འཛམ་གླིང་ཞི་བདེ་དང་འགྲོ་བ་མིའི་ཐོབ་ཐང་། བོད་རང་བཙན་བཅས་ཀྱི་ཆེད་དུ།
ལོ་འདིའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ལ་མགོ་བཙུགས་ཏེ། ལྟག་མཚེར་རིན་པོ་ཆེའི་སྲས་འཇིགས་མེད་ནོར་བུ་དང་། ཞི་ཁ་ཀོའི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་བསྟན་འཛིན་འཇམ་དབྱངས། དེ་བཞིན་བྷི་ལིམ་མིན་ཊོན་གྱི་ཨ་རི་བ་ Marcus Moir-la བཅས་ཀྱིས་ ཐེ་ཝན་གྱི་ཐེ་པེ་རྒྱལ་ས་ནས་ ཀའོ་སུང་གྲོང་ཁྱེར་བར་ མེལ་ལེ་ ༢༥༠ ཙམ་གྱི་ལམ་ཐག་ལ་གོམ་བགྲོད་མགོ་འཛུགས་བྱས་ཡོད་པ་རེད།
གོམ་བགྲོད་འདི་གོ་སྒྲིག་བྱེད་མཁན་ནི་ཐེ་ཝན་གྱི་བོད་རང་བཙན་སློབ་ཕྲུག་ཚོགས་པ་ཡིན་པ་དང་། དེ་དང་མཉམ་དུ་ཐེ་ཝན་གྱི་བོད་ཀྱི་གཞོན་ནུ་ཚོགས་པ། བོད་ཀྱི་གྲོགས་པོའི་ཚོགས་པ། བོད་ཀྱི་བུད་མེད་ཚོགས་པ། བོད་མིའི་སྐྱིད་སྡུག་ལྷན་ཚོགས་སོགས་ཡོད་པ་ཡིན་པ་རེད།
གོམ་བགྲོད་ཀྱི་གནས་ཚུལ་རྣམས་ས་གནས་ཀྱི་བརྙན་འཕྲིན་དང་རླུང་འཕྲིན། དེ་བཞིན་ཚགས་པར་སོགས་ཀྱི་སྟེང་རྒྱ་ཁྱབ་ཏུ་སྤེལ་ཡོད་པ་རེད། ཞིབ་གསལ་གྱི་གནས་ཚུལ་རྣམས་གཤམ་གྱི་འབྲེལ་ཐག་ཁག་ནས་གཟིགས་ཐུབ།
http://www.ambassadorsforworldpeace.org/
http://twitter.com/fightfortibet
http//walk4tibet.blogspot.com
སྲས་འཇིགས་མེད་ནོར་བུ་ལགས། སྙིང་ཁོངས་ནས་ཐུགས་རྗེ་བླ་ལྷག་ཏུ་ཆེ་ཞུ་རྒྱུ་ཡིན། ཕ་ཤུལ་བུ་འཛིན་ཞེས་པའི་བོད་ཀྱི་བཤད་རྒྱུན་དེ་ངོ་མ་དྲན་གསོ་བཏང་སོང་། ཕྲན་ནས་ལྟག་མཚེར་རིན་པོ་ཆེ་དགོངས་པ་རྫོགས་རྗེས་ཕྱོགས་དེ་ནས་ལོ་ལྟར་གྲགས་ཡོང་བའི་བོད་རང་བཙན་གྱི་འབོད་སྒྲ་དེ་ཡང་འཇའ་ལྟར་ཡལ་ངེས་རེད་སྙམ། ད་ལན་སླར་ཡང་ཉི་མ་ལྟར་གསལ་བར་བཞད་པས་ཤི་ལ་ཉེ་བའི་རེ་བའི་པད་འདབ་དེའང་ཅུང་རྒྱས། རང་བཙན་གྱི་འབོད་སྒྲ་ནི་ནམ་མཁའ་ནས་འབྲུག་ལྟར་གྲགས་ཆོག་ལ། རང་བཙན་གྱི་འབོད་སྒྲ་ནི་གོ་ལ་ཧྲིལ་པོའི་ཐོག་གངས་ཆུ་བཞིན་གནས་དགོས་པ་ཞིག་རེད་སྙམ། འདི་ལ་ལོ་རྒྱུས་ཀྱིས་བདེན་དཔང་ཡོད་ལ། རིག་གཞུང་གི་རྒྱབ་རྟེན་ཡོད། རི་ར་བ་ཁང་ཁྱིམ་སོགས་སྣོད་བཅུད་ཐབས་ཅད་ཀྱིས་ང་ཚོར་བདེན་དཔང་བྱེད་ཀྱིན་ཡོད་པས། འདིར་རྩོད་པ་ང་ཚོའི་ཐོབ་ཐང་ཡིན་ལ། འདིར་རྩོད་པ་ང་ཚོའི་འོས་འགན་ཞིག་ཀྱང་ཡིན།
