རྫ ་ཚེ་རིང་བཀྲ་ཤིས་ཀྱིས་བསྒྱུར།
ལོ་བརྒྱད་ཀྱི་སྔོན་གྱི་དེ་རིང་བླ་མ་ཡིད་བཞིན་ནོར་བུ་༼ཆོས་རྗེ་འཇིགས་མཁན་ཆེན་འཇིགས་མེད་ཕུན་ཚོགས༽སྒྱུར་བ་པོའི་མཆན། ༽ང་ཚོ་དང་ཞལ་གྱེས་པ་རེད། དགུན་དུས་དེ་ནི་རུས་རྐང་ལ་ཟུག་གཟེར་རྒྱག་པའི་གྲང་ངར་གྱི་ནམ་དུས་ཞིག་སྟེ། ནམ་རྒྱུན་དུས་ཚིགས་དེ་ཡིད་ལ་དྲན་ཐེངས་རེར་དབང་མེད་དུ་འཁུན་པ་ཤོར་ཞིང་འདར་སིག་རྒྱག ཡིན་ན་ཡང་མགོན་པོ་གང་གི་གཞལ་དུ་མེད་པའི་བཀའ་དྲིན་གསབ་པའི་ཆེད་ངས་གང་ཐུབ་པ་ནི། སེམས་ཀྱི་གཏིང་ནས་མི་ཚེ་འདི་མ་ཟད་ཀྱི་བར་དང་ཚེ་རབས་ནས་ཚེ་རབས་ཀྱི་བར་སེམས་ཅན་གཞན་ལ་ཕན་ཐོགས་ཡོད་པ་ཞིག་ཏུ་སྨོན་ལམ་འདེབས་པ་འདི་ཙམ་ཡིན། བླ་མ་མཁྱེན།
མཁན་པོ་བསོད་དར་རྒྱས།
上師法王如意寶,在8年前的今天離開了我們,那個冬天徹骨的冷,每每想起都不禁哽咽、顫抖。上師的恩德昊天罔極,為了報答他老人家,我只有一遍又一遍在心中發願:窮此一生,乃至生生世世,都要利益眾生的利益!喇嘛欽!~ 索達吉堪布 ~
དེ་རིང་ནི་ངའི་རྩ་བའི་བླ་མ་མྱ་ངན་ལས་འདས་ནས་ལོ་བརྒྱད་འཁོར་བའི་དུས་དྲན་གྱི་ཉིན་མོ་རེད། ང་ལ་ལོ་བརྒྱད་ཀྱི་རིང་འདིར་སངས་རྒྱས་ཀྱི་བཀའ་ལས་རྟག་ཏུ་གསུངས་པའི་བླ་མ་བསྟེན་པའི་གལ་ཆེའི་རང་བཞིན་ལ་གཏིང་ཟབ་པའི་མྱོང་ཚོར་བྱུང་།
དུས་ཚོད་འདི་དག་གི་རིང་རྒྱུན་དུ་ངས་བླ་མས་ང་ལ་དུས་ཡུན་རིང་པོར་གནང་བའི་སློབ་སྟོན་དང་སྐུལ་འདེབས། བཀའ་བཀྱོན་དང་དགག་པ། བྱམས་བརྩེ་བཅས་ཚོར་བར་གྱུར། སྣང་ཚུལ་དུ་ཁོང་བཞུད་ཟིན་པ་དེ་ལྟ་ན་ཡང་དོན་ལ་ནམ་ཡང་ཕེབས་བཞུད་དང་བྲལ།
ཆོས་གྲོགས་ཚོ། སངས་རྒྱས་ཀྱི་བསྟན་པའི་རྗེས་སུ་སློབ་པ་ལ་ཚད་ལྡན་གྱི་བླ་མ་བཟང་པོ་ཞིག་རྙེད་རྒྱུ་ནི་གང་ལས་ཀྱང་གལ་ཆེ་བ་འདི་མ་བརྗེད་པ་གནང་རོགས། མཁན་པོ་ཚུལ་ཁྲིམས་བློ་གྲོས།
今天是我的上師圓寂八周年的紀念日。在這八年中,我深深地體會到佛經常說的依止上師的重要性。在此期間,我時常能感覺到上師一直都在給我指導、鼓勵、批評、否定與溫暖。盡管他表面上走了,實際上根本沒有走。各位道友請記住:在學佛的道路上,找到一位標准的上師比什麼都重要! ~ 慈誠羅珠堪布 ~
