ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས།
ཁ་སང་དུས་བབ་དྲ་རྒྱའི་མཆན་གྱི་ཁོངས་སུ། རྩོམ་པ་པོ་སྒོམ་སྡེ་ལྷ་རམས་པ་ཐུབ་བསྟན་བསམ་འགྲུབ་ལགས་ཕྱི་ཚེས་༢༦གི་དགོང་མོར་སྐུ་ཚེའི་འཕེན་པ་རྫོགས་པའི་གནས་ཚུལ་ཞིག་བཀོད་འདུག
གནས་ཚུལ་མཁོ་གཏོང་མཁན་བློ་བཟང་དོན་ལྡན་ཞུ་བ་ཞིག་ཡིན་ལབ་འདུག དོན་དེ་དང་འབྲེལ་ནས་ཁ་བརྡའི་སྒང་དུ་ཡང་སྒྲོལ་མ་མཚོ་ཟེར་མཁན་ཞིག་གིས་དཀྲོགས་གཏམ་དེ་འཁྱེར་ནས་སླེབས་འདུག
སྒྲོལ་མ་མཚོ་ཞུ་མཁན་དེ་ཡོང་ས་ནེའུ་ཡོག་རེད་འདུག ང་ཚོས་དཀྲོགས་གཏམ་དེ་གསུབ་པ་ཡིན། རྒྱུ་མཚན། ཕྱི་ཚེས་༢༧ཉིན། སྒོམ་སྡེ་ལྷ་རམས་པས་ཁ་བརྡའི་སྒང་གི་རྩོམ་ལ་མཆན་བུ་བཏབས་འདུག
ལྷག་པར་དུ། ཁ་བརྡའི་ངོས་ནས་སྒོམ་སྡེ་ལྷ་རམས་པའི་མཁྱེན་ཡོན་ལ་བརྩི་བཀུར་ཞུ་གི་ཡོད།
མདང་དགོང་མཚན་གྱི་ཆུ་ཚོད་བཅུ་གཉིས་ཡོལ་ཙམ་ལ། གློག་འཕྲིན་བརྒྱུད་ནས་སྒོམ་སྡེ་ལྷ་རམས་པར་དེའི་སྐོར་གྱི་གནས་ཚུལ་དྲིས་བ་ཡིན།
ད་ནངས་ཁོང་གིས་འཕྲིན་ལན་གནང་འདུག འཕྲིན་ལན་གཤམ་གསལ།
“ཁྱེད་ནས་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ།
ང་གཟུགས་པོ་བདེ་ཐག་ཆོད་དང་། མཛད་འཕྲིན་རྒྱས་ཐག་ཆོད་ཡིན་པས། ཁོང་ཚོར་ང་ད་ལྟ་ཤི་མི་འདུག་གསུང་རོགས། དེང་སང་གཟའ་སྤེན་པ་ཉི་མ་གཉིས་ལ་འཛིན་གྲྭ་བཞི་ཙམ་ལ་སློབ་ཁྲིད་བྱེད་ཀྱི་ཡོད།ད་དུང་མི་སྒེར་གྱིས་ངོས་ནས་ཀྱང་སློབ་ཁྲིད་བྱེད་རོགས་ཟེར་མཁན་ཇེ་མང་འགྲོ་གི་འདུག་ཀྱང་། ངེད་ལ་དུས་ཚོད་ཞེ་དྲག་མེད།
བདུན་ཕྲག་ཁ་ཤས་སྔོན་སྨན་ཁང་དུ་གློ་བ། མཆིན་པ། སྙིང་། ཁྲག་ཤད། ཅི་ནིའི་ན་ཚ་སོགས་ལུས་པོ་ཡོངས་རྫོགས་བརྟག་དཔྱད་བྱས་ཏེ་ན་ཚ་གང་ཡང་མི་འདུག་པས། ལོ་བརྒྱད་ཅུ་དགུ་བཅུའི་བར་འཆི་ས་མི་འདུག་པས། ཐུགས་ཁྲལ་མི་གནང་བར་ཞུ།
སྒོམ་སྡེ་ལྷ་རམས་པས།”
དཀྲོགས་གཏམ་འདི་དང་འབྲེལ་ནས། ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས་ཚིག་འགའ་ཞུ་གི་ཡིན།
དང་པོ།
མ་འོངས་པར་དཀྲོགས་གཏམ་འདིའི་རིགས་སྤེལ་མཁན་དག་ཁ་བརྡའི་ངོས་ནས་གཏན་འགོག་ཞུ་གི་ཡིན།
གཉིས་པ། དགོས་གལ་བྱུང་ཚེ་དཀྲོགས་གཏམ་སྤེལ་མཁན་དེའི་རིགས་བརྩད་གཅོད་གཏོང་གི་ཡིན།
གསུམ་པ། དཀྲོགས་གཏམ་འདིའི་རིགས་སྤེལ་མཁན་ལ་ཁ་བརྡ་དྲ་བའི་ངོས་ནས་བློ་ཕམ་ཡོད།
ཨ་ཙི། འཇིག་རྟེན་འདིར་ཅི་འདྲའི་ཁྱད་མཚར་བ་རེད་གོ་རྒྱུ་འདུག བློ་བཟང་དཔལ་ལྡན་ཟེར་བ་ལྟ་བུའི་གསང་མིང་འོག་སྡོད་པ་འདིའི་རིགས་ཀྱིས་གཟབ་གཟབ་མ་བྱས་ན་སྒོམ་སྡེ་ལྟ་བུའི་ཤེས་ཡོན་པ་དག་གི་མགོ་ཡང་གཅོད་ས་རེད། སྤྱིར་ཁ་དཔེར་ཆོས་གཟབ་སར་བདུད་གཟབ་ཟེར་བ་ལྟར་སྒོམ་སྡེ་སོགས་ཤེས་ཡོན་པ་དག་གིས་ཐུགས་གཟབ་གནང་གལ། འདི་འདྲའི་གནས་ཚུལ་ཞིག་ཅི་ལྟར་སེམས་ལ་ཤར་ཡིན་ནམ། སྤྱིར་བློ་བཟང་དཔལ་ལྡན་ཟེར་བ་ནི་ང་ཚོས་རྙེད་མདོག་མ་རེད་དེ། ཁ་བརྡ་ཚང་གི་ངོས་ནས་གནས་ཚུལ་གྱི་ཡོང་ཁུངས་དངོས་མ་ཤེས་པར་སྒོམ་སྡེ་ཁོང་ལ་ཤི་མིང་སྤེལ་བར་ངེས་པར་དུ་དགེ་བཤེས་ཁོང་ལ་དགོངས་དག་ཞུ་རོགས། ཁོང་གིས་བཤད་ན་གཟུགས་པོ་བདེ་ཐང་དང་དཔེ་ཁྲིད་མང་པོས་བྲེལ་བ་ཡོད་གསུང་འདུག་སྟེ། མི་མང་གི་ཁ་ནི་རྟགས་དང་མཚན་མའི་རྗེས་སུ་འགྲོ་བ་མི་ཉུང་རང་རེའི་འདས་སོང་ལོ་རྒྱུས་ཁྲོད་བྱུང་ཡོད། ཨ་མྱེ་ངའི་སེམས་མ་བདེ་བར་འདི་ལྟར་བྲིས་ཤོར་སོང།།
ཡ་ཁ་དྲོ། སྒོམ་སྡེ་ལགས་སྐུ་གཟུགས་བདེ་ཐང་ཡིན་པ་གོ་བར་བློ་བདེ་སོང་།
ཁ་བརྡ་ལགས། ཁྱེད་ཀྱིས་ཉེན་བརྡ་འདི་ཆུ་ཡི་གཉེར་མ་བཞིན་རྫོགས་རྒྱ་ཞིག་མིན་འདུག
ད་རེས་རབས་ན་སྒྲོལ་མ་མཚོ་ཁ་བརྡར་ཡོངས་རྒྱུ་གཏན་འགོག་ཅིག ཡང་ན་ཁ་མོར་ཐད་ཀར་གོ་བརྡ་ཞིག་སྤྲོད་ན་ཤིན་ཏུ་ལེགས། དེ་མིན་བྱེད་ཀྱི་ཡིན། བྱེད་ཀྱི་ཡིན་མང་པོ་ཞིག་རྣ་གོམས་གྱིས་ཚོར་སྣང་གང་ཡང་མེད་པ་ཞིག་ཆགས་བྲབ་འདུག
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་། སྒྲོལ་མ་མཚོ་ཞུ་བ་ཟེར་བ་དེའི་ཚབ་ལ་སྒྲོལ་མ་མཚོ་ཟེར་བ་དེ་ཞེས་བྲིས་དགོས།
ཞེ་སའི་ཡུལ་ནི་མཆོག་དང་དམ་པ་ལས་སྐབས་ཐོབ་དཀྲོག་གཏམ་སྤེལ་མིར་ག་ལ་འོས།