གལ་ཏེ་ང་ཚོར་དགོས་པ་དེ་བོད་རང་བཙན་མིན་ན། རྒྱ་ནག་དང་མཉམ་དུ་བཞག་པའི་ཆིངས་ཡིག་དོན་ཚན་བཅུ་བདུན་པོ་དེ་ཡོངས་ཁྱབ་གསལ་བསྒྲགས་ཀྱིས་རྩིས་མེད་རྡོག་རོ་བཏང་དགོས་དོན་མེད་ལ། ཕོ་བྲང་པོ་ཏ་ལའི་མདུན་ཐང་དུ་དམར་པོ་ཁྲག་གི་རྒྱ་མཚོ་འཁྱིལ་དགོས་དོན་དེ་བས་མེད། ཁོང་ཚོས་བོད་རང་བཙན་གྱི་ཆེད་དུ་རང་གི་གཅེས་སྲོག་བློས་བཏང་ནས་རྩོད་ལེན་བྱས་པ་རེད། འོན་ཀྱང་ཁོང་ཚོར་རག་རྒྱུ་ནི་མདེའུ་དང་ཕམ་ཁ་རེད། ཁོང་ཚོའི་ཕམ་ཁ་ནི་གཟི་བརྗིད་ཡིན་ལ། ཁོང་ཚོའི་ཕམ་ཁ་ནི་ངོམས་སུ་འོས་པ་ཞིག་ཀྱང་ཡིན། རྒྱུ་མཚན་ནི། ཁོང་ཚོའི་རག་པ་ཕམ་ཁ་ཡིན་ཡང་། མི་རབས་རྗེས་མ་ཚོར་རྒྱལ་ཁ་ལེན་རྒྱུའི་སྒོ་རྒྱ་ཡངས་པོར་འབྱེད་པ་ལས་ལམ་བུ་བཀག་མེད། འདི་ནི་ཁོང་ཚོས་མི་རབས་རྗེས་མ་ཚོར་བཅོལ་བའི་རེ་བ་ཡིན་ཞེས་བརྗོད་ཆོག་ལ། འདི་ནི་ཁོང་ཚོས་ང་ཚོར་བཞག་པའི་ཁ་ཆེམས་རེད་ཅེས་བརྗོད་ཆོག ང་ཚོས་ངེས་པར་དུ་བསམ་གཞིགས་བྱ་དགོས་པ་ཞིག་ནི། གསུམ་བཅུ་དུས་དྲན་གྱི་ཉིན་མོ་དེ་གང་གི་ཆེད་དུ་རྩི་སྲུང་ཞུ་གིན་ཡོད་པ་དེ་རེད། ལོ་རབས་ལྔ་བཅུ་ཙམ་ལས་མ་འདས་མོད་ཀྱང་། མང་པོ་ཞིག་གིས་ཉིན་མོ་འདིར་བྱུང་བའི་གནས་ཚུལ་གཏིང་བརྗེད་དུ་འགྲོ་ཚར་ཡོད་ཉེན་འདུག ལོ་ངོ་ལྔ་བཅུའི་རིང་དུ་ང་ཚོས་འཇོན་པ་བསྟན་རྒྱུ་ཡོད་པ་ནི། བོད་རིགས་ཚོ་རང་བཙན་རྩོད་པའི་ཕྱོགས་ཁག་དང་། རང་བཙན་མི་རྩོད་པའི་ཕྱོགས་ཁག་གཉིས་སུ་གྱེས་པ་དེ་རེད། དེ་སྔར་ལོ་རྒྱུས་ནང་དུ་ཆོས་ལུགས་ཕན་ཚུན་མ་མཐུན་པ་བྱུང་འདུག་ལ། ཆོལ་ཁ་ཕན་ཚུན་འཁྲུག་འཛིང་ཡང་ཤོར་མྱོང་བ་རེད། འོན་ཀྱང་རྩོད་གླེང་འདི་ནི་དེ་སྔར་ལོ་རྒྱུས་ནང་དུ་བྱུང་མྱོང་མེད་པའི་ནང་ཁུལ་མཐུན་སྒྲིལ་གྱི་བསྲེས་ལྷོད་གསར་པ་ཞིག་རེད།
ཁོ་བོར་མཚོན་ན། སྐར་ལྔའི་དར་དམར་གྱི་འོག་ཏུ་གླུ་དབྱངས་ལེན་འདོད་མེད་པས། བོད་རང་བཙན་ལས་གཞན་པའི་བཟང་ཕྱོགས་ཀྱི་འགྱུར་བ་གང་འདྲ་ཞིག་ཕྱིན་རུང་དགའ་འོས་པའི་འགྱུར་བ་ཞིག་གཏན་ནས་མི་འདོད་དོ། ། བོད་རང་བཙན། བོད་རང་བཙན། བོད་རང་བཙན། བོད་རང་བཙནབོད་རང་བཙན། བོད་རང་བཙནབོད་རང་བཙན། བོད་རང་བཙནབོད་རང་བཙན། བོད་རང་བཙནབོད་རང་བཙན། བོད་རང་བཙནབོད་རང་བཙན། བོད་རང་བཙན།བོད་རང་བཙན། བོད་རང་བཙན།བོད་རང་བཙན། བོད་རང་བཙན
ཡག་པོ་ཞེ་དྲག་འདུག འོན་ཀྱང་། རང་བཙན་ཕྱོགས་གཉིས་ནས་ཤུགས་རྒྱག་དགོས།
བོད་རང་དབང་སློབ་གྲོགས་ཚོགས་པས་གོ་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཕ་གངས་སེང་འདྲ་བའི་བུ་རྒྱ་སྟག་དར་མ་འདྲ་བ་སྲས་འཇིགས་མེད་ནོར་བུ་མཆོག་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།
བུ་སྙིང་སྟོབས་ཡོད་མཁན་ཚོས་རང་བཙན་རྩོད་དགོས།
སེམས་ལ་རྒྱ་ཡོད་མཁན་ཚོས་རང་བཙན་རྩོད་དགོས།
གཞི་ཕ་ཡུལ་བསམ་མཁན་ཚོས་རང་བཙན་རྩོད་དགོས།
ས་རང་ཡུལ་དྲན་མཁན་ཚོས་རང་བཙན་རྩོད་དགོས།
བོད་རང་བཙན། བོད་རང་བཙན། བོད་རང་བཙན་ཡིན།