༄༅།། མདོ་སྨད་ཐེ་བོ་སྨད་མའམ་འབྲུག་ཆུ་རྫོང་ཁོངས་སུ་རི་རྙིལ་དང་ཆུ་ལོག་འདྲེས་མའི་གནོད་འཚེ་འོག་ འདས་གྲོངས་སུ་སོང་བ་རྣམས་ཀྱི་ཆེད་དུ་བདུན་ཚིགས་མཐའ་མ་དེ་ཕྱི་ཟླ་ ༩ ཚེས་ ༢༥ ཉིན་གྱི་ཞོགས་པའི་ཆུ་ཚོད་བརྒྱད་པའི་ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ ལག་ཁང་དུ། དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་མཁན་རིན་པོ་ཆེ་དབུ་བཞུགས་ཐོགས། ཀིརྟིའི་བྱེས་པ་གྲྭ་ཚང་གི་དགེ་འདུན་པ་ཡོངས་ཀྱིས་གཙོ་བྱས་ཏེ་རྡ་སའི་ཁུལ་གྱི་ གྲྭ་བཙུན་སྔགས་གསུམ་དང་། བོད་མི་མང་གི་སྤྱི་འཐུས་ཚོགས་གཙོ་སྐུ་ངོ་སྤེན་པ་ཚེ་རིང་གཙོ་བྱས་སྤྱི་འཐུས་ རྣམ་པ། རྡ་སའི་བདེ་དོན་སྐུ་ངོ་གཙོ་བྱས་གཞུང་ཞབས་རྣམ་པ། གཞན་ཡང་རང་དབང་ཅན་གྱི་གསར་འགོད་ལྷན་རྒྱས། རྡ་ སའི་ཁུལ་གྱི་སེར་སྐྱ་མི་མང་བཅས་མཉམ་འཛོམས་ཀྱི་མཆོད་འབུལ་རྒྱས་པ་ཞིག་མདོ་ སྨད་དབུས་རྒྱུན་ལས་དང་ས་གནས་རྒྱུན་ལས་གཉིས་ཀྱིས་གོ་སྒྲིག་དང་མཉམ་དུ། བྱེས་འབྱོར་ཐེ་བོ་མི་མང་ནས་ཀྱང་ཐེ་སྨད་འབྲུག་ཆུའི་ས་ཁུལ་དུ་མིས་བཟོས་པའི་རང་བྱུང་གནོད་འཚེ་འོག་འདས་གྲོངས་སུ་སོང་ནས་ཞག་མ་བཞི་བཅུ་ཞེ་དགུ་འཁོར་བའི་བདུན་ཚིགས་མཐའ་མ་དང་ཉེ་ཆར་མདོ་སྨད་རེབ་གོང་ས་ཁུལ་དུ་ཆུ་ལོག་གིས་གནོད་འཚེ་བྱུང་བ་བཅས་ཀྱི་ཆེད་དུ་གྲྭ་བཙུན་སྔགས་གསུམ་ལ་སྐུ་འགྱེད་དང་མཆོད་འབུལ་ཞུས་འདུག
ད་རེས་ཀྱི་གཟའ་འཁོར་འདི་ནི་འབྲུག་ཆུ་ས་ཁུལ་དུ་ཆུ་ལོག་གི་གནོད་འཚེ་བྱུང་སྟེ་བདུན་ཞག་བཞི་བཅུ་ཞེ་དགུ་འཁོར་བའི་གཟའ་འཁོར་རེད། རྒྱ་གར་རྡ་རམ་ས་ལ་ནས་བོད་ཀྱི་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་ ༢༥ ཉིན་གྱི་སྔ་དྲོར་༧རྒྱལ་བ་རིན་པོ་ཆེ་ཡི་ཕོ་བྲང་མདུན་གྱི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། འབྲུག་ཆུ་ས་ཁུལ་ལ་རང་བྱུང་གི་གནོད་སྐྱོན་བྱུང་སྟེ་དགུང་ཞག་ ༤༩ འཁོར་བའི་བསྔོ་སྨོན་མཆོད་འབུལ་ཞུས་འདུག འདི་ནི་འབྲུག་ཆུ་ས་ཁུལ་དུ་ཆུ་ལོག་གི་གནོད་འཚེ་བྱུང་བ་དེར་རྒྱ་གར་དུ་ཡོད་པའི་བོད་མི་ཚོའི་ངོས་ནས་ཆོས་ཕྱོགས་ཀྱི་དགེ་བ་ཚོགས་བསགས་ཀྱི་གནས་ཚུལ་རེད།
ཡང་ཕྱོགས་གཞན་ཞིག་ནས་ཆུ་ལོག་གི་གནོད་འཚེ་འདིའི་སྐོར་ལ་ཆབ་སྲིད་ཀྱི་གནད་དོན་དང་རྩོད་པ་ཡང་བྱུང་ཡོད། ཚང་མས་ཤེས་གསལ་ལྟར། ད་ལོ་གཅིག་པུར་བོད་དུ་ས་འགུལ་དང་ཆུ་ལོག་གི་གནོད་འཚེ་ཆེན་པོ་བསྟུད་མར་བྱུང་ཡོད། གནོད་འཚེ་འདི་དག་ལ་ཁ་ཤས་ཀྱིས་རང་བྱུང་གི་གནོད་འཚེ་ཞེས་བཤད་ཀྱི་ཡོད་མོད། ཡིན་ནའང་ཁ་ཤས་ཀྱིས་འབྲུག་ཆུའི་ཆུ་ལོག་གི་གནོད་འཚེ་དེ་ནི་རང་བྱུང་ཁོ་ན་ཙམ་མིན་པར། རྒྱ་ནག་གཞུང་གིས་བོད་ཀྱི་རང་བྱུང་གི་ཁོར་ཡུག་ལ་གནོད་སྐྱོན་བཏང་སྟེ་བྱུང་བ་ཞིག་ཡིན་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད། འདི་ནི་བོད་མི་རེ་ཟུང་གི་སྡུག་བསྔལ་དང་སེམས་ཀྱི་ཚོར་བ་ཙམ་མིན་པར། འབྲུག་ཆུ་ས་ཁུལ་དུ་ཆུ་ལོག་གི་གནོད་འཚེ་བྱུང་མ་ཐག་ཏུ་བོད་གཞུང་མི་དམངས་སྤྱི་འཐུས་ལྷན་ཁང་གིས་དེའི་སྐོར་ལ་གསལ་བསྒྲགས་འདི་འདྲ་ཞིག་སྤེལ་ཡོད།
“མདོ་སྨད་འབྲུག་ཆུ་ས་ཁུལ་ནི་བོད་ཁུལ་དུ་ནགས་ཚལ་རྒྱ་ཁྱོན་ཆེ་ཤོས་ཀྱི་ས་གནས་ཤིག་ཡིན་ཞིང་། ལོ་རྒྱུས་ཐོག་ཆུ་ལོག་བྱུང་བའི་གནས་ཚུལ་མཐོང་ཐོས་དཀའ་ཡང་། རྒྱ་ནག་གིས་བོད་དབང་བསྒྱུར་བྱས་པའི་རྗེས་སུ་ནགས་ཚལ་སྨྱོན་ཧམ་ལྟར་གཅོད་འབྲེག་བྱས་པའི་དབང་གིས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་ཤིན་ཏུ་ཚབས་ཆེན་ཐེབས་ཡོད་པར་མ་ཟད། ཤིང་ནགས་བཅད་ཟིན་མཚམས་གཙོ་བོ་གཏེར་ཁ་སྔོག་འདོན་དང་། ཆུ་གློག་གསར་རྒྱག་བཅས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ཀྱི་འཆར་གཞི་གང་ཡང་མེད་པའི་ལས་གྲྭ་འབོར་ཆེན་སྤེལ་བཞིན་པ་སོགས་ནི་ད་ཐེངས་ཆུ་ལོག་ཚབས་ཆེན་ཡོང་བའི་རྐྱེན་རྩ་གཙོ་བོ་ཡིན་” ཞེས་གསུངས་ཡོད།
