ཐེ་བོ་སངས་རྒྱས།
ཉིན་ལྔ་པ།
ཕྱི་ཟླ་༢ཚེས་༢གཟའ་སྤེན་པའི་ཞོགས་པར་ཆུ་ཚོད་ཀྱི་ཅོང་བརྡས་ང་ཚོ་གཉིད་ལས་དཀྲོགས། ད་ནངས་ཆུ་ཚོད་༦ཐོག་རླངས་འཁོར་ཆུང་ངུ་ཞིག་ང་ཚོ་བསུ་རུ་ཡོང་བའི་དུས་བཏབ་ཡོད། གང་ཡིན་ཟེར་ན། གོ་ལ་འདིའི་ཐོག་གླིང་ཕྲན་མཛེས་ཤོས་སུ་གྱུར་པ། རྗམ་སི་བྷོན་James Bond Island, ཐོག་ཉིན་སྐོར་སྤྲོ་འཁྱམས་བྱེད་མཁན་ནང་ང་ཚོའི་མིང་ཐོ་བཀོད་ཟིན། ཐོ་འགོད་རིན་པར་མི་རེར་ཐའེ་སྒོར་༢༠༠༠ཙམ་བབ་ཀྱང་། དེའི་ནང་ཞོགས་ཇ་ས་བཅད་མ་སྟོངས་ཙམ་དང་། ཉིན་གུང་གི་ཟ་མ་གྱ་ནོམ་པ་བཅས་ཚུད། ཆུ་ཚོད་དྲུག་པ་ཡོལ་ཙམ་ལ་གཡག་མགོ་རྟགས་ཅན་གྱི་རླངས་འཁོར་ཆུང་བ་ཞིག་ང་ཚོ་ལེན་དུ་སླེབས་ཏེ། རླངས་འཁོར་སྐར་མ་༤༠རིང་བརྒྱུགས་མཐར་ཤར་ལྷོ་མཚམས་ཀྱི་ལཱམ་སའེ་ཕེར་མཚོ་ཁ་Lam Sai Pier, རུ་འབྱོར། མཚོ་ཁ་དེ་ནི་གྲོང་གསེབ་ཀྱི་རྣམ་པ་ཀུན་ནས་མངོན་ཞིང་། འདམ་ཉའི་དྲི་མ་ནི་སྣ་འགེབས་ཤོར་བའི་ཚད་དུ་བྲོ། དེར་ང་ཚོའི་བྲང་ཁར་ཤོག་ལྷེ་ཆུང་ཆུང་ཐོག་AT ཞེས་བྲིས་པ་རེ་སྦྱར། སྣེ་ཤན་པས་ང་ཚོ་རྒྱ་མཚོའི་འཇུག་ངོགས་རྡོ་ལམ་རིང་མོ་ཞིག་བརྒྱུད་དེ་གྲུ་གཟིངས་ཆེ་སེ་བ་ཞིག་ཏུ་བསྐྱལ། གྲུ་གཟིངས་དེ་ལ་ཐོག་བརྩེགས་གཉིས་ཡོད་པའི་ཐོག་ཁར་མི་བརྒྱ་སྐོར་ཙམ་ཤོང་། ཡུལ་ཕྱོགས་དང་མི་རིགས་མི་འདྲ་བའི་ལྗོངས་རྒྱུ་བ་མང་དུ་འདུས་པ་ལ། རྐྱལ་བའི་སྟོད་ཁེབས་དམར་སེར་ཚི་དྲེག་ཅན་རེ་གོན་དུ་བཅུག དེ་ནི་གྲུ་གཟིངས་ལ་དོན་རྐྱེན་འདྲ་བྱུང་ན་ཉེན་སྲུང་ཆེད་ཡིན་པ་བཤད་མ་དགོས། མགྲོན་པོ་རྣམས་འུར་འུར་ཟང་ཟིང་གིས་ཁ་པར་སོགས་སུ་པར་དང་བརྙན་ལེན་པར་བྲེལ། ཐའེ་རྒད་པོ་དགོད་བྲོ་བོ་ཞིག་གིས་ང་ཚོ་ལ་ཀུ་རེ་འདྲེས་མའི་འཚམས་འདྲི་དང་། ཉིན་དེའི་མཚོ་འགྲིམ་སྐོར་འགྲེལ་བཤད་མདོ་ཙམ་བརྒྱབ། སྤྱིར་ཐའེ་ལན་གྱི་མི་རྣམམ་རང་བཞིན་གྱིས་གཤིས་ཀ་འཇམ། དུས་ཚོད་གཙིགས་སུ་འཛིན། བཟའ་བཏུང་ལ་དང་དོད་ཆེ་ཞིང་མཚོ་ཟས་སྣ་ཚོགས་ཟ། གཙང་སྦྲ་ཡང་འགྲིག ཆོས་དད་ཆེ་ཞིང་མཆོད་སྦྱིན་ལ་དགའ། སློབ་སྦྱོང་ལའང་མཐོང་ཆེན་བྱེད། སྐྱེ་ཕོ་མོ་ཕལ་མོ་ཆེའི་གཟུགས་ཕུང་ཆ་ཚད་ཅུང་ཐུང་ལ། གདོང་དབྱིབས་གོར་ཞིང་ཤ་རྩ་དཀར། སྐྲ་དང་མིག་འབྲས་ནག མིག་ཤ་གང་ཞིང་སྣ་ཅུང་ཉག་པར་མཐོང་། གཞན་ཡང་ཤ་མདངས་སྔོ་བསངས་ཅན་གྱི་མཛེས་མ་རེ་དང་། མ་ནིང་རིགས་གང་སར་མཐོང་རྒྱུ་འདུགཡི་གེ་ནི་རྒྱལ་པོ་ཆེན་པོ་རམ་ཁཱམ་ཧེང་Ram