ཡིན་རྒྱུ་ད་དེ་ཡག་པོ་རེད་དེ། ངའི་བསམ་བློར་ཁ་བརྡ་ཚང་ལ་མི་ངན་འདིའི་རིགས་གཏན་འགོག་བྱེད་པའི་ནུས་པ་གཏན་ནས་ཡོད་ནི་མ་རེད། ཁོའམ་ཁོ་མོས་སྒྲོལ་མ་མཚོ་མོའི་མིང་བརྗེས་ནས་སླར་ཡང་སུམ་འཛུལ་བྱེད་ཡོང་གི་རེད། གང་ན་སུ་ཡོད་བློ་བཟང་དོན་ལྡན་ཟེར་བ་ཁྱོད། ད་ནི་ཁྱོད་བློ་ངན་དོན་མེད་ཅིག་ཆགས་པ་རེད། སྤྱིར་ཁ་བརྡའི་སྤང་ཁུགས་ནས་རང་ཉིད་ཀྱི་ཕོར་ཁ་མ་རྩོད་པར་སྤྱི་དོན་ཆེད་རྩོད་པ་འདྲ་མིན་བྱས་པས་ཅང་གནོད་རྒྱུ་མ་རེད། ངས་ནི་དེའི་རིགས་ཡར་རྒྱས་ཀྱི་རྣམ་པར་བསམ་བསྡད་ཡོད། དཔེར་ན་གནའ་སྔ་མོར་སྐུ་ངོ་སྐུ་དྲག་བླ་སྤྲུལ་མི་ཆེན་རིགས་ཀྱིས་མངོན་ལྐོག་ཅི་རིགས་ནས་སྤྱོད་ངན་ལུང་བ་གང་བསྟན་ཡང། གདོང་ལ་བལྟས་ཏེ་སྐྱོན་འཛུགས་ཕོད་མཁན་ཨ་ཅང་ཅང་སྟེ། འདི་ལྟར་གནས་ཚུལ་སྤེལ་མཁན་ཡང་མེད་པས་ང་ཚོས་ཕྱི་གླིང་བ་རྣམས་ལ་བོད་ཀྱི་སྐུ་དྲག་གི་ལོ་རྒྱུས་བཤད་སྐབས་ངོ་ཚ་དགོས་པའི་ཁོང་ཚོའི་སྤྱོད་ངན་སྣ་མང་ཞིག་བསྟན་པ་ཚང་མས་ཤེས་གསལ་རེད། ད་ལྟའི་ཆར་ཁ་བརྡ་སོགས་དྲྭ་རྒྱ་མང་པོ་བརྒྱུད་ནས་སྐྱོན་འཛུགས་འདྲ་བྱེད་དུས་ཕྱོགས་གང་ཅིའི་ཐད་ནས་རང་ཤུགས་ཀྱིས་གཟབ་དགོས་པ༌ཞིག་ཆགས་ཡོད། དཔེར་ན། སྔ་ལོར་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་ཚོགས་རའི་ནང་སྐུ་ངོ་ཚོས་བོད་མི་རིགས་ཀྱི་སེམས་ངོར་བསུབ་ཏུ་མེད་པའི་རྡོག་རྫིས་བཏང་བའི་ཉེས་ཆད་སོགས་དྲྭ་རྒྱ་ཁག་གིས་གསལ་འདོན་བྱས་དང་བྱེད་བཞིན་པ་ལྟ་བུའོ། མདོར་ན་བློ་ངན་དོན་མེད་དང། འདྲེ་མོ་མཚོ་མོ་སོགས་གང་ཡིན་རུང་དྲྭ་གང་ཞིག་ཏུ་དཀྲོགས་གཏམ་ཁུར་ཏེ་དོན་མེད་སུམ་འཛུལ་བྱེད་པ་མཚམས་འཇོག་བྱ་རྒྱུ་ཁ་བརྡ་དྲྭ་དེབ་ཀྱི་སྤང་གཞུང་ན་འཚོ་བའི་རྩི་བོ་རྒན་པོ་ཞིག་གི་རེ་བ་ཡིན།
སྤང་གཞུང་འདིར་འཚོ་བའི་དུས་ཚོད་ཐུང་ངུ་རེ་སྤྱོད་བཞིན་ཡོད་པས། ཡིག་ནོར་འདྲ་བྱུང་བར་དྲྭ་གྲོགས་རྣམས་ལ་བཟོད་པར་གསོལ་ལོ།
བློ་བཟང་བློ་བཟང་བློ་བཟང་ན། །
དོན་ལྡན་བྱ་བ་མ་དོར་ཅིག །
སྒྲོལ་མའི་རྗེས་སུ་འབྲངས་པའི་མིས། །
དྲྭ་གྲོགས་མཚོ་མོ་མ་དཀྲུགས་ཅིག །
ད་ཡིན་ན། ནེའུ་ཡོར་ཁུ་ན་བོད་པའི་འདྲེ་ཚོགས་བརྒྱབ་ཡོད་ས་རེད།
འེ་ལེ་ཁོ་ཤུ་མེད་པ་འདྲ་ངས་དངོས་ཤི་ཚར་བ་འདྲ་བསམ་སོང།
གནས་ཚུལ་འདི་འདྲ་ཁྱད་མཚར་ལ།
འེ་ལེ་ཁོ་ཤུ་མེད་པ་འདྲ་ངས་དངོས་གནས་ཤི་ཚར་བ་འདྲ་བསམ་སོང།
གནས་ཚུལ་འདི་འདྲ་ཁྱད་མཚར་ལ།
ཁར་སང་དྲ་བ་འདིའི་སྟེང་ན་ཕུན་ཚོགས་ཟེར་བ་དང་བསེ་རུ་ཟེར་བ་དེ་ཚོས་ལྷ་རམས་པ་ལགས་ཕྱི་ཚེས་༢༦ཉིན་གྲོངས་འདུག་ཟེར་ནས་ཟིན་བྲིས་སྤེལ་བ་གནས་ཚུལ་དེ་འདྲ་ཞིག་ཡར་མར་གང་སར་སྤེལ་བ་སོགས་བྱས་སོང་། ངས་དེ་ལྟར་མིན་ག་ལ་སྲིད། ལྷ་རམས་པས་ཚེས་༢༧ཉིན་རྩོམ་ཡིག་བྲིས་པ་འདིར་འདུག་ཟེར་ནས་ཁོང་ཚོར་རྩོམ་ཡིག་དེ་ཚོ་བསྟན་པ་ཡིན། ཀླུ་སྨྱོན་སོགས་ངག་སྒོ་ཡངས་པོ་ཁ་ཤས་ཤིག་གིས་རྗེས་དྲན་ཐུགས་སྨོན་རིང་པོ་རེ་ཡང་བྲིས་སོང་། མ་ཎི་མང་པོ་རེ་བགྲང་རྒྱུ་ཡང་ཁས་ལེན་བྱས་ཚར་སོང་། རྗེས་སུ་ཟིན་བྲིས་དེ་ཡང་བསུབ་འདུག སྤྱིམཚམས་མཚམས་ལ་འདི་འདྲ་བཏང་ཡོང་ན་ཡག་པོ་འདུག དྲ་བ་འདི་ཚོའི་སྟེང་དུ་འདྲ་མི་འདྲ་བཀོད་མི་རུང་བ་བདེན་མོད་ལྷག་པར་ཡང་ཀློག་པ་པོ་ཚོས་བརྟག་དཔྱད་གཏིང་ཟབ་བྱེད་པའིགོམས་གཤིས་ཤིག་འཇགས་དགོས་ཀྱིན་འདུག སྤྱིར་ན་དྲ་རྒྱའི་སྟེང་དུ་གང་བཤད་ཅི་བཤད་ལ་ཉན་དགོས་པ་གལ་ཆེན་པོ་ལོས་ཡིན་ཡང་དགོད་པའི་ཁ་ལ་བལྟས་ནས་དགོད་དང་ངུ་བའི་ཁ་ལ་བལྟས་ནས་ངུ་བའི་གོམས་གཤིས་འདི་ལས་སྡུག་ཅིག་མི་འདུག
ངས་ནི་སྒྲོན་མ་མཚོས་ཁ་བརྡ་དྲ་་རྒྱ་སྒང་འཁྱེར་ཡོང་བའི་གནས་ཚུལ་དེ་གཏམ་ཡན་ཞིག་ལས། དངོས་གནས་མ་ཡིན་པ་གནས་ཚུལ་སྤེལ་སྟངས་ལས་ལམ་སང་ཧ་གོ་སོང་། དེ་བཞིན་ཀློག་མཁན་མང་ཆེ་བས་དེ་གཏམ་ཡན་ཡིན་པ་གོ་ཡོད་པ་དེ་འབྲེལ་མཆན་བཏབ་མེད་པས་ཤེས་ཐུབ།
ཡིན་ནའང་། གནས་ཚུལ་དེ་འདྲ་ཞིག་སྤེལ་བ་ལ་བརྟེན། སྒོམ་སྡེ་ལ་དོན་མེད་བརྙས་བསྐོ་མཁན་དང་། ཁོང་གི་སྐྱེས་སྦྱངས་ཀི་ཡོན་ཏན་ལ་མིག་སེར་བྱེད་མཁན་ཚོའི་སེམས་ལ་བདེ་བ་ཉི་ཚེ་ཞིག་བྱུང་ཡོད་ཤག
ཁྱད་མཚར། ངས་ནི་སྐྱོ་གདུང་ཆེན་པོའི་སྒོ་ནས་ཁོང་ལ་རྗེས་དྲན་གྱི་རྩོམ་ཐུང་ཞིག་ཀྱང་བྲིས་ནས་སྤེལ་མོད། དེ་ནས་སྐར་མ་འགའི་རྗེས་སུ་ཟིན་བྲིས་ཏེ་བསུབས་ཚར་སོང་། མཁས་པ་རྒན་རབས་འདི་དག་གི་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པའི་སྨོན་འདུན་ཞུས་དང་ཞུ་བཞིན་ཡོད། བློ་བཟང་ཞུ་བ་དེས་ཅིའི་ཕྱིར་འདི་འདྲའི་ཟིན་བྲིས་སྤེལ་དགོས་བྱུང་བ་ཡིན་ནམ། ང་རང་ཀླུ་སྨྱོན་ལྟ་བུའི་མི་ངན་བརྒྱ་གསོན་པ་ལས་རྒན་སྒོམ་སྡེ་བ་ལྟ་བུ་གཅིག་འཚོ་བཞུགས་གནང་ན་བོད་གངས་ཅན་པ་ཚང་ལ་ཕན་རླབས་ཆེ།
