སྐལ་བཟང་དོན་གྲུབ།
———-
ཐུར་མའམ་ཁའེ་ཙི་ཞེས་འབོད་པའི་ཅ་ལག་འདི་བོད་ལ་གསར་དུ་སླེབས་པ་ཞིག་ཡིན་ནམ། ད་ལྟ་ལོ་ན་དྲུག་ཅུ་ཡས་མས་ཡིན་པའི་བོད་མི་ཚོས་འདི་སྤྱོད་མི་ཤེས། ད་ལྟ་ལོ་ན་བཞི་བཅུ་ཡས་མས་ཡིན་པའི་བོད་མི་ཚོས་འདི་སྤྱོད་ཤེས་དང་མི་ཤེས་གང་རུང་ཡིན་མོད་ཕལ་ཆེར་འདི་ལ་རྣམ་རྟོག་ཅིག་ཡོད། བཤད་སྲོལ་ལ། རྒྱའི་ཐུར་མ་རུམ་དང་བོད་ཀྱི་ཐུར་མ་ལམ་ཞེས་འབོད། རྒྱའི་ཐུར་མ་ཟེར་དུས་ཆ་འགྲིག་གི་ཐུར་མ་དེ་རེད། བོད་ཀྱི་ཐུར་མ་ཟེར་དུས་ཆ་ཡིན་དགོས་པའི་མེད་ཅིང་། རིའམ་ལུང་དུ་ཟས་གཡོས་དུས་ཤིང་དུམ་སྣ་ཚོགས་པ་ཞིག་གི་ཡལ་ག་བཅག་ནས་ཟས་འཐུང་སྤྱད་བྱེད།
ད་ལྟ་སྐད་འཕྲིན་དང་དྲ་བ་དག་ནས་བོད་མི་ཚོས་ཕན་ཚུན་འདྲ་པར་བསྐུར་རེས་བྱེད། འདྲ་པར་དེ་དག་གི་ནང་བོད་ཀྱི་ཟས་ཡིན་མིན་ལ་མ་ལྟོས་པར་ཐུར་མ་སླེབས་ཚར་འདུག རྒན་པ་ཚོས་ཐུར་མ་སྤྱོད་མ་ཤེས་ན་བག་ལེབ་ཅིག་ལག་པར་འཇུས་ཏེ་མུར་མུར་བྱེད་བཞིན་འདུག གཞོན་པ་ཚོས་ཐུར་མ་གཡུགས་ཏེ་ཟས་ལ་རོལ་ཅིང་། ཐུར་མ་འཛིན་ཕྱོགས་ཚུན་ནས་རྒྱ་ཞིག་དང་ཧ་ཅང་མཚུངས། ཟས་རྣམས་ཀྱང་རྒྱ་ཡི་ཚལ་རིགས་དང་ཤ་རིགས་སྣ་ཚོགས་གཅལ་དུ་བཀྲམས་ཏེ་དེ་དག་ལ་སྐོར་ར་བྱེད་བཞིན་ཟ། དེ་རིང་བོད་ཀྱི་བླ་ཆེན་ཞིག་གིས་ཀྱང་ཐུར་མ་ཕྱག་ཏུ་བཞེས་ནས་ཟས་ལ་རོལ་པའི་པར་ཞིག་མཐོང་།
ཐུར་མ་གཅིག་གིས་བོད་ཀྱི་ཟ་སྟངས་འཐུང་སྟངས་ཀྱི་རིག་གཞུང་དེ་གཏོར་ཚར་འདུག ད་ཐུར་མས་ཟས་ཟ་བ་ནི་བོད་ཀྱི་རིག་གཞུང་དང་བོད་མི་ཚེ་ལ་ཐིམ་ཚར་འདུག འདི་ནི་ལོ་ངོ་ཉི་ཤུའི་རིང་གི་འགྱུར་བ་ཞིག་རེད། སྙན་ངག་པ་ཚོས་ཀྱང་ཐུར་མ་འཛིན། དགེ་རྒན་ཚོས་ཀྱང་ཐུར་མ་འཛིན། བླ་ཆེན་ཚོས་ཀྱང་ཐུར་མ་འཛིན། དེས་ན་ཐུར་མ་ལ་ཚིག་འགྲེལ་གསར་པ་ཞིག་བརྒྱབ་སྟེ་ ཐུར་དུ་འདྲེན་པའི་མ་མ་ཞེས་པའི་དོན་ཞེས་སྦྱར་ན་ག་འདྲ་འདུག
རྒྱའི་ཐུར་མ་དེ་བོད་ཀྱི་ཐུར་མར་གྱུར་སྐབས་བོད་ཀྱི་རིག་གཞུང་སྐོར་ཅིག་ཐལ་བའི་རྡུལ་དུ་བརླག་སོང་། ང་ཚོ་ཆུང་དུས་ཁ་འཛེམས་ཞེས་པའི་བཤད་སྲོལ་ཞིག་ཡོད། ཁ་མ་བསྲེའམ་ཁ་བསྲེས་ཞེས་པའི་བཤད་སྲོལ་ཞིག་ཡོད། དེ་ནི་མི་གཞན་ཞིག་གི་ཁ་འཕྲོ་དེ་ལ་འཛེམས་ནས་གང་བྱུང་གིས་སྤྱོད་པར་མི་བྱེད། ད་ནི་ཐུར་མའི་རིག་གཞུང་གིས་འཛེམས་པའི་སྲོལ་རྒྱུན་འདི་ཡང་ཡལ་བར་དོར་སོང་།
