(ཡིག་བསྒྱུར་བ། ལྷ་སྡེ་གནམ་ལོ་ཡག)
ན་ནིང་གི་ཕྱི་ཟླ་ ༦ ནང་། གོ་མིན་ཏང་དང་དམངས་གཙོ་ཡར་ཐོན་ཚོགས་པས་གན་རྒྱ་བཞག་ནས་རྒྱ་གཞུང་བར་འཇོག་བྱར་བསྙད་པའི༼ཚོང་དོན་ཞབས་ཞུའི་གྲོས་མཐུན༽གྱི་དོན་ཚན་རེ་རེ་བཞིན་ཞིབ་འཇུག་བྱེད་དགོས་པ་བཟོས་ཡོད། འོན་ཀྱང་། ཉིན་ཤས་ཡར་སྔོན། གོ་མིན་ཏང་གིས་གན་རྒྱ་རྩིས་མེད་ཀྱི་ལམ་ནས༼ཚོང་དོན་ཞབས་ཞུའི་གྲོས་མཐུན༽ལ་བཙན་ཤེད་ཀྱིས་མིང་རྟགས་འགོད་པའི་སྦྱོར་བ་བརྩམ་པས། ཐེ་ཝན་རྒྱལ་ཡོངས་སུ་དངངས་འཚབ་ལངས།
ཐེ་ཝན་མི་འབོར་སྤྱིའི་ལྡབ་བདུན་གྱིས་གྲོས་མཐུན་འདིར་ངོ་རྒོལ་བྱེད་ཀྱིན་ཡོད་ལ། མ་ཡུན་ཅིག་གིས་དབུ་ཁྲིད་པའི་གོ་མིན་ཏང་གཞུང་གིས་གཡོ་ཐབས་ཀྱིས་རྒྱ་ནག་གཞུང་ལ་གྲོས་མཐུན་འདི་འཇོག་རྩིས་བྱས་པས། ཐེ་ཝན་ལས་རིགས་ཡོངས་ནས་སྡིགས་དམོད་བྱེད་ཀྱིན་པའི་ཁར། ཚེས་༡༨ ཉིན་ན་གཞོན་སློབ་ཕྲུག་བརྒྱ་ཕྲག་གཉིས་ལྷག་གིས་ཉེན་རྟོག་པའི་བཀག་རྒྱ་བརྟོལ་ནས་གྲོས་ཚོགས་ཁང་འཕྲོག་ཐུབ་ཡོད་པས། སློབ་མའི་ལས་འགུལ་ཡང་བསྐྱར་མངོན་པ་དང་རྒྱལ་ཡོངས་ཧང་སངས་སུ་བཅུག་ཡོད།
ན་གཞོན་སློབ་མའི་དཔུང་ཁག་འདིས་བློ་སྤོབས་ཀྱིས་རྒྱལ་ཁབ་སྲུང་བ་དང་བྱ་སྤྱོད་ཀྱིས་ཐེ་ཝན་གྱི་མ་འོངས་ལོ་རྒྱུས་སྐྱ་ཐིག་ཕབ་ཡོད། དེ་མཚུངས་སུ་མང་ཚོགས་ཁྲི་སྟོང་མང་བོ་ངོ་རྒོལ་བྱེད་ཡུལ་ལ་ལྷགས་ཀྱིན་པ་དང་ཕྱི་སྡོད་སྦུན་ཟླ་ཚོས་ཀྱང་རྒྱབ་བསྐྱོར་ཤུགས་ཆེར་གནང་བཞིན་ཡོད་ལ། གོ་མིན་ཏང་གིས་དམངས་གཙོའི་འགྲོ་རིམ་ལ་རྡོག་རོལ་གྱིས་མི་དམངས་ཀྱི་བསམ་འདུན་ལ་རྒྱབ་འགལ་བྱས་པར་ངོ་རྒོལ་ཐ་གཅིག་ཏུ་གནང་བཞིན་ཡོད།
ཐེ་ཝན་ཉིན་ཚགས་དང་ཐེ་ཝན་སྤྱི་ཕན་དྲ་རྒྱ་གཉིས་མཉམ་རུབ་ཐོག་གཤམ་གསལ། ཛ་དྲག་འབོད་སྐུལ་གསུམ་ཞུ་རྒྱུ་ཡིན།
༡ གོ་མིན་ཏང་གིས་གན་རྒྱར་རྒྱབ་འགལ་གྱིས་དམངས་གཙོའི་འགྲོ་རིམ་ལ་རྡོག་རོལ་བཏང་བར་རྒྱལ་ཡོངས་མི་དམངས་ལ་དགོངས་དག་ཞུ་དགོས། དེ་བཞིན་ཚོང་དོན་གྲོས་མཐུན་གྱི་དོན་ཚན་རེ་རེ་བཞིན་ཞིབ་འཇུག་གྲོས་མོལ་བྱེད་དགོས།