ཁྱོད་ཚོ་ཅི་འདྲ་འདྲའི་མི་དྲང་མོར་རྐྱང་རྐྱང་རེད། ངས་ནི་ད་ནང་ཞོགས་པ་འཆལ་གཏམ་དེ་ཀློག་ཙམ་ཉིད་ནས་འཆལ་གཏམ་ཡིན་པ་ཧ་གོ་སོང་། ཚིག་གི་སྔ་ཕྱི་ལ་ལྟོས་དང་དགོས་ལ་མི་དགོས་པ་ལུང་པ་གང་བཤད་འདུག་ཀ དེའི་ཕྱིར་དང་པོ་ཁོ་རང་ནས་སྒྲོལ་མ་མཚོ་ཡིན་ན་དེར་བཤེ་བཤེ་བཏང་བ་ཡིན། འོན་ཀྱང་དུས་བབས་ནང་དུ་མི་ཁ་ཤས་ཀྱིས་དེའི་སྐོར་ཡིན་ཤག་གིས་མ་ནི་མང་པོ་གསོགས་གི་འདུག ང་ཡང་འཆི་བ་ལ་ཞེད་ནི་འདྲ་ཞིག་བྱས་སོང་། ཡང་བསྐྱར་དུས་བབས་ཟིན་བྲིས་ནང་གི་སྒོམ་སྡེའི་རྩོམ་ཡིག་དེ་ཚོ་གཅིག་ཀློག་པ་ཡིན།
ཐུབ་བསྟན་བསམ་གྲུབ་ལགས་ ཀྱི་ཧ་ཅང་ཚད་མཐོ་བའི་གཞུང་ལུགས་ཁུངས་གཏུགས་སྟེ་ཨ་མདོ་བས་ཡུལ་སྐད་ཀྱི་བོད་ ཀྱི་སྐད་ཚད་ལྡན་གཏོར་བཤིག་གཏོང་བའི་གནད་དོན་འདིར་ཐེར་འདོན་གནང་བར་ཐུགས་རྗེ་ ཆེ་ཞུ་རྒྱུ་ཡིན་ འདིའི་སྐོར་དེ་སྔ་ནས་བསམ་ཚུལ་ཡོད་མཁན་ཞིག་ཡིན་ལ་བོད་ཀྱི་སྐད་ཡིག་གི་ཚོགས་ ཆེན་ཁ་ཤས་ནང་ཡང་གླེང་སློང་བྱུང་མྱོང་ཡོད་ ལྷག་པར་དུ་གྲོས་ཚོགས་ནང་ཡང་བོད་ཀྱི་སྐད་ཡིག་བེད་སྤྱོད་གཏོང་སྐབས་ཐུ་མིས་ བརྡ་སྤྲོད་དང་མཐུན་པར་བེད་སྤྱོད་གཏོང་དགོས་ཅེས་གྲོས་ཆོད་ཅིག་བཞག་སོང་ དགུ་བཅུ་གོ་གྲངས་ནས་བཟུང་ཨ་མདོ་བ་གསར་འབྱོར་མང་པོ་ཞིག་རྡ་སར་སླེབས་འགོ་ ཚུགས་རྗེས་ཚགས་པར་སོགས་བཏོན་གནང་ནས་ནམ་རྒྱུན་ཁ་ནས་བ་ལ་ཝ་འབོད་པ་ཙམ་མ་ཡིནཔར་ ཡིག་ཐོག་ཏུ་ཡང་ཡུལ་སྐད་སྲེས་ལྷད་བྱས་པ་མང་པོ་མཐོང་བྱུང་ལ་ཁ་བརྡ་ཞེས་པ་འདི་ ཡང་ཁ་བརྡ་རང་རེད་འདུག་མ་གཏོགས་འདི་མི་རབས་གསར་པ་ཚོས་མཐོང་ན་མ་འོངས་པར་དཀའ་ ངལ་འཕྲད་ངེས་རེད་ཤག་ ཐུབ་བསྟན་བསམ་གྲུབ་ལགས་ཁྱེད་རང་གི་མཚན་གནས་སྒོམ་སྡེ་ལྷ་རམས་པ་ཞེས་པ་ཐོག་ ཚུལ་ཕལ་ཆེར་ཨ་མདོ་བ་འདི་ཚོར་རྒྱུས་མེད་པ་འདྲ་ ཁོང་རྣམ་པས་རྒྱ་ནག་གི་སློབ་གྲ་དག་ཏུ་སྦྱངས་པའི་སྐད་ཡིག་འཕེལ་རིམ་སྐོར་གྱི་ གནས་ཚུལ་ཁག་གཅིག་དྲངས་སྟེ་དོན་དུ་ཡུལ་སྐད་ཕལ་པ་ཞིག་གི་བོད་ཡིག་གི་གཞུང་ ལུགས་ལ་གཏོར་བཤིག་གཏོང་གི་ཡོད་པ་དེ་ཁྱོན་ནས་ངོས་ལེན་གནང་གི་མི་འདུག་ ཐུབ་བསཏན་ལགས་ཁྱེད་རང་གི་ཁོ་ཚོས་བོད་ཡིག་གསོས་སོང་ཟེར་བ་ཕལ་ཆེར་གཏོགས་ཙམ་ སྔ་དྲག་པ་མིན་འགྲོ་ཡང་ན་ཨམ་སྐད་ཀྱི་དྲ་ཤོག་འདིའི་ཐོག་སྐུ་ཉིད་སྐྲག་པ་ཡིན་ འགྲོ་ གྲོང་གསེབ་པས་ཀླད་པ་ཞིག་ནང་དམར་པོས་སྲིད་གཞུང་གི་དུས་རབས་སྔོན་མའི་ནུབ་ ཕྱོགས་ཀྱི་ལྟ་གྲུབ་རགས་པ་ཞིག་བླུག་པ་དང་དེའི་ཐོག་བཙན་བྱོལ་བོད་མིའི་ཆོལ་ཁ་ དང་ཆོས་ལུགས་ཀྱི་འཐེན་འཁྱེར་གྱི་རླུང་ངན་དེ་བླུག་ཚེ་ཁྱེད་ལྟ་བུའི་ཆེ་མཐོའི་ གཞུང་ལུགས་ལ་བལྟ་བའི་བཟོད་སྒོམ་ཡོང་གི་རེད་པས་ ངས་བལྟས་ན་ཁོ་ཚོས་ད་དུང་ང་ཚོ་བོད་པ་དང་ཁོ་པ་ཚོ་འོད་པ་ཡིན་ཅེས་མ་འོངས་བོད་ རང་བཙན་འབྱུང་བའི་དབང་དུ་བཏང་ཡང་ཁ་བྲལ་གྱི་ལས་འགུལ་སྤེལ་ངེས་རེད་ དེ་ལས་ཐུབ་བསྟན་ལགས་ཁྱེད་རང་གི་ཁོ་ཚོར་དྲི་བ་གོ་བདེ་པོ་ཞིག་བཏང་གནང་དང་ ཁྱེད་ཚོས་བ་ལ་ཝ་འབོད་པ་འདིའི་བོད་ཀྱི་སྐད་ཡིག་གི་གཞུང་ལུགས་གཏོར་བཤིག་གཏོང་ གི་ཡོད་དམ་ ཁམས་པ་དང་སྟོད་པ་ ལ་དགས་པ་ འབྲུག་པ་ གཙང་པ་ ཀོང་པོ་བ་བཅས་ནས་དེ་ལྟར་ཁྱོད་ཚོ་ལྟར་ཡུལ་སྐད་ཞེ་ཅིག་འབྲི་འགོ་བཙུགས་ན་ཁྱོད་ ཚོས་ཅི་ཞིག་ལབ་རྒྱུ་ཡིན་
གང་ལྟར་སྒོམ་སྡེ་ཚང་གཤེགས་མེད་ན་འགྲིག་སོང་བ་རེད། ཁོང་གི་མཁྱེན་རྩལ་ལས་ཐོན་པའི་རྩོམ་ལུས་རིགས་ཀྱིས་སྔར་བཞིན་ཁ་བརྡ་ཚང་གི་སྤང་ཁུག་འདིར། དྲྭ་གྲོགས་ཚོར་རྩོད་གཞི་གསར་བའི་དྲོད་ཁོལ་རེ་བསྐྱིལ་བར་རེ་བཞག་ཆེ། ཁོང་གཤེགས་པ་ཐོས་པའི་སྔ་རྗེས་སུ་མྱ་ངན་ཞུ་བའི་རྩོམ་འཆལ་འདྲ་འབྲི་ཁོམ་མ་བྱུང་མོད། མ་ཎི་ཚར་གསུམ་བཏོན་ཡིན། གང་ལྟར་ཁོང་ཉིན་ཞིག་འཆི་ངེས་པ་ཁོ་ཐག་ཡིན་པས་མ་ཎི་ཚར་གསུམ་དེ་དེ་དུས་ཁོ་རང་དང་མཉམ་དུ་ཡོད་ཡོད་པ་རེད། སྒོམ་སྡེ་དགེ་བཤེས་ལགས། དོན་མེད་ཀྱི་འཆལ་གཏམ་སྣ་ཚོགས་སྨྲས་པར་དགོངས་པ་ཁྱོན་ནས་མ་ཚོམས་རོགས། རྒན་མོ་སྣ་རིང་མ་ཡག་མོ་སྒོ་ཅ་ཧང་མི་ཆོག་རྒྱུ་མེད་པ་དེའི་རུམ་ནས་ད་དུང་ཉལ་ཁོམ་ཡོད་སོང་ནི་རེད། ཨ་ལ་ངོ་མ་ཀུ་རེ་ཡིན། བདེ་མོར་བཞུགས།
ངའི་སྡིག་འཛུབ་དེས་བརྡེག་ནོར་བྱུང་འདུག གོང་དུ་གོ་རྒྱུ་མེད་པའི་ཚིག ཅ་ཧང་ ཞེས་པ་ཧ་ཅང་ལ་བཅོས་རོགས།
ཀྱེ་མ་དེ་འདྲའི་མི་ཡི་རིགས་སེམས་ལས་སུ་མ་རུང་པ་ཞིག་ཡོད་ས་རེད།
སྒོམ་སྡེ་སྐུ་ཁམས་གསལ་དྭངས་དང་མཛད་འཕྲིན་ཡར་ངོའི་ཟླ་བཞིན་རྒྱས་ཞིང་བཞུགས་པར་དགའ་བ་བརྟས།
