ཧི་མ་ལ་ཡའི་འཕྲུལ་སྨྱུག
ཐེག་ཆེན་གསུང་སྐབས་སྦྱིན་བདག་རྒྱལ་པོ་མ་སྐྱེས་དགྲ་དང༌། ཞུ་མཁན་གནས་བརྟན་ཀུན་དགའ་བོ། ཉན་མཁན་དགེ་སློང་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ། ད་དུང་དགེ་བསྙེན་ཕ་མས་གཙོས་པའི་བྲམ་ཟེ་དང་ཁྱིམ་བདག་དེ་འདྲའི་མང་པོ་ཞིག་ཡོད་འདུག་པ། སྟོན་པ་མྱ་ངན་ལས་མ་ཐག་སུ་ཞིག་གིས་དེ་ཚོ་ཡོད་ཚད་ལ་བརྗེད་ཟས་བརྗེད་ཆུ་དྲངས་པ་ཡིན་ན་མ་གཏོགས། ཁོ་ཚོས་ཐེག་ཆེན་གསུང་སའི་སྣོད་ལྡན་གྱི་སློབ་མ་མ་རྙེད་པའི་དབང་དུ་བཏང་རུང༌། མི་ཚེ་ལོ་རྒྱུས་གསུང་སའི་མི་རེ་གཉིས་ཤིག་ཅི་ལ་མི་རྙེད་༼དེ་རྙེད་ཡོད་དེ། ཐེག་ཆེན་སེམས་བསྐྱེད་ཀྱི་བརྒྱུད་རིམ་ལས་ཀྱང་གསལ་སྟོན་ནུས་པའི་ཕྱིར།༽ དེས་ན་ཉན་ཐོས་སྡེ་པ་དག་གིས། ཐེག་ཆེན་སངས་རྒྱས་ཀྱིས་གསུངས་པའི་བཀའ་མ་རེད། ཀླུ་སྒྲུབ་སོགས་ཀྱིས་རང་བཟོ་བྱས་པའི་བསྟན་བཅོས་རེད་ཅེས་སྨྲ་བ་ལ་ནི། ཐུགས་ཁག་ཁྱོན་ནས་མི་འདུག་༼པ་ཞིག་མ་ཡིན་༽སྟེ། ༼སངས་རྒྱས་དངོས་སུ་མཇལ་མྱོང་མཁན་གྱི་ཉན་ཐོས་ཆེན་པོ་གྲངས་མེད་པ་རྣམས་ཀྱི་ངོར། དགྲ་བཅོམ་ཆེན་པོར་མཁས་བླངས་ཏེ། ཁོ་བོ་ཅག་ལ་གྲགས་པའི་ཐུན་མིན་གྱི་ཡོན་གཏན་དེ་ཙམ་ཞིག་ཡོད་བཞིན་དུ། དེ་དང་དེ་སྒྲུབ་ཚུལ་རྣམས་བཀའ་འདྲི་ཙམ་ཡང་ཞུ་མ་ཕོད་པ་ནི། བརྗེད་ཟས་བརྗེད་ཆུ་དྲངས་པ་ཡིན་མིན་གྱི་རིགས་པ་དེ། སྐུ་ཉིད་ལ་ཕར་ལྡོག་སོང་བའི་ཕྱིར་རོ།།༽
དཔེར་ན་དེང་སང་མི་ཁ་ཅིག་གིས། ལྷ་ཡུལ་དང་ཀླུ་ཡུལ་ནས་བླངས་པའི་རྗེ་ཙོང་ཁ་པའི་གསུང་རྩོམ་ཡིན་ཟེར་ནས་བརྗོད་བྱ་ཆལ་ཆལ་ཅན་གྱི་དཔེ་དེབ་ཟད་རྒྱུ་རྫོགས་རྒྱུ་མེད་པ་ཞིག་ཕུད་འོང་བའི་དབང་དུ་བཏང༌། རྗེ་ཡི་ཆོས་བརྒྱུད་འཛིན་པའི་བསམ་ཤེས་ཅན་གྱི་མཁས་པ་སུས་ཀྱང་ཁས་ལེན་གནང་ཐབས་བྲལ་བ་དང་གཅིག་མཚུངས་ཡིན་པའི་ཕྱིར།
རྡོ་རྗེ་ཐེག་པའི་ཆོས་སྐོར་རྣམས་ལ་ནི། དེ་བས་ཀྱང་དགུ་འགྱུར་གྱིས་ཁུང་ལུང་མེད་པ་ཤ་སྟག་སྟེ། གསང་སྔགས་ཀྱི་སྟོན་པ་རྡོ་རྗེ་འཆང་ཞེས་པ་དེ། སངས་རྒྱས་ཤཱཀྱ་ཐུབ་པ་སྐྱ་སར་བབས་པའི་མིང་ཡིན་ཟེར་བ་ལྟ་བུ་གསུང་མཁན་ཁུངས་ལུང་མེད་པ་དང༌། ས་གནས་རི་རབ་ཀྱི་རྩེའམ་རྡོ་རྗེ་བཙུན་མོའི་བྷ་གའི་ནང་དུ་ཡིན་ཞེས་པ་ལྟ་བུ་གསུང་ས་ཁུངས་ལུང་མེད་པ་དང༌། རྒྱུད་འཆད་པ་པོ་ང་དང༌། ཞུ་བ་པོ་ང་ཡིན་ཞེས་པ་ལྟ་བུ་གསུང་ཡུལ་ཁུངས་ལུང་མེད་པ་དང༌། འཁོར་བ་ཐོག་མེད་ནས་བསྟན་པའི་ཆོས་ཡིན་ཞེས་པ་ལྟ་བུ་གསུང་དུས་ཁུངས་མེད་པ་དང༌། ཉོན་མོངས་མ་སྤངས་ལམ་དུ་ཁྱེར་ཞིང༌། མ་བསྒོམས་ཐོས་པས་ཆོག་ཅེས་པ་ལྟ་བུ་གསུང་རྒྱུ་ཁུངས་མེད་པ་དང༌། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དེར་མཚོ་ཞིག་ཡོད་པ་སྐམ་པའི་ཤུལ་ནས་རང་བྱུང་གི་རྒྱུད་སྡེའི་དཔེ་མཛོད་ཁང་ཞིག་ཐོན། དེའི་ནང་གི་དཔེ་ཆ་རྣམས་གྲུབ་ཆེན་ས་ར་ཧས་རྒྱ་གར་དུ་སྐྱེལ་འདྲེན་བྱས་པ་རེད་ཅེས་པ་ལྟ་བུ་རྒྱུད་པའི་ལོ་རྒྱུས་ཁུངས་མེད་པ་བཅས། ཕ་སུ་ཡིན་བཤད་རྒྱུ་མེད་པའི་ནལ་གྱི་བུ་ཞིག་དང་འདྲ་ཡང༌། བསམ་བློ་གུ་ཡངས་བཏང་དྲགས་པས། གང་ལ་ཡང་འགལ་འབྲེལ་གྱི་རྣམ་གཞག་བརྩི་མི་དགོས་པར། སློབ་དཔོན་སོ་སོའི་བསམ་ཚོད་དྲན་ཚོད་རེ་དང༌། ཅི་དགའ་གང་སྐྱིད་རེ་གདམས་ནས་བཤད་ཆོག་གི་ཡོད་པ་རེད། དེ་བས་རྒྱུད་སྡེ་རེ་རེ་ལ་ལུགས་སྲོལ་མི་འདྲ་བ་ཉི་ཤུ་སུམ་ཅུ་རེ་ཙམ་ཐོན་ཡོང་གི་ཡོད་ལ། དེ་དག་གཅིག་ལས་གཅིག་རླབས་ཆེ་ཞིང་ཡ་མཚན་པ་དག་ཡིན། ༼ཞེས་ཁུངས་དེ་ཙམ་ཞིག་ལ་བརྟེན་ནས་རྒྱུད་སྡེ་རྣམས་བརྫུན་མ་ཡིན་པ་སྒྲུབ་ཐུབ་ཀྱི་ཡོད་ན། སྐུ་ཉིད་ཀྱང་ཆོས་ཅན། ཁམས་ཕྲུག་བརྫུན་མ་ཡིན་པ་ཐལ། བཞི་བརྒྱ་པ་ལས། མི་མོ་རྣམས་ནི་བརྫུན་གཡོའི་ཕྱིར། །ཞེས་པ་དང༌། སློབ་དཔོན་ལེགས་ལྡན་གྱིས། དུས་ནི་ཤིན་ཏུ་ཡུན་རིང་འདས། །བུད་མེད་སེམས་ནི་ཤིན་ཏུ་གཡོ། །དེའི་ཕྱིར་བྲམ་ཟེ་ཞེས་བྱའི་རིགས། །འགའ་ཡང་གང་ན་ཡོད་མ་ཡིན། །ཞེས་སོགས་གསུངས་པའང༌། ཁྱེད་དང་ཁྱེད་འདྲ་བའི་བོད་རིགས་ཀུན་ལ་ཡང་མཚུངས་པར་སེམས་ལ། སྒྲུབ་བྱེད་ཞིབ་ཕྲ་ནི་འོག་ཏུ་འཆད་འགྱུར་རོ།།༽
རྒྱ་ཆེའི་ཀློག་པ་པོ་རྣམ་ལ་གསལ་བཤད་ཞུ་རྒྱུ། སྤྱི་ཡོངས་ཀྱི་ཡི་གེ་དཀྱུས་མ་རྣམས་ནི། ཚ་བ་མདའ་སྨྱུག་པའི་ལོག་རྟོགས་སྙིང་སྟོབས་ཀྱི་ཚིག་འབྲུ་རང་སོར་བཞག་པ་ཞིག་ཡིན་ལ། གུག་རྟགས་༼༽འདིའི་ནང་དུ་བཅུག་པའི་ཡི་གེ་རྣམས་ནི། ཁོ་བོས་བསམ་ཚུལ་གསར་དུ་བྲིས་པ་ཞིག་ཡིན་པ་དགོངས༌འཇག་འཚལ།