༢ ཐེ་ཝན་ཉེན་རྟོག་པས་སློབ་མར་དྲག་སྦྱོད་བཀོལ་མི་ཆོག སློབ་ཕྲུག་རྣམས་རྒྱལ་གཅེས་པ་ཡིན་པ་ལས་ཉེས་ཅན་པ་མིན།
༣ ཚང་མས་མིང་རྟགས་བཀོད་ནས་ན་གཞོན་སློབ་ཕྲུག་ཚོར་རྒྱབ་བསྐྱོར་གནང་རོགས།
ཐེ་ཝན་ཉིན་ཚགས་ཁང་གི་སྤྱི་ཁྱབ་པ། ལིས་མའོ་ཐུང་།
ཐེ་ཝན་སྤྱི་ཕན་དྲ་བ་གསར་སྤེལ་མཁན། ཀྲང་ཅིན་ཙའོ།
(མཚན་དང་རྒྱལ་ཁབ་ཀྱི་མིང་སོགས་དབྱིན་ཡིག་གམ་རྒྱ་ཡིག་ནང་བྲིས་ནས་ཡིག་བྱང་འདིའི་ནང་གཏོང་རོགས། taiwandaily228@gmail.com)
མ་ཡིག་གཤམ་གསལ།
http://blog.boxun.com/hero/201403/dongsai/17_1.shtml
ཁ་སང་སྦིའི་སྦིའི་སི་གསར་ལམ་ནས་ཐེ་ཝན་སློབ་མའི་ལས་འགུལ་འདི་སྐོར་མཐོང་སོང་། དེའི་དྲ་ཐག་དེ་ད་ལྟ་འདིར་འཇོག་བསམ་ཡང་རྙེད་མ་སོང་།
བོད་ཀྱི་དུས་བབ་ནང་དུ་དེ་སྐོར་བཀོད་འདུག་པས་འབྲེལ་ཐག་འདི་ནས་གཟིགས།
http://www.tibettimes.net/news.php?showfooter=1&id=8673
དམངས་གཙོ་ལ་མོས་ཕྱོགས་ཀྱི་ལས་འགུལ་འདི་རིགས་ལ་དགའ་གུས་ཡོད། ཞི་འགྲིག་དང་ཁེ་ཕན་གཅིག་པོའི་ཆེད་དུ་མི་མང་གི་མངོན་འདོད་དང་ལོ་རྒྱུས་ཀྱི་བདེན་དོན་རྣམས་རྡོག་རོལ་གཏོང་བའི་བྱེད་སྟངས་ལ་མོས་མཐུན་མེད། དམངས་གཙོ་རྒྱལ་གྱུར་ཅིག
ལས་འགུལ་འདི་ནི་མང་གཙོའི་ལམ་ཁ་ཡང་དག་པར་བསྐུལ་བའི་ལས་འགུལ་ཞིག་དང་། རང་ས་རང་ཡུལ་མི་རེ་གཉིས་ཤིག་གམ། ཚོགས་སྡེ་ཞིག་གི་ཁེ་བཟང་ཆེད་བཙོང་མི་ཆོག་པའི་ངོ་རྒོལ་རེད། རྒྱབ་བསྐྱོར་གཙང་མ་ཞུ་གི་ཡིན། ཀློག་མཁན་གང་མང་གིས་ཀྱང་རྒྱབ་བསྐྱོར་ཡོད་པ་ཞུ། དེ་ནས་ང་ཚོ་རང་ཉིད་ལའང་ཚུར་རྒྱབ་བསྐྱོར་རེག་གི་རེད།