ཁྱེད་ལ་མི་ངན་རེ་ཟུང་ཞིག་གིས་གཏམ་ངན་སྤེལ་རུང་འདིར་དྲྭ་གྲོགས་བཅུ་ཕྲག་འགའ་ཞིག་གིས་ཁྱེད་ལ་འཙམས་འདྲིའི་བཀྲ་ཤིས་བདེ་ལེགས་ཀྱིས་ཤིས་ཚིག་ཕུལ་བ་འདི་ཡིས་ཁྱེད་ལ་མི་ཤིས་པའི་ཚིག་ངན་བརྗོད་པ་ཏམས་ཅད་བཟློག་པར་ངེས་པས་ཁྱེད་ཏུགས་སྤྲོ་བོ་བྱས་ཏེ་བཞུགས་རོགས།
ཁ་བརྡ་ཚང་ལའང་གནས་ཚུལ་ཞིབ་ཕྲ་བཀོད་པར་ཐུགས་རྗེ་ཆེ།
ང་ཚོ་འདིར་མིང་གསང་བའི་སྟེང་ནས་ཡོང་དགོས་པའང་འདི་འདྲའི་རྐྱེན་བྱས་ཏེ་སླེབས་པ་རེད།
གལ་ཏེ་མི་དེ་རིགས་ཀྱིས་སྒོམ་སྡེ་ཁོང་ངོ་ཤེས་པ་དང་འདུག་ས་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་པ་ཡིན་ན་ཉེན་ཁའང་ཆེན་པོ་རེད། སྒོམ་སྡེ་སྐུ་གཟུགས་ལ་ཐུགས་འཇག་གནང་རོགས།
གལ་ཏེ་ང་ཚོས་མིང་ཇི་ལྟ་བར་བྲིས་ཏེ་ཁ་བརྡའི་སྟེང་དུ་སླེབས་ཚེ་ཉེན་ཁ་ཤིན་ཏུ་ཆེ་བ་ཞིག་གཞི་ནས་མཐོང་བྱུང༌།
ད་ཚངས་མས་གཟབ་གཟབ་གནང་དགོས།
སྲིད་པ་རྡོ་རྗེ་་་དྲིན་ཆེན་པོ་མྱི་ཚང་མ་དཀྲིག་གི་མ་འདུག་་།། བྲང་ཁོག་དང་ཀླད་པའི་ནང་ལ་དགོས་མེད་ཀྱི་གཏོར་མ་ཆེ་ཆུང་མང་པོ་ཉར་བསྡད་ན་ཡག་པོ་ཡོད་པ་མ་རེད་། སྐུ་གཟུགས་ལ་གནོད་ནི་རེད་།ཆུ་ཚོད་སྟོང་པ་ཡོད་ན་ལྷང་འཇགས་ཀྱི་ས་ཆ་རེ་སོང་ནས་སྐད་ཆེན་པོའི་གཞས་ཐོངས་དང་སེམས་སྐྱིད་ནོ་དེ་ཡིན་་།། ཡོན་ཏན་ཡག་ན་ཡང་ཁོག་མ་ཡག་དུས་མཐའ་འཇུག་དཀའ་ནི་རེད་།། རང་ཉིད་འཇིག་རྟེན་འདིར་གོག་ནས་འགྲོ་མ་དགོས་བར་རྐང་པ་གཉིས་ཀྱི་སྒང་ལ་ལངས་ཐུབ་པ་ཏེ་རིན་ཐང་ཅུང་ཙམ་ཡོད་ནི་བྱེད་རོགས་།།
ཨོ་ཡ། ད་འདི་སྒོམ་སྡེ་ལྷ་རམས་པའི་སྐུ་ཚེར་བར་ཆད་འདྲ་ཡོད་ན། ཡོངས་སུ་སེལ་སོང་བའི་རྟེན་འབྲེལ་རེད། ཁྱེད་ལྟ་བུ་ཤེས་རིག་གི་བདག་པོ་ཚོ། སྐུ་ཚེ་ཡུན་ནས་ཡུན་དུ་བརྟན་པར་སྨོན།
ངས་ཁ་སང་ཟིང་གཏམ་དེ་གོ་རྗེས་རློམ་མ་སོང་ཡང་། སེམས་མ་སྐྱིད་པ་ཞིག་བྱུང་སོང་། དེ་རིང་ཞོགས་པར་རྒན་སྒོམ་སྡེ་བ་ཁོང་གིས་དུས་བབ་ཟིན་བྲིས་སུ་སྙན་ངག་ཅིག་སྤེལ་ཡོད་པ་མཐོང་ནས་སེམས་བདེ་སོང་།
ཨོ་རྒན་སྒོམ་སྡེ་བ་ལགས་ལ་ཞུ་རྒྱུར། ངའི་ཕ་ཡུལ་ན་འདི་འདྲའི་ཁ་དཔེ་ཞིག་ཡོད། ཤི་སྐད་བརྒྱབ་དུས་དར་བའི་རྟགས་ཞེས་པ་དེ་རེད། ད་རེའི་ཤི་སྐད་འདི་སྐུ་ཉིད་ཀྱི་རླུང་རྟ་དར་བ་དང་མཛད་འཕྲིན་མཁའ་ལྟར་རྒྱས་པའི་རྟེན་འབྲེལ་བསྒྲིགས་སོང་། མུ་མཐུད་དུ་ཕེབས་པར་མཛོད། དྲ་བའི་འཇིག་རྟེན་ནས་ཡུན་དུ་མཇལ་བའི་སྨོན་ལམ་དང་བཅས།
མི་རིགས་གཞན་གྱིས་མི་ཞིག་ཡར་འགྲོ་དུས་སྐྱོར་མ་དང་རྒྱབ་སྐྱོར་བྱེད་གི་རེད། བོད་མིས་རང་མི་ཞིག་ཡར་འགྲོ་བ་མཐོང་དུས་མར་འཐེན་ཐབས་དང་བསམ་ནག་བྱེད་གི་རེད། ད་གང་དྲག
ཨ་རོགས་འགྱུར་མེད། ཁྱོད་ཀྱིས་བཤད་པའི་ཚིག་གི་རྒྱབ་ངོས་ལ་དེ་ཙམ་གྱིས་རྒྱབ་སྐྱོར་བྱེད་ཐུབ་མ་སོང་། ཁྱོད་གསར་འགོད་པ་ཞིག་གིས་འདི་འདྲའི་ཚིག་རང་ད་བེད་སྤྱོད་གཏོང་མི་ཉན། ༼བོད་མིས་༽ཞེས་པའི་ངོ་ཚིག་ལས་བོད་མི་སྤྱིའི་མགོ་ཐོག་ན་དེ་ལྟར་ལེབ་བརྡུང་བྱ་བཞིན་པའི་བཟོ་མཐོང་སྲིད། གང་ལྟར་ཁྱོད་ཀྱིས་བཤད་པའི་དོན་གནད་དེ་བོད་མི་མང་ཆེ་བ་ཞིག་ལ་གོ་དགོས་པས་དེ་ལ་ངས་བརྒྱ་ཆ་བརྒྱ་རྒྱབ་ཐུབ་པ་བྱེད་གི་ཡིན།
གོང་དུ་བཅོས་དགོས། རྒྱབ་སྐྱོར་བྱེད་ཀི་ཡིན། ཡུལ་སྐད།
ཨ་ལ་ལ་ལ། འདི་ད་གཏམ་བཟང་ཞིག་རེད་ཡ། ཁ་སང་གི་དཀྲོགས་གཏམ་དེ་མཐོང་འཕྲད་སེམས་སྐྱོ་བའི་ངང་མ་ཎི་དང་གསོལ་འདེབས་རེ་བཏོན་པ་ཡིན། ཟིན་བྲིས་དེ་སྤེལ་མཁན་དུས་བབ་ཟིན་བྲིས་པ་༼རླུང་༽ཟེར་བ་ཞིག་རེད་འདུག ངས་ཁོང་གི་མཆན་བུ་དེར་མ་ཎི་བཏོན། གསོལ་འདེབས་སྨོན་ལམ་བརྒྱབས་པ་ཡིན། ད་དུང་བདག་གི་ཟིན་བྲིས་ཀྱི་མཆན་དུའང་དཀྲོགས་གཏམ་དེ་ག་རང་བཀོད་འདུག ཁ་སང་ཕྱི་དྲོ་ཟིན་བྲིས་དེ་བསུབ་ཚར་འདུག་པའི་ཚབ་ཏུ། ཁོས་བཀོད་པའི་སྒོམ་སྡེ་བ་སྐུ་གཤེགས་པའི་གནས་ཚུལ་དེ་དཀྲོགས་གཏམ་ཡིན་ས་རེད། དེ་བས་བསུབ་པ་ཡིན་ཚུལ་སོགས་བཀོས་འདུག ངའི་མཆན་དུ་དཀྲོགས་གཏམ་དེ་བཀོད་མཁན་གྱི་མིང་ལ་༼བློ་བཟང་(༡)༽ཞེས་བྲིས་འདུག ད་དུང་དཀྲོགས་གཏམ་དེའི་མཇུག་ཏུ་༼ལེགས་རྩོམ་སྙིང་བསྡུས་རྩོམ་སྒྲིག་པ་བློ་བཟང་དོན་ལྡན་གྱིས་གནས་ཚུལ་མཁོ་གཏོང་བྱས།༽ཞེས་བྲིས་འདུག གལ་སྲིད་རྩད་གཅོད་གཏོང་དགོས་བྱུང་ཡང་དཀའ་རྒྱུ་ཆེར་ཨེ་ཡོད་སྙམ། གང་ལྟར་ཀྱང་སྒོམ་སྡེ་བ་སྐུ་གཟུགས་བདེ་ཐང་ཡིན་སྐོར་གོ་བས་དགའ་ནས་ཡོད་ལགས།
