བློ་གྲོས་རབ་བརྟན།
ཁ་སང་ནོར་ཝེ་ནས་༧གོང་ས་མཆོག་གིས་དོལ་ཚོགས་སྐད་འབོད་མཁན་ལ་དམིགས་ཏེ། མི་ཚོགས་ལ་བཤད་དོན། ཁོང་ཚོ་ཡག་པོ་རེད། རང་དབང་ལུང་པ་རེད། ཁོང་ཚོ་ལས་ཀ་དེ་ལ་དགའ་བོ་དང་སྐྱིད་པོ་ཡོད་རེད་ཅེས་བཞད་མོ་དང་བཅས་གསུངས་སོང་། དེ་དང་འབྲེལ་ཏེ་ཟླ་འགའི་སྔོན་ཨ་རིའི་སན་ཧྥི་རན་སུ་སི་ཁོ་ནས་ཕྱི་རྒྱལ་བ་ཞིག་༧གོང་ས་མཆོག་དང་ཆེས་ཐག་ཉེ་སར་བཅར་ཏེ་རྩོད་པ་བྱས་པའི་ཐད་ནས་འཐུས་ཤོར་ཞིག་དེ་རིང་གླེང་གི་ཡིན།
ཕྱི་རྒྱལ་བ་དེ་མི་ཚོས་བཤད་ན་ཨ་ནེ་ཞིག་རེད་ཟེར། འགུལ་བརྙན་དེ་ལས་མི་དེས་ཤོག་ལེ་ཞིག་ལག་ཏུ་བཟུང་སྟེ་ཆོས་དད་རང་དབང་མི་ཚང་མ་ལ་དགོས་ཟེར་ནས་སྐད་རྒྱག་པ་གོ་བ་ལས་ངོ་གདོང་དང་གཟུགས་དབྱིབས་སོགས་མཐོང་མི་ཐུབ་ཀྱང་། ༧གོང་ས་མཆོག་གིས་རྒྱུ་མཚན་དང་གནས་ལུགས་གཞི་བཟུང་གཟབ་ནན་གྱིས་གསལ་བཤད་བྱས་ཀྱང་། དོལ་ཚོགས་ལ་དགོས་པ་དེ་མིན་པས་ཉན་པའི་ཚབ་ལ་སྐད་ཆ་བསྐྱར་ཟློས་ཡང་ཟློས་བྱས་སོང་། མཐའ་མ་དེར་སྐུ་བཅར་འཆི་མེད་རིག་འཛིན་གྱིས་ཁྱོད་ཀྱིས་རྫུན་མ་བཤད་ཟེར་བ་མཐོང་ཐུབ། དེ་ལས་འཆི་མེད་རིག་འཛིན་གྱིས་མི་དེ་པར་ཞིག་བརྒྱབ་ཡོད་ན་ཅི་མ་རུང་།
དེ་འདྲའི་༧གོང་ས་མཆོག་གི་མདུན་ལ་བཅར་ནས་རྩོད་པ་རྒྱག་མཁན་དེ་སུ་རེད། མིང་ལ་ཅི་ཟེར། ལུང་པ་གང་ནས་རེད། འབྲེལ་ཡོད་སུ་གང་ལའང་སྟོན་རྒྱུ་དང་ཤོད་རྒྱུ་མེད་ཚོད་རེད། ༧གོང་ས་མཆོག་གི་མདུན་ན་བཅར་ཏེ་པར་བརྒྱབ་པ་དེ། བརྒྱུད་ལམ་ཁག་ཏུ་བཞག་སྟེ་མཚན་སྙན་གཅོག་ལ་འབད་བཞིན་ཡོད་ཀྱང་། ང་ཚོ་ལ་ནི་༧གོང་ས་མཆོག་ལ་དམའ་འབེབས་མཁན་དེའི་སྐོར་གང་ཡང་སྟོན་རྒྱུ་མེད་པ་དེ་རེད། ནམ་རྒྱུན་༧གོང་ས་མཆོག་གི་སྐུ་བཅར་ཁྲོད་ན་པར་རྒྱག་མཁན་ཞིག་ཡོད་པ་འདྲ་སྟེ། དགོས་དུས་པར་རྒྱག་མཁན་དེ་མེད་པའམ་ཡང་ན་པར་མ་བརྒྱབ་པ་རེད། གནད་དོན་དེའི་ཐད་ནས་དོལ་ཚོགས་ཀྱིས་གོ་སྐབས་བཟུང་སྟེ་འཇབ་རྒོལ་བྱས་པ་ལམ་ལྷོང་བྱུང་ཡོད་ལ། ང་ཚོ་ལ་ནི་པར་ཙམ་ཡང་སྟོན་རྒྱུ་མེད་དུས་འཐུས་ཤོར་ཆེན་པོ་ཞིག་མ་ཡིན་ནམ།
དོལ་ཚོགས་ཀྱིས་ལས་ཀ་ཅི་བྱས་དང་དོལ་རྒྱལ་གྱི་གནད་དོན་དེ་ཆོས་དད་རང་དབང་དང་འབྲེལ་བ་ཡོད་མེད་སོགས་ཕར་ཞོག་ཤོག དོལ་ཚོགས་ཀྱིས་མངོན་སུམ་འཛེམས་མེད་ཀྱིས་ཧམ་བཤད་ལ་ལྟོས་དང་། ༧གོང་ས་མཆོག་གི་ཁ་གྲག་མི་ཆོག་ལ། དོལ་རྒྱལ་སྐོར་སྐད་ཆ་བཤད་མི་ཆོག་པ་དེ་རེད། དེས་ན་དོལ་ཚོགས་ཀྱིས་ཀྱང་༧གོང་ས་མཆོག་གི་སྨྲ་བརྗོད་རང་དབང་འཕྲོག་གིན་འདུག་ལ། སྨྲ་བརྗོད་རང་དབང་ནི་མི་ཚང་མར་འདྲ་མཉམ་དུ་ཡོད་པ་ཞིག་རེད། ༧གོང་ས་མཆོག་ཀྱང་དེའི་་ཁྲོད་ནས་གཅིག་རེད། ཅེས་ང་ཚོས་དོལ་ཚོགས་ལ་ངོ་རྒོལ་བྱས་ན་མི་ཆོག་པ་ཅི་ཡོད།
༧གོང་ས་མཆོག་གིས་དོལ་རྒྱལ་ཐད་ནས་དགེ་སྐྱོན་གླེང་བ་ལས་དོལ་རྒྱལ་བསྟེན་མི་ཆོག་གསུངས་མྱོང་མེད་ལ། གལ་ཏེ་དོལ་རྒྱལ་བསྟེན་ན་ངའི་སར་གསུང་ཆོས་ཞུ་བར་མ་བཅར་རོགས་ཞེས་གསུང་གི་ཡོད་ལ། དེ་ནི་ནང་ཆོས་དང་འབྲེལ་པའི་བླ་སློབ་བར་གྱི་དམ་ཚིག་གི་གནད་དོན་ཞིག་ཡིན་པས་རེད། ནང་ཆོས་རྣལ་མ་བྱེད་མཁན་ཞིག་ཡིན་ན་བླ་སློབ་བར་གྱི་དམ་ཚིག་ནི་རང་ཉིད་ཀྱི་ནང་ཆོས་ཉམས་ལེན་མཐར་འཁྱོངས་མིན་གྱི་འགོ་འཛུགས་ས་རེད། གལ་ཏེ་བླ་སློབ་བར་གྱི་དམ་ཚིག་བསྲེ་སླད་ཅན་ཡིན་ན་རང་གཞན་གཉིས་ཀ་དམྱལ་བར་འགྲོ་དགོས་པ་གསུང་རབ་ན་མཇལ་རྒྱུ་ཡོད།