རང་ཚུགས་མ་ཤོར། གཞན་སེམས་མ་དཀྲུགས། ཞེས་པའི་ཚིག་འདི་གཉིས་ནི་ཆོས་རྗེ་ཡིད་བཞིན་ནོར་བུ་ཞལ་བཞུགས་སྐབས་ཀྱི་ཆེས་ཐ་མར་གནང་བའི་ཞལ་གདམས་སྟེ། གདམས་ངག་འདིའི་ནང་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ། མི་ཆོས་དང་ལྷ་ཆོས་གནས་ལུགས་ཚང་མ་འདུས། འདི་ནི་བླ་མ་ཡིད་བཞིན་ནོར་བུས་ང་ཚོར་གནང་བའི་ཁྱད་དུ་འཕགས་པའི་མན་ངག་རེད། གལ་ཏེ་རྟག་ཏུ་འདི་ཉིད་ཡིད་ལ་བཅངས་ན་བྱས་ཚད་ཆོས་དང་མཐུན་ཞིང་ཉམས་ལེན་རང་ཤུགས་ཀྱིས་འཕེལ་བར་ཐེ་ཚོམ་མེད། མཚུངས་མེད་དྲིན་ཅན་རྩ་བའི་བླ་མ་ཆོས་རྗེ་ཡིད་བཞིན་ནོར་བུས་བྱམས་བརྩེས་རྗེས་སུ་བཟུང་བའི་བཀའ་དྲིན་དྲན་པ་དང་བཅས ཚེ་རབས་ཀུན་ཏུ་བླ་མ་དང་མི་འབྲལ་བའི་སྨོན་ལམ་འདེབས།
མཁན་པོ་ཤེས་རབ་བཟང་པོ།
“不動己心,不亂他心。”這是法王如意寶在世最后的教言。此教言涵蓋世間出世間、做人學佛的一切道理,甚深微妙,是上師賜予我們的殊勝訣竅。若能時刻牢記,依教奉行,修行必定增上。深深感恩無等上師法王如意寶的慈悲攝受!願生生世世不離師!~希阿榮博堪布~
དེ་རིང་ཉིན་གུང་སློབ་གྲྭ་ནས་ནང་དུ་འབྱོར་མ་ཐག་ཧོང་ཀོང་བ་ཞིག་གི་ངོ་དེབ་ཏུ་ཐུགས་སྲས་བུ་ཆེན་གསུམ་གྱི་གསུང་འཕྲིན་འདི་དག་འདྲེན་བཀོད་ཞུས་འདུག་པ་མཇལ་འཕྲལ་ཆོས་རྗེ་བླ་མ་དྲན་པའི་མོས་གུས་ཀྱི་སྣང་ཤེས་ལམ་མེ་བ་ཞིག་དང་བཅས། རྗེས་དྲན་དུ་ཡང་དམིགས་ཏེ་འཕྲལ་དུ་བསྒྱུར་བ་པོ་ནི་ཆོས་རྗེ་ཡིད་བཞིན་ནོར་བུ་ཡབ་སྲས་ཀྱི་རྣམ་ཐར་ལ་ཤེས་ནས་དད་པའི་རྒྱལ་ཁམས་པ་རྫ་ཚེ་རིང་བཀྲ་ཤིས་སོ།། འགྱུར་ཉེས་མཆིས་ན་སྐད་གཉིས་སྨྲ་བ་ལ་འཆགས་སོ། །༢༠༡༢ ༡ ༩
不動己心,不亂他心。
ང་རང་ཆུང་ཆུང་སྐབས་སུ་ཕ་རྒན་མཉམ་དུ་ཕྱི་ལོ་༡༩༨༩་གཙང་གཞིས་ཀ་རྩེར་མཇལ་བཅར་སྐབས་མཁན་ཆེན་བསྟན་པའི་བདག་པོ་འཇིགས་མེད་ཕུན་ཚོགས་མཆོག་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གདུང་རྟེན་མཆོད་ཁང་ཤར་བཀྲ་ཤིས་རྣམ་རྒྱལ་ཆེན་པོའི་མཛད་སྒོར་ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་པ་ཆེན་པོས་གདན་ཞུས་བཞིན་ཕེབས་པ་ཞིག་དྲན་གྱི་འདུག
ངས་རྒྱ་ནག་གི་སྐད་ཡིག་མ་ཤེས་ཀྱང་། ལོ་ཙ་པ་སྟེ། འཇིག་རྟེན་མིག་པ། རྫ་བཀྲ་ཤིས་ཚེ་རིང་ལེགས་ཀྱིས་ལེགས་པར་བསྒྱུར་ཡོད་པ། བརྗོད་བྱ་རྗོད་བྱེད་ཕུན་སུམ་ཚོགས་པས་རྗེས་སུ་དཔག་ཐུབ། ཆོས་རྗེ་མཁན་ཆེན་འཇིགས་མེད་ཕུན་ཚོགས་ཀྱི་་གདམས་ངག རང་ཚུགས་མ་ཤོར། གཞན་སེམས་མ་དཀྲུགས། ཞེས་པ་ནི་དུས་རྟག་ཏུ་རང་རེ་ལ་རྒྱུན་དུ་མཁོ་བ། སངས་རྒྱས་ཀྱི་གསུང་གི་སྙིང་པོ་ལྟ་བུ་བླ་ན་མེད་པའི་གསུང་ངོ་།།