྄༄། རྒྱལ་ཁབ་ཞོ་བཞིན་ཆགས་བཞིན་པ་ལ་ཁྲག་བཞིན་དུ་དཀྲུག་སྡོད་མཁན་དམགས་གཙོ་པ་སློབ་ཁྲུག་ནང་ལ་མཛུལ་ནས་ཁྲིམ་འགལ་གིས་ལས་ཀ་དང་སྤྱོད་པས་སྤྱི་མཐུས་ཚོགས་པའི་ཁང་པ་ནང་ལ་གཙན་མཛུལ་བྱས་གིས་ཡོད། ང་ཚོས་དུས་ནམ་ཡང་་ངོ་རྒོལ་དང་འབྲེལ་ཁོ་ཚོའི་སྤྱོད་ངན་དེ་ལམ་སློང་ཡོང་མི་སྲིད། ང་ཚོས་དུས་ནམ་ཡང་རྒྱ་ནག་སྐམ་ས་དང་ཐེ་ལྦན་གཉིས་ཞི་བདེ་གྲོས་མཐུན་མཇོག་ཐུབ་པའི་རེ་བ་དང་མ་འོང་པ་ལ་ཞི་བདེ་མཚོ་བ་ལོང་སུ་སྤྱོད་པའི་རེ་བ་དང་ཡིག་ཆེས་ཡོད།
ཐེ་ཝན་གནས་སྟངས་ཧ་ལམ་དུས་རབས་ཉི་ཤུ་བའི་ལོ་རབས་བཞི་བཅུའི་མཇུག་གི་བོད་ལྟ་བུ་ཞིག་རེད། དེ་ལྟ་བུའི་གནས་སྟངས་དེ་ངོས་ཟིན་པའི་ལམ་ནས་བོད་མི་གང་མང་གིས་མིང་རྟགས་བཀོད་ནས་རྒྱབ་བསྐྱོར་གནང་རྒྱུ་ཧ་ཅང་གི་གལ་ཆེ། ཡང་སྒོས་ཐེ་ཝན་ནང་ཆོས་སྤེལ་མཁན་དང་ཆོས་ཚོགས་ཁག ཐེ་ཝན་གྱི་སྦྱིན་བདག་ལ་བརྟེན་བཞིན་པའི་སེར་སྐྱ་ཡོངས་ནས་རྒྱབ་བསྐྱོར་གནང་རྒྱུ་ཧ་ཅང་གི་གལ་ཆེན་རེད། ཕྱོགས་གཅིག་ནས་ཐེ་ཝན་ནི་མ་གྱུར་སེམས་ཅན་གྱི་གྲས་རེད། ཕྱོགས་གཞན་ཞིག་ནས་གལ་སྲིད་ཐེ་ཝན་ལ་རིམ་པས་ཆག་འཇིག་བྱུང་མཚམས་སྦྱིན་བདག་རྣམས་ཀྱང་མེད་འགྲོ་གི་རེད།
གནམ་ནས་ཆར་བ་འབེབ་རྒྱུ་རེད། ཨ་མ་གནས་ལ་འགྲོ་རྒྱུ་རེད། རྒྱ་ནག་གིས་ར་ཞི་ཡ་ཡིས་མཁར་མིག་དབང་ལ་བསྡུད་བསྡུད་བྱས་བ་ལྟར་ཐེ་བན་ལེན་པ་དང་ཐེ་བན་ཡང་ཕྲུ་གུ་ཨ་མའི་བང་ལ་རྒྱུགས་རྒྱུགས་བྱས་ན་མི་དགའ་རྒྱུ་ཅི་ཡོད། རྒྱ་ནག་གི་མཐར་ཐུག་ལ་ཕན་པས་སོ། བོད་ཀྱི་གྲྭ་བ་ཆ་བོའི་སྦྱིན་བདག་ད་ལྟ་ཐེ་བེན་ལས་རྒྱ་ནག་སྐམ་ས་ཆེན་མོ་ན་མང་གི དེར་བསམ་ཁུར་གནང་དགོས་པ་མ་རེད། སྟོན་པའི་རྗེས་འཇུག་རྣམས་ལ་ནོར་གྱིས་མི་གཙེས་ཞེས་པའི་ཟེར་སྲོལ་ཞིག་གོ་མྱོང་།
ཅོག་མྱི་འདི་མའོ་ཚེ་ཐུང་ལ་དད་པ་ཡོད་མཁན་ཞིག་ཏུ་ག་དུས་གྱུར་བ་རེད་དམ། གཅིག་བྱས་ན་ཁོ་རང༼དར་དམར་རིན་པོ་ཆེ༽མིན་འགྲོ ཨམ་སྐད་ཡག་པོ་ཞིག་གསུང་གི་འདུག
མདང་དགོང་ཐེ་ཝན་སློབ་མའི་ལས་འགུལ་ཁྲོད་ཁག་ཅིག་ལ་གཞུང་ཕྱོགས་ནས་དྲག་སྤྱོད་བཀོལ་འདུག་པས། རྨས་སྐྱོན་འཚབ་ཆེན་བྱུང་འདུག་ལ། བོད་མི་ཚོས་མུ་མཐུད་དུ་དོ་སྣང་དང་འབོད་བསྐུལ་གནང་རོགས།