ཡིན་ནའང་རྒྱ་ནག་གཞུང་གིས་འབྲུག་ཆུ་ས་ཁུལ་གྱི་ཆུ་ལོག་གི་གནོད་འཚེ་འདི་ནི་རང་བྱུང་གི་ས་བབས་དང་ཁོར་ཡུག་ལ་བརྟེན་ནས་བྱུང་བ་ཞིག་མ་གཏོགས། དེ་ནི་རྒྱ་ནག་གཞུང་གི་ངོས་ནས་ནོར་འཁྲུལ་ཤོར་བ་ལ་བརྟེན་ནས་བྱུང་བ་ཞིག་ཏུ་རྩ་ནས་ངོས་འཛིན་བྱེད་ཀྱི་མེད་པ་མ་ཟད། རྒྱ་ནག་གཞུང་གི་རྒྱལ་ཁབ་ཐོན་ཁུངས་ལྷན་ཁང་དང་ཀན་སུའུ་རྒྱལ་ཁབ་མངའ་ཁོངས་ཐོན་ཁུངས་སྡེ་ཁག་སོགས་ཀྱིས་དངོས་སུ་འབྲུག་ཆུ་ས་ཁུལ་དུ་ལྟ་ཞིབ་དང་དབྱེ་ཞིབ་བྱས་ཏེ། ད་རེས་འབྲུག་ཆུ་རྫོང་ལ་ཆུ་ལོག་བྱུང་བར་རྒྱུ་རྐྱེན་གསུམ་ངོས་འཛིན་བྱས་ཡོད།
གཅིག་ནི། འབྲུག་ཆུའི་ས་བབས་ཀྱི་ཆགས་སྟངས་དང་དེའི་དམིགས་བསལ་གྱི་ས་གཤིས་གྲུབ་ཚུལ་དེ་རེད་ཅེས། འབྲུག་ཆུ་རྫོང་མཁར་ཉེ་འདབས་ཀྱི་ས་གཤིས་གྲུབ་སྟངས་ཀྱི་བྲག་ངོས་བརྟན་པོ་མིན་པས་ཅུང་འཇིག་སླ་བ་དང་། རླུང་ཟད་བྱུང་ཚད་ཀྱང་ཅུང་ཚབས་ཆེ་བའི་དབང་གིས། རི་ཉིལ་བ་དང་འདམ་ཟེགས་འདྲེས་མའི་ཆུ་ལོག་གི་གནོད་འཚེ་བྱུང་རྒྱུ་ཅུང་ཙམ་ལས་སླ་མོ་རེད་ཅེས་བཤད་ཡོད།
གཉིས་ནི། སི་ཁྲོན་གྱི་བུན་ཁྲོན་ས་འགུལ་གྱི་གནོད་པ་དེ་འང་རྒྱུ་རྐྱེན་གཙོ་བོའི་ནང་གི་གཅིག་རེད་ཅེས་བཤད་ཡོད།
རྒྱུ་རྐྱེན་གསུམ་པ་ནི། འབྲུག་ཆུ་ས་ཁུལ་ལ་ན་ནིང་ནས་ད་ལོའི་ལོ་སྟོད་བར་བསྟུད་མར་ཐན་པ་བྱུང་ནས། འབྲུག་ཆུ་རྫོང་གི་མཐའ་འཁོར་གྱི་བྲག་ངོས་ལ་གས་སྲུབས་བྱུང་བའི་དབང་གིས་ཆར་ཆེན་འབབ་སྐབས་རི་ཉིལ་སླ་མོ་བྱུང་བ་རེད།ཅེས་ཐེངས་འདིའི་ཆུ་ལོག་གི་འབྱུང་རྐྱེན་གསུམ་ངོས་འཛིན་བྱས་ཡོད།
འདི་དག་ནི་འབྲུག་ཆུ་ས་ཁུལ་གྱི་ཆུ་ལོག་གི་གནོད་འཚེའི་འབྱུང་རྐྱེན་དེ་སུ་ཞིག་དང་ཡང་ན་གང་ཞིག་ལ་ཐུག་ཡོད་པའི་བོད་གཞུང་དང་རྒྱ་ནག་གཞུང་གཉིས་བར་གྱི་རྩོད་པ་དེ་རེད།
