ཐེ་བོ་སངས་རྒྱས།
ཉིན་དྲུག་པ།
ཕྱི་ཟླ་༢ ཚེས་༣ ང་ཚོ་གཟའ་ཉི་མའི་ཞོགས་ཉལ་གྱི་ཏིང་ངེ་འཛིན་ལས་ཆུ་ཚོད་༨ བར་མ་བཞེངས། ངས་སོ་ཡང་མ་བཀྲུས་གོང་ལག་རས་ཤིག་ཕྲག་པར་གཡུགས་ནས་མཚོ་ཁར་སྐོར་རྒྱུག་བྱས། ང་ཚོའི་མགྲོན་ཁང་ནས་མཚོ་ཁར་རྐང་ཐང་དུ་ག་ལེར་སོང་ནའང་སྐར་མ་བཅུ་ཙམ་ལ་སླེབས། ཉི་ཟེར་གསར་དུ་མཚོ་ནང་འཕྲོས་པའི་ལྡོག་འོད་ཀྱིས་མིག་ལ་གཟན་པར་བྱེད། མཚོ་འགྲམ་བྱེ་མའི་ནང་ཉ་སྐར་མ་དང་། སྡིག་སྲིན་རྐང་དམར། མིང་མི་ཤེས་པའི་མཚོ་འབུ་རྣམས་འདུར་རྒྱུག་དང་། གོག་ནུར། འཕར་ལྡིང་སོགས་བྱེད་ཀྱིན་འདུག་ལ།
ཉ་ཕྱིས་དང་། དུང་། འགྲོན་བུ་སོགས་གང་སར་གྲམ་ནས་འདུག མི་རྣམས་མཚོ་རྐྱལ་བྱེད་མཁན་དང་། ཡོ་གའི་འཁྲུལ་འཁོར་སྦྱོང་མཁན། རྒྱུག་ཤར་གློད་མཁན་སོགས་མང་བས་མཚོ་འགྲམ་གྱི་ཞོགས་པའི་རྣམ་པ་ཆེས་ཆེར་མངོན། ང་མཚོ་ནང་མཆོངས་ཏེ་མཚོ་འཇིངས་སུ་འདོམ་བཅོ་བརྒྱད་ཙམ་ལ་རྐྱལ། རྒྱ་མཚོའི་ཁར་འགྲོ་མ་མྱོང་མཁན་ཞིག་ལ་རྒྱ་མཚོར་རྐྱལ་རབས་བཤད་ན་ཡིད་མི་ཆེས་ནའང་ཐང་མོད། མཚོ་མཐར་ཆུ་སྲབ་པས་ཕྲུ་གུ་ལོ་ལྔ་དྲུག་ཅན་ཚོས་ཀྱང་རྒལ་ཐུབ། སྙན་ངག་མེ་ལོང་མ་ལས། ཆུ་ཡི་ཕུང་པོ་དག་དང་ཁྱོད། །མཚམས་ལས་མི་འདའ་ཟབ་པ་སྟེ། ། ཞེས་སོགས་རྒྱ་མཚོ་དུས་ལས་མི་འདའ་བའི་སྐོར་མང་དུ་འབྱུང་བའང་རྦ་རླབས་ཀྱི་འཕྲོ་འདུ་ལ་གོ་དགོས་ཞེས་པ་མད། ཕྱིར་མགྲོན་ཁང་དུ་ཡོང་ནས་ཁྲུས་ཁང་ནང་ལུས་ཀྱི་ཚྭ་ཁུ་བཀྲུ་བཤལ་དང་སོ་བཀྲུས། དེ་ནས་མགྲོན་ཁང་གི་ཤོད་ལ་ང་ཚོ་ཞོགས་ཇ་འཐུང་དུ་སོང་། ཞོགས་ཟས་སུ་ཐའེ་ཨམ་འབྲས་དང་མངར་ཇ་ཁམ་སེར་སོགས་ལ་རོལ། སྡེར་མའི་ནང་འབྲས་ཆན་མར་གྱིས་བྲན་པའི་ཐོག་ཤིང་ཏོག་ཨ་མྲ་རྐང་གཅིག་གི་ཤུན་པགས་བཤུས་ཏེ་མེ་ཏོག་ལྟར་བཅོས་པ་ཞིག་འདུག