རྡོ་རྗེ་ཐེག་པའི་ཆོས་སྐོར་རྣམས་ལ་ནི། དེ་བས་ཀྱང་དགུ་འགྱུར་གྱིས་ཁུང་ལུང་མེད་པ་ཤ་སྟག་སྟེ། གསང་སྔགས་ཀྱི་སྟོན་པ་རྡོ་རྗེ་འཆང་ཞེས་པ་དེ། སངས་རྒྱས་ཤཱཀྱ་ཐུབ་པ་སྐྱ་སར་བབས་པའི་མིང་ཡིན་ཟེར་བ་ལྟ་བུ་གསུང་མཁན་ཁུངས་ལུང་མེད་པ་དང༌། ས་གནས་རི་རབ་ཀྱི་རྩེའམ་རྡོ་རྗེ་བཙུན་མོའི་བྷ་གའི་ནང་དུ་ཡིན་ཞེས་པ་ལྟ་བུ་གསུང་ས་ཁུངས་ལུང་མེད་པ་དང༌། རྒྱུད་འཆད་པ་པོ་ང་དང༌། ཞུ་བ་པོ་ང་ཡིན་ཞེས་པ་ལྟ་བུ་གསུང་ཡུལ་ཁུངས་ལུང་མེད་པ་དང༌། འཁོར་བ་ཐོག་མེད་ནས་བསྟན་པའི་ཆོས་ཡིན་ཞེས་པ་ལྟ་བུ་གསུང་དུས་ཁུངས་མེད་པ་དང༌། ཉོན་མོངས་མ་སྤངས་ལམ་དུ་ཁྱེར་ཞིང༌། མ་བསྒོམས་ཐོས་པས་ཆོག་ཅེས་པ་ལྟ་བུ་གསུང་རྒྱུ་ཁུངས་མེད་པ་དང༌། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དེར་མཚོ་ཞིག་ཡོད་པ་སྐམ་པའི་ཤུལ་ནས་རང་བྱུང་གི་རྒྱུད་སྡེའི་དཔེ་མཛོད་ཁང་ཞིག་ཐོན། དེའི་ནང་གི་དཔེ་ཆ་རྣམས་གྲུབ་ཆེན་ས་ར་ཧས་རྒྱ་གར་དུ་སྐྱེལ་འདྲེན་བྱས་པ་རེད་ཅེས་པ་ལྟ་བུ་རྒྱུད་པའི་ལོ་རྒྱུས་ཁུངས་མེད་པ་བཅས། ཕ་སུ་ཡིན་བཤད་རྒྱུ་མེད་པའི་ནལ་གྱི་བུ་ཞིག་དང་འདྲ་ཡང༌། བསམ་བློ་གུ་ཡངས་བཏང་དྲགས་པས། གང་ལ་ཡང་འགལ་འབྲེལ་གྱི་རྣམ་གཞག་བརྩི་མི་དགོས་པར། སློབ་དཔོན་སོ་སོའི་བསམ་ཚོད་དྲན་ཚོད་རེ་དང༌། ཅི་དགའ་གང་སྐྱིད་རེ་གདམས་ནས་བཤད་ཆོག་གི་ཡོད་པ་རེད། དེ་བས་རྒྱུད་སྡེ་རེ་རེ་ལ་ལུགས་སྲོལ་མི་འདྲ་བ་ཉི་ཤུ་སུམ་ཅུ་རེ་ཙམ་ཐོན་ཡོང་གི་ཡོད་ལ། དེ་དག་གཅིག་ལས་གཅིག་རླབས་ཆེ་ཞིང་ཡ་མཚན་པ་དག་ཡིན། ཞེས་པ་འདི་ལ་ལན་ཁ་གསལ་ཞིག་ལོ་རྒྱུས་དང་། ཁུངས་ལུང་སྦྲེལ་ནས་འདེབས་དགོས་པ་ལས། སྐུ་ཉིད་ཁམས་ཕྲུག་རྫུན་མ་ཡིན་སོགས་ཀྱི་ཐལ་འགྱུར་འདིས་མདའ་སྨྱུག་ལ་ལན་ཐེབས་མི་འདུག་ལ། རང་ལུགས་ཡག་པོ་སྒྲུབ་ཐུབ་མི་འདུག་པས་འཕྲུལ་སྨྱུག་ད་དུང་གཡུག་སྐྱོར་བྱེད་པར་ཞུ། །
༡༽ ཀརྡོ་གཉེར་ཕྱག་པ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༢༧ གི་ཆུ་ཚོད་ ༥ སྐར་མ་ ༥༨
བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་པའི་ལྷའི་ནང་ན་ལྭ་བ་དཀར་པོ་ལྟ་བུའི་རྡོ་ལེབ་ལ་བཞུགས་ཏེ། ་་་་་ ལྷའི་དབང་པོ་རྒྱ་བྱིན་གྱིས་་་་་ གཟུངས་དེ་གང་་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཏདྱ་ཐྰ། ཨོམ་ཛ་ཡ་ཛ་ཡ། བི་ཛ་ཡ་བི་ཛ་ཡ། ་་་་་་་་་་་་་་་་
་་་་་་་་་་་་་་་་་་་་་་་་་
གསང་སྔགས་གསུང་སའི་གནས་མཐོ་ཤོས་ཅིག་ནི། བདུད་འཇོམས་ཆོས་འབྱུང་ལས།
ས་བཅུའི་རྒྱུན་མཐའི་འཕགས་ཆེན་རྣམས་ལ་སྣང་བའི་གཞན་སྣང་གིས་བསྡུས་པའི་ལོངས་སྤྱོད་ཡོངས་སུ་རྫོགས་པར་སྤྱོད་པའི་ཞིང་ཁམས་ཁྱད་པར་ཅན་གྱི་འོག་མིན་དུ་རིགས་དྲུག་པའི་རྣམ་པ་དང་། རིགས་ལྔའི་སྟོན་པའི་རྣམ་པས། རིག་པ་ཁྱད་པར་ཅན་གྱི་འཁོར་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་དང་། སྤྱན་རས་གཟིགས། འཇམ་དཔལ་སོགས་དབང་པོ་དང་ཡུལ་སྣང་དག་པའི་འབྲས་བུའི་སེམས་དཔའ་རྣམས་ལ། བརྗོད་དུ་མེད་པའི་ཐེག་པ་རྣལ་འབྱོར་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་དགོངས་པ་བརྡའི་སྒོ་ནས་རྟག་རྒྱུན་གྱི་འཁོར་ལོ་བསྐོར་་་་་་
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
དེ་བཞིན་དུ་བྱང་སེམས་དགུ་པ་ལ་སྣང་བའི་བཏགས་པའི་འོག་མིན་ཙམ་པོ་དང་། ས་བརྒྱད་པ་ལ་སྣང་བའི་བཏགས་པའི་འོག་མིན་དང་། རྡོ་རྗེ་བཙུན་མོའི་བྷ་ག་སྟེ་ཆོས་ཀྱི་དབྱིངས་ཕོ་བྲང་རྣམས་སུ། དྲག་པོ་དང་འཇིགས་བྱེད་ལ་སོགས་པའི་གདུལ་བྱ་གདུག་པ་ཅན་རྣམས་ཀྱི་དབང་ཤེས་སུ་སྣང་བར། ཆེ་མཆོག་ཧེ་རུ་ཀ་དང་། གཞོན་ནུ་དཔའ་བོ་སྟོབས་ལྡན་དང་། པདྨ་གར་གྱི་དབང་ཕྱུག་སོགས་དང་།
གཞན་ཡང་ཧེ་བཛྲ་དང་། ཙཀྲ་སམྦ་ར་དང་། དུས་ཀྱི་འཁོར་ལོ་སོགས་རྡོ་རྗེའི་གནས་གང་སྟོན་པ་དེའི་གཙོ་བོའི་རྣམ་པ་དང་། རྣམ་འགྱུར་ལས་འཁོར་གྱི་དཀྱིལ་འཁོར་སྤྲུལ་ནས། ནྰ་ད་མི་ཤིགས་པའི་སྒྲས་ཆོས་ཀྱི་འཁོར་ལོ་བསྐོར་བ་སྟེ།
བདེར་འདུས་རྩ་རྒྱུད་ལས། ང་ནི་ཆེ་བའི་རྒྱལ་པོ་སྟེ། །འཆད་དང་ཉན་པའང་ང་ཉིད་ཡིན། ཅེས་དང་།
དགྱེས་རྡོར་ལས། འཆད་པ་པོ་ང་ཆོས་ཀྱང་ང་། །རང་གི་ཚོགས་ལྡན་ཉན་པའང་ང་། །ཞེས་པའི་གསུངས་པའི་ཚུལ་གྱིས་སོ། །
་་་་་་་་་་་་་་་་་་་་་་་་་་་་་
དེ་དང་མཚུངས་པར་དགའ་ལྡན་དང་། རི་རབ་ཀྱི་རྩེ། ཨོ་ཌི་ཡ་ན། ཤམྦྷ་ལ་སོགས་ཀུན་རྗོབ་ཀྱི་གནས་རྣམས་སུ་བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་གྱི་རྒྱུད་རྣམས་ཆགས་བྲལ་གྱི་གཟུགས་ཀྱིས་སམ། འཁོར་ལོ་སྒྱུར་བའི་རྣམ་པས་བསྟན་ཀྱང་རུང་སྟེ། གསང་སྙིང་ལས།
དེ་ཚེ་མི་མཐུན་སྣ་ཚོགས་ལ། །
སོ་སོར་འདྲ་བར་སྣང་བ་ནི། །
དེ་བཞིན་ཉིད་ལས་མ་གཡོས་ཀྱང་། །
ལས་ཀྱི་དབང་གིས་སོ་སོར་སྣང་། །ཞེས་གསུངས་པ་བཞིན་ནོ།
དགོངས་པ་ལུང་བསྟན་པའི་མདོ་ལས།
སངས་རྒྱས་གཞན་ནས་མི་འཚོལ་བའི། །
ངེས་པའི་ཐེག་པ་ཅིས་མི་གསུང་། །
ཞེས་ཞུས་པའི་ལན་དུ།
རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག །
མ་འོངས་དུས་སུ་འབྱུང་བར་འགྱུར། །
ཞེས་གསུངས་པ་བཞིན། སྟོན་པ་མྱ་ངན་ལས་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་འདས་པ་ན། ལྷ་གྲགས་ལྡན་ཆོས་སྐྱོང་། ཀླུ་རྒྱལ་འཇོག་པོ། གནོད་སྦྱིན་སྐར་མདའ་གདོང་། སྲིན་པོ་བློ་གྲོས་ཐབས་ལྡན། མིའི་རིག་འཛིན་ལི་ཙ་བྰི་དྲི་མ་མེད་པར་གྲགས་པ་སྟེ། དམ་པའི་རིགས་ཅན་དྲྭ་མ་ལྔ་པོས། མངོན་པར་ཤེས་པས་གནས་ལངྐའི་ཡུལ་གྱི་རི་མ་ཡའི་རྫུ་འཕྲུལ་གྱི་བྱ་བས་འདུས་ནས་སྟོན་པ་མྱ་ངན་འདས་པར་མྱ་ངན་གྱིས་ངུས་པས།
ལུང་བསྟན་དུས་སུ་བབ་ནས་ཕྱག་ན་རྡོ་རྗེས་མངོན་སུམ་དུ་སྣང་བར་མཛད་ནས། རིགས་ཅན་ལྔ་དང་གཞན་ཡང་རིག་པ་འཛིན་པའི་དགེ་འདུན་ཕལ་མོ་ཆེ་ལ། སྔོན་སྟོན་པས་འོག་མིན་ལ་སོགས་པར་གསང་སྔགས་ཀྱི་ཐེག་པ་བསྟན་པ་རྣམས་ཡར་ཡང་བཟླས་ཏེ་སྟོན་པར་མཛད།
་་་་་་་་་་་་་་་་་་་་་་་་་་་་
ཨོ་རྒྱན་རྒྱལ་པོ་ཨིནྡྲ་བྷུ་ཏི་ལ་རྒྱུད་རྣམས་སྟོན་པས་གཏད་ཀྱང་ཟེར། ཕྱག་ན་རྡོ་རྗེས་གཏད་ཀྱང་ཟེར་ཏེ། གང་ལྟར་ཡང་རྒྱལ་པོས་རྒྱུད་རྣམས་གླེགས་བམ་དུ་བྱས་ཤིང་སྐྱེ་བོ་རྣམས་ལ་བསྟན་པས་ཡུལ་དེའི་སྲོག་ཆག་ཕྲ་མོ་ཡན་ཆད་ཀྱིས་དངོས་གྲུབ་ཐོབ་སྟེ་འཇའ་ལུས་སུ་སོང་།
དེ་ནས་ཨོ་རྒྱན་གྱི་ཡུལ་སྟོངས་པ་མཚོར་གྱུར་ཏེ་ཀླུས་གང་བ་ལ། གསང་བདག་གིས་རྒྱུད་རྣམས་བསྟན་ཅིང་སྨིན་པར་མཛད་པས། དེ་དག་རིམ་གྱིས་མིར་གྱུར་ནས་མཚོ་འགྲམ་དུ་གྲོང་བཅས་ཏེ་ཉམས་སུ་བླང་པས་གྲུབ་པ་ཐོབ། དེ་རྣམས་ཀྱི་བུ་དང་བུ་མོ་རྣམས་མཁའ་འགྲོ་མར་གྱུར་པས་ཨོ་རྒྱན་མཁའ་འགྲོ་གླིང་ཞེས་གྲགས།
མཚོ་དེ་ཡང་བསྐམས་སྟེཧེ་རུ་ཀའི་ལྷ་ཁང་རང་བྱུང་ཞིག་བྱུང་བས། དེའི་དཀོར་མཛོད་དུ་རྒྱུད་ཀྱི་གླེགས་བམ་རྣམས་བཞུགས་པ་ལས། ཕྱིས་རྒྱལ་པོ་བ་སུ་ཀལྤས་གསང་བ་འདུས་པ། ཀླུ་སྒྲུབ་ཀྱིས་དགྱེས་རྡོར། ཀུ་ཀུ་རི་པས་མ་ཧྰ་མ་ཡ་དང་འཇིགས་བྱེད་སོགས་གྲུབ་ཐོབ་རྣམས་ཀྱིས་རྒྱུད་ཕལ་ཆེ་བ་ཞིག་འདི་ནས་བླངས་པ་སོགས་ཡུལ་གཞན་དག་ནས་ཀྱང་བླང་ཏེ་དར་རོ། །
ཀརྡོ་ལགས་ལུང་མང་པོ་དྲངས་ནས་ཚ་བ་མདའ་སྨྱུག་འགོག་ཐུབ་ཀྱི་མ་རེད། ལུང་སྦམ་པོས་ཕ་རོལ་གྱི་རིག་པ་ལ་གནོད་ཁག་པོ་བྱེད་ཀྱི་རེད། རིག་པ་ལ་རིག་པས་ཐལ་བ་འཕེན་དགོས་པ་མ་གཏོགས་ལུང་ཙམ་གྱིས་དཀའ་སེ་ཡིན་རྒྱུ་རེད་དྲན། ཡིན་ནའང་ཁྱེད་རང་གིས་འོ་བརྒྱལ་ཆེན་པོ་གནང་བ་དེ་ལ་རྗེས་སུ་ཡི་རངས་ཡོད།
ཐེག་ཆེན་ཀླུ་སྒྲུབ་སོགས་ཀྱིས་གསར་བཟོ་བྱས་པ་ཡིན་ན། ཀླུ་སྒྲུབ་སོགས་སངས་རྒྱས་ལས་མཁས་པར་ཐལ་བ་དང་།གསང་སྔགས་ཧིན་རྡུ་ལས་དཔེ་བཤུས་པ་ཡིན་ན། ཧེ་བཛྲ་དང་། ཙཀྲ་སམྦ་ར་དང་། དུས་ཀྱི་འཁོར་ལོ་སོགས་མུ་སྟེགས་པའི་གཞུང་ལ་དུས་ད་ལྟ་ཡང་ཡོད་དགོས་པ་ལ། དེ་མེད་པ་དེ་གང་བྱས་རེད།
འདིར་མ་རྟོགས་པ་དང་ལོག་པར་རྟོག་པའི་གནད་དོན་ཆེན་པོའིརིགས། ཇི་ལྟར་བཀའ་བསྟན་ན་གསུངས་པ་དག་ལ་ཚོལ་སྒྲུབ་རྒྱ་ཆེན་པོ་དང་། གང་རྙེད་པ་དེ་དག་རྣམ་དཔྱོད་ཀྱིས་གཏན་ལ་ཕབ་སྟེ། འདི་དང་འདི་ཞེས་བསྟན་ཐུབ་པ་ཞིག་དགོས། དཔེར་ན། ཁུ་ནུ་པ་སྐུ་གཤེགས། ཇི་ཏ་སེན་ནེ་གཱིས་ཉིན་མཚན་མེད་པར་འབད་པ་ཆེན་པོས་བསྐྲུན་པའི་བོད་དང་ལེགས་སྦྱར་ཚིག་མཛོད་ཆེན་མོ། ཉེ་བར་མཁོ་བ་ཞིག་གི་ལག་རྗེས་བཞག་ཡོད་པ་བཞིན་བོད་ཀྱི་མཁས་པ་རྣམས་ཀྱིས་མཛད་དགོས་སོ།།
དངོས་གནས་མདའ་སྨྱུག་ལ་ལན་ཡིན་པའི་སྐད་ཆ་རེད་དམ་ཧཧ