ཆོས་ལུགས་གང་དང་གང་ཡིན་ནའང་རང་ཉིད་ལ་བསྲུང་དགོས་པའི་དམ་ཚིག་རེ་ཡོད་པ་དེ་བསྲུང་དགོས་ལ། ༧གོང་ས་མཆོག་གིས་ནང་པའི་དམ་ཚིག་དེ་སྲུང་བཞིན་སུ་ལ་གསུང་ཆོས་གནང་མིན་སྐུ་སྒེར་གྱི་ཐོབ་ཐང་རེད། དོལ་རྒྱལ་བར་གསུང་ཆོས་གནང་གི་མིན་པའི་ཐག་གཅོད་དེ་ཡང་ཁོང་གི་ཐོབ་ཐང་རེད། དེར་བརྟེན་རང་དབང་དང་ཐོབ་ཐང་ཤོད་ཀྱིན་གཞན་གྱི་ཐོབ་ཐང་ཆེད་དུ་གསོད་མཁན་ངོ་མ་དེ་དོལ་ཚོགས་ཆགས་ཡོད།
༧གོང་ས་མཆོག་ནི་དོལ་རྒྱལ་རྗེས་འབྲང་བ་མི་བཅུ་སྐོར་ཞིག་ཕུད་རྗེས། བོད་མི་ཡོངས་ཀྱིས་རང་ལ་བཀའ་དྲིན་བླ་ལྷག་ཏུ་ལྕི་ཞིང་། ནམ་ཡང་༧གོང་ས་མཆོག་ལྟ་བུའི་འཛམ་གླིང་ལ་གཡོ་འགུལ་གཏོང་ཐུབ་པའི་སྐྱེས་ཆེན་ཞིག་བོད་མིའི་རིགས་སུ་འཁྲུངས་པ་དེ་རང་ཉིད་ཀྱི་སྤོབས་པ་དང་གཟི་བརྗིད་དུ་བརྩི་བཞིན་ཡོད་ན། སུ་ཞིག་གིས་༧གོང་ས་མཆོག་ལ་རྒྱུ་མཚན་མེད་ལ་དོན་དངོས་དང་མི་མཐུན་པའི་ངན་སྨྲ་དང་སྦྱོར་བ་ཅི་ཞིག་བརྩམས་ནའང་། བོད་མི་མི་རེ་ངོ་རེ་ལ་ངན་སྨྲས་དང་གླེང་འགེལ་བྱས་པ་ཆགས་ཀྱིན་ཡོད་དུས། དོལ་ཚོགས་ནི་༧གོང་ས་མཆོག་གཙོས་བོད་མི་ཚོའི་དགྲ་རུ་ལངས་བཞིན་ཡོད་ལ། ཁོང་ཚོས་བོད་མིའི་ཚོའི་སེམས་ལ་རྨ་ཁ་བཟོ་བཞིན་ཡོད།
བསམ་བློ་གཏོང་དགོས་པ་ཞིག་ལ། དོལ་རྒྱལ་ཁ་ལ་འཁྱེར་ཏེ་རྒྱབ་ན་ཅི་ཞིག་ཡོད་པའང་གསལ་བོ་ཆགས་བཞིན་འདུག་ལ། མི་དེ་དག་ལ་དགོས་པ་དེ་དོལ་རྒྱལ་བསྟེན་མིན་གྱི་གནད་དོན་མ་ཡིན་པར་༧གོང་ས་མཆོག་གི་མཛད་འཕྲིན་ལ་གནོད་སྐྱེལ་ཐབས་དང་། བོད་མིའི་རང་དབང་འཐབ་རྩོད་ལ་ཕྱོགས་ཡོངས་ནས་རྨ་ཁ་བཟོས་ཏེ། འཐབ་རྩོད་དང་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་རྒྱུ་དེ་རེད། ལས་ཀ་དེར་རྒྱ་གཞུང་ནས་རྒྱབ་སྐྱོར་ཐོབ་བཞིན་ཡོད་པའང་མངོན་གསལ་དུ་འགྲོ་བཞིན་ཡོད།
ང་ཚོས་བོད་ཀྱི་རྩ་དོན་ཆེད་གང་ཡོང་ཅི་ཐུབ་ཀྱི་ནུས་པ་འདོན་པའི་སྐབས་འདིར། དོལ་ཚོགས་ཀྱིས་ཕྱི་རྒྱལ་བ་མདུན་དུ་བརྫངས་ཏེ། ༧གོང་ས་མཆོག་གི་ཆིབས་བསྒྱུར་སྐབས་སུ་ངོ་རྒོལ་བྱེད་ཐེངས་རེ་ལ་བོད་མི་ཚོའི་སེམས་སྐྱོ་ཞིང་མིག་ཆུ་བཞུར་འཇུག་གི་ཡོད། དོལ་ཚོགས་ཀྱི་བྱེད་སྟངས་དེ་ནི་ཉམ་ཆུང་ལ་ཐུབ་ཚོད་དང་བརྙས་བཅོས་བྱས་པ་རང་ཡིན་སྟབས། བོད་མི་ཚོས་སྔར་ལས་ལྷག་པའི་༧གོང་ས་མཆོག་གི་བཀའ་དྲིན་དྲན་བཞིན་ཁོང་ལ་ཡིད་ཆེས་ཆེ་ནས་ཆེ་རུ་འགྲོ་བཞིན་ཡོད་ཅིང་། ལམ་སྟོན་བཀའ་སློབ་དག་སྙིང་གི་དཀྱིལ་དུ་ཉར་ཏེ་མདུན་དུ་བསྐྱོད་ལ་སྤོབས་པ་སྔར་ལས་རྒྱས་བཞིན་ཡོད།
༼ཟུར་ཞུ། རྩོམ་ཡིག་འདི་ཁ་པར་དུ་བྲིས་པ་ཡིན་ལ། ཞུ་དག་བྱེད་པར་ཁོམ་པ་མ་བྱུང་བས་ནོར་བ་དག་ལ་དགོངས་དག་ཞུ།༽
བདེན་གི སྐད་ཆ་ལ་རྒྱབ་སྐྱོར་ཡོད། རྫ་ཚེ་རིང་བཀྲ་ཤིས།
དེང་སང་དོལ་ཚོགས་ཚང་གིས་འུ་ཐུག་པའི་ལས་ཀ་དང་། ཚད་ལས་བརྒལ་བའི་བྱ་བ་མང་པོ་བྱེད་ཀྱི་འདུག འདི་འདྲ་ཡག་པོ་གཏན་ནས་མ་རེད།
དོལ་རྒྱ་བ་རྣམས་ལ་མ་མཐའ་ཡང་འགྲོ་བ་མི་ཞིག་གི་འདུ་ཤེས་ཡོད་པའི་ཐོག་ནས་བསམ་བློ་སྟངས་རྒྱུ་དང་སྐད་ཆ་བཤད་དགོས་རྒྱུ་དེ་གནད་འགག་རེད། ཕྱོགས་ཕན་ཚུན་ཚང་མས་རང་འདོད་རྐྱང་རྐྱང་བཤད་སྡོད་པས་གནས་ཚུལ་འདི་ལ་སླེབས་པ་རེད། ད་དུང་ཡང་འདིའི་སྐོར་གནས་ཚུལ་ཇི་ཡོང་དང་ཁ་ཕྱོགས་ག་འགྲོ་སུ་ཡིས་ཤེས། བསྟན་དགྲ་རྒྱ་དམར་དང་མཉམ་དུ་ཞི་གྲོས་ཆོག་ན་བོད་མི་རྩམ་ཟས་ཀྱི་རིགས་་མཐུན་ལྷན་དུ་ཞི་གྲོས་མི་ཐུབ་དོན་འདི་དག་ནི་ཆོས་དང་འཇིག་རྟེན་གང་ནས་བསམ་ཀྱང་བློ་ངོར་བབ་པ་ཞིག་མ་རེད། ནང་ཁྲོམ་སྟོན་རྒྱུ་མང་ན་ནང་རུལ་མཐོང་རྒྱུ་ལས་མེད་དོ།
དོལ་རྒྱ་བ་རྣམས་ལ་མ་མཐའ་ཡང་འགྲོ་བ་མི་ཞིག་གི་འདུ་ཤེས་ཡོད་པའི་ཐོག་ནས་བསམ་བློ་སྟངས་རྒྱུ་དང་སྐད་ཆ་བཤད་དགོས་རྒྱུ་དེ་གནད་འགག་རེད། ཕྱོགས་ཕན་ཚུན་ཚང་མས་རང་འདོད་རྐྱང་རྐྱང་བཤད་སྡོད་པས་གནས་ཚུལ་འདི་ལ་སླེབས་པ་རེད། ད་དུང་ཡང་འདིའི་སྐོར་གནས་ཚུལ་ཇི་ཡོང་དང་ཁ་ཕྱོགས་ག་འགྲོ་སུ་ཡིས་ཤེས། བསྟན་དགྲ་རྒྱ་དམར་དང་མཉམ་དུ་ཞི་གྲོས་ཆོག་ན་བོད་མི་རྩམ་ཟས་ཀྱི་རིགས་་མཐུན་ལྷན་དུ་ཞི་གྲོས་མི་ཐུབ་དོན་འདི་དག་ནི་ཆོས་དང་འཇིག་རྟེན་གང་ནས་བསམ་ཀྱང་བློ་ངོར་བབ་པ་ཞིག་མ་རེད། ནང་ཁྲོམ་སྟོན་རྒྱུ་མང་ན་ནང་རུལ་མཐོང་རྒྱུ་ལས་མེད་དོ། རོང་བཙན་གྱི་གསུངས་པར་མངོན་པར་བསྟོད་དོ།
་་་་་་་ བསམ་བློ་གཏོང་དགོས་པ་ཞིག་ལ། དོལ་རྒྱལ་ཁ་ལ་འཁྱེར་ཏེ་རྒྱབ་ན་ཅི་ཞིག་ཡོད་པའང་གསལ་བོ་ཆགས་བཞིན་འདུག་ལ། མི་དེ་དག་ལ་དགོས་པ་དེ་དོལ་རྒྱལ་བསྟེན་མིན་གྱི་གནད་དོན་མ་ཡིན་པར་༧གོང་ས་མཆོག་གི་མཛད་འཕྲིན་ལ་གནོད་སྐྱེལ་ཐབས་དང་། བོད་མིའི་རང་དབང་འཐབ་རྩོད་ལ་ཕྱོགས་ཡོངས་ནས་རྨ་ཁ་བཟོས་ཏེ། འཐབ་རྩོད་དང་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་རྒྱུ་དེ་རེད། ལས་ཀ་དེར་རྒྱ་གཞུང་ནས་རྒྱབ་སྐྱོར་ཐོབ་བཞིན་ཡོད་པའང་མངོན་གསལ་དུ་འགྲོ་བཞིན་ཡོད། ་་་་་་་
རོང་བཙན་ལ་རྒྱབ་སྐྱོར་ཡོད།
གདོང་དང་གདོང་ཐུག་ནས་ཕན་ཚུན་སྐད་ཆ་གསལ་བཤད་གནང་རེས་བྱས་ན་གང་འདྲ་འབྱུང་ངམ། ཁྱི་རྩིགས་ཁུང་དུ་བཅུར་བཅུར་བྱས་ན་ཚུལ་ཁ་ལོག་པའི་ཉེན་ཁ་ཡོད།
ཆབ་སྲིད་ལ་མཁས་པའི་བོད་དབུས་གཙང་གི་ཕ་མ་ཚོས། རང་གི་ཕྲུག་གུར་སློབ་གསོ་འདི་ལྟར་རྒྱབ་ཀྱི་ཡོད་རེད་ཟེར། རང་གི་དགྲ་ལ་མཛུམ་སྟོན། རང་གི་གཉེན་ལ་མཛུམ་འདོན་མི་དགོས་ཁོང་ཚོ་ཡིན་ཡིན་ཤག་ཤག་རེད་ཅེས་གདམས།
དཔེར་ན། བྲ་ཆེན་བོན་པོ་བ་དཔའ་བོ་ག་རྒྱ་འགྲམ་ནག་ཇག་པ་སྟོང་གིས་བརླག་མི་ཁ་མཁན་ཞིག་་་་དབུས་གཙང་མི་སྡར་མ་ཞིག་གིས་མཛུམས་བསྟན་ནས་བཏུལ་བར་གྲགས།
བོད་མི་རིགས་ལ་སེམས་པ་དཀར་བ་དང་བོད་རྒྱལ་ཁབ་ཀྱི་ལས་དབང་བསམ་མཁན་བོད་མི་ཡོངས་ཀྱིས་༧རྒྱལ་བ་རིན་པོ་ཆེན་དང་དོལ་རྒྱལ་ཚོགས་པའི་བོད་མི་རྣམས་ཀྱི་བར་དུ་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་ཡོང་ཐུབ་པ་ལ་འབད་བརྩོན་དང་མཐུན་འགྱུར་བྱེད་དགོས་ངེས་ཡིན།
བོད་མི་རིགས་ནང་ཁུལ་དུ་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་མ་བྱུང་ན་བོད་དོན་འཐབ་རྩོད་བྱེད་མི་ཐུབ་པ་ཡང་དངོས་ཡོད་ཡིན། ཆིག་སྒྲིལ་ནི་རྩ་བའི་རྩེ་ལ་བཞག་དགོས་པའི་རྩ་དོན་གལ་ཆེན་ཞིག་ཡིན་པར་ཚང་མས་མཁྱེན་གསལ་རེད། ཕྱོགས་གཉིས་ཀས་ངོས་ནས་གཉིས་ཕན་ཞིག་དང་གྲོས་མོལ་གྱི་རྒྱུད་ནས་གནད་དོན་ཐག་གཅོད་གནང་རོགས་ཅེས་བོད་མི་ཕལ་པ་ཞིག་རེ་འབོད་བྱེད་བཞིན་ཡོད།།
གཉིས་ཕན་དང་གྲོས་མོལ་གྱི་རྒྱུད་ནས་དཀའ་ངལ་སེལ་ཐབས་མི་བྱེད་པར་གཅིག་ཤི་གཅིག་གསོན་རང་གི་ཐོག་ཏུ་ཕྱིན་ན་བོད་མི་རིགས་ལ་བདེ་སྐྱིད་ཀྱི་ཉི་མ་ཤར་མི་སྲིད་ལ་བོད་དོན་འཐབ་རྩོད་ཀྱི་ནུས་པ་ཐོན་མི་སྲིད། ང་ལྟ་བུ་ཤེས་ཡོན་མེད་མཁན། འཇོན་སྟངས་མེད་མཁན། གོ་གནས་མེད་མཁན་གྱི་མི་བུ་ཐ་མ་པ་ཞིག་གིས་ངོས་ནས་རེ་བ་ཆེན་ཤོས་ཕྱོགས་གཉིས་མཐུན་སྒྲིལ་ཡོང་དགོས་པ་འདིར་ཡིན། རེ་བ་ཡིན་ལ་འབད་བརྩོན་ཡང་ཡིན།
ཕྱོགས་གཉིས་ཀས་ངོས་ནས་གཉིས་ཕན་ཞིག་དང་གྲོས་མོལ་གྱི་རྒྱུད་ནས་གནད་དོན་ཐག་གཅོད་གནང་རོགས་ཅེས་བོད་མི་ཕལ་པ་ཞིག་༼གིས་ངོས་ནས་༽རེ་འབོད་བྱེད་བཞིན་ཡོད།།ཅེས་བཅོས་རོགས་བྱོས།
སྔར་གྱི་ཡུལ་གྱི་རྒྱལ་པོས་བཙན་ཁྲིམས་དང་། དེང་གི་ནུབ་མཕྱོགས་ན་སིས་དང་། ཤར་ཕྱོགས་དམར་ལུགས་ཀྱིས་དམར་གསོད་གཉིས་མི་འདྲ་བ་ཆེན་པོ་ཡོད་པ་ཡང་མཁྱེན་པ་དགོས་པ་གལ་ཆེ།
གཉིས་ཕན་གཉིས་ཕན་ཟེར་བའི་ཚིག་སྐམ་སྙན་མོ།
བོད་རིགས་ནང་མཐུན་དགོས་དུས་ཕན་ཐོགས་མེད་ན།
མ་ཐུབ་དགྲ་བོའི་མདུན་དུ་སྡར་སྐད་ཙམ་ལས།
ཐེག་པ་ཆེན་པོའི་སྤྱོད་པ་ཡིན་མདོག་མི་འདུག
གྲོས་མོལ་གྲོས་མོལ་ཟེར་བའི་མཐུན་ཚིག་སྙན་མོ།
ནང་ཁུལ་གྲོས་མོལ་དགོས་དུས་ཕན་ཐོགས་མེད་ན།
སྒེར་གྱི་ཕོར་ཆོས་ཆེད་དུ་གྲོས་སྡུར་ཙམ་ལས།
སྤྱི་མཐུན་གུ་ཡངས་གྲོས་མོལ་ཡིན་མདོག་མི་འདུག
དོལ་རྒྱལ་བ་ཚོས་བོད་མི་རིགས་ཀྱི་རྩ་དོན་རྒྱབ་ཏུ་བསྐྱུར་ནས་བོད་སྤྱི་ལ་གནོད་པའི་ལས་འགུལ་འདྲ་མིན་སྤེལ་བཞིན་པ་ནི་ཁོ་ཚོའི་ནོར་འཁྲུལ་ཆེ་ཤོས་ཤིག་ལ་ངོས་འཛིན་བྱེད་བཞིན་ཡོད། ང་ཚོ་བོད་ཀྱི་ཕ་མེས་ཡང་མེས་དག་གི་གདོང་ལ་ཐལ་བ་སྤར་མོ་གང་བྱུགས་པ་དང་གཅིག་མཚུངས་རེད། མི་ཟེར་བ་འདི་མགོ་བོ་རྨོངས་སོང་ན་འདི་འདྲ་ཡིན་རྒྱུ་རེད། གསུམ་བཅུ་དུས་དྲན་གྱིས་མཚོན་པའི་བོད་ཀྱི་དུས་དྲན་ཁག་སྲུང་གཙི་བྱེད་རྒྱུ་ནི་ཁོ་ཚོའི་རྨི་ལམ་དུ་ཡང་འཁོར་མྱོང་མེད་པ་འདྲ། བོད་ཀྱི་རྩ་དོན་ལ་ཕན་པའི་ལས་ཀ་ཏིལ་འབྲུ་ཙམ་ཡང་བྱས་པ་གོ་མ་མྱོང་། ད་དུང་དེ་ལས་ལྡོག་ཕྱོགས་ཀྱི་ལས་འགུལ་འདི་འདྲ་སྤེལ་ནས་ཁོང་ཚོས་ཅིག་འཇོན་ཡོད་བསམ་སྲིད། དངོས་གནས་ཐབས་སྐྱོ་བོ་རེད། དགྲ་དགའ་གཉེན་སྡུག་གི་ལས་ཟེར་ནའང་འདི་ལས་ལྷག་ཅིག་ཡོད་པ་མ་རེད།
ཞབས་འདྲེན་ཞུ་མཁན་དོལ་ཚོགས་ཚོ། །
ཚོད་ཟིན་ཚོད་ཟིན་མ་རབས་ཚོ། །
རང་མདོག་མ་སྟོན་བོད་རིགས་ཚོ། །
དགྲ་དགའ་གཉེན་སྡུག་མ་མང་ཅིག །
དགེ་བསྙེན་སྐུ་རླུང་བཞེངས་ཤག
ཀརྡོ་ལགས། ཚེ་གཅིག་བསགས་པའི་དགེ་བ་ཏོག་ཙམ་ཡོད་པ་དེ་ཡང་ཁོང་ཁྲོ་གཅིག་གིས་འཇོམས་ཡོང་བ། ཁྱོད་རང་མི་བློ་རྒྱ་ཆེན་པོ་ཡོད་མཁན་གཉིས་ཕན་དབུ་མའི་ལམ་ནས་བོད་རྒྱ་མི་རིགས་མཐུན་དགོས་ཟེར་མཁན་དེ་འདྲ་ཡིན་པ། ཚེ་བརྟན་སྒྲོལ་མས་གླུ་ལེན་ལེན་བྱས་ནས་དྲ་ཐོག་ཏུ་མཆན་བུ་ག་ཚོད་མང་པོ་བཏབ་ཡོད། ངས་བརྗེད་མེད་ད། བརྗེད་མི་སྲིད་སྐད་ཆ་དེ་དག་བོད་མི་ཚོས་ཡང་བརྗེད་སྲིད་ཀྱི་མ་རེད། ཚེ་བརྟན་སྒྲོལ་མའི་གླུ་དང་ཀརྡོ་ཕྱག་གཉེར་པའི་མཆན་བུ་གཉིས་ལས་ལྷག་ཞིག་བོད་མི་རྒྱལ་གཅེས་པ་ཚོའི་སྙིང་ལ་སུན་པ་ཞིག་གང་ན་ཡོད། ཧཧཧ ་སྐུ་རྩེད་ཡིན་ད།
དོལ་རྒྱལ་བ་ཚོས་བོད་མི་རིགས་ཀྱི་རྩ་དོན་རྒྱབ་ཏུ་བསྐྱུར་ནས་བོད་སྤྱི་ལ་གནོད་པའི་ལས་འགུལ་འདྲ་མིན་སྤེལ་བཞིན་པ་ནི་ཁོ་ཚོའི་ནོར་འཁྲུལ་ཆེ་ཤོས་ཤིག་ལ་ངོས་འཛིན་བྱེད་བཞིན་ཡོད། ང་ཚོ་བོད་ཀྱི་ཕ་མེས་ཡང་མེས་དག་གི་གདོང་ལ་ཐལ་བ་སྤར་མོ་གང་བྱུགས་པ་དང་གཅིག་མཚུངས་རེད། མི་ཟེར་བ་འདི་མགོ་བོ་རྨོངས་སོང་ན་འདི་འདྲ་ཡིན་རྒྱུ་རེད། གསུམ་བཅུ་དུས་དྲན་གྱིས་མཚོན་པའི་བོད་ཀྱི་དུས་དྲན་ཁག་སྲུང་གཙི་བྱེད་རྒྱུ་ནི་ཁོ་ཚོའི་རྨི་ལམ་དུ་ཡང་འཁོར་མྱོང་མེད་པ་འདྲ། བོད་ཀྱི་རྩ་དོན་ལ་ཕན་པའི་ལས་ཀ་ཏིལ་འབྲུ་ཙམ་ཡང་བྱས་པ་གོ་མ་མྱོང་། ད་དུང་དེ་ལས་ལྡོག་ཕྱོགས་ཀྱི་ལས་འགུལ་འདི་འདྲ་སྤེལ་ནས་ཁོང་ཚོས་ཅིག་འཇོན་ཡོད་བསམ་སྲིད། དངོས་གནས་ཐབས་སྐྱོ་བོ་རེད། དགྲ་དགའ་གཉེན་སྡུག་གི་ལས་ཟེར་ནའང་འདི་ལས་ལྷག་ཅིག་ཡོད་པ་མ་རེད། འདིར་རྒྱབ་སྐྱོར་གཙང་མ་ཡོད་་་་ས་ལེ་སྦྲམ་
ང་རང་གི་བསམ་ཚུལ་ལ། གོང་ས་མཆོག་གི་ངོས་ནས་གྲོས་མོལ་བྱ་རྒྱུ་ཞིག་གང་ཡང་ལྷག་མེད་པར་སྙམ། གོང་ས་མཆོག་གིས་དོལ་རྒྱལ་གསོ་ན་ང་དང་ཆོས་འབྲེལ་མ་གནང་རོགས་གསུངས་པ་ནི་སྒེར་གྱི་རང་དབང་རེད། གསོ་དང་མ་གསོ་དོལ་རྒྱལ་ཚོགས་པའི་རང་དབང་རེད། བོད་དོན་ནི་བོད་མི་ཡོངས་ཀྱི་དོན་ཆེན་ལས། གོང་ས་མཆོག་གི་དོན་དུ་ག་ལ་ཡིན། ག་དུས་ཡིན་ནའང་གོང་ས་མཆོག་ལ་ངོ་རྒོལ་ཁྱི་ཟུག་ཟུག་བྱས་པ་ནི་དྲང་ཤག་གཏན་ནས་མ་རེད། ངོ་རྒོལ་ནང་དོན་གང་ཡིན་ནམ། གོང་ས་མཆོག་ལའང་དོལ་རྒྱལ་གསོ་དགོས་པའི་བཙན་ཤེད་རེད་དམ། དེ་མིན་དམིགས་ཡུལ་གཞན་པ་གང་ཡིན། སྤོབས་ལོ་གཉིས་ཀྱིས་དྲང་བདེན་གྱིས་རྩོམ་ཡིག་སྤེལ་བར། དགེ་བཤེས་དོན་བཀྲ་སོགས་ཁག་ཅིག་གིས་སྟག་རྒོད་ངར་མ་བཞིན། གཟི་ཉམས་དང་། རྡེག་ར་ཧ་ཅང་ཆེ་བས། དོལ་ཚོགས་ཀྱིས་མངོན་སུམ་འཛིན་མེད་ངང་ནས། འཛམ་གླིང་ཡོངས་སུ་བསྒྲགས་ཏེ་གོང་ས་མཆོག་ལ་འདི་འདྲའི་སྤྱོད་ངན་བསྟན་སྐབས། ཁྱོད་རྣམས་ཀྱིས་མ་ཤེས་པ་རེད་དམ། མ་གོ་རེད། དེ་མིན་སྐྲག་པ་རེད།
དོལ་རྒྱལ་བ་ཚོ་རྒྱ་དངུལ་སྔོ་ལྷེབ་ལྷེབ་དེས་དམར་ཧྲེང་ལ་ཕུད་ནས་ངོ་ཚ་མེད་པ་དང་། ལས་འབྲས་མེད་པ། ཁྲེལ་མེད་པ། ཐ་ན་སོ་སོས་གང་ཞིག་བྱེད་ཀྱི་ཡོད་མེད་ངོས་མ་ཟིན་པའི་དོན་ཚོགས་དངུལ་སྨྱོན་པ་ཁྱུ་ཞིག་ཆགས་ཟིན་སྟབས་སྨྱོ་རྩ་རྒྱ་དངུལ་དེ་མ་སྟོང་བར་དོལ་ཚོགས་ཀྱི་སྨྱོ་ནད་དེ་སང་ཐབས་མེད། ཐོག་མར་སྨྱོ་ནད་དེའི་ནད་རྟགས་གསལ་པོ་ང་རང་ཚོའི་ངོས་ནས་ངོས་འཛིན་གསལ་པོ་བྱུང་ཡོད་ཀྱང་། སྨན་བཅོས་ལེགས་པོ་མ་བྱུང་བ་དང་སྨན་པ་ཐབས་མཁས་ཞིག་བྱ་མ་ཐུབ་པའི་ལེན་ཁ་ང་ཚོའི་ངོས་འཛིན་བྱེད་དགོས་སྙམ། ད་ཆ་སྨྱོ་ནད་དེ་གཏིང་ནས་ལང་ཟིན་སྟབས་དེ་མུར་འཇོག་ན་དགེ་བ་ལས་ནད་ངན་དེ་ལས་སྐྱོབས་ཐུབ་མཁན་མེད། ཁོ་ཚོས་ཆོས་ཁ་ལ་འཁྱེར་ནས་མི་གསོད་ཁྲག་སྦྱོར་གྱི་བྱ་ངན་གང་ཡང་བྱ་དང་བྱེད་མུས་ཡིན་སྟབས་དེ་ལུགས་་ང་ཚོས་ཡིད་ཟབ་དགོས་པ་ལས་གཞན་ཐབས་ལམ་འདྲ་ཨ་ཡོད་བསམ། དྲ་གྲོགས་ཚོར་ཐབས་ལམ་འདྲ་ཡོད་ན་གསུང་དང་།
ཀརྡོ་ལགས་ཀྱིས་མཆན་ལྔ་པར་མུས་མཐུན་ཡོད་
ཁ་ཐུག་ཁྱེད་རང་ཁ་ཐུག་འགྲོ་རྒྱུ་མིན་འདུག་ཁ་ཐུག་འགྲོ་ན་ཆོ་ཞེ་དྲག་མེད་པ་འདྲ་ དེ་ལས་གཏིང་ལ་ཕྲན་བུ་ཞིག་འཛུལ་དང་གཞི་ནས་དྲོ་བ་ཞིག་རྙེད་ཡོང་གི་རེད་
རླུང་ལངས་པའི་མ་ཚད། རླིག་པ་ཡང་ལངས་སོང་བས། ༸གོང་ས་མཆོག་གི་ཉེ་བར་ཕྱིན་ནས་སྐད་འབོད་བྱེད་མཁན་ཨ་རིའི་ཨ་ནེ་དེ་ཐུག་ནས། ངོ་ཤེས་ན། བཙན་གཡེམ་བཏང་རྐྱང་ཡིན་ནོ།། །།ཧཧ།། །།
དོལ་རྒྱལ་ཚོགས་པས་རྒྱ་མི་སྒོར་མོ་ཟ་གི་ཡོད་རེད་ཟེར་ནས་བཤད་ཀྱི་འདུག སྐད་ཆ་དེ་འདྲ་བཤད་མཁན་ཚོས་ངོས་ནས་དོལ་རྒྱལ་ཚོགས་པས་རྒྱ་སྒོར་ཟས་ལུགས་ཟས་སྟངས་གསལ་པོ་རེ་དྲ་ཐོག་བཀོད་ཐུབ་ན་ང་ཚོ་ལ་ཕན་ཐོགས་འདུག བྱུང་ན་དཔང་རྟགས་དང་བཅས་བཀོད་རོགས་བྱོས། ཤེས་འདོད་ཆེན་པོ་ཡོད། ཁ་གསལ་དཔང་རྟགས་དང་བཅས་པ་བཀོད་ཀྱི་མེད་ན་ང་ཚོས་ཡིད་ཆེས་བྱ་དཀའ་བ་འདུག སྔོན་མ་ཐད་ཝན་ཕོག་ཟ་མཁན་རེད་ཟེར་ནས་བོད་མི་མང་པོ་ལ་མ་ཉེས་ཁ་གཡོགས་བྱས་སོང་། རྗེས་སུ་མི་གཞན་གྱིས་ཐད་ཝན་ཕོག་ཟ་གི་འདུག་ཟེར་ནས་སྐད་བརྒྱབས་བསྡད་མཁན་དེ་དག་ཐད་ཝན་ཕོག་ཟ་མཁན་རེད་འདུག དེ་བཞིན་དོལ་རྒྱལ་ཚོགས་པས་རྒྱ་མི་དངུལ་ཟ་གི་འདུག་ཟེར་བསྡད་མཁན་ཁོ་རང་ཚོ་ལ་དོགས་པ་སྐྱེས་ཡོང་གི་འདུག
དགེ་བརྙེན་གྱི་ཡིད་སྡོམ་ཤོར་ཚར་སོང། ཨ་ཁ། ད་ཕྱི་ལུས་སྡོམ་ཙམ་ལས་ལྷག་མི་འདུག
བདག་ནི་གྲ་རྒན་ཤི་བའི་རྣམས་ཤེས་འཁྱམས་པོ་ཞིག་གསོ་ན་དངོས་སྒྲུབ་གནང་བའི་ཡིད་ཆེས་མེད་ལ། མ་གསོ་ན་མ་བར་ཆད་ཡོངས་བའི་འཇིག་སྣང་དེ་བས་མེད། ད་ལྟ་དོལ་ཚོགས་ཀྱི་བྱས་ལས་འདི་སྲིད་དོན་པའི་ལག་ཆར་བེད་སྤྱོད་བྱེད་ཀྱི་ཡོད་པ་ཚང་མས་མཁྱེན་ན་ཡག་པོ་རེད་བསམ་།
གང་ལྟར་གདུལ། བརྟུལ། འཐུལ། དུལ་ འདུལ་གང་ཐུབ་བྱས་ནས་ནང་དམེ་འདི་ཞི་བར་བྱེད་ཐུབ་ན་ལེགས། དེ་མིན་ཁ་རྩོད་འདི་ཁྲག་རྩོད་ལ་འགྱུར་བའི་ཉེན་ཁ་འདུག
གོང་དུ་མང་པོ་ཞིག་གིས་ཕན་ཚུན་གྲོས་མོལ་གནང་ན་ཅེས་དགོངས་འཆར་གསུང་མཁན་འདུག གྲོས་མོལ་མ་གནང་བ་མ་རེད། གདན་ས་ཁག་ལ་མཚོན་ན་རབ་དང་རིམ་པ་གནང་ནས་མཐའ་འཇུག་གྲུབ་འབྲས་མ་བྱུང་གཙང་། ཞི་བདེ་ལྷིང་འཇགས་ཡོང་ཆེད་ཕྱོགས་གཉིས་སུ་གནས་པ་རེད། ༧གོང་ས་མཆོག་གི་ཐོག་མའི་བཀའ་སློབ་ནས་ད་བར་རིམ་པར་བཀའ་ཇི་བཙན་དུ་སོང་བ་དེ་ཡང་དོལ་རྒྱལ་བ་ཚོས་དང་ལེན་གནང་ཕྱོགས་ནས་བྱུང་བ་རེད། གྲོས་མོལ་ཇི་ཙམ་གནང་བ་དེ་ཙམ་གྱི་སྤྱོད་པ་ཇི་རྩིང་དང་ཇི་ལོད་དུ་གྱུར་བ་རེད། ང་ཚོའི་ཁ་སྐད་ལ་གཤིབ་སྡུག་ཟེར་བ་ལྟར་རེད།
ལྷག་དོན་༧གོང་ས་མཆོག་ནས་ཁྲི་བྱང་རིན་པོ་ཆེར་གྲོས་མོལ་གནང་ཐབས་ཀྱིས་ཡུན་རིང་ངང་བསྒུགས་གནང་བ་རེད། ཁོང་ཚོས་བརྡ་ལན་གང་རེད་དམ།
༢༠༠༨ ལོར་གཙང་མ་ཆགས་རྗེས་དོལ་ཚོགས་པས་དོལ་རྒྱལ་ཕྱི་གསལ་ནང་གསལ་བྱས་ནས་བསྟན་ཆོག་པ་བྱུང་བ་རེད། དེ་ལ་ཡ་ལན་སུ་ཀྱང་སྤྲོད་མི་ནུས་ལ་སྤྲོན་མཁན་ཡང་མེད། བོད་མིའི་སྒྲིགས་འཛུགས་ནས་ཀྱང་གནོན་ཤུགས་སྤྲད་ཡོད་པ་མ་རེད། ཁོང་ཚོར་རང་དབང་ཆེན་པོ་བྱུང་བ་རེད། འོན་ཀྱང་ཁོང་ཚོར་སེམས་སྡུག་དགོས་པ་གཅིག་ནི་ཕྱོགས་གཏོགས་ཉུང་རུ་སོང་བ་དེ་རེད། དེ་ནི་སུ་གཅིག་གི་སྐྱོན་མ་རེད། ད་དུང་མ་འགྲིག་མ་མཐུད་པ་ལུང་པ་གང་བཤད་པ་མ་ཚད། དམིགས་བསལ་ཡིད་ལ་གནག་དགོས་པ་ཞིག་ནི་དངུལ་ཞེན་ལ་རྟེན་ནས་རྒྱལ་ཞེན་འདོར་བ་དེ་རེད། རང་ཡུལ་སྟོང་པ་བཞག་ནས་མི་ཡུལ་འོད་ཀྱིས་འགེངས་ཟེར་བ་ལྟར་རེད།
ང་ཚོས་ངོས་ནས་ད་ཐག་གཅོད་པ་གཙང་མ་བྱུང་བ་རེད་ཞེས་བསམ་ནས་སོ་སོའི་ལམ་དུ་འགྲོ་བཞིན་པ་རེད་དེ། དོལ་ཚོགས་ངོས་ནས་ང་ཚོའི་མི་མང་ལ་ང་རྒྱལ་དང་ཁོང་ཁྲོ་སློང་བ་ཇི་མང་ལ་གཏོང་བཞིན་པ་དེ་སུས་ནོར་འཁྲུལ་རེད། ཕན་དང་མི་ཕན་མི་དཔྱོད་ཅིང་། །བློ་དང་ཐོས་པ་མི་བསྒྲུབ་པར། །ལྟོ་འགྲངས་འབའ་ཞིག་དོན་གཉེར་བ། །སྤུ་མེད་པ་ཡི་ཕག་པ་ཡིན། །
ཡིད་ལ་བརྣག་
༸སྐྱབས་རྗེ།
ཕ་བོང་ཁ་ཡི་སློབ་མའི་ནང་། །
སྤུ་མེད་པ་ཡི་ཕག་པ་མང་། །
༸སྐྱབས་རྗེ།
ཁྲི་བྱང་མཆོག་གི་སློབ་མའི་ནང་། །
ཡ་སོ་ཅན་གྱི་བ་གླང་མང་། །
༸སྐྱབས་རྗེ།
ངས་ཀྱང་ཕ་བོང་བླ་མར་བཀུར། །
ཤུགས་ལྡན་ཁྱོད་རང་བཀུར་དོན་མེད། །
༸སྐྱབས་རྗེ།
ངས་ཀྱང་ཁྲི་བྱང་བླ་མར་བསྟེན། །
དོལ་རྒྱལ་གདོན་འདྲེ་བསྟེན་དོན་མེད། །
ང་ནི་བོད་པ་གཙང་མ་ཡིན་ སྐྱབས་སུ་འགྲོ་བ་བཞི་རང་དང་ ལས་དང་རྒྱུ་འབྲས་ཡིད་ཆེས་ཡོད་ བོད་ཀྱི་ལོ་རྒྱུད་ཤེས་ཀྱི་ཡོད
སྲུང་མ་ཡོད་པར་ཡིད་ཆེས་མེད་ སྐྱབས་གནས་སངས་རྒྱས་ཡོད་བཞིན་དུ་
སྲུང་མ་གཅིག་ཀྱང་རྟེན་འདོད་མེད་
ང་ནི་བོད་པ་གཙང་མ་ཡིན་ སྐྱབས་སུ་འགྲོ་བ་བཞི་རང་དང་ ལས་དང་རྒྱུ་འབྲས་ཡིད་ཆེས་ཡོད་ བོད་ཀྱི་ལོ་རྒྱུད་ཤེས་ཀྱི་ཡོད
སྲུང་མ་ཡོད་པར་ཡིད་ཆེས་མེད་ སྐྱབས་གནས་སངས་རྒྱས་ཡོད་བཞིན་དུ་ སྲུང་མ་གཅིག་ཀྱང་རྟེན་འདོད་མེད་
དགེ་བཤེས་འདྲེ་ལོག་ཅིག་སྲུང་མ་དང་ལྷ་དང་རྗེ་རིན་པོ་ཆེ་འདོད་པ་རྗེ་ཙོང་པ་ལ་ཅོ་འདྲི་བ་མ་ཡིན་ན། དོལ་འདྲེ་དེ་ལྟར་རྩ་ཆེན་དང་སྒྲུབ་ནས་ནང་པ་ཡིན་ཟེར་ན་དགེ་ལུགས་པ་སྤྱིའི་དགྲ་བཟོས་པ་རེད།