Khamhaeng, (1275-1317)གིས་གནའ་བོའི་རྒྱ་གར་བྷརྨི་Brahmic, ཡི་གེ་ལ་གཞི་བཅོལ་ཏེ་ཐའེ་སི་ཡམ་སྐད་དང་མཐུན་པར་ཕྱི་ལོ་1283 ལོར་གསར་བཟོ་བྱས་སྐད་ཀྱང་། ན་ག་རའི་ཡིག་གཟུགས་ལ་འདྲ་སེ་བ། བོད་ཡིག་ལྟར་འཕྲེད་དུ་ཀློག་པ། དབྱངས་ཡིག་བཅོ་ལྔ་དང་། གསལ་བྱེད་ཞེ་བཞི་ཡོད་པ་ལས་སྣ་ལྡན་ཡི་གེ་མང་བའི་ཚོད་དེ། ཡུལ་དེའི་སྐྱེ་བོ་ཕོ་མོ་མ་ནིང་ཀུན་གྱི་སྐད་གདངས་སྣ་ནས་སྒྲ་ཐོན་ཤས་ཆེ་བས་ཤེས། གནའ་བོའི་རྒྱ་གར་ནི་ཤེས་རིག་གི་འབྱུང་ཁུངས་རེད་ཅེ་ན་འུད་བསྟོད་དུ་སོང་མི་འདུག་སྟེ། འཛམ་བུ་གླིང་བའི་ཡི་གེ་མང་པོ་ཞིག་གི་ཕྱི་མོ་ནི་ཧིན་དུ་སྠིན་ནས་ཡིན་པ་ངོ་མཚར་ཆེ་སྙམ་པ་བྱུང་།
རྒྱལ་པོའི་ཆས་དང་། གྲྭ་པའི་ཆས། ཟློས་གར་པའི་ཆས། སྐུ་འདྲ། ཐང་ག་རྣམས་ཀྱི་ཐོག་མ་གཏོགས་རྒན་གཞོན་ཚང་མའི་ཆས་གོས་ཆ་ལུགས་དང་སྐྲ་འཇོག་སྟངས་ཚུན་ཆད་ནུབ་ཕྱོགས་པའི་ལད་ཟློས་བྱས་དྲགས་པས། ཐའེ་ཐུན་མིན་གྱི་ཁྱད་ཆོས་རྣམས་མཐོང་དཀོན་པར་སྣང་། དེ་བཞིན་སྲོལ་རྒྱུན་ཁང་བཟོའི་སྒྱུ་རྩལ་སྐོར་ཡང་། རྒྱལ་ཁང་རྙིང་པ་དང་། དགོན་པ། ལྷ་ཁང་། མཆོད་རྟེན་མ་གཏོགས་པ་འཛམ་གླིང་སྤྱི་འགྲོས་སུ་གྱུར་ནས་འདུག
ཕེར་Pier, ནས་ཆུ་ཚོད་༧:༣༠ཙམ་ནས་འཕང་ལྔ་Phang Nga ཞེས་པའི་མཚོ་ཁུགས་བརྒྱུད་ནས་བསྐྱོད། ཉིན་དེར་གནམ་ངོ་རབ་ཏུ་དྭངས་ཤིང་། རྒྱ་མཚོ་སྔོ་ལྟེམ་མེར་འཁྱིལ།མཚོ་རླབས་ལྷོད་ཤིག་གེར་འཇགས། མཚོ་རླུང་བསིལ་ལ་འཇམ་པ་ལྡང་བས། སྐྱིད་པོ་རེད་ཅེས་ང་ཚོའི་ཁ་ནས་རང་བཞིན་གྱིས་ཤོར། རྒྱ་མཚོའི་ནང་མཚམས་མཚམས་སུ་རྔ་མོང་ཁ་སྤྲོད་དང་། གླང་ཆེན་ཁུགས་ཉལ། སྤྲེའུ་ཁྲུས་ལ་ཞུགས་པ་འདྲ་བའི་རི་ཚོམ་སྙིང་ལ་རྗེ་བ་དག་མཐོང་།
ཆུ་ཚོད་༡༠:༤༥ལ་སྤ་ནག་གླིང་ཕྲན་Panak Island,ཐོག་འབྱོར། རི་ཚོམ་དག་ཏུ་མིང་མི་ཤེས་ལྗོན་པའི་ཚང་ཚིང་ནི་ལྗང་ཐིང་ངེར་སོང་ཞིང་། བྱ་བྱེའུ་སྣ་ཚོགས་ཀྱིས་གླུ་དབྱངས་ཀྱུར་ཀྱུར་དུ་ལེན་པ་སོགས་སྔར་མཐོང་ཐོས་ཀྱི་ཡུལ་དུ་མ་གྱུར་པ་ཤ་སྟག་སྣང་། དེར་ལྟ་སྐོར་བྱས་ཟིན་པ་དང་ཕྱིར་གྲུ་གཟིངས་ནང་བསྡད་དེ་གང་འཚམ་བསྐྱོད། དེ་ནས་ཆུ་ཚོད་༡༡:༣༠ཐོག་ཧོང་གླིང་ཕྲན་Hong