ཡིན་ནའང་ཕྱི་རྒྱལ་དུ་ཡོད་པའི་བོད་ཀྱི་རྩོམ་པ་པོ་དང་མང་ཚོགས་ཀྱི་ཁྲོད་དུ་ཆབ་སྲིད་ཀྱི་རྩོད་པ་གཞན་ཞིག་བརྒྱག་གི་ཡོད། དེ་ནི་ད་ལོར་སྐྱེ་རྒུ་མདོ་ལ་ས་འགུལ་དང་འབྲུག་ཆུ་ལ་ཆུ་ལོག་གི་ཆག་སྒོ་བྱུང་བ་འདི་དག་ནི་རང་བྱུང་གི་གནོད་འཚེ་ཡིན་མིན་ལ་མ་ལྟོས་པར། ཆག་སྒོ་འདི་དག་གི་ཐོག་ནས་བོད་ལ་ཆབ་སྲིད་ཀྱི་ཐོག་ནས་གྱོང་གུད་ཆེན་པོ་ཞིག་ཅི་འདྲ་ཞིག་ཕོག་བཞིན་ཡོད་པ་གསལ་བོར་བསྟན་སོང་ཞེས་བཤད་ཡོད།
དེའི་ནང་དོན་ཅི་ཞིག་རེད་ཟེར་ན། རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ལ་བོད་ཅེས་བཤད་པ་མ་གཏོགས། ཨ་མདོ་ཧྲིལ་བོ་དང་ཁམས་ཀྱི་ས་ཆ་ཁག་ཅིག་བཅས་ནི་ཀན་སུའུ་དང་སི་ཁྲོན། མཚོ་སྔོན། ཡུན་ནན་བཅས་ཀྱི་ཞིང་ཆེན་གྱི་མངའ་ཁོངས་སུ་བསྡུས་ཏེ། དེ་དག་བོད་ཡིན་པའི་ངོས་འཛིན་བྱེད་ཀྱི་མེད་པ་མ་ཟད། བོད་ཀྱི་གནའ་སྔ་མོའི་ས་མིང་མང་པོ་ཞིག་སྟེ། དཔེར་ན། ཨ་མདོ་བླ་བྲང་ལ་ཞ་ཧུ་རྫོང་ཟེར་བ་དང་། ཁྲི་ཀ་ལ་ཀོས་ཏི་རྫོང་། རེབ་གོང་ལ་ཐུན་རིན་རྫོང་ཞེས་རྒྱ་མིང་གསར་བ་རེ་བཏགས་་པ་རྣམས་ས་ཁྲའི་སྒང་ལ་གཏན་འབེབས་བྱས་ཡོད།
སྲིད་ཇུས་འདི་ལྟ་བུ་ལ་བརྟེན་ནས་ད་ལོར་འབྲུག་ཆུ་ལ་ཆུ་ལོག་གི་གནོད་འཚེ་བྱུང་སྐབས། རྒྱ་ནག་གི་ཀྲུང་དབྱང་བརྙན་འཕྲིན་ཁང་གིས། ཀན་སུའུ་ཞིང་ཆེན་གྱི་འབྲུག་ཆུ་རྫོང་དུ་ཆུ་ལོག་གི་གནོད་འཚེ་བྱུང་བའི་གནས་ཚུལ་ཙམ་བཤད་པ་མ་གཏོགས། དེ་ནི་བོད་ཀྱི་ས་ཁུལ་ཞིག་ཡིན་པའི་ཚིག་ཟུར་ཙམ་ཡང་གླེང་མེད། དེར་བརྟེན། ཨ་མི་རི་ཀའི་གསར་འགྱུར་ལས་ཁུངས་ཆེ་ཤོས་CNNདང་དབྱིན་ཇི་རྒྱལ་ཁབ་ཀྱི་BBCབཅས་ཀྱིས་ཀྱང་སྐྱེ་རྒུ་མདོ་དང་འབྲུག་ཆུ་ལ་བྱུང་བའི་གནོད་འཚེ་དེ་དག་ནི་དང་ཐོག་རྒྱ་ནག་གི་ནུབ་ཕྱོགས་ས་ཁུལ་ཞིག་ཏུ་བྱུང་ཡོད་པའི་གསར་འགྱུར་བཤད་དེ། དེ་ནི་བོད་ཀྱི་ས་ཁུལ་ཞིག་ཡིན་པའི་གནས་ཚུལ་གྱི་ཟུར་ཙམ་ཡང་བཤད་མེད།