ཇ་ནི་མངར་སེ་བ་ནང་ལ་ཇ་ལོ་མཐོང་རྒྱུ་མེད་པ་ཞིག་སྟེ། འདི་དག་ནི་ཐའེ་ཐུན་མིན་གྱི་བཟའ་བཏུང་ཡིན་སྐད། ང་ནི་འགྲོ་མ་མྱོང་སར་འགྲོ་རྒྱུ་དང་ཟོས་མ་མྱོང་བ་ཟ་རྒྱུར་དགའ་མཁན་ཞིག་ཡིན་པས། ད་ཐེངས་ཀྱི་འགྲུལ་བཞུད་འདིའི་ཁྲོད་ཉམས་མྱོང་གསར་པ་མང་དག་ཅིག་རག་པས་འགུ་ནས་ཡོད། ཆུ་ཚོད་༩:༣༠ ཙམ་ལ་ང་ཚོ་པཱ་ཏོང་གྲོང་འདབས་ནས་གྲོང་རྐེད་བར་མཚོ་ཁར་གོམ་བགྲོད་རིང་ཙམ་ཞིག་བྱས། དངུལ་བརྗེ་ས་ཞིག་ནས་ཨ་སྒོར་ཏོག་ཙམ་བརྗེས་ཏེ་ཇ་ཁང་ཞིག་ཏུ་སྐོམ་ཆུ་རེ་བཏུང་། མཚོ་ཁ་འདི་ཡུལ་སྐོར་བའི་ལྟེ་བ་ཞིག་ཡིན་པས་དངུལ་བརྗེ་ས་ཧ་ཅང་མང་ཡང་། ཚང་མའི་འཛའ་གོང་གཅིག་གྱུར་མིན་པས་ལམ་སེང་བརྗེས་མི་ཉན། འདིའི་ཉེ་སྐོར་དུ་དགོན་པ་རེ་ཡོད་ཚོད་ཀྱང་ཚ་བའི་ནང་དཀའ་ཐུབ་ཀྱིས་མཇལ་སྐོར་དུ་འགྲོ་མ་འདོད། ཉིན་གུང་ཡང་གོམས་ལོབས་ཀྱིས་ལན་གྲུའི་ལཱ་མེན་ཟ་ཁང་དུ་སོང་ནས་ལཱ་མེན་རེ་དང་། ཤ་ཚལ་སྡེར་མ་གཅིག་གཉིས་རེ་མངགས་ནས་གུང་ཟས་ཡིད་ཚིམ་པ་ཞིག་ཟོས། སྦྱིན་བདག་མས་ཁྱེད་ཚོ་གང་ནས་ཡིན་ཞེས་དྲིས་པས། ང་ཚོ་བོད་ནས་ཡིན་ལ་ད་བར་ལྟ་རྒྱ་གར་དུ་ཡོད་ཅེས་ལན་བཏབ་པ་ན། ཁོ་མོས་བོད་དེ་ས་སྐྱིད་པོ་ཞིག་ཡིན་པ་གོ་མྱོང་བ་ལས་འགྲོ་མ་མྱོང་ལ། ཁོ་མོ་ནི་ཀོང་ཀྲུའུ་ནས་ཡིན་ཟེར། ཉིན་རྒྱབ་ཆུ་ཚོད་༢:༣༠ ཡས་མས་ལ་ང་ཅ་ལག་བསྡུ་གསོག་གིས་ས་གནས་སྤྱི་སྤྱོད་རླངས་འཁོར་ཞིག་ཏུ་བསྡད་དེ་ཕྱིར་བྷན་ཀོག་ལ་ཆས།
ང་ཚོ་ཕུ་ཁེ་ཐྲིའི་རླངས་འཁོར་འབབ་ཚིགས་སུ་འབྱོར་དུས་རླངས་འཁོར་ཐོན་རིམ་དང་པོའི་འཛིན་བྱང་བཙོང་ཚར་འདུག ཐོན་རིམ་གཉིས་པའི་འཛིན་བྱང་ནི་ཐོན་རིམ་དང་པོ་ལས་ཧ་ལམ་ལྡབ་ཅིག་གིས་གོང་ཆེ་བ་སྟེ། ཐའེ་སྒོར་དགུ་བརྒྱ་ལྷག་བབས་ཀྱང་མི་ཉོ་ཀ་མེད་རེད། རྗེས་མ་རྒྱ་གར་ནས་ཐའེ་ལན་དུ་ལྟ་སྐོར་ཡོང་མཁན་འདྲ་ཡོད་ན། ལྡི་ལི་ནས་ཕུ་ཁེ་ཐྲིར་ཁ་ཐུག་ཏུ་འཕུར་ཞིང་། དེ་ནས་བྷན་ཀོག་བར་སྤྱི་སྤྱོད་རླངས་འཁོར་ནང་བསྡད། བྷན་ཀོག་ནས་ཕྱིར་ལྡི་ལིར་འཕུར་ན་སྟབས་ཀ་བདེ་བར་མཐོང་།
ཉིན་བདུན་པ།