Island, ཞེས་པར་འབྱོར། དེར་ང་ཚོ་མི་གཉིས་གསུམ་རེ་ཁག་བགོས་ཀྱིས་གྲུ་ཆུང་ནང་བབས་ཏེ་རྒྱང་གྲགས་གཅིག་ཙམ་བགྲོད་པ་ན། གྲུ་ཆུང་མཚོ་ནང་བྲག་ཕུག་མཚོ་མོ་འཁྱིལ་བ་ཞིག་ཏུ་འཛུལ་ཏེ་ཕུ་ནས་ཕུ་རུ་བསྙེགས། བྲག་ཁུང་ནང་སྣེ་ཤན་པའི་ལག་སྒྲོན་སྦར་བ་ལས་རྩངས་པ་ལག་ངར་ཙམ་དང་། པགས་བྱེའུ་ཁྱུ་ཚོགས་བྲག་ངོས་ནས་ཐུར་དུ་དཔྱངས་བཞིན་ཉལ་བ་རྣམས་མཐོང་། བར་མཚམས་སུ་བྲག་ཕུག་ནས་འོད་སྣང་དཀར་གསལ་ལེར་མངོན་ལ། གྲུ་ཆུང་ལས་མགོ་བོ་རྦད་དེ་མ་བསྒུར་ན་ཐར་དཀའ་བ། བྲག་སྐྱིབས་ཀྱི་མས་འདབས་རྒྱ་མཚོ་ལ་གཞུ་འདོམ་ཙམ་མ་ཐུག་པ། དེའི་ནང་རོལ་ཏུ་བརྒལ་ན་མཐའ་བཞི་དེའུ་རི་མཁར་རྫོང་ལྟ་བུས་བསྐོར་བའི་རྒྱ་ཁྱོན་ལ་སྦྲ་ཆེན་འགའ་ཕུབ་ས་ཡོད་པ། ནམ་མཁའ་སྔོ་ཡེངས་སེར་མཐོང་ལ་ཧ་ཅང་ཉམས་དགའ་བ་ཞིག་བདོག ཧོང་གླིང་ཕྲན་ནས་ཕྱིར་འཁོར་ཏེ་གྲུ་གཟིངས་ནང་བབ་དུས་གུང་ཚིགས་གྲ་སྒྲིག་ཨང་གསར་བྱས་འདུག
ཉིན་གུང་གི་ཟ་མ་ཧ་ཅང་གྲ་རྒྱས་པོ་འབེལ་འབེལ་ལྷུག་ལྷུག་རེད།
ཉིན་གང་པོར་འཚིག་ཇ་དང་། འོ་ཇ། ཝུ་སིབ་ཁུ་ནག གཏེར་ཆུ་སོགས་འདོད་པ་ལྟར་གདམ་ཆོག་པ་འདུག ཉིན་གུང་རྗེས་ཆུ་ཚོད་༡:༢༠གླིང་ཕྲན་གྲགས་ཅན་རྗམ་སི་བྷོན་ལ་འབྱོར། མཚོ་གླིང་དེ་འཛམ་གླིང་གི་རི་མོ་བ་གྲགས་ཅན་ལའོ་ནཱར་ཌོ་ཌཱ་ཝིན་སི་Leonardo Da Vinci, ཡི་སོར་མོའི་འདུ་བྱེད་ལས་འཁྲུངས་པ་མིན་འགྲོ་སྙམ་པ་སྟེ། ཧོ་ལིས་ཝོའུ་ཌུའི་གློག་བརྙན་རེའི་ནང་ཕབ་པ་འདི་དངོས་སུ་མཐོང་དུས་རྨི་ལམ་དུ་དྭོགས་པ་ཟ་བ་ཞིག་འབྱུང་། མཚོ་ནང་གི་མཆོད་རྟེན་འདྲ་བའི་དེའུ་འབུར་དེ་རང་གི་ལག་པས་ཡར་བཏེགས་པའི་ཟོལ་གྱི་པར་ཡང་བཏབ།
དེར་རྒྱ་མཚོའི་ཐོན་དངོས་ཀྱི་རྒྱན་ཆ་སོགས་བཤམས་པའི་ཁྲོམ་ར་ཆུང་ཆུང་ཞིག་ཀྱང་འདུག ཡུལ་སྐོར་བ་དག་གི་མགོ་རྡུང་བྱེད་ཀྱི་ཚོང་རྫས་གཅལ་དུ་བཀྲམ་ནས་གདའ། དེ་ནས་གྲུ་ཆེན་ནང་བསྡད་དེ་གང་འཚམས་སོང་། ཆུ་ཚོད་༢:༠༠ཐོག་བླ་ཝ་གླིང་ཕྲན་Lawa Island, དུ་འབྱོར། དེར་མགྲོན་པོ་རྣམས་མཚོ་ནང་དུ་ཆུ་རྐྱལ་ཡང་བྱེད་དུ་འཇུག
ཆུ་ཚོད་༤:༣༠ཐོག་ལཱམ་སའེ་ཕེར་དུ་ཕྱིར་སླེབས་ཤིང་། རླངས་འཁོར་ཆུང་ཆུང་ཞིག་གིས་ཕྱིར་ཕུ་ཁེ་ཐྲིའི་སོ་སོའི་མགྲོན་ཁང་སྒོ་ཁར་བསྐྱལ། སྐབས་དེར་ས་མ་རུབ་ཙམ་ཡིན་ལ་མགྲོན་ཁང་དུ་ཅ་ལག་རེ་བཞག ལན་གྲུའི་ལཱ་མེན་ཟ་ཁང་དུ་ལཱ་མེན་དང་སྒོ་ང་བཙོས་མ་རེ་ཟོས་རྗེས་ཁྲོམ་སྲང་ཡུད་ཙམ་ཉུལ། ཆུ་ཚོད་༩ ཡོལ་ཙམ་ལ་མགྲོན་ཁང་དུ་འབྱོར་ཏེ་ཁྲུས་རེ་བྱས་ཤིང་ཉལ་རྒྱུའི་སྐད་ཆ་བཤད། དེ་རིང་ནི་ཅུང་ཐང་ཆད་མོད་ང་ཚོའི་འགྲུལ་བཞུད་འདིའི་ཁྲོད་སྐྱིད་ཤོས་ཀྱི་ཉིན་མོར་ཆགས་པ་རྗེས་སུ་ཤེས། (མུ་འགོད།)
ཁྱེད་ཅག་གི་བྲག་ངོར་ AT རེ་སྦྱར་བ་དེས་ང་ལ་གློག་བརྙན་འཇིགས་རུང་ཞིག་བཙོན་མ་དེ་ཚོ་ཡིད་པ་འཆར་བར་བྱས་སོང་། ཡིན་ཡང་དེ་ཙམ་ཞེན་དགོས་པ་ཞིག་རེད་མི་འདུག་གོ ཧ་ཧ་ཧ་ཧ།
ཡག་པོ་བྲིས་འདུག གནའ་བོའི་རྒྱ་གར་གྱི་ཆོས་ལུགས་དང་རིག་གཞུང་ནི་ཞང་ཞུང་ཡུལ་ནས་ཕར་དར་བར་འདོད། ང་ཚོས་ཉམས་ལེན་བྱེད་བཞིན་པའི་གསང་བ་སྔགས་ཀྱི་ལུགས་དང་ཕྱི་རོལ་མུ་སྟེགས་པའི་ཆོས་ལུགས་སོགས་ཀྱི་བྱུང་ཁུངས་ནི་ཞང་ཞུང་ཡིན་པར་འདོད། འཇིག་རྟེན་གྱི་བྱ་དངོས་ཐམས་ཅད་དར་རྒུད་ཀྱི་རང་བཞིན་ཡིན་པར་གདོན་མི་ཟའོ། སྔ་མོ་ཞིག་ལ་ཞང་ཞུང་ནི་ཧ་ཅང་རྒྱ་ཆེ་ཞིང་དར་བའི་སྐབས་ཤིག་ཡོད་ས་རེད། གནའ་བོ་ཞང་ཞུང་གི་ཆོས་ལུགས་མི་ནག་གི་ཡུལ་ཨ་ཧྥུ་རི་ཀ་བར་དུ་དར་ཡོད་ཚོད་རེད། དེའི་ཕྱོགས་ཀྱི་ཁ་ཆེ་ལུང་བ་སོགས་ནའང་ཆོས་ལུགས་ཁ་ཆེ་ཡིན་ཡང་གནའ་བོའི་ལྷ་འདྲ་མིན་ལ་ད་དུང་གསོལ་མཆོད་ཅུང་ཟད་རེ་ལྷག་ཡོད་པ་འདྲ། ལུང་པ་དེ་དག་ན་ལྷ་མགོ་བརྙན་མི་འདྲ་བ་དུ་མ་བོད་ཀྱི་བོད་ཀྱི་ལྷ་ནང་བཞིན་གཟུགས་རིས་འདྲ་མིན་ད་ལྟའང་འདུག དཔེར་ན་ཧིན་ངྷི་ཆོས་ལུགས་ལ་མཚོན་ནའང་ལྷ་དབང་ཕྱུག་གི་བསྟི་གནས་གངས་དཀར་ཏི་སེ་ཡིན་པ་འདིས་ཀྱང་རྟོགས་ལྷ། དེའི་མཐའ་སྐོར་ན་དབང་ཕྱུག་མཆོད་མཁན་མེད་ན་དབང་ཕྱུག་གི་བསྟི་གནས་སུ་འདོད་མི་སྲིད་པ་ཞིག་རེད། ཏི་སེ་གཡས་གཡོན་དེ་གནའ་བོ་ཞང་ཞུང་གི་རྒྱལ་ས་ཡིན་པ་ལོ་རྒྱུས་མང་པོར་སྣང་ངོ། མདོར་ན་བྱང་ཕྱོགས་ཤམ་བྷ་ལ། ནུབ་ཕྱོགས་བདེ་བ་ཅན། ཨོ་རྒྱན་ཡུལ། སྟག་གཟིག་འོལ་མོ་ལུང་རིང་སོགས་ས་འདི་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་འདྲ། །
ཡག་པོ་བྲིས་འདུག ཡིན་ཡང་རིག་གཞུང་ཡོད་ཚད་ཀྱི་ཁུངས་རྒྱ་གར་ཡིན་ཟེར་ན་ཁས་ལེན་བྱེད་ཐུབ་ས་མ་རེད། ང་ཚོས་རྒྱ་གར་འཕགས་པའི་ཡུལ་ཟེར་ནས་བསྟོད་དྲག་འདུག འཕགས་པའི་ཡུལ་ན་བ་གླང་ལྷ་རུ་བཀུར་ཀྱི་ཡོད་པ་མཁྱེན་གསལ་རེད། གནའ་བོའི་རྒྱ་གར་གྱི་ཆོས་ལུགས་དང་རིག་གཞུང་ནི་ཞང་ཞུང་ཡུལ་ནས་ཕར་དར་བར་འདོད། ང་ཚོས་ཉམས་ལེན་བྱེད་བཞིན་པའི་གསང་བ་སྔགས་ཀྱི་ལུགས་དང་ཕྱི་རོལ་མུ་སྟེགས་པའི་ཆོས་ལུགས་སོགས་ཀྱི་བྱུང་ཁུངས་ནི་ཞང་ཞུང་ཡིན་པར་འདོད། འཇིག་རྟེན་གྱི་བྱ་དངོས་ཐམས་ཅད་དར་རྒུད་ཀྱི་རང་བཞིན་ཡིན་པར་གདོན་མི་ཟའོ། སྔ་མོ་ཞིག་ལ་ཞང་ཞུང་ནི་ཧ་ཅང་རྒྱ་ཆེ་ཞིང་དར་བའི་སྐབས་ཤིག་ཡོད་ས་རེད། གནའ་བོ་ཞང་ཞུང་གི་ཆོས་ལུགས་མི་ནག་གི་ཡུལ་ཨ་ཧྥུ་རི་ཀ་བར་དུ་དར་ཡོད་ཚོད་རེད། དེའི་ཕྱོགས་ཀྱི་ཁ་ཆེ་ལུང་བ་སོགས་ནའང་ཆོས་ལུགས་ཁ་ཆེ་ཡིན་ཡང་གནའ་བོའི་ལྷ་འདྲ་མིན་ལ་ད་དུང་གསོལ་མཆོད་ཅུང་ཟད་རེ་ལྷག་ཡོད་པ་འདྲ། ལུང་པ་དེ་དག་ན་ལྷ་མགོ་བརྙན་མི་འདྲ་བ་དུ་མ་བོད་ཀྱི་བོད་ཀྱི་ལྷ་ནང་བཞིན་གཟུགས་རིས་འདྲ་མིན་ད་ལྟའང་འདུག