རྒྱའི་ཟས་ལ་དགའ་བ་ལ་ཁག་མེད། འཛམ་གླིང་ལ་མི་མང་པོ་རྒྱ་ཟས་ལ་དགའ་ལ་རྒྱ་ཟས་ཀྱི་ཟ་ཁང་གིས་འཇིག་རྟེན་ཁྱབ་ཡོད། འོན་ཀྱང་ཐུར་མ་འཛིན་པའི་རིག་གཞུང་དེ་ལྟར་མ་རེད། འདི་དག་ལའང་བརྡ་སྦྱོར་རེ་མ་བྱས་ཚེ་ང་ཚོ་དང་རྒྱ་གཉིས་དབྱེ་བ་མི་ཕྱེད་པའི་དུས་ལ་སླེབས་རྒྱུ་ཉག་གཅིག་རེད། ང་བོད་པ་ཡིན་པའི་དཔང་རྟགས་སམ་ངོ་རྟགས་དེའི་ཁྲོད་ན་ཐུར་མ་འཛིན་པའི་གོམས་སྲོལ་དེ་མེད།
ད་བཤད་རྒྱུས་ཕོངས་པ་འདྲ། ཁྱོད་ཀྱིས་ཐུར་མས་ཟ་མ་ཟ་མ་མྱོང་ངམ། ང་ནི་ཆུང་དུས་ནས་ཐུར་མར་འཇུས་ནས་ཡོང་བ་ཡིན། ཁྱོད་ལྟར་ན་སྔར་མེད་པ་ཞིག་ཕྱིས་ཀྱང་ཡོད་མི་ཆོག་པ་ཨ་ཡིན། དེ་ཡིན་ན་ཤེས་ཡོན་ནང་འདྲེན་དང་གཞན་གྱི་ལེགས་ཆ་ལེན་རྒྱུ་སོགས་གཡུག་ནས་རྗེས་ལུས་ནས་རྗེས་ལུས་དང་མུན་ནག་ནས་མུན་ནག་བྱས་ནས་སྡོད་དང་འགྲིག་འདུག སྔ་མོའི་བོད་ཀྱི་སྐུ་དྲག་རྣམས་ཀྱང་རྒྱ་གུང་ཁྲན་མ་ཡོང་སྔོན་ནས་ཐུར་མ་འཛིན་སྟངས་བྱང་ཆུབ་ཡོད།
འབྱོར་བ་མེད་དུས། སུར་ཐུར་དང་སྤེན་ཐུར། སྨྱུག་ཐུར་བཟུང་བ་རེད། དེ་ནས་གསར་ཐུར་དང་དངུལ་ཐུར། བ་སོའི་ཐུར་མ་སོགས་དར་ཡོད། དེང་སང་མི་ཤེས། དགྱ་ཐུར་ཟེར་ནི་ཞིག་བཟུང་ཡོད་ན། ཁྱེད་ལ་ཁག་མི་འདུག། ཧ་ཧ་ཧ།
བོད་ཀྱི་ཐུར་མ་རེད་ཞེས་དུས་དེང་སང་ཡང་ཆ་འགྲིག་མ་འགྲིག་གི་སྤེན་ཐུར་དང་སྨྱུག་ཐུར་འདྲ་འཛིན་དགོས་པ་ཡིན་རྒྱུ་མ་རེད།
སྟོད་པའི་ཁ་སྐད་དུ་་་ཐུར་མ་་་ལ་་་ཁྱིམས་སྦུག་་་ཟེར་དག་ཆར་བྲིས་ན་་་ཁྱེམས་སྦུག་་་་ལབ་ཀྱི་ཡོད་པར་སྣང་། དེ་ནི་གསེར་དངུལ་སོགས་ཀྱི་བཟོས་པའི་ཁ་ནང་དུ་གཤོང་ཐུབ་ཙམ་གྱི་ཁྱེམས་ཆུང་དེ་འདྲ་ལ་གོ་བ་རེད། ཁམས་སྐད་དུ་་་ཐུར་རུ་་་་ལབ་དུས་ཤིང་སོགས་ཀྱི་ཐུར་རུ་ནར་ནར་དང་ཀྱོག་ཀྱོག་དེ་ཚོ་ལ་གོ་བ་རེད། དེ་འདྲ་ཡིན་དུས་ཁྱེམས་སྦུག་དང་ཐུར་མ་གཉིས་གོ་དོན་གཅིག་པ་ཡིན་ནམ། ཡང་མིན་ན་ཐུར་མ་དང་ཐུར་རུ་གཉིས་ཀྱི་གོ་དོན་ཁག་ཁག་ཡོད་རེད་ཟེན་ན་ནི་་་ཅི་ཤེས་ས་ལ་མི་འགི་ཨ་རོགས། །
བོན་བོ་ལགས། སྐུ་ཉིད་ཁ་དང་ཁྱ་གཉིས་ཀྱི་སྒྲ་གདངས་ནོར་བ་མིན་འགྲོ་བསམ། ཁེམ་པའམ་ཁེམ་བུ་གཉིས་མིང་དང་བཅས་བོད་སྟོད་སྨད་བར་གསུམ་དུ་སྤྱོད་ཀྱི་ཡོད།