་་་་་་ཧོང་ཀོང་བ་ཞིག་གི་ངོ་དེབ་ཏུ་ཐུགས་སྲས་བུ་ཆེན་གསུམ་གྱི་གསུང་འཕྲིན་འདི་དག་འདྲེན་བཀོད་ཞུས་འདུག་པ་མཇལ་འཕྲལ་ཆོས་རྗེ་བླ་མ་དྲན་པའི་མོས་གུས་ཀྱི་་་་་་་་་་་་་ཟེར།
དེ་རིང་ཉིན་གུང་སློབ་གྲྭ་ནས་ནང་དུ་འབྱོར་མ་ཐག་ཧོང་ཀོང་བ་ཞིག་གི་ངོ་དེབ་ཏུ་ཐུགས་སྲས་བུ་ཆེན་གསུམ་གྱི་གསུང་འཕྲིན་འདི་དག་འདྲེན་བཀོད་ཞུས་འདུག་པ་མཇལ་འཕྲལ་ཆོས་རྗེ་བླ་མ་དྲན་པའི་མོས་གུས་ཀྱི་་་་་་སོགས་འདུག
ཐུགས་སྲས་བུ་ཆེན་གསུམ་གྱིས་བོད་མི་རིགས་དང་འབྲེལ་བའི་ལག་རྗེས་གང་ཞིག་བཞག་ཡོད་པ་ཡིན་ན་དེ་ཀུན་གསལ་བོ་བཀོད་ན་ཐུགས་སྲས་བུ་ཆེན་གསུམ་གྱི་རྗེས་འཇུག་རྣམས་ཀྱིས་དད་པ་སླར་ཡང་འཕེལ་ཡོང་། མ་གཏོགས་ཐུགས་སྲས་བུ་ཆེན་གསུམ་གྱི་ཁྱབ་བསྒྲགས་ལྟ་བུར་འདིར་བཀོལ་ན་དགོས་མེད་དུ་འཁུམ་པས་ཐུགས་སྲས་རྗེས་འཇུག་ཀུན་གྱིས་བྱ་གཏོང་རོགས།
མི་ཚེ་འདི་ཡི་ནང་ལ། བོད་ཡིག་དང་ཨིན་ཡིག་མ་གཏོགས། རྒྱ་ཡིག་སྦྱང་འགོ་བཙུག་བགྱི་མིན། དེ་ཡང་རྒྱ་མིར་ངོ་རྒོལ་ཡིན།
ཀ་རྡོ་བརྡ་སྤྲོད་སྨྲ་དགའ་ལགས་སུ།
བཙུག་གི་མ་འོངས་པའི་བྱ་ཚིག་དེ་གང་རེད།
༡༽ གཟུགས་བྱ། འཛུགས་བྱེད། གཙུགས་ཟིན། ཚུགས་ཤིག
༢༽ གཟུགས་ཡ། འཛུགས་ཡེེ། གཙུགས་ཚར། ཚོགས་ཤིག
༣༽ འགོ་བཙུག་བགྱི་ཡིན། འགོ་འཛུགས་མཁན་སུ་རེད། འགོ་བཙུགས་ཚར་འདུག འགོ་ཙུགས་ཤིག
ཅོག་རོང་གི་མྱི་ལགས། འདི་ཚོ་ནང་ནས་བརྡ་རྙིང་། ཡིག་སྐད་དང་ཁ་སྐད་སྐབས་སུ་སྔར་གང་ཐད་ལ། དེང་སང་གང་ཐད་པ་ཡིན་ངས་ཆ་མ་འཚལ་བས་དགག་གཞག་སྤོངས་གསུམ་མཛོད་ཅིག ལྷག་པར་མདའ་མཚན་པ་དང་རྒན་ལ་དྭགས་པས་དབྱེ་ཞིབ་ཅིག་གནང་ངེས་ལགས། དགག་པ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུའོ། །
ངའི་དཀའ་ངལ་ཆེ་ཤོས་ནི། དིང་སང་ཁ་སྐད་དག་པའི་དབང་དུ་བྱས་ནས།
ང་རྒྱ་ཡིག་སྦྱང་རྒྱུ་འགོ་གཟུགས་ཀྱི་༼བགྱི་༽ཡིན།
ཞེས་པའི་གཟུགས་འདི་ཁ་ཞེ་གཉིས་ཀའི་ནང་་ནས་མི་ཐོན་པ་གནད་འདི་ལ་ཐུག་འདུག ད་ག་རེ་བྱས་ན་ཡག་གམ། ཅིགགསུང་དང་། ང་ག་བར་ནོར་འདུག་གམ། དྲ་གྲོགས་ཚོ།
བསྒྲུབ་བྱ། སྒྲུབ་བྱེད། བསྒྲུབས་ཟིན། སྒྲུབས་ཤིག ལྟར། བཙུག་བྱ། ཙུག་བྱེད། གཅུགས་ཟིན། ཙུགས་ཤིག ཅེས་ཐུ་མིས་ཅི་ཕྱིར་མ་བཟོས་པ་ཡིན་ནམ། ཧ་ཧ། ང་རང་རིགས་པ་འཆལ་བ་ཡིན་སྲིད་ཀྱང་་་་་