དཔེར་ན་ཧིན་ངྷི་ཆོས་ལུགས་ལ་མཚོན་ནའང་ལྷ་དབང་ཕྱུག་གི་བསྟི་གནས་གངས་དཀར་ཏི་སེ་ཡིན་པ་འདིས་ཀྱང་རྟོགས་ལྷ། དེའི་མཐའ་སྐོར་ན་དབང་ཕྱུག་མཆོད་མཁན་མེད་ན་དབང་ཕྱུག་གི་བསྟི་གནས་སུ་འདོད་མི་སྲིད་པ་ཞིག་རེད། ཏི་སེ་གཡས་གཡོན་དེ་གནའ་བོ་ཞང་ཞུང་གི་རྒྱལ་ས་ཡིན་པ་ལོ་རྒྱུས་མང་པོར་སྣང་ངོ། མདོར་ན་བྱང་ཕྱོགས་ཤམ་བྷ་ལ། ནུབ་ཕྱོགས་བདེ་བ་ཅན། ཨོ་རྒྱན་ཡུལ། སྟག་གཟིག་འོལ་མོ་ལུང་རིང་སོགས་ས་འདི་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་འདྲ། །
ཧ་ཧ་ཧ། ཧོ་ཧོ་ཧོ།
དཔྱོད་ལྡན་རང་ཤར་རིག་གྲོལ་རྩལ་ལགས། གུས་པས་འཛམ་བུ་གླིང་པའི་ཡི་གེ་མང་པོ་ཞིག་གི་ཕྱི་མོ་ནི་རྒྱ་གར་ཡིན་ཅིང་། གནའ་བོའི་རྒྱ་གར་ནི་ཤེས་རིག་གི་འབྱུང་ཁུངས་རེད་ཅེས་པ་ལས་རིག་གཞུང་ཡོད་དོ་ཅོག་གི་ཁུངས་རྒྱ་གར་ཡིན་ཚུལ་བཤད་མེད། དེ་ལྟ་བུ་ནི་ག་ལ་སྲིད། འོན་ཀྱང་དེང་ཡང་འབྲི་བཞིན་པའི་ཡི་གེ་མང་དག་ཅིག་གི་དཔེ་ལྟ་ས་རྒྱ་གར་ཡིན་པ་སུ་ཡིས་བསྙོན་ནུས། གནའ་བོའི་ཞང་ཞུང་གི་རིག་གཞུང་ཕར་རྒྱ་གར་དུ་དར་བའི་སྒྲུབ་བྱེད་ཁུངས་བཙན་ཡོད་ན། དེ་ནི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་རྒྱལ་ཕྲན་ཞང་ཞུང་གི་གཟི་བརྗིད་ཅིག་ཏུ་ངོམ་ཆོག
་་་་་་་་་་་ གནའ་བོའི་རྒྱ་གར་གྱི་ཆོས་ལུགས་དང་རིག་གཞུང་ནི་ཞང་ཞུང་ཡུལ་ནས་ཕར་དར་བར་འདོད། ང་ཚོས་ཉམས་ལེན་བྱེད་བཞིན་པའི་གསང་བ་སྔགས་ཀྱི་ལུགས་དང་ཕྱི་རོལ་མུ་སྟེགས་པའི་ཆོས་ལུགས་སོགས་ཀྱི་བྱུང་ཁུངས་ནི་ཞང་ཞུང་ཡིན་པར་འདོད། ་་་་་་་་་་་
་་་་་་་་་་་་་་ ཏི་སེ་གཡས་གཡོན་དེ་གནའ་བོ་ཞང་ཞུང་གི་རྒྱལ་ས་ཡིན་པ་ལོ་རྒྱུས་མང་པོར་སྣང་ངོ། མདོར་ན་བྱང་ཕྱོགས་ཤམ་བྷ་ལ། ནུབ་ཕྱོགས་བདེ་བ་ཅན། ཨོ་རྒྱན་ཡུལ། སྟག་གཟིག་འོལ་མོ་ལུང་རིང་སོགས་ས་འདི་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་འདྲ། ། ་་་་་་་་་་་་ ཟེར།
འདི་ནི། བོད་རིགས་ལ་རྙིང་ཞེན་ཡོད་པ་ཙམ་ལས། ཁུངས་ལུང་ནི་ནམ་མཁའི་མེ་ཏོག་དང་འགྲན་ནོ། སྙམ་པས་་་་་་་་་་་་ ཁུངས་ཡོད་ན། མང་ཙམ་སྨྲོས་དང་། དེ་མིན་ཞང་ཞེན་ཆེ་དྲགས། བོད་རྙིང་དད་དྲགས། ལུང་ཞེན་འགྲན་དྲགས་པ་ཙམ་དུ་མཐོང་ལགས།