སྒོམ་སྡེ་བས་དེ་རིང་ཟིན་བྲིས་གསར་པ་ཞིག་སྤེལ་གནང་འདུག འོན་ཀྱང་རྩོམ་ཡིག་དེ་ང་ཚོས་ཁ་སྔོན་ཨ་ཁུ་ཀླུ་སྨྱོན་གྱི་མཆན་བུ་ལས་བྐལགས་པ་ཞིག་རེད། གང་ལྟར་ཁོང་གིས་ཟིན་བྲིས་སྤེལ་བ་འདིས་ང་ཚོར་ཁོང་འཚོ་བཞུགས་གནང་གིན་ལ་གསལ་བཤད་བྱས་ཟིན་པ་རེད།
http://www.tibettimes.net/blogs.php?id=228&post_id=9687
དེ་རིང་གི་ཟིན་བྲིས་གསར་པ་འདི་རེད།
http://www.tibettimes.net/blogs.php?id=228&post_id=10640
ཨ་ཁ། སྒོམ་སྡེ་ལྷ་རམས་པ་སྐུ་འདས་་མེད་པ་གསལ་བོར་ཤེས་རྗེས་ཀླུ་སྨྱོན་སྐུ་འདས་ཚར་འདུག ངའི་འདི་དཀྲོགས་གཏམ་མིན། ཁོང་གིས་དེ་ལྟར་བྲིས་འདུག མི་བདེན་ན་འདི་ལ་ལྟོས་ཤིག
http://www.tibettimes.net/blogs.php?id=62&post_id=10641
ཨོ་ཡ། ད་ཡིན་ན་སེམས་པ་དེ་བདེ་སོང་། དུས་བབས་ལས་དེ་འདྲ་བཤད་འདུག་ཅེས་གྲོགས་པོ་ཞིག་གི་ང་ལ་ཡིག་གེ་བཏང་སོང་ཡང། ངས་ཡིད་ཆེས་བྱས་མེད། རྫུན་ཡིན་རྒྱུ་རེད་བཤད་པ་ཡིན། རྒྱུ་མཚན་དུས་ཚོད་དང་སྐད་ཆ་དེ་དག་ཆོ་མཚུངས་ཀྱིན་མི་འདུག གང་ལྟར་ཤིན་ཏུ་དགའ་སོང་། གང་ཡིན་ཞུས་ན་ད་ཡིན་ན་སྒོམ་སྡེ་མཆོག་ཉིད་མི་ལོ་འགའ་རེ་མི་འཆི་ངེས་ཅན་ཡིན་གྱི་རེད། ཤི་བསྒྲགས་དེ་རྫུན་བཤད་པ་ཡིན་ཡང་དགེ་བ་སྟོབས་ཆེན་རེད། མི་རྟག་པ་གོམས་པ་དང་དམ་པའི་སྐུ་ཚེ་བསྲིང་གི་ཡོད་པར་རེད་གསུངས་འདུག སྔོན་གྱི་ལོ་རྒྱུས་ཁག་ན་ཡང་འདུག དེང་དུས་བླ་མ་དག་འདས་བསྒྲགས་ཟེར་ཡང་སྲོལ་རྒྱུན་ཡོད་པ་རེད་འདུག ། ལོ་སྔོན་མ་ཞིག་ལ་བླ་མ་ཨ་ཁྱུག་སང་འདས་བསྒྲགས་བྱས་པ་ནང་བཞིན་རེད། ཁོང་ད་དུང་འདས་མེད་པ་རེད། གང་ལྟར་སྒོམ་སྡེ་འདི་ཤེས་ཡོན་ལ་སེམས་ནས་ཡིད་རང་ཡོད་ཀྱང་ཕྱོགས་ཞེན་གཅིག་གང་ལྟར་འདུག་སྙམ་ཡོད། དེ་དག་རང་གཞན་ཚོ་ལ་བག་ཆགས་ཞིག་རེད། གང་ལྟར་སེམས་སྟེང་ནས་་་
སྒོམ་ཆེན་བླ་མའི་སྐུ་ཚེ་རབ་ཏུ་བརྟན། །
ལྷ་རམས་དགེ་བཤེས་འགྲོ་དོན་མཐའ་རུ་ཕྱིན། །
གངས་རིའི་བསྟན་སྲིད་ཕན་བདེའི་སྨན་ཆེན་པོས། །
མ་ལུས་སྐྱེ་རྒུའི་རྒྱུད་ལ་སྨིན་གྲོལ་ཤོག །
ཤྲྰིས་གུས་ཕུལ། །
ཡིག་ནོར་ཤོར་བ་(སྒོམ་སྡེ་བླ་མའི)
སྒོམ་སྡེ་ལགས་སྐུ་ཁམས་བདེ་ཐག་ཆོད་ངང་བཞུགས་འདུག་དགའ་བ་ལ་ ཡུལ་ལུང་འགའ་རེའི་བརྩི་སྲོལ་དུ་ མི་མ་གྲོང་བར་གྲོང་བའི་གཏམ་ཁྱབས་ན་ དེ་ནི་མི་དེ་ཚེ་རིང་པོ་བསྡོད་པའི་རྟེན་འབྲེལ་རེད་ཟེར་སྲོལ་འདུག་ ད་དཀྲོགས་གཏམ་གྱི་རྟེན་འབྲེལ་འདི་དང་སྒོམ་སྡེ་ལགས་ནས་ལུས་པོ་ཡོངས་རྫོགས་བརྟག་དཔྱད་བྱས་ཏེ་ན་ཚ་གང་ཡང་མི་འདུག་གསུངས་པ་དེ་གཉིས་མཐུན་སྟངས་ཀྱི་ངོ་མཚར་ལ་རྟགས་ན་ངོ་མ་ད་སྒོམ་སྡེ་ལགས་་སྐུ་ཚེ་བསྐལ་བརྒྱའི་བར་བརྟན་པའི་རྟགས་དང་རྟེན་འབྲེལ་བཟང་པོ་ཞིག་མིན་འགྲོ་དྲན་།
ཨ་རིག་འགྱུར་མེད་ཀྱིས་བཤད་པ་དེ་གསར་འགོད་པ་ཞིག་གི་ངོས་ནས་བལྟས་པས་བཤད་རུང་དང་མི་རུང་གི་ས་མཚམས་ཡོད་ན་གནས་ཚུལ་གཞན་ཞིག་རེད། དེ་མིན་དུས་བབ་ཀྱི་ཟིན་བྲིས་པ་ཁག་ཅིག་གིས་བཤད་བྲིས་གང་ནས་ཀྱང་སྒོམ་སྡེ་བར་འགྲན་ཡ་མ་ཡོང་བའི་སྐབས་སུ། ཚིག་ངན་ལུང་པ་གང་བཤད་ནས་གཉའ་གཅོག་ཐབས་ཁོ་ན་བྱེད་ཀྱི་ཡོད་པའི་ཚོར་བ་སྤྲད་སོང་། མཁས་པ་མཁས་པའི་ནང་ན་མཛེས་རང་རེད། སྒོམ་སྡེ་བར་འགྲན་དུ་འདོད་པ་དག་གིས། སློབ་གཉེར་ལ་འབུངས་རོགས། སྒོམ་སྡེ་བར་བརྙས་འདོད་པ་དག་གིས། རང་ཉིད་ཀྱི་ཡ་ཁོག་ལ་གཞན་ལ་རེ་མི་དགོས་པའི་ནོམ་པ་ཞིག་གསོག་པར་འབུངས་ཤིག བརྙས་དམོད་ཀྱིས་མཁས་མགོ་གནོན་དཀའ།
ཕྱི་རྒྱལ་གྱི་མཁས་དབང་ཞིག་གིས་༼འགྲོ་བ་མི་འདིས་རང་གི་གོང་གི་མི་ཞིག་ཇི་ལྟར་མཐོ་རུ་སོང་ན་གཟོད་ཐུབ་ཀྱང་། རང་གི་འགྲམ་གྱི་མི་ཞིག་ཡར་འཛེགས་སོང་ན་གཏན་ནས་གཟོད་མི་ཐུབ༽གསུངས་མྱོང་། ཁོ་ཚོའི་མི་རིགས་དེ་ལྟར་ཡིན་མིན་མི་ཤེས་ཀྱང་བོད་མི་རིགས་ལ་མཚོན་ན་དེ་ནི་སངས་རྒྱས་གསུང་རེད། སྒམ་སྡེ་ལྷ་རམས་པ་བསྐལ་བརྒྱར་བརྟན་གྱུར་ཅིག ཁོང་གྲོངས་སྒུག་བྱེད་མཁན་གྱི་བདུད་སྡིག་ཏོ་ཅན་ཚོ་ཕམ་པ་རྒྱོབ། ཨ་ད་མི་བཤད། ཁ་འདི།
ཐུགས་རྗེས་གཟིགས་ཟེར་ནས་བྱེད་སྒྲ་འབྲི་དགོས། མཁས་དབང་ལྷན་རྒྱས།
གསལ་བཤད་གནང་བར་ཐུགས་རྗེ་ཆེ།
དཀྲོགས་གཏམ་སྤེལ་མཁན་རིགས་གཏན་འགོག་གནང་དགོས་པར་འདུག