ཐུར་མ་ཁེམ་བུའི་མི་འདྲ་ས་ནི། ལྡག་གུ་འམ་སྐྱོ་མའི་རིགས་ལ་ཐུར་མ་མི་སྤྱོད་པར་ཁེམ་པ་དང་ཁེམ་བུ་སྤྱད་ན་སྟབས་བདེ་ཞིང་ལེགས།
ཁེམ་བུ་རྩེ་ཀོང་ཀོང་དང་ལེབ་མོ་ཅི་རིགས་པ་ཟས་ནང་དུ་ཁ་ཡར་བསྒྱར་གྱིས་ཟས་ལེན་ཅིང་བཟུང་བས་སྤྱོད་དོ།
ཐུར་མ་རྐང་གཅིག་པའི་རྩེ་ཟས་ལ་ལྕག་འཛེར་བཙུག་པ་བཞིན་ཟས་ལེན་ཅིང་བཟུང་བས་སྤྱོད་པ་དང་། རྐང་གཉིས་པས་སྐམ་པ་བཞིན་ཟས་ལེན་ཅིང་འཛིན་པར་བྱེད། ཐུར་མ་ཁེམ་བུའི་མིང་གིས་གཉིས་ཀར་ཕན་ཚུལ་དུ་ཡུལ་འདི་དང་དེ་པར་སྤྱོད་པ་ནི་སྐད་ཀྱི་ཉེན་རྟོག་པ་མེད་པ་དང་། གཉིས་ཀའི་བྱེད་པ་ཕལ་ཆེར་འདྲ་བ་ལས་སོ། གསེར་ཐུར་དང་། དངུལ་ཐུར། ཙནྡ་གྱི་ཐུར་མ། སུར་ཐུར། སྤེན་ཐུར་རྣམས་གནམ་ཀློའུ་རྒན་གྱིས་བཤད་པ་བཞིན་བཀོད་དོ། སྐལ་བཟང་གིས་ནི་ཐུར་མ་སྤྱོད་དུས་གྱི་ཀུན་སྤྱོད་དམ་རྒྱ་མི་རྣམས་ཆེས་ཡར་ཐོན་ཅན་དུ་རློམ་བཞིན་ཐུར་མར་སྤྱོད་པར་ལད་ཟློས་ལ་བསམ་ན་ནི་བདེན་བདེན་དུ་སྣང་། ཐུར་མ་ཙམ་ནི་ཀོང་ཅོས་ག་ལ་ཡིན་ཏེ་མ་རེད་དོ།
ངས་ཤེས་དུས་ང་ཚོའི་ནང་ལ་ད་འདའ་བཤད་བཞིན་པའི་རྒྱ་ཐུར་རམ་ཐུར་མ་ཟེར་བ་དེ་མི་འདུག ཡིན་ནའང་། དེ་དང་འདྲ་བར་ཨ་ཕས་བཟོས་པའི་སྤོམ་ཐུང་དང་རིང་ཐུང་མི་འདྲ་བའི་ཐུར་མ་དང་སྲན་ཉོག་ཟ་སྤྱད་ཀྱི་ཐུར་མ(འདིའི་མིང་ལ་རང་ཡུལ་དུ་ཁག་དཔོ་ཟེར། དག་ཆ་འགྲིག་མིན་མི་ཤེས་ཀྱང་དེའི་མིང་ལ་དེ་ལྟར་འབོད།)རིམ་གྱིས་ཨ་ཕས་ང་ཚོས་ནང་ལའང་ལག་པར་རན་པོ་དང་འཚམས་པོ་ཡོད་པའི་སྨྱུག་ཐུར་ཉོས་སོང་། མཚམས་དེ་ནས་ནག་མདོག་དང་རྙིང་ཧྲུལ་དུ་གྱུར་བའི་ཐུར་རྙིང་དག་ཀྱང་མཐོང་མེད་དུ་གྱུར་སོང་། སྐབས་དེར་ཟས་ལ་རོལ་དུས་ང་རང་ཐུར་གསར་འཛིན་རྒྱུ་ཧ་ཅང་དགའ། ནམ་རྒྱུན་ཐུག་པ་དང་ཚལ་རིགས་ཟ་དུས་ཐུར་རིགས་ག་འདྲ་ཞིག་ཡིན་རུང་ཟས་སྤྱོད་བྱ་རྒྱུ་ཧ་ཅང་བདེ།
རེད་རེད། ཁྱུང་དཀར་བདེན། ཨ་ཕས་ཁྱུང་དཀར་ཁེག་ཀོ་ཐང་བྱོག མྱིད་དག་ནང་རྡེབ་ཝ། ཁ་བཅད་ཐོགས་ཀ་བཞག་ར་ཆོག ཨོ་འདི་ལྟར་དུ་བེད་སྤྱོད་བྱེད་པ་བདེན། སློག་པ་ལ་བརྩོག་བཀའ་ཟེར་བའི་གདངས་ཀྱི་རྗེས་སུ་འབྲང་ན་ཁེག་པོའམ་ཁག་པོ་ཟེར་བའི་སྒྲ་གདངས་ཐོན་བཞིན་པ་འདྲ་ཡང་རྩམ་ཁེག ཞོ་ཁེག་གི་སྒྲ་གདང་ལྟ་བུར་འདོན་པ་ཡང་ཡོད་དོ། ཡིག་སྐད་ལ་ཁེམ་བུ་འམ་ཁེམ་པ་ངེས་པར་བྲི་དགོས་པར་སྣང་། ཁེམ་ཆེ་བ་ལྕག་ཁེམ་ས་ལེན་བྱེད་དུ་སྤྱོད་ཅིང་། ཤིང་ཁེམ་ཀྱིས་ཁ་བ་འཕྱག་པར་བྱེད། རྗེའི་རྒྱལ་ཚབ་དར་མ་རིན་ཆེན་གྱི་ཡི་གེ་དག་ན་ཁེམ་པ་གཅིག་གི་ཡུན་ཚད་ཅེས་འབྱུང་བ་ཡང་། ཟས་སམ་ས་ཁེམ་གང་ལེན་པའི་ཡུན་ལ་སྦྱོར་དགོས་པ་འདྲའོ།