ཐེ་བོ་སངས་རྒྱས་ལགས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། བོན་གྱི་ལོ་རྒྱུས་ནང་དུ་བོན་ཆོས་རྒྱ་གར་ལ་དར་བའི་ལོ་རྒྱུས་བཤད་འདུག ནང་པའི་ལུགས་ལ་འཕགས་པ་ཀླུ་སྒྲུབ་ཀྱིས་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་པོ་ཏི་བཅུ་གཉིས་ཀླུ་ཡུལ་ནས་གདན་དྲངས་ཤིང་བཞི་ལྷག་པར་བཤད། བོན་ལུགས་ལ་བོན་གྱི་ཁམས་ཆེན་པོ་ཏི་བཅུ་དྲུག་ཡོད་པ་ཆོས་ལ་བསྒྱུར་ཅིང་པོ་ཏི་བཞི་བསྒྱུར་འཕྲོ་ལྷག་པར་བཤད། གང་ཞིག་བདེན་མིན་བརྒྱ་ཆ་བརྒྱ་བཤད་དཀའ་ཡང་། རྣམ་དཔྱོད་ཅན་ཞིག་གིས་བློ་གཟུ་བོར་གནས་ནས་དཔྱད་པ་བཏང་ན་ཕལ་ཆེར་རྟོགས་སླའོ། ཧིན་ངྷི་ཆོས་ལུགས་དང་བོད་ཀྱི་གསང་སྔགས་གཉིས་ལ་འབྲེལ་བ་དམ་པོ་ཡོད་པ་གསལ་པོ་རེད། སྤྱིར་ཧིན་ངྷི་ཆོས་ལུགས་འདི་ཧ་ཅང་གི་མགོ་ཉོག་གཅིག་ཀྱང་རེད་འདུག ཁ་ཅིག་གིས་འཇིག་རྟེན་བཀོད་པ་པོ་འདོད་པ་དང་ཁ་ཅིག་གིས་མི་འདོད་པ་སོགས་ཧེ་བག་ཆེན་པོ་འདུག འོན་ཀྱང་སྔགས་ཀྱི་ལུགས་འདི་བཤད་ཚེ་འདྲ་ས་མང་པོ་ཞིག་འདུག ཧིན་ངྷི་ལུགས་ལ་ལྷ་གྲངས་ས་ཡ་སུམ་བརྒྱ་ཡོད་པར་བཤད་སྲོལ་ཀྱང་འདུག བོད་ཀྱི་སྔགས་ལུགས་ལའང་ལྷ་གྲངས་ཧ་ཅང་མང་པོ་དང་། ཧིན་ངྷི་དང་འདྲ་ས་མང་པོ་འདུག་པར་མ་ཟད། ཕྱི་ནང་ཐུན་མོངས་ཀྱིས་ལྷའང་འདུག གང་ལྟར་མགོ་ཉོག་གཅིག་རེད་འདུག །
ང་ཚོ་བོད་རིགས་རྒྱ་གར་ལ་གནས་བཅས་ནས། ལོ་གྲངས་ལྔ་བཅུ་དྲུག་ཅུ་སོང་ན་ཡང་། ཞང་ཆོས་རྒྱ་གར་ལ་དར་བའི་དཔེ་གཅིག་ཀྱང་སྟོན་རྒྱུ་མེད་ལ། ཧིན་དུ་མུ་སྟེགས་པའི་ལྷ་དང་། ནང་ཆོས་ལྷ་གཉིས་ཀ་ཡིན་པ་གཅིག་ཀྱང་སྟོན་ཡ་མེད་པས། འདིར་།
་་་་་་་་་ #7 རང་ཤར་རིག་གྲོལ་རྩལ ་ལགས་ཀྱིས་སྤེལ་དོན།:
་་་་་་་་་ བོན་ལུགས་ལ་བོན་གྱི་ཁམས་ཆེན་པོ་ཏི་བཅུ་དྲུག་ཡོད་པ་ཆོས་ལ་བསྒྱུར་ཅིང་པོ་ཏི་བཞི་བསྒྱུར་འཕྲོ་ལྷག་པར་བཤད། གང་ཞིག་བདེན་མིན་བརྒྱ་ཆ་བརྒྱ་བཤད་དཀའ་ཡང་། རྣམ་དཔྱོད་ཅན་ཞིག་གིས་བློ་གཟུ་བོར་གནས་ནས་དཔྱད་པ་བཏང་ན་ཕལ་ཆེར་རྟོགས་སླའོ། ཧིན་ངྷི་ཆོས་ལུགས་དང་བོད་ཀྱི་གསང་སྔགས་གཉིས་ལ་འབྲེལ་བ་དམ་པོ་ཡོད་པ་གསལ་པོ་རེད། ་་་་་་་་་་་་་་་་
་
ཟེར་བ་འདི་ནི་ཁུངས་རྩ་བ་ཉིད་ནས་ཡོད་མ་རེད་དོ།།
ཀརྡོ་ལགས། བོད་ཀྱི་བཀའ་འགྱུར་རྒྱ་གཞུང་ཡོད་མེད་ཧ་གོ་སོང་ངམ། བཀའ་འགྱུར་ཡོད་ཚད་རྒྱ་གཞུང་ཡོད་དགོས་རྒྱུ་ལ། དེ་ཡོད་པ་མ་རེད། ཁྱོད་ཀྱིས་ཧ་མ་གོ་བ་མ་གཏོགས་ཧིན་ངྷི་དང་ནང་པ་གཉིས་ཀྱི་ཐུན་མོང་གི་ལྷ་ལོས་ཡོད། མི་ཤེས་ན་གཞན་ལ་དྲིས། ད་མང་པོ་བཤད་འདོད་མི་འདུག །
