ་རུབ་བརྩམས་ཆོས་སམ། ༼སངས་རྒྱས་བཀྲོངས་པ། སློབ་དཔོན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་བ་གྲོངས་རྐྱེན་ངོ་མ༽ཞེས་པའི་དཔེ་དེབ་ན་ནིང་པར་བསྐྲུན་གྱིས་ཚོང་རར་བཤམས་སྐབས། གེགས་རྐྱེན་ཁ་ཤས་ཤིག་ལ་འཕྲད་ཡོད་ནའང་། ཚགས་པར་སོགས་ཀྱིས་རྗེས་འདེད་གསར་འགོད་གནང་བར་བརྟེན་ཏེ་མཚོ་ངོགས་ཕར་ཚུར་གཉིས་ཀྱི་ཀློག་པ་པོའི་ཁྲོད་དུ་དོ་སྣང་མི་ཆུང་བ་ཞིག་བྱུང་འདུག
སྐབས་དེ་ཤེད་དུ་ཀློག་པ་པོ་དག་གིས་བསྟུད་མར་རྩོམ་ཡིག་སྤེལ་ནས་རྒྱབ་བསྐྱོར་གནང་བས། ཐེ་ཝན་གྱི་ས་གནས་མ་འདྲ་བ་ཁག་ཏུ་རྩོམ་པ་པོ་གདན་ཞུས་ཀྱིས་གཏམ་བཤད་སྤེལ་བ་དང་། ཀློག་པ་པོའི་ཚོགས་འདུར་ཞུགས་ནས་བསམ་བློ་བརྗེ་རེས་རྒྱུན་མ་ཆད་པ་གནང་མྱོང་འདུག
ཡང་སྒོས་ཀློག་པ་པོ་ཞིག་གིས་དཔེ་དེབ་དེ་བཀླགས་རྗེས། ཡ་ང་བའི་དོན་རྐྱེན་དེར་ཧང་སངས་ཡོད་པར་མ་ཟད། གནད་དོན་འདི་ནི་ནང་བསྟན་རྗེས་འཇུག་པ་ཚོ་ཕར་ཞོག ཆོས་ལུགས་མི་གཅིག་པའི་ཚོགས་སྡེའམ། ཆོས་ལུགས་གཏན་ནས་ཁས་མི་ལེན་མཁན་དག་གིས་ཀྱང་དོ་སྣང་སྤྲད་དེ་དཔེ་དེབ་འདི་ངེས་པར་དུ་ཀློག་དགོས་ཀྱི་འདུག ཐའེ་ཝན་དུ་སྲིད་དོན་ཐད་རྩོད་རྙོག་བསྟུད་མུར་བྱུང་གིན་ནའང་། ཆོས་ལུགས་ཐད་ནས་རང་དབང་མཉམ་གནས་ཐུབ་ཡོད་ཅིང་། ཆོས་དད་མང་ཚོགས་ཀྱིས་རང་ཉིད་ཀྱི་ཁམས་དང་མོས་པ་ལྟར་ཆོས་སྒོ་མ་འདྲ་བར་ཞུགས་ཀྱིན་པས། འདི་ནི་སྲིད་གཞུང་ངམ། ཕྱི་འོངས་སྟོབས་ཤུགས་ཀྱིས་ཆོས་ལུགས་ལ་ཐེ་གཏོགས་བྱེད་ཀྱི་མེད་པའི་རྟགས་མཚན་གཙོ་བོ་ཞིག་ཡིན།
དེ་ལྟ་ནའང་། དེབ་འདིའི་ནང་གསལ་བ་ལྟར། བོད་ནང་ཞི་བའི་གྲོས་མཐུན་ཟེེར་བར་མིང་རྟགས་བཀོད་རྗེས། ཏཱ་ལའི་བླ་མ་བཙན་བྱོལ་གནང་ཡོད་ཅིང་། ཤུལ་དུ་བཞུགས་ནས་བོད་བརྒྱུད་ནང་བསྟན་སླར་གསོ་དང་བོད་ཀྱི་ཤེས་རིག་བསྐྱར་དར་ལ་གཞོལ་བའི་པཎ་ཆེན་སྐུ་ཕྲེང་བཅུ་བ་རྒྱ་དམར་གཞུང་གིས་ལྐོག་གསོད་བྱས་ཡོད་སྟབས། དེང་སྐབས་བོད་ནང་བྱུང་བཞིན་པའི་དྲག་གནོན་དང་མེར་བསྲེག་ངོ་རྒོལ་ཡང་གནད་དོན་འདི་དག་གི་རྒྱུན་མཐུད་ཡིན། དེ་བས། འདི་ནི་ཐེ་ཝན་གཞུང་དང་རྒྱ་ནག་སྐམ་སའི་གཞུང་གཉིས་མ་འདྲ་ས་ཆེས་ཤོས་དེའང་ཡིན།