གནས་ཚུལ་འདི་འདྲ་ལ་བརྟེན་ནས། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་རྩོམ་པ་པོ་འཇམ་དབྱངས་ནོར་བུ་ལགས་ཀྱིས་དེའི་སྐོར་ལ་དབྱིན་ཇིའི་སྐད་ཡིག་ཏུ་རྩོམ་ཡིག་ཁ་ཤས་བྲིས་ཏེ། དེ་ནི་རྒྱ་ནག་གཞུང་གི་ཕུགས་རྒྱང་རིང་པོའི་ཆབ་སྲིད་ཀྱི་སྲིད་ཇུས་ལ་བརྟེན་ནས་བྱུང་བའི་མགོ་རྙོག་ཅིག་ཡིན་པའི་གསལ་བཤད་དང་རྩོད་པ་བརྒྱབ་ཡོད། འདི་ལྟར་བལྟས་ཡོང་དུས་སྐྱེ་རྒུ་མདོ་དང་འབྲུག་ཆུ་གཉིས་ཀྱི་རང་བྱུང་གནོད་འཚེ་ལ་བརྟེན་ནས། རྒྱ་ནག་གཞུང་གིས་བོད་ཟེར་བ་ནི་བོད་རང་སྐྱོང་ལྗོངས་གཅིག་པུ་ལ་མ་གཏོགས་ངོས་འཛིན་བྱེད་ཀྱི་མེད་པའི་ས་མཚམས་ཆུ་མཚམས་ཀྱི་ཆབ་སྲིད་ཀྱི་རྩོད་པ་དེའི་ངོ་བོ་ཇེ་གསལ་ཏུ་བསྟན་ཡོད།(RFA)
འབྲུག་ཆུ་རྫོང་གི་ལོ་རྒྱུས་ཤིག་རྫོང་དེ་གའི་གཞུང་འབྲེལ་རྒྱ་ཡིག་དྲ་རྒྱའི་ཐོག་འདི་ལྟར་བཀོད་འདུག
舟曲县历史沿革
战国末期,秦昭王二十七年(前280)秦自陇西发兵联蜀灭楚,定陇西郡。二十八(前279)置陇西郡后,始置有羌道,今洮河以东地区,包括舟曲、武都县大部地方始入秦疆域。羌道治所今舟曲西北。
前221年,秦始皇统一中国后,至西汉武帝建元时期(前140—前135年),羌道仍属陇西郡。
汉武帝元狩六年(前117年),李广征西,于羌道初置武都郡(本广汉西部都尉),治所今舟曲西关。武帝元鼎六年(前111)汉开西南夷,于洛峪另置武都郡。羌道归陇西郡。武帝改道曰县。
东汉武帝建武九年(33),马成破河池,遂平武都。羌道县属武都郡西部都尉治。
三国魏黄初中,魏以陇南为武都西部都尉署理,治所羌道县境。蜀汉建兴六年(228),蜀丞相诸葛亮伐魏,遣陈式攻取武都、阴平二郡,羌道县属梁州武都郡(今舟曲西属阴平郡)。后,诸葛亮、姜维屡出兵陇上,扩充实力,以图中原。舟曲西、南部一度为蜀将姜维屯田的沓中地区。
西晋武帝太康元年(280),司马炎统一全国,羌道县废,地属武都郡。
西晋末年,北方战火连绵,一些汉贵族和少数民族豪强割据势力日烈。以白龙江流域为活动中心的参狼羌支宕昌羌豪勤得羌豪心,乃自称王。西晋怀帝嘉元年(307)划地称宕昌国,至周武帝天和元年(566)间,今舟曲境皆属宕昌国。宕昌国时期的东晋、十六国时代,为雍秦二州武都郡,南秦州武都郡、仇池郡。北魏时为南秦州,东益州武都郡。北周武帝天和六年灭宕昌后,以宕昌置宕州,设宕州总管府,并辖宕昌郡,舟曲地属甘松(治怀道)、宕昌两郡。
隋开皇四年(584),罢郡,以州统县。今舟曲属宕州。炀帝大业元年(605年),改宕州为宕昌郡,今舟曲仍为宕昌武都郡辖地。