# 3 ཀརྡོ་གཉེར་ཕྱག་པ་་ལགས་ཀྱིས་མཆན་བཏབ་པ།:
October 19th, 2014 at 6:21 AM
རྒྱ་གར་གྱི་མཛུབ་མོ། བོད་ཀྱི་ཐུར་མ། རྒྱ་ནག་གི་ཁོ་ཙེ། ཕྱི་རྒྱལ་གྱི་རྩེ་གསུམ།
ཁྱེམ་བུ་དང་ཁེམ་བུ་དོན་གཅིག་ཡིན་པ་རེད། མྱི་སྐད་ངོ་མ་ཞིག་བཤད་ན་འདོད་ན། ཁོག་གོ་ཟེར་ནི་རེད།
དྲན་དཀར་དཔལ་གཡོན། (ཀློའུ་)རྒན་ཟེར་ན་ཅི་རེད། མྱི་མགོ་ཆག་ཞིག་གི་ཁ་ནང་ན་ཚིག་ཁ་ཆག་ཞིག་མ་གཏོགས་མེད་ནོ་འདི་ཅི་རེད། བོད་ཡིག་དང་བོད་སྐད་ནི་ཁྱོད་འདྲ་མོས། གང་བྱུང་གང་དྲན་དུ་འབྲི་ཆོག་ཆོག་ཞིག་མ་རེད་ལོ། གོ་བྱུང་ངམ།
ཐུར་མ་འཛིན་སྟངས་འགྱུར་ཡོད་མེད་མི་ཤེས། འོན་ཀྱང་འགྱུར་བ་ཆེན་པོ་ཐེབས་འདུག བོད་མི་མེ་བསྲེགས་གཏོང་བཞིན་ཡོད་པ་དེ་དག་ལ་ལྟོས་དང་། དཔོན་པོ་ཚོས་ཁུ་སུམ་སུམ་བཞག་འཇོག་གི བླ་མ་ཚོས་ཁུ་སུམ་སུམ་བཞག་འཇོག་གི མི་དམངས་ཚོས་མདུན་ལ་འབར་བཞིན་ཡོད་ན་ཡང་མེ་གསོད་པའི་ཐབས་ཤེས་ཙམ་ཡང་མི་བྱེད་པར་བལྟད་མོ་བལྟས་ནས་བསྡད་ནས་བསྡད་འཇོག་གི དེ་བཞིན་དུ་ནང་འཛིང་དང་རྡུང་རེས་བྱེད་བཞིན་པ་དེ་དག་ལ་བལྟས་དང་། ཉེ་འཁྲིས་ན་ཡོད་པའི་མི་ཚང་མས་བལྟད་མོ་བལྟ་བ་དང་པར་བརྒྱབ་ནས་བསྡད་འཇོག་གི བར་འདུམ་བྱེད་ཐབས་ཙམ་ཡང་མི་བྱེད་ཀི བར་འབྱེད་ཙམ་ཡང་མི་བྱེད་ཀི འདི་དག་ལ་བལྟས་ནས་བོད་མི་རྣམས་ཀྱི་གཤིས་ཀ་དང་སེམས་ཁམས་ལ་འགྱུར་བ་ཆེན་པོ་ཐེབས་ཡོད་ཀི སྔོན་ཆད་མི་གཉིས་མ་འགྲིག་པར་རྡུང་རེས་རྒྱག་གི་ཡོད་ན་བར་འདུམ་བྱེད་ཀི་རེད། མི་སུ་འདྲ་ཞིག་ཡིན་ན་ཡང་བར་འདུམ་བྱེད་ཀི་རེད། ངོ་ཤེས་པ་དང་མ་ཤེས་པ་ཚང་མས་བར་འདུག་དང་བར་འབྱེད་བྱེད་ཀི་རེད། ད་ལྟ་ངོ་ཤེས་ཚོས་ཀྱང་བར་འདུམ་མི་བྱེད་པ་འདི་ནི་འགྱུར་བ་ཆེན་པོ་ཞིག་རེད། གོང་དུ་ངས་བྲིས་བ་འདི་ལ་༼བོད་ནང་གི་འགྱུར་བ༽ འདོགས་ཀི་ཡིན། རྩོམ་གྱི་ཁ་བྱང་ཡང་འགྱུར་ནས་འོག་ལ་བཏགས་ཡོད།
བོད་མི་ཚོས་གཞན་ཕན་བཤད་སྐབས་སེམས་ཅན་གཅིག་ཆུས་འཁྱེར་བཞིན་ཡོད་ན། ཆུས་འཁྱེར་བཞིན་པའི་སེམས་ཅན་དེ་སྐྱོབས་པའི་ཆེད་དུ་རང་སྲོག་འདོར་དགོས་ཟེར་ནས་གཞན་དོན་དེ་ཐག་རིང་བོ་རིང་བོ། སུས་ཀྱང་མི་ཤེས་པ། སྤྱི་བམ་པ་ཞིག་བཤད་ནས་སྡོད་པ་ལས། རང་གི་མདུན་དུ། ཁ་ཡོད་ལག་ཡོད། བལྟས་བལྟས་རིག་རིག་ལ་མདུན་ན་སྟག་ཤར་གཞོན་ནུ་དང་བུ་མོ་སྨན་ཤར་ཚོ་གཅིག་རྗེས་གཉིས་མཐུད་ཀྱིས་མེ་བསྲེགས་གཏོང་བཞིན་པ་དག་ལ་བལྟད་མོ་བལྟས་ནས་བསྡད་འཇོག་གི ཨེ་མ་བོད་ནང་གི་འགྱུར་བ། མིག་གིས་བལྟ་མི་བཟོད་ཀི ཡིད་ལ་དྲན་མི་བཟོད་ཀི
གཞོན་ནུ་ཟླ་མེད་ལགས་ཀྱིས་འགྱུར་བའི་སྐོར་ཁོམ་པ་མུ་མཐུད་བྱས་ཤོད་དང་ངས་བལྟ་ངེས་ཡིན།
གནམ་ལགས། གོ་བྱུང་ཡ་གོ་བྱུང་ང་། ཁོག་གོ་ཟེར་བ་ལས་ཁོག་རྐོ་ཞེས་སྨྲས་ན་ཁོག་དང་རྐོ་དོང་གཉིས་ཀས་བསྡུས་ཚིག་ལྟ་བུར་འགྱུར་བས་ཧ་ཅང་གི་གལ་ཆེ། ཁོག་གོ་དང་ཁོག་རྐོས་སྐད་ཙམ་འདོན་ནུས་ཀྱང་དོན་དངོས་སུ་དེ་ལྟར་མ་རེད་ལགས། ངས་བཤད་ཉོན་དང་རྒྱུ་མཚན་འདི་རེད། འགྱོ་ན་འགྱོ་རོགས་འདུག་ཅེས་སྨྲས་པ་ན་འགྱོ་རོགས་སུ་དག་པོ་རེད་ཅེས་འདྲི་བར་བྱེད་པ་དེའི་ཚེ། འགྱོ་རོགས་སུ་དག་གོ་རེད་ཅེས་ཡིག་ཐོག་ཏུ་བཀོད་ན་གཏན་ནས་མི་འགྲིག་ག སུ་དག་པོས་བཤད་པ་རེད་ཅེས་དྲི་བར་བྱེད་པ་ལ་ཡང་སུ་དག་གོས་བཤད་པ་རེད་ཅེས་ཡིག་ཐོག་ཏུ་བཀོད་ན་མི་འགྲིག་ག རྒྱུ་མཚན་འདི་ཡིན།
ཁེག་པོས་ཟོས་ཐུར་མས་ཟོས། ཁེམ་བུས་ཟོས། སྐད་གདངས་དོན་དངོས་ལ་ཞུགས་པའི་གཏམ་འདི་ཡིན། ཀླ་ཀློ་མཐར་ཐུག་པར་ཞེ་ཚིག་གིས་རྣམ་པས་ཀློའི་རྒན་ཞེས་སུ་འབོད་འདོད་ཀྱང་ཀློའུ་རྒན་ཞེས་སུ་བོས་པ་ནི་བདག་གིས་ནོར་སོང་ང་གནམ་ལགས། ཧ་ཧ་མེ་ཁྱེམ་ནི་མེ་ཁེམ་གྱི་སྒྲ་ནོར་རང་རེད་ད་ཝེ། པོད་པ་ལ་བོད་པ་བྲིས་པ་འདྲ་མོ་སྒྲ་ནོར་རང་རེད་ད་ཝེ་གནམ་རྒན་མ།
སྟོད་པའི་ཁ་སྐད་དངོས་གནས། ཁྱི་འུག། ཁྱིམ་སྦུག། དེར་མ། ཕོ་ར། ཟེར་ནས་ལབ་སྲོལ་ཡོད་པ་རེད། ཁེམས་དང་ཁྱེམས་གཉིས་ཀ་འབྲི་སྲོལ་ཡོད་པར་སྣང་། སྐབས་འགར་ཁྱེམ་བྲིས་པ་ཡང་འདུག གང་ལྟར་ཁྱེད་ཀྱིས་གསུངས་པ་ལྟར། ཁྱེམས་བུ་་་ཟེར་ནས་བྲིས་ན་དག་ཆ་དང་མཐུན་ཤས་ཆེ་བས་བཀའ་དྲིན་ཆེ་ཞུ་བ་ཡིན། འོན་ཀྱང་་་ཁེམ་བུ་་་ཟེར་བ་ཡོད་མེད་བརྟག་པར་བྱ། །
གཞོན་ནུ་ཟླ་མེད་ལགས་ཀྱིས་འགྱུར་བའི་སྐོར་ཁོམ་པ་ཡོད་ན་མུ་མཐུད་བྱས་ཤོད་དང་ངས་བལྟ་ངེས་ཡིན།
སྤྱིར་སྟངས་སྔ་རབས་བོད་མི་ཚོར་བེད་སྤྱོད་ཆེ་ཤོས་དེ་ནི་་་ལྕེ་མོ་འམ་ལྕེ་ལེ་་་འདི་ཡིན་ཤས་ཆེ། བོད་པས་ཟ་དུས་འཐུང་དུས་ག་དུས་ཡིནའང་ལྕེ་ལྡག་རྒྱག་རྒྱུ་ལ་དགའ་པོ་ཞེ་དྲག་རེད། དེ་འདྲ་ཡིན་དུས་བོད་པའི་ལྕེ་མོ་འགུལ་སྐྱོད་མང་དྲག་པའི་རྐྱེན་གྱིས་ལྕེ་ཤུགས་ཆེན་པོ་ཞིག་ཀྱང་ཏན་ཏན་ཡོད་ངེས་པས་དབྱིན་མོ་དང་རྒྱ་མོ་དེ་ཚོ་ལོས་དགའ། ད་དུང་དེང་སང་བོད་མོ་ཚོ་ཡང་། །
ཨ་ཙི་བོད་པའི་ལྕེ་མོ། ཀྱེ་མ། བོད་པའི་ལྕེ་མོ། །
ཁེམ་བུ་ཞེས་པ་ཡོད་ད་ཡོད། ཁྱེམས་ཀྱི་སྒྲ་འགྱུར་བའང་ཡིན་སྲིད། ང་ཚོའི་ཕ་ཡུལ་དུ་ལྕགས་ཁེམ་ཞེས་ས་རྐོ་བྱེད་ཅིག དེ་དང་དབྱིབས་མཚུངས་བའི་ཟས་ཟ་བྱེད་ལ་ཁེམ་བུ་ཟེར། ཡང་ཤིང་གིས་བཟོས་པའི་དེ་དག་དང་དབྱིབས་མཚུངས་པ་ཞིག་ཕྱིས་སུ་བྱུང་ངམ་སྙམ་དེ་ལ་ཤིང་ཁེམ་ཟེར། དབུས་པ་ཕལ་ཆེ་བས་ཁེམ་བུ་ལ་ཐུར་མར་འབོད་ཅིང་ཐུར་མ་དངོས་ལ་ཁོ་ཙེ་ཞེས་རྒྱ་ནག་སྐད་ཟུར་ཆག་པ་སྤྱོད།
ལྕེ་ལེ་མ་རེད་ལྕེ་ལུ་རེད། ལུ་ནི་ཆུང་ངུའི་དོན་འུ་དང་འདྲ་སྙམ ཞི་ལུ གཡག་ལུ ར་ལུ གྲི་ལུ རྟ་གྲོ་ལུ གཡག་དཀར་ལུ མགོ་ཡི་རལ་ལུ རྟོལ་ལུ ་་་་སོགས་མང་གི
༼ཁོག་རྐོ༽ ཁྱོས་རང་ཉིད་རིག་རྒོད་ཞིག་རེད་བསམ་ཨེ་ཡོད། ཧ་ཧ་ཧ། སྣ་བཅད་ནས་མ་ནེ་ལ་སྦྱོར་ན་ཨེ་འདོད་ཀི། ད་རུང་བསྡུས་ཚིག་ཡིན་ན་ཅིག། ཧ་ཧ་ཧ།
ཀླ་ཀློ་ན་ཀླ་ཀློ་ཁྱོད་ཡིན་རྒྱུ་རེད། ཡིན་པ་དེ་ཚོ་མིན་པར་དོགས། མིན་པ་ཞིག་ལ་ཡིན་སྣང་ཤར། བོད་པ་ཚང་ལ་བཤད་ལུགས་ཞིག་དང་འབྲི་ལུགས་ཞིག་གཉིས་ཡོད་པ་རེད། ཁྱོས་གཞི་གང་ལ་བཅོལ་ནས་གཞན་ལ་འདི་འགྲིག་གི་དང་མི་འགྲིག་གི་ཟེར་གི་ཡོད།
དྲན་དཀར་མ་རེད་དྲན་ནག་རེད།
ཡིན་མ་ཡིན་གཉིས་ཀ་བསྒྱུར་ནི་རེད།
དྲན་དཀར་མ་རེད་དྲན་ནག་རེད།
ཤེས་མ་ཤེས་གཉིས་ཀ་འབྲི་ནི་རེད། ཧ་ཧ་ཧ།
ལྕེ་ལུ་དང་མཛུ་གུ་ནི་འཐུང་ཅན་གཙང་མ་བྱེད་སྤྱད་ཙམ་ལས། ཟ་སྤྱད་དང་འཐུང་སྤྱད་བྱེད་སྤྱད་མི་བྱེད་དོ།
ཚིག་གི་དོག་འཇུག་ཡང་ན་ཡངས་འཇུག་གི།།
ཁྱད་པར་སྐད་གདངས་ཙམ་ལ་གཞི་བཅོལ་བས།།
ས་བདག་ཆེན་པོ་ཐུའུ་བཀྭན་ལ་སོགས་ཀྱིས།།
མི་འབོད་དགུ་འབོད་པོད་པར་བོད་པའི་འབོད།།
ཚིག་དོན་འཇུག་པ་མི་དམན་གནམ་རྒན་མས།།
ཁོག་པོར་ཁོག་གོའི་འབོད་སྒྲ་སྦྱོར་བར་བཤད།།
ཁ་ནས་ཐོན་ཚད་དོན་ཐོག་མི་འབབ་ཡང་།།
རྗེས་འཇུག་མ་ག་འགྱུར་བའི་ཁེག་པོ་འམ།།
ཡང་ན་མ་ག་འགྲེང་ངེ་བཅས་འགྱུར་བའི།།
ཁོག་པོ་ཁེམ་པ་དོན་གཅིག་ཅུང་ཙམ་གསལ།།
ཐུར་མ་ཁེམ་པ་ཧ་ཅང་ཐ་དད་མོད།།
བྱེད་པའི་དབང་ངམ་ཡང་ན་ངན་གོམས་སོ།།
སྐད་དང་ཡི་གེ་ཡི་གར་ནམ་ནམ་དུ།།
ཤོང་བའི་གནམ་ནི་གནམ་བསྐོས་ལྷ་མོ་འདྲ།།
ཀློའི་རྒན་གཏད་ན་སྐུ་ཚེ་རིང་འགྱུར་རམ།།
ཡང་ན་ཐུང་ངུར་འགྱུར་རམ་བདག་གིས་དོགས།།
བོད་ཀྱི་ཡུལ་སྐད་ཁག་ཅིག་གི་ཆོས་ཉིད།།
རྩོམ་པ་པོ། འབྲོང་རྭ་མེ་འབར།
མདོ་སྟོད་ནང་ཆེན་འབྲོག་དང་ནག་ཆུ་ཕྱོགས།།
རྨང་ཡིག་པ་ཕ་བ་ཡི་ར་བཏགས་དེ།།
ཡུལ་སྐད་ནང་དུ་ཕལ་ཆེར་མེད་པར་བཅད།།
སྨྲ་བ་བདེ་དང་འཁྱུག་ཡིག་སྟབས་སུ་ཕྱིར།།
མདོ་སྨོད་ཡུལ་གྲུབ་བཅས་དང་རྒྱལ་རོང་ཟུར།།
རྨང་ཡིག་ཀ་ཁ་ག་ཡི་ར་བཏགས་དེ།།
ཧ་ལམ་ཡ་བཏགས་ཅན་དུ་དངོས་སུ་བཅོས།།
བརྡ་རྙིང་ཁ་ཤས་ནང་དུ་ཡ་བཏགས་བཙན།།
གནའ་བོ་ཞང་ཞུང་སྐད་དང་བོད་སྐད་བར།།
མགོ་དང་ལུས་པོ་གཉིས་ཀྱི་འབྲེལ་བ་དེ།།
སྒང་བ་བོད་པ་ཚང་གི་རིག་པའི་བཅུད།།
མ་ཉམས་སླར་གསོ་ཞིབ་ཏུ་དཔྱད་པར་འགན།།
༡ ནང་ཆེན་དང་ནག་ཆུའི་འབྲོག་སྐད་དུ་ར་བཏགས་བཅད་པ།
གདན་སྤྲུག་ལ་ས་གདན་སྤུག སྤྲང་རྒན་ལ་སྤང་རྒན། སྤྲིན་དཀར་ལ་སྤིན་དཀར། སྤྲེལ་རྒན་ལ་སྤེལ་རྒན། ཕྲ་སྦོམ་ལ་ཕ་སྦོམ། འཕྲུ་རྨོ་ལ་འཕུ་རྨོ། ཕྲུག་གོས་ལ་ཕུག་གོས། ཕྲག་ལ་ཕག འཕྲེད་གླིང་ལ་འཕེད་གླིང་། ཟ་འཕྲོ་ལ་ཟ་འཕོ། ཡི་གེ་བྲི་ལ་ཡི་གེ་བི། འབྲི་བཞོ་ལ་འབི་བཞོ།འབྲོག་པ་པ་འབོག་པ། ཚྭ་བྲོ་ལ་ཚྭ་བོ། བྲང་ལ་བང་ཞེས། བྲག་གསེར་དགོན་ལ་བག་གསེར་དགོན། སྦྲ་ནག་ལ་སྦ་ནག འབྲེལ་འཚུབ་ལ་འབེལ་འཚུབ། སྤྲད་ལ་སྤད།
༢ ནང་ཆེན་གྱི་ཡུལ་སྐད་དུ་ར་བཏགས་བཅད་ཅིང་རྗེས་འཇུག་ལ་དེ་ས་རུ་བཅོས།
སྦྲུལ་ལ་སྦུས། སྤྲེལ་ལ་སྤེས། སྦྲེལ་ལ་སྦེས།
༣ ནང་ཆེན་འབྲོད་སྐད་དུ་ཡ་བཏགས་བཅད་པ།
བྱེད་ལ་བེད། བྱས་ལ་བས། འཕྱི་བ་ལ་འཕི་ལི། ཕྱི་གླིང་ལ་ཕི་གླིང་།
༤ ནང་ཆེན་ཡུལ་སྐད་དུ་རྗེས་འཇུག་ལ་དེ་ས་རུ་བཏགས་པ།
སྐལ་ཆད་ལ་སྐས་ཆད། ཤ་ཚིལ་ལ་ཤ་ཚིས། རྡོ་སོལ་ལ་རྡོ་སོས། སྦལ་བ་ལ་སྦས་བ། དུག་སྦྲུལ་ལ་དུག་སྦུས། སྐྱེལ་ལ་སྐྱེས། ཆུ་རྐྱལ་ལ་ཆུ་རྐྱས། བལ་ཁེལ་ལ་བས་ཁེས། རྔུལ་ཆུ་ལ་རྔུས་ཆུ། དལ་མོ་ལ་དས་མོ། གསེར་དངུལ་ལ་གསེར་དངོས། ཉལ་ལ་ཉས། རྒྱལ་བསྐུགས་ལ་རྒྱས་བསྐུགས། རིལ་རིལ་ལ་རིས་རིས། ཝ་བརྒྱལ་ལ་ཝ་བརྒྱས། ས་འགུལ་ལ་ས་འགུས། ཐལ་ལྕག་ལ་ཐས་ལྕག འབྲེལ་བ་ལ་འབེས་བ། དུག་སྦྲུལ་ལ་དུག་སྦུས། འཛུལ་ལ་འཛུས།
༥ མདོ་སྨོད་འབྲོག་སྐད་ནང་དུ་ར་བཏགས་ནི་ཡ་བཏགས་སུ་བཅོས་པ།
ལྭ་བ་བསྐྲུ་ལ་ལྭ་བ་བསྐྱུ། ནེའུ་སྐྲ་ལ་ནེའུ་སྐྱ། སྐྲངས་འབུར་ལ་སྐྱངས་འབུར། སྐྲག་ལ་སྐྱག ཡིག་ཆ་བཀྲམ་ལ་ཡིག་ཆ་བཀྱམ། ཁྲ་གླག་སྤྱང་ལ་ཁྱ་གླག་སྤྱང་། ཁྲལ་མཇལ་ལ་ཁྱལ་མཇལ། ཁྲ་ཁྲ་ལ་ཁྱ་ཁྱ། ཁྲི་ཀ་ལ་ཁྱི་ཀ། ཁྲག་ལ་ཁྱག རྟ་ཁྲིད་ལ་རྟ་ཁྱིད། ཁྲུང་ཁྲུང་ལ་ཁྱུང་ཁྱུང་། གྲུམ་པ་ལ་གྱུམ་པ། གྲོག་བྱུང་བ་ལ་གྱོག་བྱུང་བ། གྲངས་ཀ་ལ་གྱངས་ཀ། གྲུ་མོ་ལ་གྱུ་མོ། གྲོག་མ་ལ་གྱོག་མ། གྲོས་བྱེད་ལ་གྱོས་བྱེད། གྲོ་མ་ལ་གྱོ་མ། གྲང་ལ་གྱང་། རྨ་བྱའི་སྒྲོ་ལ་རྨ་བྱའི་སྒྱོ། སྒྲོ་བ་ལ་སྒྱོ་བ། མཆོན་མེ་སྒྲོན་ལ་མཆོད་མེ་སྒྱོན། ལྷམ་སྒྲོག་ལ་ལྷམ་སྒྱོག སྒྲུང་བཤད་ལ་སྒྱུང་བཤད། མ་ཎི་བགྲང་ལ་མ་ཎི་བགྱང་། འགྲམ་ལྕག་ལ་འགྱམ་ལྕག
༦ བོད་ཡུལ་ཡོངས་ཀྱི་ཡུལ་སྐད་དུ་ར་བཏགས་བཙན་ཤེད་ཅན།
བླ་བྲང་ལ་བླ་རང་། ཨ་བྲ་ལ་ཨབ་ར། སྦྲ་ནག་ལ་ར་ནག དྭ་ཕྲུག་ལ་དྭ་རུག
༧ བརྡ་རྙིང་དར་ཁྱབ་ཅན།
མི་ལ་དམུ་འམ་མྱི་ཡང་ཟེར། མིག་ལ་དམིག་གམ་མྱིག་ཀྱང་ཟེར། འགྲོ་ལ་འགྱོ་ཟེར།
ཡུལ་སྐད་སོ་སོའི་ཁྱད་ཆོས་དག་རང་གིས་འཚོ་བ་དངོས་སུ་མྱོང་ཞིང་། ཡིག་སྐད་དང་ཡུལ་སྐད་བར་གྱི་ཆོས་ཉིད་ཀྱང་ཡིན་ལ། བོད་ཀྱི་ཡུལ་སྐད་ཞིབ་འཇུག་ཐད་ལ་ཕན་པ་ཅུང་ཙུམ་ཐོབ་པར་སྨོན།
མཚོ་སྔོན་པོ་དྲ་བ་ནས་བདག་བོན་པོས་དྲངས་བ་དགེ། །
ནང་ཆེན་མ་ཡིན་པའི་ཁམས་ཀྱི་ལུང་པ་མང་པོའི་ནང་སྤྲིན་ལ་སྤིན་དང་། གདན་སྤྲུག་ལ་གདན་སྤུག སྦྲ་ལ་སྦ། བྲེང་པ་ལ་བིང་བ། བྱེད་དང་བྱས་ལ་བེད་དང་བས་སོགས་ར་བཏགས་བཀོག་བཞག་གི་རེད། ཡང་ཧོར་སྐད་ནང་རྟགས་མ་གྲུབ་ལབ་ན། རྟད་མ་གྲུབ་ཟེར་བའི་སྒྲ་གདངས་དོན་པ་དང་། སངས་རྒྱས་དང་སངས་རྒྱལ་གདངས་གཅིག་པ། བྲག་རི་དང་བག་རི། ལྟས་དང་སྟེར་གཅིག་པ་འདྲ་བོ་འབོད་ཀི་འདུག