ནུབ་ཕྱོགས་གངས་ཕྲུག་ལགས། དེ་འདྲ་རང་ཨེ་ཡིན། ༧གོང་ས་མཆོག་ནས་ཡུལ་ལུང་གང་དུ་བཀའ་སློབ་གནང་རུང་། ཁ་ཆེ་ཕ་ལུའི་རྣམ་མཐར་བཤད་ཡོད་དོ། །ཉན་དང་མ་ཉན་སོ་སོའི་ལག་པ་རེད།།ཞེས་ཡང་ཡང་གསུངས་པ་རྒྱ་གར་ནང་ཐོས་མྱོང་ཡོད་ལ། ཕྱི་རྒྱལ་ལའང་ཐོས། གང་དུའང་བཀའ་སློབ་གཅིག་མཚུངས་རེད། དེ་ལ་ཡུལ་དུས་ཀྱི་ཁྱད་པར་མི་འདུག་གོ གནས་ཚུལ་གསལ་པོ་ཤེས་ན་མི་བཟང་ངམ།
དོལ་རྒྱལ་བསྟེན་མཁན་ཚོས་དངོས་སུ་ཕྱི་ལ་ཐོན་ནས་དོལ་རྒྱལ་གྱི་ཞི་དྲག་ལས་བསྒྲུབས་ནས་གཏོར་མ་འཕེན། དོལ་རྒྱལ་གྱི་ཁ་གཏད་ཚོས་རང་རང་དགའ་བའི་ལྷ་འདྲེ་གང་རུང་གསོལ། ལས་སྒྲུབ་ནས་གཏོར་རྒྱག་རྒྱོབ། སུ་ལ་རྒྱལ་ཁ་ལོན་ན་སྲུང་མར་གསོལ་ནས་པེ་ཅིང་ལ་གཏོར་མ་འཕེན་ཆུག
སྲུང་མས་མི་སྲུང་རྒྱུའི་ཚབ་ལ་ད་ལྟ་མིས་སྲུང་མ་སྲུང་དགོས་པ་འདིར་ང་སེམས་སྐྱིད་པོ་མིན་འདུག བོན་པོ་ཚོར་སྲུང་མ་འདྲ་ཡོད་ན་ཐོན་ཤོག མཉམ་ཞུགས་གནང་རོགས། ང་ཚོ་སྲུང་མ་ཚོར་ཡིག་ཚད་གཏོང་རན་འདུག
བོད་མི་ཡོངས་ལ་བཀྲིན་གྱི་བདག་ཉིད༧གོང་ས་མཆོག་ནས་བོད་ཀྱི་བསྟན་པ་ཆབ་སྲིད་ཁོ་ནའི་ཆེད་དུ་ཤུགས་ལྡན་སྐོར་བཀའ་སློབ་མ་གནང་ཐབས་མེད་བྱུང་བ་གཞིས་བྱེས་བོད་མི་བརྒྱ་ཆ་ 99.99% བསམ་ཤེས་ཐུབ་ནི་བཀའ་སློབ་དྭངས་ལེན་ཞུས་དང་ཞུ་བཞིན་པ་རེད། བྱས་ཅང་དགྲ་དགའ་གཉེན་སྐྱོའི་ལས་ལ་མི་ཞུགས་པར་རྒྱ་ཆེའི་མང་ཚོགས་མཉམ་དུ་ཤར་བསྐྱོད་ཐུབ་ན་བོད་དང་བོད་མིའི་རྒྱལ་ཁ་རེད།
བོད་ཀྱི་ཡུལ་ལྷ་གཞི་བདག་ཚང་མ་དབང་དུ་བསྡུ་མཁན་དམ་ལ་འདོགས་མཁན་སུ་ཡིན་ནའང་ད་ཐོན་རན་འདུག ད་ཙམ་འདུལ་བའི་དུས་ལ་བབ། མ་ར་ཡ་ཧུཾ་ཕཌ།
མ་གཞི་ནས་དཔལ་ན་ལཎ་ཊའི་རྗེས་འཇུག་ཚོས་སྲུང་མའི་སྐོར་རྩོད་དགོས་པ་ཇི་ལྟར་བྱུང་ངམ། རྩོད་ན་རྒྱ་གར་གྱི་ཡུལ་ལྷ་གཞི་བདག་དེ་ཚོར་རྩོད་ན་ལེགས་བོད་ཀྱི་ཡུལ་ལྷ་ཛེ་ཚོར་ཇུས་གཏོགས་མི་འདུག་བསམ།
དོལ་རྒྱལ་སྲུང་མ་མ་རེད། གདོན་འདྲེ་རེད། སྲུང་མ་བྱ་འདོད་དང་། བསྟེན་མཁན་འཚོལ་བགྱིན་ཡོད་མི་སྲིད་པ་ཡང་མ་རེད་སྙམ་ལགས།
མཆན་༢༣པ་འགོད་མཁན་ཁ་ཐུག་ཟེར་མཁན་ཁྱོད་དེ་ཙམ་ཁ་ཐུག་ཡོད་པ་མཐོང་གི་མིན་འདུག་ ད་ལྟ་ང་ཚོ་གང་སྤྱིར་གཞན་དབང་སྟབས་བཏུན་ངང་བསྡད་ཡོད་པས་བྱ་ཐབས་མེད་ དེ་མིན་ཁྱོད་ལ་དཔང་རྟགས་ག་ཚོད་དགོས་ཀྱང་དཀའ་ལས་མེད་པར་རག་གི་རེད་དཔང་རྟགས་གཅིག་དེ་རེད་ ཉེ་ཆར་༧གོང་ས་མཆོག་ལ་ནོར་ཝེ་གཞུང་གི་ཕེབས་སུ་མ་ཞུས་པ་དེར་དོལ་ཚོགས་ནས་དགའ་བསུ་ཞུ་དགོས་དོན་གང་རེད་ རྡ་ས་རིགས་སློབ་རྒན་ལགས་དང་སློབ་ཕྲུག་གཉིས་བསད་མཁན་ལག་དམར་བ་རྣམས་རྒྱ་དམར་གཞུང་གི་གསོ་སྐྱོང་འོག་ཡོད་པ་རྒྱལ་སྤྱིའི་ཉེན་རྟོགས་པས་ར་སྤྲོད་བྱས་ཡོད་ ད་དུང་དཔང་རྟགས་ཀྱི་བཀའ་མོལ་གནང་ན་དགོད་དྲོ་བའི་གནས་ཚུལ་རེད་
ཧཧཧ………
གཞན་གྱི་དད་པ་བྱེད་ས་ལ།
སྤུ་མེད་པ་ཡི་ཕག་པ་འབོད།
རང་གི་རྩ་བའི་བླ་མ་ལ།
བླ་རྒན་བོས་ན་ཞེ་སྡང་ལངས།
གང་ཕྱིར་བདག་དང་གཞན་གཉིས་ཀ
བདེ་བ་འདོད་དུ་མཚུངས་ནའང་།
རང་ཕྱོགས་གཅེས་པའི་གང་ཟག་ཚོས།
འདྲ་མཉམ་བསམ་པའི་ཡུལ་དུ་མེད།
ཀྱེ་མ་ཐེག་ཆེན་སྤྱོད་པ་འདི།
ད་ནི་ཉམས་པའི་དུས་ལ་བབ།
བླ་མའི་རྒྱུད་ལ་སྙིང་རྗེ་མེད།
ཆོས་པའི་རྒྱུད་ལ་དྲང་བདེན་མེད།
ཀརྡོ་ལགས། ཚན་རིག་དང་མཐུན་པའི་ཐོག་ནས་དོལ་རྒྱལ་འདྲེ་ཡིན་པར་འཛམ་གླིང་མི་དམངས་ལ་གསལ་སྟོན་བྱེད་ཐུབ་ན་ཁྱོད་ཀྱི་ཆོས་ཚོགས་ཕྱུག་པོ་ཆགས་ངེས་རེད་ད་་་ཧཧཧ
ལྷ་འདྲེའི་རྨོངས་དད་འོག་གི་བོད་མི་ཚོའི།