གསང་སྔགས་ཧིན་རྡུ་ལས་དཔེ་ཤུས་པ་ཡང་སྲིད་དེ། ཧེ་བཛྲ་དང༌། ཙཀྲ་སམྦ་ར། དུས་འཁོར་སོགས་དེ་པའི་གཞུང་ལུགས་ད་ལྟ་མ་མཐོང་བ་ཙམ་གྱིས་སྒོ་ནས་སྔོན་གྱི་དུས་སུ་མེད་པར་ཐག་གཅོད་མི་ནུས་པའི་ཕྱིར་དང༌། དཔེ་ཤུས་པ་ཡིན་ན་དེ་དང་གཅིག་པ་གཅིག་རྐྱང་ཡིན་མི་དགོས་ཏེ། དཔེར་ན་སྒྱུར་བོན་གྱི་དཔེ་ཆ་མང་ཆེ་བ་ཇི་ལྟ་བ་བཞིན་ནོ།
གྲོགས་མཆོག་ཀརྡོ་གཉེར་ཕྱག་ལགས་ནས། བདུད་འཇོམས་ཆོས་འབྱུང་ནང་གི་ཚིག་རིས་མང་པོ་ཞིག་བཀོད་གནང་བར་ཐུགས་རྗེ་ཞུ་རྒྱུ་ཡིན་ལ། དགོངས་པ་ལུང་བསྟན་པའི་མདོ་ལས། སངས་རྒྱས་གཞན་ནས་མི་འཚོལ་བའི། །ངེས་པའི་ཐེག་པ་ཅིས་མི་གསུང༌། །ཞེས་པའི་ལན་དུ། རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག །མ་འོངས་དུས་སུ་འབྱུང་བར་འགྱུར། །ཞེས་པའི་༼མ་འོངས་༽ཞེས་པ་དེ་ཇི་ལྟ་བུ་ཞིག་ལ་ངོས་འཛིན་དགོས་མིན་ཐེ་ཚོམ་དུ་གྱུར་ལ། སངས་རྒྱས་སྐུ་དངོས་ཀྱི་གསང་སྔགས་ཀྱི་རྒྱུད་སྡེ་རྣམས་མ་གསུང་བར་འདོད་དགོས་སམ་སྙམ་པ་ཞིག་བྱུང་སོང༌།༽
ཡ་ཡ། བན་ལོག་ཆོས་ལོག་ཚང་མ་དེ་ལ་འཛོམས་འདུག སྙིང་རྗེ། འཆི་དུས་ན་ཚ་མེད་པ་ཤོག ཤི་དུས་འཇིགས་སྐྲག་མེད་པར་ཤོག
རང་རློམ་ཆེ་བའི་དྲ་གྲོགས་འགའ། །ཚུལ་མཐུན་སྒྲུབ་བྱེད་མ་བཀོད་པར། །བན་ལོག་བོན་ལོག་ཚིག་མཚོན་འཕེན། །སྙིང་རྗེ་ན་ཕར་རྗེ་ཚུར་རྗེ་རེད།།
ཧི་མ་ལ་ཡའི་འཕྲུལ་སྨྱུག་ཟེར་བ་འདིས་མདའ་སྨྱུག་གི་རྩོམ་འདིར་བཀོད་འདུག ཚ་བ་མདའ་སྨྱུག་གི་རིགས་ལམ་
ལ་རྟོག་གེའི་རིགས་པའི་དགག་ག་ལ་ནུས། ལྷག་པར་དུ་འཕྲུལ་སྨྱུག་ཟེར་བ་འདི་ནི་ཡི་དྭགས་རུས་མགོ་ལྤགས་གཏུམ་འདོད་པའི་རྒྱལ་པོ་མཁས་འདོད་ཅན་འདིས་ག་ལ་ནུས། འདིར་གཡོ་རྒྱུ་ཞིག་བྱེད་བར་སྣང་། རི་རྒྱལ་ཏི་སེའི་མིང་ཅན་འདི་ཡང་ཁོ་རང་རེད་འདུག
གང་ལྟར་ཁ་བརྡ་དྲ་བ་ལ་མི་གཙང་བ་མ་གཏོང་རོག་ཞུ།