ཁོང་གི་རེ་བར་ཐའེ་ཝན་གྱི་མི་རྣམས་ཀྱིས་དཔེ་དེབ་འདི་ཀློག་པ་བརྒྱུད་ནས་ཐའེ་ཝན་གྱི་ཆོས་དད་རང་དབང་གི་རིན་ཐང་རྟོགས་འོས་པར་མ་ཟད། རྒྱ་ནག་སྐམ་ས་ན་ཆོས་ལུགས་ལ་ཇི་ལྟར་བྱེད་ཀྱིན་པ་གསལ་བོར་མཐོང་འོས། དེ་ལྟར་མ་འོངས་པར་ཁ་གཏད་སྐབས། ལེགས་ཉེས་ཀྱི་བླང་དོར་འབྱེད་ཐུབ་ཀྱི་རེད། དེ་བས། ཁོང་གིས་དེབ་ཆིག་ཁྲི་གསུམ་སྟོང་བླུས་ནས་ཐའེ་ཝན་གྱི་ཆོས་ལུགས་འདྲ་མིན་གྱི་བསྟི་གནས་ཁག་ལ་ཧོར་ཟླ་དང་པོའི་ཚེས་བཅོ་ལྔའི་ཉིན་ཡོངས་སུ་བཏང་ཚར་ཡོད་འདུག
དེ་མཚུངས་སུ་ཁོང་གིས་དཔེ་དེབ་འདིའི་ནང་དོན་ཆོས་བྱེད་པ་ཚོས་མཐའ་འཁོར་གྱི་མི་རྣམས་ལ་དྲང་བཤད་གནང་བར་སྨོན་ལམ་ཡང་བཏབ་འདུག
དཔེ་བསྐྲུན་ཁང་གིས་བརྗོད་དོན། ཀློག་པ་པོ་འདིར་མིང་སྨྲས་ནས་སྐད་གྲགས་ཆགས་འདུན་མེད་ཅིང་། གཙོ་བོ་ཁོང་གིས་ལྷག་བསམ་ནི་བརྗོད་དུ་མེད་པ་ཞིག་རེད་ལ། ཁོང་གིས་མཛད་པ་འདིས་ཐའེ་ཝན་གླིང་ཕྲན་སྟེང་གི་ཆོས་དད་ཡོད་མེད་ཀུན་ལ་ཤུགས་རྐྱེན་སྔ་ན་མེད་པ་ཞིག་བསྐྲུན་ངེས་རེད། དེ་བས། དེབ་ཆིག་ཁྲི་གསུམ་སྟོང་ཧོར་ཟླ་དང་པོའི་ཚེས་བཅོ་ལྔའི་ཡར་སྔོན་བཏང་ཚར་ཡོད།
ད་ལྟ་ཁྱོན་བསྡོམས་དེབ་ཉིས་ཁྲི་ལྔ་སྟོང་ལྷག་བཙོང་ཚར་ཡོད་པས། དཔེ་དེབ་འདི་བཞིན་བོད་འབྲེལ་དེབ་རིགས་ཁྲོད་ཀྱི་བྲིན་རྒྱུགས་ཆེ་ཤོས་སུ་གྱུར་ཡོད་འདུག
ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་སྲིད་དོན་དང་མཚན་ཉིད་རིག་གཞུང་དཔེ་བསྐྲུན་ཁང་ནས།
༢༠༡༤ལོའི་ཟླ ༢ ཚེས ༡༧ཉིན།
སངས་རྒྱས་བཀྲོངས་པ་དེ་ཨ་ཀོང་རིན་པོ་ཆེ་སྦྱར་ན་ཤིན་ཏུ་འཐེད་དོ་སྙམ་མོ།