བཀུར་འོས་སྒོམ་སྡེ་ལགས། ངེད་དྲ་གྲོགས་ལྷན་རྒྱས་ནས་སྐུ་ཉིད་གཤེགས་མེད་པའི་གནས་ཚུལ་ཐོས་འཕྲལ་འདི་འདྲའི་དགའ་བ་སྒོམ་དགོས་པའི་གཏམ་དུ་བསམ་ཏེ༌མཆན་བཞི་བཅུ་ལ་ཉེ་བ་ཞིབ་བཀོད་འདུག དེས་ན་ཁྱེད་སྐུ་དངོས་སུ་བཞུགས་ཡོད་པ་བདེན་ན་ང་ཚོར་ལྗགས་ལན་ཞིག་གནང་ན་མི་འགྲིག་གམ། ང་ཚོས་འདི་འདྲ་བྱེད་པར་སྤྱིའི་ཆ་ནས་རྒྱུ་མཚན་གཉིས་ཡོད། དེའང་མཁྱེན་པ་གནང་རོགས། དང་པོ་ནི་སྐུ་ཉིད་ཀྱི་ཡངས་པའི་མཁྱེན་ཡོན་ལ་གདེངས་འཇོག་བྱེད་པ་ཡིན་ལ། གཉིས་པ་ནི་ནམ་ཡང་ང་ཚོ་དང་ཁ་མ་བྲལ་ཁ་བརྡའི་སྤང་ཁུག་སོགས་དྲ་ངོས་སུ་བརྒྱུད་ནས་གཞོན་སྐྱེས་རྣམས་ལ་བློ་བསྐྱེད་གསར་བ་རེ་གནང་བས་ཡིན། ད་དུང་རྒྱུ་མཚན་གཞན་ཡང་ཡོད་སྲིད།
འདྲེ་ནག་པོ། འ་རོ་འ་རོ། ད་ཐུག་ཀ་རྭ་ག་གྱུ་ལི་ལི།། མི་ཐུབ་ནོ་གི་རྭ་ཅོ་རྫོགས་མི་དགོས་གི་པ། གུ་རི་རིན་པོ་ཆེ་ཡིན་ན་རེད། རྗེ་བླ་མ་ཡིན་ན་རེད། བོད་ལ་བཀའ་དྲིན་ཆེ་བའི་བླ་མ་རེད། ཁྱད་པར་ཡོད་ནི་མ་རེད། ཡིན་གཅིག་མིན་གཅིག་ཁ་ཡར་གྱགས་ལ་ཁྱད་འབྱེད། མར་གྱགས་ལ་ཁྱད་འབྱེད་དགོས་དོན་འེ་ཡོད་ཀི ངས་ནི་སྒོམ་སྡེ་བས་གུ་རི་རིན་པོ་ཆེ་འདྲེ་རེད་ཟེར་བ་ཞིག་ད་བར་དུ་གོ་མ་མྱོང་། ང་ཡང་དགེ་ལུགས་པའི་གདན་ས་གསུམ་ནས་རྒྱུན་རིང་ཙམ་བསྡད་ནི་རེད་ད། གུ་རུ་མཚན་སྔགས་ག་དུས་ཡིན་ན་བསོགས་གི་འདུག
གཞོན་ནུ་གླ་མེད། ཁ་ཡར་གྲགས་ལ་ཁྱད་འབྱེད། མར་གྲགས་ལ་ཁྱད་འབྱེད་བྱེད་མཁན་དེ་ཁྱོད་ཚོ་རེད། ང་མ་རེད། སྒོམ་སྡེས་གུ་རུ་རིན་པོ་ཆེ་འདྲེ་རེད་ཟེར་བའི་རྩོམ་དེ་ད་དུང་ཁྱོས་མཐོང་མེད་ན་དེའི་ནང་དུ་ཡོད་ཚད་འདུས་འདུག མི་ཁ་ཅིག་གིས་ལྗེ་བླ་མ་ལ་ཁ་བཏང་ཡོད་པ་ཁྱོས་མཐོང་ཡོད་ད་ཟེ། སྒོམ་སྡེས་གུ་རུ་ལ་ཁ་བཏང་བ་དེ་ཡང་དེ་དང་མཉམ་དུ་ཡོད་ནི་རེད། དེ་ཁྱོད་གཅིག་མཐོང་ནས་གཅིག་མ་མཐོང་ན་དེའི་ནང་དུ་ཡོད་ཚད་འདུས་འདུག ཁྱོད་ཅི་ཁག ཚོགས་ཞིང་ནང་གི་དོལ་རྒྱལ་གྱི་སྐུ་འདྲ་དེས་་་་་་་་་་ཡ་ད་གཡུག་ཞོག ཡང་ཁ་བརྡ་སང་གི་བསུབ་འགྲོ་ནི་རེད།
ཀློག་མཁན་ཚོས་ང་ཚོའི་རྩོམ་རིགས་ལ་དཔྱད་ཞིབ་དང་མཆན་འབྲི་བ།
ཐ་ན་དགག་ལན་ཡང་གནང་རྒྱུ་ལ་ང་ཚོས་དགའ་བསུ་ཞུ་བ་ཡིན། ཡིན་ན་ཡང་། སྐྱེ་བོ་སྒེར་པ་ལ་དམོད་ཚིག་དང་འཐབ་འཛིང་བྱེད་པ། དེ་མིན་གྱི་མི་རིགས་པའི་གནས་ཚུལ་འཁོད་པའི་མཆན་རྣམས་ལ་ནི་འདི་ནས་དགའ་བསུ་མི་ཞུ་ལ། ཐ་ན་མཆན་དེ་ཚོ་འགོག་རྒྱུའི་ལམ་ཁ་ཡང་བསྟེན་སྲིད།
གོང་གི་འདྲེ་ནག་པོ་ཟེར་མཁན་དེའི་མཆན་འགའ་ང་ཚོས་བཀག་ཡོད།
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས།
ཁ་བརྡ་སང་ལགས། ངའི་མཆན་འདི་མི་བསུབ་རོགས་ཞེས་རེ་བ་ཞུས་པ་ཡིན། དཀོན་མཆོག་གསུམ་ཐུབ་ཚོད་མ་བྱེད་རོགས། འཛམ་བུ་གླིང་འདིའི་སྒང་ལ་ཡག་པོ་ཁོ་ན་མ་གཏོགས་སྡུག་ས་གཅིག་ཀྱང་གླེང་མི་ཉན་ས་ཞིག་རྒྱ་གཞུང་མ་གཏོགས་ཡོད་ནི་མ་རེད།༽༽
གྲོགས་པོ་ཚོ། སྐབས་རེ་ཁྱེད་ཚོས་སྒོམ་སྡེ་དང་སྲོག་གི་འགྲན་བསྡུར་བྱེད་ཀྱི་ཡིན་མདོག་དང་། ཡང་སྐབས་རེ་སྒོམ་སྡེ་ལ་བརྩི་བཀུར་ཡོད་རབས་ཤོད་ཀྱི་འདུག གྱང་ཁའི་རྩྭ་ཟེར་བ་དེ་འདྲ་ཡིན་རྒྱུ་རེད། ལྷག་ཏུ་གཞོིན་ནུ་ཟླ་མེད་ཅན་པོས་ཁག་ཅིག་གིས་ན་ནིང་ཞིག་ལ་སུ་ཞིག་གིས་རྗེ་བླ་མ་ཁ་སྨྲས་ལོག་ལྟ་བྱེད་ཀྱི་ཡོད་ན་དེ་ནི་འཇིག་རྟེན་ཐོག་གི་དགྲ་ཆེ་ཤོས་ཡིན་ཟེར་གྱི་འདུག་ག འོ་ན་གུ་རུ་རིན་པོ་ཆེ་ལ་འདྲེ་རེད་ཟེར་མཁན་གི་མི་དེ་གྲོགས་པོ་ཡིན་པའི་རྒྱུ་མཚན་ག་རེ་རེད།
ངས་ནི་ག་དུས་ཡིན་ཡང་ཆོས་ཁ་དང་ཆོས་ལུགས་ཀྱི་རྙོག་དྲ་བསླངས་ནས་མི་ཚང་མའི་སེམས་ཀྱི་ཞི་བདེ་དཀྲུགས་མཁན་འདི་དུས་ནམ་ཡང་ཡག་པོ་ཞིག་ལ་མཐོང་གི་མེད། དེར་བརྟེན་འོག་གི་སྨོན་ལམ་འདི་བཏབས་པ་ཡིན།
རྗེ་བླ་མ་དང་གུ་རུ་རིན་པོ་ཆེ་གཉིས་ཐུན་མོང་གདུལ་བྱའི་སྣང་ངོར་རྣམ་པ་མི་འདྲ་བ་བྱས་ནས་ཕེབས་པ་མ་གཏོགས་ཁྱད་པར་སྤུ་ཙམ་ཡོད་ཚོད་མི་འདུག པཎ་ཆེན་བློ་བཟང་ཆོས་རྒྱན་དང་བློ་བཟང་ཡེ་ཤེས་ཀྱི་གསུང་ཞིག་ལའང་དེ་ལྟར་གསུངས་ཡོད་ཚོད་འདུག་པས་རྣམ་དཔྱོད་ཅན་རྣམས་ཀྱིས་དེར་དཔྱོད་འཚལ།
ཁ་བརྡ་ཚང་ལ།
འདྲེ་ནག་པོ་ཟེར་བ་འདིས་ངས་གུ་རུ་རིན་པོ་ཆེར་འདྲེ་རེད་ཅེས་ལབ་པའི་གཞི་མེད་སྐུར་འདེབས་སུས་ཀྱང་རྣ་བར་མི་འགྲོ་བའི་དཀྲོག་གཏམ་ཐེངས་མང་བྱེད་པར་ཁྱེད་རྣམས་ནས་སྟངས་འཛིན་ནམ་ཡང་གནང་གི་མི་འདུག དེ་རྒྱུ་མཚན་ག་རེ་ཡིན་ནམ་ཞེས་དྲི་བ་ཞུ་རྒྱུ་ཡིན། ངས་དེ་འདྲ་ནམ་ཡང་ལབ་མ་མྱོང་། ཁ་བརྡའི་མཆན་བུར་ངས་དེ་འདྲ་ལབ་པ་མཐོང་རྒྱུ་མེད། དུས་བབས་སུ་དེ་འདྲ་མེད་ན། ཕྱིན་ཆད་སྤྱི་ཚོགས་དང་ཆོས་ལུགས་ཕན་ཚུན་དབར་ཕུང་ཀྲོལ་བཟོ་བའི་མཆན་བུ་དེ་རིགས་ལ་སྟངས་འཛིན་ཅིས་ཀྱང་གནང་རོགས་ཞེས་རེ་སྐུལ་ཞུ་རྒྱུ་ཡིན།
དྲ་རྒྱ་འདི་མི་སྒེར་ལ་གཞི་མེད་སྐུར་འདེབས་བྱེད་ས་དང་། སྤྱི་ཚོགས་དབར་དཀྲུག་ཤིང་བཟོ་ས་ལྟ་བུ་ཆགས་ན། ངས་ས་སིང་ཞུས་པ་ལྟར།
