བོད་ཕྱི་ལ་བོད་མི་མང་ཤོས་གནས་སྡོད་བྱེད་ས་བལ་ཡུལ་བོད་མིའི་སྤྱི་ཚོགས་ཁྲོད་བོད་ཡིག་གི་ཚགས་པར་གཅིག་ལས་མེད་བའི་༼གཉན་ཆེན་ཐང་ལྷ་༽ཚགས་པར་ལས་ཁུངས་གསར་འཛུགས་བྱེད་མཁན་དང་འགན་འཛིན་བལ་ཡུལ་གྱི་མི་སེར་ཡིན་པ་སྐུ་ཞབས་ཐཱ་པ་ལེ་ཡ་ཉེ་བའི་ཆར་ནད་མནར་རྐྱེན་འདས་བཀྲོངས་སུ་སོང་ཡོད། དེར་བརྟེན་ད་ཆ་གནས་སྟངས་དང་རྒྱུ་རྐྱེན་ཁག་གཅིག་གིས་གཉན་ཆེན་ཐང་ལྷ་ཚགས་པར་བཏོན་རྒྱུ་ཡང་གནས་སྐབས་མཚམས་འཇོག་བྱས་འདུག། གཉེན་ཐང་ནི་བལ་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་ཡོད་པའི་བོད་ཡིག་གི་ཚགས་པར་གཅིག་པུ་དེ་ཡིན།
Hi Lunyon, Tashi Delek. I was really disappointed about you, because a few months ago you were always saying I am going soon to die. I thought you already gone on another place… Anyway, I am very happy to hear that you are still living with us, but unfortunately, Mr. Thapa leia already to way-out. I knew he was very kindness for Tibetan people whatever; especially he was first established the news pepper from Nepal “Nyenchen Thanglha”. I am so sorry to hear that and we never forget his kind work for us. I hope Nyenchen Thanglha will be continued to live on this world.
བདེ་བ་ཅན་ནས་སྐྱེ་རྒྱུ་དེ།
ཨོཾ་མ་ཎི་པདྨེ་ཧཱུྃ། འདས་པོ་བྱང་སེམས་ཅན་དེ་བདེ་བ་ཅན་དུ་སྐྱེས་པར་ཤོག
གཉེན་ཐང་ཚགས་པར་གང་མགྱོགས་ངང་རྒྱུན་ལྡན་ལྟར་འདོན་རྒྱུ་ནི་ཤུལ་དུ་ལུས་པའི་ལས་ཁུངས་ཀྱི་ལས་བྱེད་དག་གི་ལས་འགན་ལགས་པས། ཁྱེད་ཅག་གིས་ལས་དོན་འདི་རྒྱུན་འཁྱོངས་གནང་ཐུབ་པའི་སྨོན་ལམ་འདེབས།
གཉན་ཆེན་ཐང་ལྷ་ཚགས་ཤོག་དེ་མུ་མཐུད་འདོན་ཐུབ་དང་མི་ཐུབ་ནི། བལ་ཡུལ་གྱི་བོད་མི་ཚོར་ནུས་པ་ཡོད་མེད་ལ་བལྟ་དགོས་པ་ཞིག་རེད། བལ་ཡུལ་ན་བོད་མི་འབྱོར་ལྡན། སེམས་ཤུགས་ཅན། བསྟན་པ་ཆབ་སྲིད་ལ་ཞབས་འདེགས་མཁན་དེ་འདྲ་མང་པོ་ཡོད་པ་རེད། ལས་བྱེད་ཚོས་དེ་ཚོ་བསྐོང་ནས་གོ་བསྡུར་བྱས་ནས། མུ་མཐུད་དུ་འདོན་ཐུབ་ན་ལེགས། བལ་ཡུལ་ན་མཁས་པ་དང་རྩོམ་པ་པོ་མེད་པ་བདེན་ནའང་། ཚགས་པར་ཙམ་ནི་འདོན་མཁན་ཡོད་ཡོད་པ་རེད། ན་ནིང་ནས་གཉན་ཆེན་ཐང་ལྷ་སྔོན་དང་བསྡུར་ན་ཡག་རུ་སོང་ཡོད། ད་ཡག་ཐོག་ནས་འདོན་ཐུབ་པ་ཞིག་བྱུང་ན་ཇི་མི་དགའ། རྒྱུ་འབྱོར་ཅན་ཚོས་གཉན་ཐང་སྐྱོབས་ཡ།
མི་ནག་མདུང་ཐུང་ཅན་གྱིས་གསུངས་པ་ལྟར་རེད།
ཨོཾ་མ་ཎི་པདྨེ་ཧཱུྃ།
ཚགས་པར་དེ་མུ་མཐུད་དུ་མཇུག་སྐྱོང་མཁན་ལ་བསམ་གཞིགས་གནང་མཁན་དང་ཤུགས་རྒྱག་མཁན་རེ་ཡོད་པ་རེད་དམ།
གཉན་ཆེན་ཐང་ལྷའི་སྐོར་ཡག་པོ་ཞིག་ཤེས་འདོད་ན་ཨ་ཁུ་ཀླུ་སྨྱོན་ལ་བཀའ་འདྲི་ཞུས་ན་ལེགས་སྙམ།
རྒྱུ་མཚན་ཁོང་གིས་ལོ་མང་རིང་ལ་ཚགས་ཤོག་དེའི་ཞུ་དག་པའི་ལས་འགན་བཞེས་མྱོང་བ་རེད་ལགས།
འདས་པོ་དེ་བདེ་བ་ཅན་དུ་སྐྱེ་བར་ཤོག ང་ཚོ་བོད་པ་རྣམས་ཀྱིས་དྲིན་ཆེན་དེ་དག་ནམ་ཡང་བརྗེད་མི་རུང་། གཉན་ཆེན་ཐང་ལྷ་ཚགས་ཤོག་དེ་འདས་པོ་དང་ལྷན་དུ་ལོ་རྒྱུས་ཙམ་དུ་མི་འགྱུར་བར་ཡུན་རིང་གནས་ཐབས་བྱ་བར་བོད་མི་འཇོན་པོ་རྣམས་ཀྱིས་དགོངས་བཞེས་གནང་རོགས།