ཕྱི་ཟླ་༢ ཚེས་༤ བོད་རྩིས་གནམ་གང་གི་ཉིན་མོ་རེད། སྔ་དྲོ་ཆུ་ཚོད་བཅུ་པ་མ་ཟིན་ཙམ་ལ་རྒྱལ་ས་བྷན་ཀོག་ཏུ་ཕྱིར་སླེབས། གླ་འཁོར་ཞིག་གླས་ཏེ་ང་ཚོའི་མགྲོན་ཁང་ཡོད་སར་འགྲོ་རུ་བཅུག འོན་ཀྱང་། ང་ཚོོ་བསྡད་ས་དེར་ཁང་པ་ཚང་མ་ཁེངས་ཚར་འདུག་པས་ཉེ་འཁོར་དུ་མགྲོན་གཞན་པ་ཞིག་བླངས། ཐའེ་ཟ་ཁང་ཞིག་ཏུ་ཞོགས་ཇ་དང་གུང་ཚིགས་སྟབས་གཅིག་ལ་རོལ། དེའི་ཕྱི་དྲོ་ཉེ་འགྲམ་གྱི་ཁྲོམ་སྲང་དུ་ཡར་ཉུལ་མར་ཉུལ་གྱིས་དུས་ཚོད་བསྐྱལ། སྲང་ལམ་གྱི་སྟབས་བདེའི་བཟའ་བཏུང་གི་ཁྲོམ་ར་ཆེན་པོ་ཞིག་ཏུ་སྔར་བཟའ་མ་མྱོང་བ་རེ་ཟོས། བྷན་ཀོག་གྲོང་ཁྱེར་ནི་ལོ་རབས་བརྒྱད་ཅུའམ་དགུ་བཅུའི་ནང་ཨེ་ཤ་ཡའི་འབྲུག་ཆེན་བཞིའི་ཡ་གྱལ་གྱི་མཚན་སྙན་ཐོབ་པར་བཤད། དེ་ནི་ཧོང་ཀོང་དང་། སིངྒ་ཕོར། ཐའེ་པེ། བྷན་ཀོག་བཅས་སོ། ། བྷན་ཀོག་ནང་ཆུ་ཚོད་ཉེར་བཞིར་ཚོང་ལས་སོགས་ཀྱི་བྱེད་སྒོ་མཚམས་མི་འཇོག་པས་མི་གཟིམ་པའི་གྲོང་ཁྱེར་ཞེས་ཀྱང་འབོད། ཐའེ་ལན་ཡུལ་གྲུ་འདི་གླང་ཆེན་སྤྲེའུ་མང་ས་ཞིག་ཏུ་གྲགས་ཀྱང་། ང་ཚོ་ནི་དུས་ཚོད་ཕལ་ཆེ་བ་བྷན་ཀོག་གི་གྲོང་དཀྱིལ་དུ་བསྐྱལ་བས་ཅང་མ་མཐོང་། ཐའེ་བོད་བར་སྔོན་གྱི་ལོ་རྒྱུས་ཐོག་འབྲེལ་བ་བྱུང་ཡོད་ཚོད་མི་འདུག་མོད། ༧གོང་ས་བཅུ་བཞི་པ་ཆེན་པོ་རྒྱ་གར་དུ་བཙན་བྱོལ་ཕེབས་རྗེས་ཀྱི་ཞབས་སོར་ཁོད་སའི་ཕྱིའི་རྒྱལ་ཁབ་དང་པོ་དེ་ཡིན། དགོང་མོ་འབར་མའི་ཟ་ཁང་ཞིག་ཏུ་དགོང་ཟས་རྒྱས་ཙམ་ཞིག་ཟོས། དེ་ནས་ཆུ་གྲང་མོ་དང་ལྕམ་འབྲུ་བརྔོས་མ་རེ་ཉོས་ཏེ་ཕྱིར་མགྲོན་ཁང་དུ་ཡོང་། ཆུ་ཚོད་ནི་བོད་ནང་གི་དུས་ཚོད་གཅིག་གིས་འཕྱིས་པས་ཕ་ཡུལ་འབྲེལ་བ་བྱེད་བདེ་བར་སྣང་། ཐའེ་ལན་ཌུར་དྲ་ལམ་ཧ་ཅང་བཟང་བས་འདྲ་པར་དང་བརྙན་ཐུང་དག་བཏང་ན་ཨང་གྲངས་ཤར་ཁོམ་མེད་པར་ཤོར་འགྲོ་ཡི། སང་ཉིན་གནམ་ལོ་གསར་ཚེས་ཡིན་པས་ནང་མི་སྤུན་མཆེད་ཚོའི་བར་འཚམས་འདྲི་དང་ལག་རྟགས་སྤྲོད་རེས་བྱེད་ཀྱི་འདུག ངའི་ལམ་གྲོགས་ཤེར་རྒྱམ་པས་སྐད་འཕྲིན་ཚོགས་པ་ཁག་ཏུ་ཁུག་དམར་འཛིན་ཞོར་སྣ་གླུ་ཐན་ཐུན་རེ་ལེན་གྱིན་པར་བརྟགས་ན་ལག་འབབ་བཟང་གི་ཡོད་ཚོད་རེད། ད་ལྷན་རྒྱས་གཟིམ་འཇགས་གནང་།( མུ་འགོད།)