“ཤེས་མེད་སྨྱོན་པ་འཛོམས་པའི་དྲ་རྒྱ་འདི།
ཕན་གནོད་ཅི་འགྱུར་དཀོན་མཆོག་ཁོ་ནའི་ཡུལ། །”
ཞེས་པ་དེ་བདེན་པ་ཆགས་ཀྱི་རེད། དྲ་རྒྱ་ལ་གདེང་འཇོག་དང་ཡིད་ཆེས། རྩིས་མཐོང་སོགས་ཀྱང་ཆུང་དུ་འགྲོ་གི་རེད།
སྒོམ་སྡེ་གཏེ་ངན་ཁྱོད་གང་ལ་སོང་བ་ཡིན། ཉིན་ཤས་རིང་ཁ་བརྡ་དྲ་རྒྱ་དང་དུས་བབས་དྲ་རྒྱ་སོགས་སུ། ཁྱོད་རང་ལ་འདྲ་མི་འདྲ་ལབ་ནའང་། ཁྱོད་ནི་བྱ་སྤུ་རླུང་གིས་ཁྱེར་བ་བཞིན་ལས་ལ་བྲེལ་བཞིན་ནའང་། རང་གིས་གསལ་བྱེད་ཞིག་བྱེད་དགོས་པ་རེད་པ། ཕྱོགས་ཕྱོགས་སུ་བཞུགས་པའི་རང་གི་ཉེ་ས་དེ་ཚོས་མཐོང་ན་སེམས་ལ་ག་རེ་དྲན་གི་རེད།
གང་ལྟར་ད་ཐེངས་བར་དོའི་ཁམས་ནས་ཕྱིར་ཕེབས་པར་བཀྲ་ཤིས་བདེ་ལེགས་ཞུ རྣམ་རྟོག་ཟ་དགོས་ནི་མ་རེད། ཡིན་ན་ཡང་ཁ་ཤས་ཀྱི་ཁ་ལས་སེམས་ཕམ་སྲིད་མོད། ཡིན་ན་ཡང་བློ་རྒྱ་ཆེ་པོ་བསྐྱེད། ད་ཚེ་ཤིན་ཏུ་རིང་རྒྱུ་རེད།
ང་མི་ཐ་ཤལ་གླེན་པ་ཁ་རི་ཁ་ཐུག་ཅིག་ལ་ཁྱེད་རྣམ་པས་འདི་འདྲའི་ཐུགས་བརྩེ་དང་གདེང་འཇོག་གནང་བར་སེམས་གཏིང་ནས་དགའ་ཚོར་ཚད་མེད་སྐྱེས་བྱུང་བས། སྙིང་ཐག་པ་ནས་བཀའ་དྲིན་ཤིན་ཏུ་ཆེ་ཞུ།
དེང་སང་བྲེལ་ཟིང་ཤིན་ཏུ་ཆེ་བས་མང་པོ་ཞུ་གི་མིན། རྗེས་སུ་ལྷོད་ལྷོད་བྱུང་མཚམས་བཀའ་མོལ་ཞུ་གི་ཡིན། ཐུགས་རྗེ་ཆེ།
གཞོན་ནུ་ལགས།
ཐུགས་རྗེ་ཆེ། རྗེས་སོར་དལ་ལྷོད་སྐབས་བཀའ་མོལ་ཞུ་གི་ཡིན།
ཁ་བརྡ་སང་། ངའི་མཆན་དེ་འཕྲལ་དུ་བཙོན་གྲོལ་གཏོང་རོགས་ཞུ། སྐུ་མཁྱེན་མི་གཅིག་ལ་ཚུར་ལབ་ཏུ་བཅུག་ནས་ཕར་ལན་རྒྱག་ཏུ་མི་འཇུག་རྒྱུ་ཨེ་ཡོད། དེ་འདྲ་མ་བྱེད་ཟེར་ནས་ཞུ་བ་འཐེན་གྱི་ཡོད།
ད་སོ་མ་ཉལ་ས་ནས་ཡར་ལངས་ཡོང་བ་ཡིན། རྒན་སྒོམ་སྡེ་ཕེབས་འདུག་ཟེར། ཡིད་ཆེས་མ་སོང་། ད་བྱས་དུས་དངོས་གནས་ཕེབས་འདུག དགའ་བ་ལ་དང་སྐྱིད་པ་ལ། དྲ་ཐོག་འདི་ན་རྒན་སྒོམ་སྡེ་ལྟ་བུའི་གོ་རྒྱུ་ཅན་དང་ཀློག་རྒྱུ་ཅན་འབྲི་རེ་ཟུང་ལས་མེད། དེ་བས་ཁོང་སྐུ་གཤེགས་སོང་བ་དཀྲོགས་གཏམ་ཡིན་པའང་མ་ཤེས་པར་མ་ཎི་འགའ་དང་ལྷན་དུ་གསོལ་འདེབས་སྨོན་རེ་ཡང་བྱས་པ་ཡིན། ད་གང་ལྟར་དེ་ཚོ་དགེ་བའི་ཕྱོགས་སུ་བསྔོ། ནད་པ་མ་ཤི་ཡང་ཤི་སོང་བའི་གཏམ་ཁྱབ་པ་ནི་སྐུ་ཚེ་རིང་བའི་ལྟས་ཡིན་པར་ཕ་ཡུལ་ནས་ཡང་ཡང་གོ་མྱོང་བས་དེ་ལྟས་བཟང་བོ་ཞིག་ཏུ་སྒོམ་རོགས། ད་ང་ཚོ་མུ་མཐུད་ནས་དྲ་ཐོག་ནས་དོན་རྣམ་པ་སྣ་ཚོགས་ལ་བགྲོ་གླེང་བྱེད་ཡ།
བཀུར་འོས་སྒོམ་སྡེ་ལྷ་རམས་པ་མཆོག་ལ་ཞུ་རྒྱུར།
བར་ལམ་སྐུ་ཉིད་ལས་བྲེལ་གྱི་རྐྱེན་གྱིས་དྲ་ངོས་སུ་བཅར་ཐབས་བྲལ་བའི་དུས་ཡུན་དེའི་རིང་།
བསམ་བཞིན་དུ་དཀྲོག་གཏམ་ཞིག་བསླངས་རེ་དྲ་གྲོགས་ཚོར་ཐུགས་ཁྲལ་དང་བློ་ཕམ་གྱི་ཡུལ་དུ་བསྐྱུར་སོང་།
ཡིན་ན་ཡང་། ད་ལྟ་སྐུ་ཉིད་སྐུ་འཚོ་བཞུགས་ཡོད་པ་བདེན་པས། གཟུར་གནས་ཀྱི་དྲ་གྲོགས་ཚོ་བློ་བདེ་བག་ཕེབས་སུ་གྱུར། འོན་ཀྱང་། སྐུ་ཉིད་ལ་ཞེ་ཐག་པ་ནས་མི་དགའ་མཁན་ཚོ་ད་དུང་ཤི་ཆོག་ན་བསམ་པ་དེ་འདྲ་ཡོད་སྲིད།
དེ་ནི་འཇིག་རྟེན་གྱི་ཆོས་ཉིད་རེད་ལ། སྤྱི་ཚོགས་ཀྱི་ཆོས་ཉིད་ཅིག་ཀྱང་མ་རེད་དམ།
རྗེས་ཕྱོགས་ང་ཚོ་ལྷན་དུ་དྲ་ངོས་སུ་འཛོམས་ཆོག།།།
མཁས་པའི་དབང་པོ་སྒམ་སྡེ་ལྷ་རམས་པ་ལགས། ཁྱོད་བཞུགས་ཡོད་པ་བཀའ་དྲིན་ཆེ།
ཁ་ནག་འདི་ཚོས་ཁ་བརྡ་ནང་དུ་ཁ་ངན་གང་བྱུང་སྨྲས་པ་དེར།།བདེན་པར་བཟུང་ནས་བློ་ཕམ་ཆེན་པོས་གྲོགས་པོ་འགའ་ལའང་དེ་དོན་བཤད།། ད་ལྟར་ཁ་བརྡ་ཚང་གི་གསལ་བཤད་གསར་དུ་གོ་བས་སེམས་པ་སྤྲོ།། མྱུར་དུ་མཇལ་འོང་མཁས་དབང་ཆེན་མོ་དེ་དུས་གཏམ་གྱི་སྒོ་མོ་ཕྱེ།།
བཀྲ་མ་ཤིས་པ་འདི་ཚོས་ཁ་བརྡ་ནང་གི་མི་ངོ་མ་རྐང་གཅིག་ཡོད་པ་དེ་ཤི་སྒུག་ཡོད་པ་དེ་ཤི་སྒུག་རྒྱག་དོན་ག་རེ་ཡིན་ནམ།
འདྲེ་ནག་པོ་དམ་ལ་བཏགས་པ་བདེན་པ་རེད་འདུག་ཀ སྔར་ཡིན་ན་གདོན་འདྲེ་གདུག་པ་ཅན་དེ་ཚོ་སློབ་དཔོན་རིན་པོ་ཆེས་དམ་ལ་འདོགས་ཀྱི་ཡོད་པ་རེད། དེང་སང་སུ་ཡིན་ན་ཡང་ནུས་པ་ཡོད་ན་འདྲེ་ནག་པོ་གོ་རྒྱུ་ཚོར་རྒྱུ་མེད་པར་རྒྱང་འཕེལ་ལ་གཏོང་ཐུབ་ཀྱི་ཡོད་པ་འདྲ་འདུག གཅིག་བྱས་ན་དམ་ལ་འདོགས་མཁན་དེ་ནི་སློབ་དཔོན་རིན་པོ་ཆེའི་སྤྲུལ་བ་དེ་འདྲ་ཡིན་ན་ཐང་ཡ། བྲག་སྲིབ་ཅིག་ན་སྐུ་མཁྱེན་ང་བློད་རོགས་ཟེར་ནས་སྐད་རྒྱག་གི་བསྡད་འདུག་མོད། ཧཧཧ
དགེ་བཤེས་བེ་རི་འཇིགས་མེད་ལགས་དང་།
གཅན་བཟོད་རྒྱམ་སོགས་ཐམས་ཅད་ལ་བཀའ་དྲིན་ཆེ་ཞུའོ། །