སྤྱི་ཡོངས་ཀྱི་ཆ་ནས་ཚ་བ་མདའ་སྨྱུག་པའི་ལོག་རྟོགས་སྙིང་སྟོབས་ཞེས་པ་དེ་ལ་འགག་ཁུལ་བྱེད་མཁན་རྩོམ་ཡིག་ཐོར་བུ་ཁག་གསུམ་ཙམ་ཞིག་ད་ལྟ་དྲ་རྒྱའི་ནང་དུ་ལྟ་རྒྱུ་ཡོད་པ་ནི་ཁྱེད་རྣམ་པ་ནས་ཀྱང་གཟིགས་ཡོད་མདོག་རེད། ད་ལྟ་མུ་འགོད་བྱེད་བཞིན་པ་ཧི་མ་ལ་ཡའི་འཕྲུལ་སྨྱུག་གིས་བྲིས་པ་དེ་ནི། ལན་འདེབས་ཅུང་ལེགས་པའི་རྣམ་པ་ཞིག་མཐོང་བ་མ་ཟད། མཆན་འདེགས་རྒྱུའི་གོ་སྐབས་ཡང་ཐོབ་བྱུང༌། ཡིན་ནའང༌། Gonpo ཞེས་པའི་མིང་ཅན་དེའི་ཕྲན་དང་ཧི་མ་ལ་ཡའི་འཕྲུལ་སྨྱུག་གཉིས་གང་ཟག་གཅིག་ཏུ་འཁྲུལ་སོང་བ་ནི་གཞི་མེད་ཀྱི་སྐྱོན་འཛུགས་ཤིག་ཡིན་ཏེ། སྐབས་འདིར་མཆན་བཀོད་པ་ཙམ་གྱི་གཡོ་རྒྱུ་བྱེད་མཁན་དུ་ངོས་འཛིན་གྱི་ཡོད་ན་ནི། མཆན་འགོད་པ་གཞན་རྣམས་ལའང་ཐལ་བར་འགྱུར་བའི་ཕྱིར་དང༌། དེ་མ་ཚད་ད་དུང་རིགས་ལམ་གཞན་ཤིག་ཏུ་ཁ་བསྒྱུར་ན། སྐུ་ཉིད་ཀྱང་གཡོ་རྒྱུའི་འཁོར་ལོ་སྐོར་བ་པོ་གཙོ་བོ་ཞིག་མ་ཡིན་པའི་ངེས་པའང་མེད་པའི་ཕྱིར་རོ་ཞེས་ཟེར་ན། ལན་འདེགས་ཇི་ལྟ་བུ་ཞིག་འདེགས་དགོས་མིན་ཡང་བསམ་བློ་མ་འཁོར་བའི་གཏམ་མོ།
དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ནི།
སྟོན་པ་གུང་གྲངས་སོ་དྲུག་པའི་ཚེས་བཅོ་ལྔར་གསུངས་ཤིང་། དེ་ཡང་བྱ་རྒོད་ཕུང་པོ་རིར་ཤེར་ཕྱིན་གྱི་མདོ་གསུངས་པ་དང་དུས་མཉམ་དུ། དཔལ་ལྡན་འབྲས་སྤུངས་མཆོད་རྟེན་དུ་ཤམ་བྷ་ལའི་རྒྱལ་པོ་ཟླ་བ་བཟང་པོ་སོགས་ལ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་གསུངས་པ་རེད།
དེ་ཡང་དུས་འཁོར་རྩ་རྒྱུད་དུ།
སྟོན་པས་བྱ་རྒོད་ཕུང་པོ་རིར། །
ཤེས་རབ་ཕ་རོལ་ཕྱིན་ཚུལ་བཞིན། །
ཆོས་བསྟན་དཔལ་ལྡན་འབྲས་སྤུངས་སུ། །
དེ་བཞིན་གསང་སྔགས་ཚུལ་རབ་བསྟན། །ཞེས་གསལ་པོར་གསུངས་ཡོད།
༧༽ ཀརྡོ་གཉེར་ཕྱག་པ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡༢ གི་ཆུ་ཚོད་ ༢ སྐར་མ་ ༤༣
ཐུ་བས་ ང་ ནང་པའི་ གྲལ་ནས་ འབུད་བགྱིད་ ཡོད་དམ། ཡང་ན་ ཁྱོད་རང་ལྷར་ དད་མེད་ཅིག་ བཟོ་ འདོད་དམ། ཁྱོད་ཀྱི་ ཆེད་དུ་ ངས་ ལྷའི་ མིག་གི་ མངོན་ཤེས་ ཟེར་མཁན་ དེ་ བསྒྱུབ་ དགོས་ འདུག གལ་ སྲིད་ངས་ དེ་ བསྒྱུབས་ ཚར་ན་ ཡང་། ང་རང་ རང་གིས་ འཛིག་རྟེན་ གཞན་པ་ དག་ མཐོང་ ཐུབ་པ་ ཙམ་གྱིས་ མདའ་སྨྱུག་ དང་ ཐུ་བ་ སོགས་ལ་ བསྟན་པའི་ ཐབས་ ཡོད་དམ་ མེད། དེ་ཡང་ ཐེ་ཚོམ་ མོ། །