唐初废郡置州,以州领县。高祖武德元年(618)设陇右道宕州、阶州(武州)。宕州辖怀道、良恭、和戎,舟曲地属怀道县和福津县地。二年,宕州隶秦州总管府。四年属岷州总管府。唐太宗贞观元年(627),宕州与怀道移治今舟曲西。三年(629),撤和戎,入怀道县。唐玄宗开元二年(714),置陇右节度使,今舟曲属陇右宕州。天宝元年(742),宕州改为怀道郡,治所怀道县。安吏之乱后肃宗至德三年(乾元元年,758),怀道郡改为宕州。肃宗上元二年(761),宕州怀道县具陷于吐蕃。唐末至五代,舟曲境仍在吐蕃势力范围。
北宋初年,位河湟一带的吐蕃口角 厮口罗建立地方政权,今舟曲在其控制之下。宋徽宗建中靖国元年(1101),王韶收岷、宕、洮、叠四城,今舟曲境归宋秦风路阶州福津县。
高宗绍兴二十年,今舟曲为福津县故城镇,辖平武、沙滩、峰贴峡寨。
蒙古汗国至元三年(1266),元帅汪完者帖木耳镇守西固。
元世祖忽必烈至元八年(1271),废福津县,并入阶州,属陕西行省巩昌总帅府,舟曲境为阶州辖地。至元二十六年(1289),立西固城军民千户所。翌年,旋改蕃汉军民千户所。元惠宗至二十七年(1367),改置西固蕃汉军民上下千户所,属阶州。
明太祖洪武七年(1374)置巩昌府西固城等千户所。十一年(1378),岷州卫领西固军民千户所(军民千户所有四)。十四年,改称西固城军民守御千户所,属陕西都司。翌年,旋改为西固城守御军民千户所,隶岷州卫民指挥使司直辖。万历六年(1578),西固分设阶州州同。民事、军事分治。
清世祖顺治二年(1645),改置西固守御所千总。顺治十二年(1655),西固御所千总并阶州,设州同。雍正三年(1725),西固隶巩昌府。七年,黑峪土司改土归流,西固辖。因西固番人慕化,编民户四里,裁西固守御所,设抚彝同知。乾隆元年(1736)裁西固抚彝同知,仍设州同,隶阶州直隶州。
民国2年(1913),以西固分州改置西固县,隶陇南道。后改渭川道。16年(1927)废道,西固县直隶于省、改里为村。民国27年(1938),西固县划入第一行政督察区。1944年划入第八督察区,专员公署驻武都。
中华人民共和国成立后,国家实行省、专区(州、市),县(市、区)三级地方行政体制。1949年12月10日,西固全境解放,西固县人民政府成立,隶武都专区。1954年,以西固县官亭、沙湾、富坪3乡和岷县东南部析置宕昌县(县人民政府驻宕昌),西固县改设舟曲行政委员会,属甘南自治区。 1955年,甘南自治区更名甘南藏族自治州,所辖舟曲行政委员会改为舟曲县。1959年1月,舟曲县改名龙迭县,1962年恢复舟曲县至今。
ཨང་གྲངས་འགའ་རེ་ཀློག་ཐུབ་ལེ་མིན་ཚེ་ངས་ནི་འདི་ན་ཅི་ཟེར་ཞི་ཡོད་ཚིག་གཅིག་ཤེས་ལེ་མི་གདའ་། ཅི་གཟེར་ཞི་གདའ་ ཡག་པོ་ཟེར་ཞི་གདའ་ ཡང་རྐྱག་རྫུན་ལུང་པ་གང་བཤད་ཞི་གདའ་།།
ངོ་སྤྲོད་གནང་བ་ཐུགས་རྗེ་ཆེ།
གཡུ་འབྲུག་ལགས།
གནས་ཚུལ་རྒྱས་པར་བཀོད་པར་ཐུགས་རྗེ་ཆེ།
འཇིགས་མེད་བཀྲ་ཤིས་ལགས།
ཁྱེད་ཀྱིས་བཀོད་པའི་འབྲུག་ཆུའི་ལོ་རྒྱུས་དེ་བོད་བསྒྱུར་ལམ་ནས་ཟུར་མཆན་འདིར་དགོད་ཐུབ་ན་ཕན་རླབས་ཡོད་པར་ངེས།