གོང་གི་ཤ་ཀླན་བུ་ཞུ་བ་དེ། ཕལ་ཆེར་ཤ་ཀླན་འཇམ་དབྱངས་གྲགས་པ་ཞུ་བ་ཁོང་ཡིན་ས་རེད།
ཤ་ཀླན་ལགས། ཁྱེད་ཀྱིས་དུས་བབ་ཟིན་བྲིས་སུ། ངེད་གྲྭ་ལོག་ཚོར་བསྟོད་གླུ་ཧ་ཅང་སྙན་པོ་ཞིག་བྲིས་པ་འདུག ཐུགས་རྗེ་ཆེ། སྙན་རྩོམ་དེ་གཞན་གྱིས་གཟིགས་ཐུབ་པའི་ཆེད་དུ་གཤམ་དུ་བཀོད་ཡོད།
༼གྲྭ་ལོག་འདི་ཚོར་སྙིང་ནས་བསྟོད་གླུ་ལེན༽
ཤ་ཀླན་འཇམ་དབྱངས་གྲགས་པ།
ང་ཡི་ཉན་ཐོས་ཚུལ་ཁྲིམས་འཆལ་གྱུར་ཀྱང་།།
ཁྱིམ་པ་ཕལ་པ་རྣམས་ཀྱིས་དོ་ཟླ་མིན།།
——སྟོན་པ་ཐུབ་པའི་དབང་པོ།
མིང་བརྡ་ཐ་སྙད་མཛོད་ལ་མངའ་དབང་བསྒྱུར།།
དབུ་ཕར་ཚད་མའི་གཞུང་ལ་ཆགས་ཐོགས་བྲལ།།
ཕྱི་ནང་སྐད་རིགས་དུ་མའི་གསང་གནས་བརྟོལ།།
སྒོམ་སྡེ་ལྷ་རམས་པ་དེ་བསྟོད་པའི་ཡུལ།།
ནུབ་ཕྱོགས་འགྲིམ་མཁན་གྲངས་ཀྱིས་ཟིན་ཚོད་མིན།།
འགྲིམས་ནས་གཏམ་རྒྱུུད་གླེང་མཁན་ཡོད་ཚོད་མིན།།
དེ་ཕྱིར་ནུབ་ཀྱི་གཏམ་རྒྱུད་གླེང་མཁས་པའི།།
ཤེས་རབ་དར་རྒྱས་དེ་ཡང་ཅིས་མི་བསྟོད།།
མདོ་སྨད་ལོ་རྒྱུས་གང་གའི་རྒྱུན་བཟང་བསྐྲུན།།
སྣ་ཚོགས་སྙན་ཚིག་མེ་ཏོག་གང་སར་གཏོར།།
ལོག་སྨྲ་ཚར་གཅོད་མགྲིན་དབྱངས་ཅིར་ཡང་སྒྲོག །
ཧོར་གཙང་སྨྲ་བར་འཇིགས་པ་མེད་དེར་བཀུར།།
སྲོལ་རྒྱུན་བུ་ཆུང་བརྙས་བཅོས་ཐེབས་དུས་འདིར།།
རང་ལུས་རྙིང་བར་ཚེ་སྲོག་གསར་པ་བྱིན།།
དར་དིར་སྙན་དབྱངས་སྒྲོག་ལ་དབང་ཐོབ་པའི།།
ཀླུ་ཚང་འདས་པོར་བསྟོད་པའི་མཐེ་བོང་སྒྲེང་།།
རང་མོས་མཛེས་མ་ལང་ཚོ་དར་བབ་མ།།
གྲྭ་བ་གྲྭ་ལོག་ཚོགས་ཀྱིས་ཁུག་མིན་ན།།
བོད་ཀྱི་མཛེས་མ་བརྒྱ་ཡིས་མི་དོ་བའི།།
ལྷ་ཆབ་སྦྱིན་པའི་སྒེག་མོ་འདི་ཅི་ཞིག །
ཨ་འཇམ་ཨ་རིག་སོགས་ཀྱང་དམན་པ་མིན།།
ད་དུང་ལྷག་པ་ཡོད་ན་བསྟོད་བྱ་ཉིད།།
སྙན་དབྱངས་འཇོལ་མའི་གྲེ་འགྱུར་ལ་དྲངས་ནས།།
གྲྭ་ལོག་འདི་ཚོར་སྙིང་ནས་བསྟོད་གླུ་ལེན།།
ཁ་ནས་ལྷ་ཆོས་མི་ཆོས་ཐ་ར་ར།།
ཁོག་ནས་རིགས་ཞེན་ལ་རྒྱ་ཁྲིགས་སེ་ཁྲིགས།།
ཆོས་པ་མིན་ཡང་ཆོས་པའི་དོན་བྱེད་པའི།།
གྲྭ་ལོག་ཁྱེད་ཚོ་སྤྱི་བོའི་རྒྱན་དུ་བསྟེན།།
མེས་པོའི་གསེར་མཁར་སྲུང་ལ་ཁྱེད་ཚོ་དཔའ།།
དེང་གི་དུང་མཁར་བསྐྲུན་ལ་ཁྱེད་ཚོ་མཁས།།
དེ་གཉིས་མཐུན་སྡེབ་ཐུབ་པའང་ཁྱེད་ཚོ་ཉིད།།
གྲྭ་ལོག་ཁྱེད་ཚོར་བསྟོད་པའི་མེ་ཏོག་ཕུལ།།
གངས་བླ་ང་བླ་དགེ་བཤེས་སྐལ་བཟང་སོགས།།
ལྷ་འདྲེའི་བྲན་གཡོག་དེ་ཚོ་བཀུར་བ་ལས།།
གང་ཉིད་སྤྱི་བོའི་གཙུག་ཏུ་བཀུར་བྱས་ཏེ།།
གསོལ་བ་རྩེ་གཅིག་བཏབ་ན་ཅིས་མི་ཆོག །
ཁྲིམས་ལྡན་དགེ་སློང་བརྙས་སྨད་བྱས་པ་མིན།།
མི་སྐྱ་མཁས་དབང་དམའ་འབེབས་དེ་བས་མིན།།
འདི་ནི་གྲྭ་ལོག་རྣམས་ཀྱི་ལེ་ཚན་དེ།།
ཁོ་ཚོར་བབ་པའི་བསྟོད་ཚིག་འབུལ་བ་ཙམ།།
རྒན་སྒོམ་སྡེ་བ་ཕེབས་པར་དགའ་བསུ་ཞུ། དྲ་ཐོག་འདི་ན་དོན་དང་ལྡན་པའི་དཔྱད་བརྗོད་སྤེལ་མཁན་ཧ་ཅང་དཀོན་ཞིང་། དེའི་ནང་ནས་ཀྱང་གནའ་བོའི་གཞུང་ལུགས་ལ་ཁུངས་བཅོལ་ནས་དཔྱད་བརྗོད་འབྲི་མཁན་ཧ་ཅང་དཀོན། ཡིན་ན་ཡང་རྒན་སྒོམ་སྡེ་བ་ལགས་ཀྱིས་དགེ་བཤེས་ལྷ་རམས་པའི་ཆེ་ཚུགས་དོར་ནས་ཟིན་བྲིས་སུ་ཕེབས་ཏེ་བློ་སྐྱེད་སྟེར་བའི་དཔྱད་བརྗོད་གང་མང་ཞིག་སྤེལ་བར་དགའ་བསུ་ཞུས་དང་ཞུ་བཞིན་ཡོད། ལྟ་ཚུལ་ཕྲན་བུ་རེ་མ་མཐུན་པའི་དབང་གིས་རྒན་ཁོང་གིས་ཁོ་བོར་བཀའ་བཀྱོན་ཚ་ཐག་ཆོད་རེ་གནང་དང་གནང་བཞིན་ཡོད་ན་ཡང་། བློ་སྦྱོང་ལས་གསུངས་པ་བཞིན། སྡུག་བསྡིགས་སྡིག་པའི་ཕྱག་མར་བསྒོམས་དང་སྒོམ་བཞིན་ཡོད་ལ། གོང་ས་མཆོག་གི་དྲུང་ནས་མདོ་སྔགས་ཀྱི་གདམས་པ་ཟབ་མོ་མཉམ་དུ་ཞུས་མྱོང་བའི་ཆོས་གྲོགས་ནང་ཚན་ཞིག་ཏུ་ཡང་སྒོམ་བཞིན་ཡོད། ཁ་ཉིན་ཁོང་གྲོངས་ཟིན་པའི་གཏམ་ངན་དེ་མཐོང་མ་ཐག་ཏུ་
སྙིང་ལ་ཚ་ཤད་ཅིག་བརྒྱབ་སོང་ལ་དེ་མ་ཐག་མ་ཎི་འགའ་བཏོན་པ་དང་ལམ་སེང་མ་ཎི་ཆིག་སྟོང་འདོན་རྒྱུའི་ཁས་ལེན་ཡང་བྱས་པ་ཡིན་མོད། དེ་རྗེས་ཁོང་གྲོངས་མེད་པའི་ཁུངས་སྐྱེལ་རྣལ་མ་དག་མཐོང་སྟེ་དགའ་སྤྲོའི་ངང་དུ་བསྡད་ཡོད།
ཀླུ་སྨྱོན་ལགས།
ངེད་ནི་ཁྱེད་ལ་དུས་རྟག་ཏུ་དགའ་མོས་བྱེད་མཁན་ཞིག་ཡིན།
ངེད་གཉིས་སྒེར་གྱི་ན་ཚ་གང་ཡང་མེད་པ་ཁྱེད་ཀྱིས་མཁྱེན་གསལ་རེད། དུས་བབས་ཟིན་བྲིས་སོགས་སུ་ང་གཉིས་གྲྭ་སར་རྟགས་གསལ་གཏོང་སྟངས་ནང་བཞིན་བྱས་ནས་རྩོད་པ་ཇི་ཙམ་རྒྱག་གི་ཡོད། ཐུགས་དྲན་གསོ་གི་ཡོད་ཀྱི་རེད། འོན་ཀྱང་ངེད་རང་ཞེན་ཁོག་ཚ་དྲག་ནས་བོད་སྤྱི་པའི་དོན་དུ་ཁྱེད་ལ་ཁ་ངན་ཚིག་ངན་འདྲ་རེ་ཟུང་ལབ་དགོས་བྱུང་བར། མཐོལ་བཤགས་དང་དགོངས་དག་ཞུའོ། །