ཆ་ཚང་ཞིག་བཀླགས་ཟིན། ཡག་པོ་ཞེ་དྲག་བྲིས་འདུག འདི་འདྲ་ཡང་ཡང་དྲ་ཐོག་ཏུ་འཇོག་རོགས་ཀྱིས། བཀའ་དྲིན་ཆེ། །
དད་ལྡན་བུ་ལ་གནས་ཆེན་མཇལ་ས་ཡོད་སྐད།།
འདོད་ལྡན་བུ་ལ་མཛེས་མར་རྒྱོ་ས་ཡོད་སྐད།།
སང་ལོ་ད་ཚོད་སྒོར་མོས་འདང་ངེས་བྱུང་ན།།
ང་ཡང་ལན་གཅིག་ཡུལ་དེར་འགྲོ་རྒྱུ་ཡིན་ལགས།།
ཐེ་ཡི་མཛེས་མར་རྒྱོ་བའི་བཙོག་རྣམ་གསར་པ་སུ་ལ་བཀླག་འདོད་ཡོད་ན་དེ་ཡིས་བདག་གི་སྒོར་མོར་སྟོབས་ཤུགས་རྫོགས་པའི་སྨོན་ལམ་ཐོབ་དང་འདོད་ལྡན་ཁོ་བོ་གནས་དེར་བརྟོལ་ཚེ་དུས་རབས་གསར་པའི་བོད་ཀྱི་འབྲུག་པ་ཀུན་ལེགས་བྱ་རྒྱུ་ཡིན། །
འདིར་ཆད་སྐྱོན་འགའ་བྱུང་འདུག་སྟེ། ལམ་སེང་བརྗེ་མི་ཉན་ལ་བརྗེས་མི་ཉན་ཞེས་དང་། ཤ་ཚལ་སྡེར་མ་གཅིག་གཉིས་རེ་མངགས་ནས་ཞེས་པའི་ནས་སྒྲ་ཆད། ཅ་ལག་བསྡུ་གསོག་གིས་ས་གནས་སྤྱི་སྤྱོད་རླངས་འཁོར་ཞེས་པའི་ས་ཆད། ༧གོང་ས་བཅུ་བཞི་པ་ཆེན་པོ་རྒྱ་གར་དུ་ཞེས་པའི་དུ་ཆད། ཁུག་དམར་འཛིན་ཞོར་སྣ་གླུ་ཐན་ཐུན་རེ་ཞེས་པའི་ཐན་ཐུན་ཆད་འདུག་པས་དགོངས་དག་ཞུ།
བཀུར་འོས་ཁ་བརྡ་རྩོམ་སྒྲིག་པས་དེ་དག་ཕྱིར་བསྒྲིག་ཐུབ་ན་བཀྲིན་ཆེ་ཞུ།
ཀློག་མཚམས་འདིར་སླེབས་ལ་དང་ང་ཡང་གཟིམ་རན་པས་གཟིམ་འཇགས་གནང་ཟེར་བསམ་མོད་ཉེ་ས་ཞིག་ན་མེད་ཁུ།
་་་་་་་་་ ༧གོང་ས་བཅུ་བཞི་པ་ཆེན་པོ་རྒྱ་གར་དུ་བཙན་བྱོལ་ཕེབས་རྗེས་ཀྱི་ཞབས་སོར་ཁོད་སའི་ཕྱིའི་རྒྱལ་ཁབ་དང་པོ་དེ་ཡིན། ་་་་་་་་་་་
ཐེ་བོས།
༧གོང་ས་བཅུ་བཞི་པ་ཆེན་པོ་རྒྱ་གར་དུ་བཙན་བྱོལ་ཕེབས་རྗེས་ཀྱི་ཞབས་སོར་ཁོད་སའི་ཕྱིའི་རྒྱལ་ཁབ་དང་པོ་དེ་རེད།
ཀརྡོས།
དང་ Thailand མིང་དེ་འདི་ལྟར་བྲིས་གནང་ན་དགེ Thaniland ཐ་ཡི་ལེནྜ། France ཕ་རན་སི། དེང་སང་དུས་བབ་དང་བང་ཆེན་སོགས་རྒྱ་ཡིག་སྒྲ་ལས་ཕབ་ནས་བྲིས་པའི་མིང་ཚིག་འདི་ལྟར་བྲིས་འདུག་པས་ནོར་བ་ཡིན། ་ཧྤི་་་་འདི་ད་བར་བོད་སྒྲ་སྔཧས་གང་ལ་མེང་་་་།
མ་གཞི་དེང་སང་བོད་ནས་གསར་འབྱོར་ཨ་མདོ་ཕོ་སར་ཆག་ཅོག་ཚོས་་་ཡོན་ཏན་ཡོད་ལ་མེད་ལ་དེ་ཚོས་གྲས་་་བོད་གཞི་བྱེས་མིང་ཚིག་མང་པོ་ནོར་བ་ལ་བཟོ་བཞིན་འདུག
པས་གཟབ་གཟབ་་གནང་རོག་་་མཁས
དབང་ཟམ་གདོང་རིན་པོ་ཆེས་བཀའ་བཀོད་ལྟར་བྲིས་ན་དགེ
Amireca : ཨ་མི་རི་ཀ
Australia : ཨོས་ཊོར་ལི་ཡ།
English : ཨིན་ཇི། ༼དབྱིན་ཇི་་་བྲིས་པ་ནོར་བ་རེད༽
France: ཕི་རན་སི།
Canada: ཀེ་ན་ཌ།
New Zealand : ནི་ཝི་ཛི་ལེནྜ།
Switeszerland: སི་ཝི་ཛི་ལེནྜ།
Thailand : ཐ་ཡི་ལེནྜ།
Phileppine: ཕི་ལི་པིན།
Newyork : ནིའུ་ཡོག
Germany: ཇར་མི་ནི།
Begyam: བེལ་ཇམ།
Dharamsala; ད་རམ་ཤ་ལ།
Shimla: ཤིམ་ལ།
Delhi: དིལླི།
Bangalore: བིང་ལོར།
Bangladesh: བང་ལ་དེཤ།
Mount Everest: ཇོ་མོ་གླང་མ་། དེ་ཡང་དེང་སང་ཨིན་ཡིག་ནང་་་Qumolangama བྲིས་འདུག་པས་ནོར་བ་རེད། Jomilangma བྲིས་དགོས་
Jomolangma ཡིན
ཨ་ཤོ་ཀ་ལགས། ཨ་མེ་རི་ཀ་དང་། ཨང་ལིང་། སིམ་ལ། ཧྥ་རན་སི། ཁེ་ན་ཌ། ངྷ་རམ་ཤཱ་ལ སོགས་བྲིས་པ་མཐོང་ཞིང་། འདི་དག་འཐད་དོ།།
Newyork : ནིའུ་ཡོརྐ
Dharamsala; དྷ་རམ་ཤ་ལ།
Shimla: ཤིམ་ལ།
Delhi: དིལླི།
Bangalore: རྦང་ལོར།
Bangladesh: རྦང་ལ་དེཤ
རེད་དེ་འདྲ་གསར་ཤིག་ནང་བྲིས་འདུག་པས་ནོར་བ་རེད་། ངས་ཞུས་ཡིན་་ཨམ་མདོ་གསར་འགྱུར་ཁ་ཤས་རྩོམ་པ་པོ་མིག་འཁྱེར་བས་ལ་ལས་དེ་འདྲ་བྲས་པ་དེ་དེ་ཙམ་ཡིད་རྟོན་དཀའ། ་འངི་སྐོར་ཟམ་གདོང་རིན་པོ་ཆེའི་མདུན་སྔོན་ཝར་ཎ་ཡོད་སྐབས་བཀའ་མོལ་ཞུས་ཏེ་བྲིས་པ་ཅན་ཡིན་ལགས་སོ
ཐའེ་ལན་ཌུའི་མིང་ལ་བོད་ཀྱི་ཡིག་རྙིང་རེའི་ནང་ཤྱམ་ཞེས་བྲིས་Siam འདི་སྒྲ་བསྒྱུར་བྱས་པ་ཡིན་ནམ།