མི་ལུས་ལེན་ཀྱང་མི་ཕྱེ་སྨྱོན་པ་རེད།
དངོས་ཡོད་གནས་ཚུལ་མཐོང་བའི་བློ་མིག་མེད།
དངོས་མེད་ལྷ་འདྲེར་མཐོང་བའི་མངོན་ཤེས་ཡོད།
བཙན་པོ་གདོང་དམར་བོད་ཀྱི་མི་རིགས་འདིར།
ལྷ་ཆོས་འདི་ཡིས་མགོ་སྐོར་བྱས་བྱས་ཀྱིས།
ད་ནི་ཆོས་དང་ཆོས་པ་མཐོང་དུས་སུ།
སེམས་དང་བསམ་པའི་གཏིང་ནས་ཞེན་ལོག་ཞིག
མི་ལོ་སྟོང་གི་རིང་གྱི་དུས་ཡུན་ནང་།
ཆོས་ལུགས་བཟང་ངན་བརྩད་ནས་གསོད་རེས་བྱས།
གྲུབ་མཐའ་ཡག་ཉེས་གླེང་ནས་གསོད་རེས་བྱས།
བླ་བྲང་ཆེ་ཆུང་བརྩད་ནས་གསོད་རེས་བྱས།
སྤྲུལ་སྐུ་བདེན་རྫུན་བརྩད་ནས་གསོད་རེས་བྱས།
སྲུང་མ་ཡིན་མིན་བརྩད་ནས་གསོད་རེས་བྱས།
བསད་བསད་ཀྱིས་ལས་མཐའ་འདི་ལ་ཐུག
རང་ས་རང་ཡུལ་དམར་པོའི་རྒྱ་ལ་ཤོར།
གངས་ཅན་བོད་རིགས་ས་མཐའི་སྤྲང་འཁྱམ་ཆགས།
ཀྱེ་མ་ཁ་བ་རི་པའི་ལས་འདིར།
བསམ་ཞིང་བསམས་ན་སྐྱོ་བ་སྐྱེས་རོགས་རེད།
འདྲེས་ཤིང་འགྲོགས་ན་ཡིད་ཐང་ཆོད་རོགས་རེད།
ཡ་ང་སྙིང་རྗེ་མེད་པའི་བླ་སྤྲུལ་ལ།
སེམས་དང་བསམ་པའི་གཏོང་ནས་ཞེན་ལོག་ཞིག
མཆིན་དང་གློ་བའི་ཟུར་ནས་བློ་ཕམ་ཞིག
རང་དབང་མེད་པ་ཡང་ཡང་སྐྱེས་བཞིན་ཡོད།།
ཡུལ་ལྷ་ཞིབ་བདག་དམ་འདོག་མཁན་དང་བྲན་དུ་བཀོལ་མཁན་གུ་རུའི་ཡང་སྲིད་མང་མེད་ན་ཉུང་མེད་ང་ཡང་གཅིག་ཡིན་བན་དེ་བ་ལགས། དོལ་རྒྱལ་ཟེར་བ་དེ་ལོ་ཉིས་ཤུའི་གོང་ནས་ངས་དམ་ལ་འདོགས་བསམ་བྱུང་དེ། དེ་འདྲའི་རྒྱ་འདྲེ་ཟེར་བ་དང་དོལ་རྒྱལ་ཟེར་བ་རྒྱལ་ཆེན་ཟེར་བ་འཇམ་དབྱངས་རྣམ་སྤྲུལ་ཟེར་བ་ཞིག་མི་འདུག དེ་ནི་རྣམ་རྟོག་དགྲ་ལ་ལང་ན་ཁང་སྟོང་རྐུན་མས་འཁེངས་ཟེར་བ་རེད།
འཆི་ནས་བར་དོར་མ་ཕྱིན་པར། །
རྣམ་ཤེས་འཁྱམས་ན་གདོན་འདྲེར་སྐྱེས། །
བླ་སྔགས་ཚད་ལྡན་གང་རུང་གིས། །
དམ་བཞག་མེད་ན་གདོན་འདྲེར་འདོད། །
དེ་ལྷག་ཤོད་དཀའ་ཁ་ཐུག་ལགས། །
ངའི་མཆན་མི་དགོས་པའི་རྒྱུ་མཚན་གང་ཡིན་ནམ་ཁ་བརྡ་ལགས་ ཁ་ཐུག་ཟེར་བ་དེས་བསམ་ཚད་བཤད་ཆོག་པ་དང་ངས་དངོས་ཡོད་ཀྱི་མཆན་བུ་གཅིག་ཀྱང་འགོད་དབང་མེད་པ་གང་རེད་དམ་ ཡང་ན་ཁ་བརྡའི་ཁ་དེ་ཁ་ཐུག་གི་བཀག་ཟིན་པ་རེད་དམ
ཀརྡོ་ལགས། མདུན་གྱི་གཞི་འདིར་ཆོས་ཅན། ཤ་ཟ་ལ་ཤ་ཟ་སྐལ་ལྡན་དུ་སོང་བའི་གང་ཟག་གིས་ཤ་ཟ་ཡོད་ངེས་ཀྱི་དཔྱོད་ཤེས་དོན་མཐུན་མི་འཇུག་ཏེ། ཤ་ཟ་ལ་ཤ་ཟ་སྐལ་ལྡན་དུ་སོང་གང་ཟག་གིས་ཤ་ཟ་ཚད་མས་མ་དམིགས་པའི་ཕྱིར། ཞེས་པའི་རྟགས་འདི་ནི་མི་སྣང་བ་མི་དམིངས་པའི་རྟགས་ཡང་དག་རེད།
མདོ་ལས། ང་དང་ང་འདྲ་བའི་གང་ཟག་གིས་གང་ཟག་ལ་ཚོད་བཟུང་གིས། གང་ཟག་གིས་གང་ཟག་ལ་ཚོད་བཟུང་བ་མི་བྱ་སྟེ། སྙམ་པ་ཇི་ལྟར་རོ། ཞེས་གསུངས་ཡོད་ལེ་རེད།
ཁྱོད་ཀརྡོ་གཉེས་པས་གང་ཟག་ལ་ལྷ་འདྲེ་གང་ཡིན་ཚོད་བཟུང་ཐུབ་ཀྱི་ཡོད་པ་ཨེ་རེད། ངོ་བོ་སྐལ་བའི་གདན་འདྲེ་མཐོང་ཐུབ་ཀྱི་ཡོད་པ་ཨེ་རེད།་་་་ཧཧཧ ཁྱོད་ཀྱིས་ལུང་ཙམ་ལ་བརྟེན་ནས་གདན་འདྲེ་ཡོད་པ་སྒྲུབ་ཀྱི་ཡིན་ཟེར་ན་ནང་པའི་ཆོས་ཀྱི་ཐོག་ཏུ་སློབ་སྦྱོང་ཡག་པོ་བྱས་མ་ཐུབ་པས་ཕ་རྟགས་སྟོན་པ་རེད། ཧཧ་་སྐུ་རྩེད་ཡིན་ད།
དོལ་རྒྱལ་ཆོས་ཅན། འདོན་འདྲེ་ཡིན་པ་ཕལ་ཆེར་བདེན་ཏེ། ལྷ་འདི་འདི་བསྟེན་མཁན། ༸སྐྱབས་རྗེ་ཕ་ཕོང་ཁང་གི་ཡང་སྲིད་དང་། ༸སྐྱབས་རྗེ་ཁྲི་བྱང་རིན་པོ་མཆོག་གི་ཡང་སྲིད་གཉིས་པོ། ཕན་མེད་ནུས་མེད་དུ་གྱུར་བར་བྱས་པའི་ཕྱིར། །
ཟེར་བ་འདི། རྟགས་ཡང་དག་ཡང་། ཡིན་སྲིད་པས། ད་ཤུགས་ལྡན་འདྲེ་ཙམ་ཡིན་པ་དེ་ཡང་། ངས་ཚོད་བཟུང་ཐུབ་པ་འདུག་གོ།
ལྷ་འདི་འདི་བསྟེན་མཁན།
འདི།
ལྷ་འདྲེ་འདི་བསྟེན་མཁན།
ལ་བཅོས།