ཀརྡོ་ལགས། བོད་ཀྱི་བཀའ་འགྱུར་རྒྱ་གཞུང་ཡོད་མེད་ཧ་གོ་སོང་ངམ། བཀའ་འགྱུར་ཡོད་ཚད་རྒྱ་གཞུང་ཡོད་དགོས་རྒྱུ་ལ། དེ་ཡོད་པ་མ་རེད། ཁྱོད་ཀྱིས་ཧ་མ་གོ་བ་མ་གཏོགས་ཧིན་ངྷི་དང་ནང་པ་གཉིས་ཀྱི་ཐུན་མོང་གི་ལྷ་ལོས་ཡོད། མི་ཤེས་ན་གཞན་ལ་དྲིས། ད་མང་པོ་བཤད་འདོད་མི་འདུག བཤད་ན་ཞེན་ཁོག་རེད་བསམ་གྱི་རེད། ཁྱོད་ཀྱིས་ལོ་རྒྱུས་ལ་བལྟ་དགོས་ས་རེད་ཀོ། བོན་གྱི་ཡུམ་ལ་ད་ལྟ་པོ་ཏི་བཅུ་དྲུག་དངོས་སུ་ཡོད་པ་རེད། ཆོས་ཀྱི་ཡུམ་ལ་བཅུ་གཉིས་ལས་ཡོད་པ་མ་རེད། བཞི་ཀླུ་ཡུལ་ནས་ལྷག་པ་རེད་ཟེར་གྱི་ཡོད་པ་རེད། ད་ཧ་གོ་སོང་ངམ། །།
བཞི་ཀླུ་ཡུལ་ལྷག་པའི་ལོ་རྒྱུས་བོན་གྱི་ཡུམ་བཅུ་གཉིས་ནང་ལ་ཡོད་ན་མ་གཏོགས། བཀའ་འགྱུར་ཕོ་ཏི་བརྒྱ་ཙམ་དང་། བསྟན་འགྱུར་ཕོ་ཏི་ཉི་བརྒྱ་ཉེར་ལངའི་ནང་ལ་གསལ་མི་འདུག་གོ
དངོས་གནས་སྤོབས་པ་ཆེན་པོ་འདུག ཀརྡོ་ལགས། ཁྱེད་ཀྱིས་བཀའ་བསྟན་འགྱུར་ཆ་ཚང་བཀླགས་ཟིན་པ་རེད་དམ། །
ཁྱོད་ནི་དངོས་གནས་རྫུན་གྱི་རྒྱལ་པོ་ཞིག་རེད་འདུག ཀརྡོ་ལགས། ཁྱེད་ཀྱིས་བཀའ་བསྟན་འགྱུར་ཆ་ཚང་བཀླགས་རྒྱུ་ཕར་ཞོག འཕགས་པ་ཀླུ་སྒྲུབ་ཀྱི་རྣམ་ཐར་ཙམ་ཡང་བཀླགས་མི་འདུག རྣམ་ཐར་ལ་ཡག་པོ་ཞིག་ལྟོས་དང་ཡུམ་ཆ་ཚང་ཞིག་ཀླུ་ཡུལ་ནས་གདན་དྲངས་ཡོད་མེད་གསལ་པོ་ཤེས་ཐུབ། ང་ཆེས་མི་དགའ་ས་དེ་མི་ཤེས་ཤེས་ཁུལ་བྱེད་མཁན་གྱི་མི་དེ་དག་ཡིན། ཁྱོད་ནི་དེའི་ནང་གི་གཅིག་རེད། །
སློབ་དཔོན་སླར་ཡང་ཀླུ་ཡུལ་དུ་ཕྱིར་འོངས་ཕྱིར། ཡུམ་འབུམ་པའི་གཤམ་གྱི་རྟག་ཏུ་ངུ་ཡི་རྣམ་ཐར་སྐོར་དེ། གཏའ་མར་ཀླུས་ཉར་བ་ལས། གཞན་ཅང་མ་རེད། ད་དུང་འབུམ་གྱི་ཚིག་དོན་ཤིནད་ཏུ་རགྱས་པ་ཡོད་པ་ལ། སློབ་དཔོན་ཀླུ་ཡུལ་སླར་ཡང་མ་ཕེབས་ཙང་། བརྒྱད་སྟོང་པ་དང་། འབུམ་གཉིས་ཀའི་རྟག་ཏུ་ངུའི་སྐོར་ལ་ཚིག་མང་ཉུང་མ་བྱུང་བ་རེད། རྒྱུ་མཚན་ནི། བརྒྱད་སྟོང་པའི་རྟག་ཏུ་ངུའི་ལེའུ་དེ་ཉིད་འབུམ་གྱི་ཁ་སྐོང་གི་ཆེད་དུ་སྦྱར་བར་རེད། འདིས་ཀྱ་འབུམ་བོན་ནས་བསྒྱུར་བ་མིན་པར། ཀླུ་ཡུལ་ནས་གདན་དྲངས་པ་ད་དུང་གསལ་དུ་ཕྱིན་པ་རེད། ད་ནས་ང་ནི་བན་བོན་རྩོད་འདོད་མེད་པས། མཆན་འདིའི་རྗེས་ལ་འདིའི་སྐོར་མཆན་བརྒྱབ་དོན་མེད་དོ། གུཊ་བྰ་ཡེ།། །།
མདོན་པར་བསྟོད་དོ།
