བསེ་རོང་འོད་ཟེར།
ཕྱི་ཚེས་ ༦ ཉིན་མདོ་སྨད་ཐེ་བོ་སྨད་རྒྱུད་འབྲུག་ཆུ་ཁུལ་དུ་ཡང་བསྐྱར་རི་ཉིལ་གྱི་གནོད་འཚེ་བྱུང་ཡང་། རི་ཉིལ་གྱིས་གནོད་འཚེ་མ་བྱུང་སྔོན་ལ་མི་མང་རྣམས་སྡོད་གནས་སྤར་ཐུབ་ཙམ་བྱུང་བས་མི་མང་རང་ལ་ཤི་རྨས་ཚབས་ཆེ་ཐེབས་ཡོད་མེད་གསལ་ཁ་ཞིག་མེད་ཀྱང་། ཁང་ཁྱིམ་དང་། རྒྱུ་ནོར་ལ་སྐྱོན་གུད་ཚབས་ཆེ་ཐེབས་ཡོད་འདུག
སྤྱིར་ད་རེ་ཐེ་སྨད་འབྲུག་ཆུ་ཁུལ་དུ་རང་བྱུང་གི་གནོད་འཚེ་གཅིག་རྗེས་གཉིས་མཐུད་འབྱུང་བཞིན་པའི་གནད་དོན་གཙོ་བོ་རྒྱ་གཞུང་གིསའབྲུག་དཀར་གཙང་པོའི་གཡས་གཡོན་གྱི་རི་ལུང་གི་ནགས་ཚལ་གཅོད་འབྲེག་དང་། རང་བྱུང་གཏེར་ཁ་སྔོག་འདོན་ཚད་མེད་བྱས་པའི་ངན་འབྲས་རྣམས་ཉམ་ཐག་པའི་ས་གནས་བོད་མི་ཚོའི་མགོ་ཐོག་ཏུ་གཅིག་རྗེས་གཉིས་མཐུད་དུ་འབྱུང་བཞིན་པའི་གནས་སྟངས་འདི་དངོས་གནས་ཡིད་སེམས་གཏིང་ནས་སྐྱོ་དགོས་པའི་གནས་སྟངས་རང་རེད།
ད་ངོས་ནས་སེམས་སྟེང་ནས་སྐྱོ་གི་ཡ
ད་དངོས་གནས་རྒྱ་དམར་གཞུང་གི་བྱེད་ལས་་ངན་པའི་འབྲས་བུ་ང་ཚོའི་སྟེང་དུ་སྨིན་གྱི་འདུག དེ་ལས་འབྲས་ཡིན་ནམ། སྤྱི་ས་འདི་ནས་ཐེ་བོའི་མི་མང་བོ་མེད་པ་མ་ཟད་ ཁ་ཤས་ཡོད་པ་རྣམས་ཀྱང་
གཞོན་སྐྱེས་ཤ་སྟག་ཡིན ཁྱོད་ཚོས་དཀའ་ལས་མ་འཛེམ་པར་འདིའི་ཕྱོགས་ལ་སྐྱིད་སྡུག་མཉམ་ཁུར་བྱེད་པ་ལ་
ངའི་ངོས་ནས་ཐུགས་རྗེ་བླ་མེད་ཞུ་གི་ཡོད།
ངོ་མ་སྙིང་ཁ་གཟེར་གི
བཀྲ་ཤིས་ལགས།
སྐུ་ཉིད་ཀྱིས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ།