རླུང་དམར།
རྣམ་དཔྱོད་འདི་ཤི་མེད་ན
ཁྱོད་དང་ཁྱོད་ཀྱིས་རྟོགས་སད་རེ་གནོངས
དོན་གྱིས་བསམས་ནས་ང་ཚོ་རང་ཉིད་ལྟ་སྐྱོང་དགོས
ཚོར་བའི་སྒོ་འདི་ཆེས་འགྲེལ་དཀའ་བའི་སེམས་མདུད་ཅིག
དེའང རང་དབང་གིས་ཡོད་ཚད་རྩེད་ཆས་ལྟར་བསྒྱུར་མི་ནུས་ཀྱང
ལྐོག་ན་ཡོད་པའི་ནགས་ཤིང་ཁྲོད་ཀྱི་གཞིས་སྒར་དེ་འཇིགས་མི་སྲིད་ནའང
ཤ་ཁྲག་ལ་དགའ་བའི་དོམ་དྲེད་ཀྱིས་འཇབ་རྒོལ་བྱེད་པར་རྩོམ
གཞིས་སྒར་གྱི་སྲང་བར་ན་ཤོག་ལྷེའི་བརྡ་ཁྱབ་སྤུར་བཞིན་འདུག
དགའ་ཞེན་སྡུག་ཞེན་གྱི་དྲི་མ་ག་ལེར་འཐུལ་འཐུལ་རེད
སུ་ཡིས་ཚོར་ཤེས་ཀྱི་སྙིང་ཁམས་འདི་ནོན་ཐུབ་བམ
སྔར་གྱི་རི་བོ་དེ་འགྱེལ་མེད་པའི་གངས་བྲག་བརྟན་པོ་ཞིག་ཡིན་ལ
ཟད་མཐའ་བྲལ་བའི་དར་ལྕེའི་གཟུངས་ཐག་རྣམ་ཤེས་དཀར་པོའི་ཁྱེའུ་ལ་བཞག
དུས་དེ་ནས ཁྱོད་དང་ངས་བཙལ་བའི་གཅེས་ནོར་གྱི་མངའ་བདག་ཅིག
ཁོང་གིས་ང་ཚོར་རྒྱལ་ཁབ་ཞིག་ཇུས་འགོད་གནང་གིན
ཕམ་ཁ་དང་རྒྱལ་ཁའི་ངང་ནས་མདུན་ལ་ཡོང་གིན་འདུག
དེ་ནི་བཙན་པོའི་སྟོབས་སྐྱེས་བའི་བླ་སྲོག་རྣལ་མ་ཞིག་རེད་ལ
འདས་སོང་གི་རྒུད་མུན་དེ་ལ་”འོད་ཀྱི་ཁ་མིག་”ཅིག་བཟོས་ཏེ་ཡོད
ཐུ་བྷོད་ཀྱི་སྲུང་འཁོར་དེ་ཁོང་ཡིན་ལ
ཁ་བ་བོད་ཀྱི་གནམ་སྲུང་ལྟ་བུའང་ཁོང་གི་བྱས་རྗེས་ཀྱིས་འཇལ་ནུས་པ་ཡིན
ལམ་ན་རྨོངས་དད་པ་མང་པོ་ཞིག་གི་མགོ་ལ་རྨ་ཐེབས་ཏེ
དཀར་ནག་མེད་པར་ཡག་བཙོག་མེད་པར་ཁྲམ་བྱེད་བསླངས
དེ་ལྟ་ནའང བློ་གྲོས་ཀྱི་གཏིང་ན་སྲིད་ཆོས་ཀྱི་མུ་ཏིག་འཕྱོ་བ་འདི
ཁ་མཁས་པའི་རང་རྟགས་མིན་ལ་གཡོ་ཁྲམ་པའི་བྱ་ངན་དེ་བས་མིན་པས
ཁོང་གི་སྲུང་འཁོར་ནི་”ཐུ་བྷོད”ཅེས་པ་འདི་ཡིན
ཐུ་བྷོད་སྲུང་འཁོར་དེ་ཁོང་རེད།
་
ཐུ་བྷོད་སྲུང་འཁོར་དེ་ཁོང་ཡིན།
ཤྰཀྱ་སེང་གེ་དེ་སྲུང་འཁོར་རེད།
ཐུ་བྷོད་སྲུང་འཁོར་དེ་ཁོང་རེད།
སྤྱན་རས་གཟིགས་དབང་དེ་སྲུང་འཁོར་རེད།
ཐུ་བྷོད་སྲུང་འཁོར་དེ་ཁོང་རེད།
སྲོང་བཙན་སྒམ་པོ་དེ་སྲུང་འཁོར་རེད།
ཐུ་བྷོད་སྲུང་འཁོར་དེ་ཁོང་རེད།
རྒྱལ་དབང་ལྔ་པ་དེ་སྲུང་འཁོར་རེད།
ཐུ་བྷོད་སྲུང་འཁོར་དེ་ཁོང་རེད།
ཐུབ་བསྟན་རྒྱ་མཚོ་དེ་སྲུང་འཁོར་རེད།
ཐུ་བྷོད་སྲུང་འཁོར་དེ་ཁོང་རེད།
ལྷ་མོ་དོན་གྲུབ་དེ་སྲུང་འཁོར་རེད།
ཐུ་བྷོད་སྲུང་འཁོར་དེ་ཁོང་རེད།
བསྟན་འཛིན་རྒྱ་མཚོ་དེ་སྲུང་འཁོར་རེད།
ཐུ་བྷོད་སྲུང་འཁོར་དེ་ཁོང་རེད།
ཏྰ་ལའི་བླ་མ་དེ་སྲུང་འཁོར་རེད།
ཀརྡོས།