ཀརྡོ་དང་ངེད་གཉིས་སྔོན་ཆད་རྩོད་པ་ཞིག་བྱས་མྱོང་། ཁོང་གིས་མཆན་གྲངས་ཀ་མང་ལ་སྙིང་པོ་མེད་པ་དག་རྒྱག་གི་ཡོད། ངས་འདིར་ཅུང་ཟད་ཅིག་ཞུས་ན། འཕགས་པ་ཀླུ་སྒྲུབ་ཀྱིས་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གདན་དྲངས་པའི་སྐོར་ལ། ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་དུ་འདི་འདྲ་ཞིག་བཀོད་འདུག དེའི་ཚེ་ཀླུ་རྣམས་ཀྱིས་སློབ་དཔོན་སླར་ཡང་ཀླུ་ཡུལ་དུ་ངེས་པར་འབྱོན་དགོས་ཅེས་གཏའ་མ་ལྟ་བུར་འབུམ་གྱི་གཤམ་ནས་བག་ཙམ་མ་བསྐུར་ཅེས་གྲགས་ཟེར། ཚིག་འདི་དག་ལ་དཔག་ན་ཡུམ་ཆ་ཚང་ཞིག་གདན་དྲངས་མེད་པ་གསལ་པོ་རེད་འདུག །
རྒྱལ་བའི་བཀའ་འགྱུར་པོད་བརྒྱ་དང་ལྷག་ཅིག་བོད་ཡིག་ནང་དངོས་སུ་མཇལ་རྒྱུ་ཡོད་ཅིང་། ལོ་ཙཱ་བ་དང་ཞུ་ཆེན་པ་སོགས་ཁོད་མོད། འགྱུར་གཞི་རྒྱ་གར་སྐད་ཡིག་ནང་ཁ་ཆེའི་དམག་ལ་སོགས་པའི་དབང་གིས་བརླག་པར་ལོ་རྒྱུས་བཤད་དུ་ཡོད་ལ། འདི་དག་བཀའ་བསྡུ་རིམ་པ་གསུམ་གྱི་སྐབས་སུ་ཡིག་འབེབས་བྱས་པའི་སྒྲོས་ནི་བདོག བོན་གྱི་བཀའ་འགྱུར་ཞང་ཞུང་གི་ཡིག་རྒན་ནམ་སྨར་ཡིག་གང་གི་ནང་ཡོད་པ་བོད་ཡིག་ཏུ་བསྒྱུར་བ་དང་། ལོ་ཙཱ་བ་དང་ཞུ་ཆེན་པ་ཡོད་མེད། འགྱུར་གཞིའི་དཔེ་རྣམས་རྒྱུ་རྐྱེན་གང་གིས་ཉམས་པ་སོགས་ཀྱི་སྐོར་ཤེས་འདོད་ཆེ།
ཐེ་བོ་སངས་རྒྱས་ལགས་རེད་ཡ། བོན་གྱི་བཀའ་འགྱུར་དང་བརྟེན་འགྱུར་ལའང་ཞང་སྐད་ཀྱི་མ་ཕྱི་ཕལ་ཆེར་ཡོད་ས་མ་རེད། སྤྱིར་སྔོན་ཆད་སྔགས་ཀྱི་སྐོར་ཧ་ཅང་གསང་བ་ཡིན་སྟབས་མ་ཕྱི་མང་པོ་མེད་པ་གསལ་པོ་རེད་འདུག གསང་སྔགས་ཀྱི་དཔེ་ཆ་མང་པོ་ཞིག་རྒྱལ་པོ་དཀོར་མཛོད་དུ་མནན་ནས་གསང་བ་རྩ་འགགས་སུ་སོང་བའི་ལོ་རྒྱུས་འདུག གསལ་པོ་ཞིག་ལ་རྒྱལ་པོ་གྲུ་གུམ་གྱི་རིང་ལ་བོན་བསྣུབས་པ་རེད། དེ་ནས་ཁྲི་སྲོང་རིང་ལའང་ཐེངས་གཅིག་བསྣུབས་པ་ལགས། དེ་ནས་གླང་དར་གྱི་རིང་ལ་བསྣུབས་འདུག ཡོངས་གྲགས་སུ་ཆགས་འཇིག་ཆེན་པོ་གསུམ་འདུག ཞིབ་པར་ཤེས་འདོད་མཆིས་ཚེ་ཤར་རྫའི་ལེགས་བཤད་མཛོད་ལ་གཟིགས་དང་ཅུང་ཁ་གསལ་ཐོན་ངེས་རེད། ལེགས་བཤད་མཛོད་ད་ལྟ་དྲ་ཐོག་ན་རག་གི་རེད། །
དཔྱོད་ལྡན་རང་ཤར་རིག་གྲོལ་རྩལ་ལགས། བཀྲིན་ཆེ།
་་་་་་་་་་་་་་་་་ #16 རང་བྱུང་རིག་པའི་རྡོ་རྗེ ་ལགས་ཀྱིས་སྤེལ་དོན།:
May 30th, 2019 at 2:32 pm
ཀརྡོ་དང་ངེད་གཉིས་སྔོན་ཆད་རྩོད་པ་ཞིག་བྱས་མྱོང་། ཁོང་གིས་མཆན་གྲངས་ཀ་མང་ལ་སྙིང་པོ་མེད་པ་དག་རྒྱག་གི་ཡོད། ་་་་་་་་་་་་ ཟེར།
རང་ཤར་ཅན་པོ་འདི་ལ་སྟོན་པ་དགོས་ནི་མ་རེད། ག་རེ་དྲན་ན་དེ་ནི་རང་ཤར་གྱིས་འབྲི་ནི་རེད། དེ་ནས་སྟོན་པ་དང་ལོ་རྒྱུས་འཚོལ་ནི་རེད།
ཉི་མ་ནུབ་ནས་མ་ཤར་ན། ཡོད་ཚད་རྫུན་མ་རེད། དེ་ལས་གཉིད་སྐྱིད་པོ་ཁུལ་ན་སྐྱིད་པོ་རེད། ཧ་ཧ་ཧ།