གལ་སྲིད་ཨ་ཀོང་རིན་པོ་ཆེ་དུས་མིན་རྐྱེན་ལམ་དུ་བཞུད་མེད་ཚེ་པཎ་ཆེན་རིན་པོ་ཆེ་ཡི་རྗེས་ཟིན་སྲིད་པ་ཞིག་རེད།
སངས་རྒྱས་བཀྲོངས་རྐྱེན་དེ་དངོས་ཡོད་གནས་ཚུལ་དང་བབ་བསྟུན་གྱིས་ཁ་གསལ་ཇི་འདྲ་ཡོད་མེད་མ་ངེས་ཀྱང་། གང་ལྟར་བོད་དོན་གྱི་ཆ་ཤས་འགའ་རེ་དྲིལ་བསྒྲགས་ཐུབ་པར་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་འདྲ། རྣམ་པ་གཉིས་ཀྱི་ལས་དོན་ལ་རྗེས་སུ་ཡི་རངས་ཞུ།
རྒྱང་མིག་ཕེབས་ནས་བསྐུལ་མ་གནང་བར་བཀའ་དྲིན་ཆེ། གལ་སྲིད་དེབ་འདི་ཉོས་ནས་ཀློག་བསམ་མཁན་ཡོད་ན། དྲ་རྒྱ་འདི་བརྒྱུད་ནས་ཉོ་ཐུབ་ཀྱི་ཡོད།
http://m.books.com.tw/product/show/0010611823
ང་ཚོས་ཀུན་གཟིགས་གཆོག་རྒྱ་དམར་གྱིས་སྐུ་བཀྲོངས་པ་ཤེས་ཀྱི་ཡོད་ཀྱང་གནས་ཚུལ་མང་ཆེ་བ་དོགས་པའི་ངང་གནས་པ་ལས་ཕྱི་གསལ་ནང་གསལ་གསལ་གསལ་ཐིང་ཐིང་དེ་འདྲ་ད་ལྟ་བར་དུ་གསལ་སྟོན་ཐུབ་པ་བྱུང་མེད་པས་མཁྱེན་ལྡན་རྣམ་པ་གཉིས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།
ལས་ཀ་འདིའི་རིགས་རང་གཞུང་གིས་བསྒྲུབ་འོས་མོད། དེང་གི་བར་དོ་སྣང་མ་སྤྲད་པར་ལྷག་པ་ནི་ཡིད་སྐྱོའི་གནས་རེད་ལ། ཀུན་གཟིགས་རིན་པོ་ཆེ་མཆོག་གི་རེ་བ་ཆེ་ཤོས་དེའང་ཡིན་ངེས། གང་ལྟར་རྩོམ་པ་པོ་ཟུང་ལ་ཐུགས་རྗེ་ཆེ་ཞུ།
ངེས་པར་དུ། ཚར་གཅིག་ ཀློག་ དགོས་པའི་ དཔེ་དེབ།
སངས་རྒྱས་བཀྲོངས་པ། སློབ་དཔོན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་བ་གྲོངས་རྐྱེན་ངོ་མ།
ཕྱག་དེབ་བོད་ཡིག་ཏུ་ཡོད་དམ། ཡོད་ན་གང་ནས་བླུ་ཡོན་ཞུ་རྒྱུ་ཡོད།
དཔེ་དེབ་བོད་ཡིག་ནང་ཐོན་ཐུབ་མེད། ཆུ་ཚོད་མང་ཆེ་བ་ལྟོ་འཚོལ་ལ་བཀོལ་དགོས་པས། བོད་བསྒྱུར་ལ་ཆུ་ཚོད་ཀྱིས་འདང་གི་མི་འདུག
པཎ་ཆེན་བཅུ་པ་མཆོག་ལ།
མའོས་ཡང་ཡང་གནར་བཅུག
མཐའ་མ་ཧུ་ཆིན་ཐ་ཡིས།
དུག་གིས་བཀྲོངས་རེད་ཟེར་བགྱིད།