ད་ཐེངས་ང་ཚོའི་སྐུ་ཚབ་རྣམ་པས་བཀའ་བཀྱོན་གཟེད་ཤག འདོད་བྨོ་མ་ཁེངས་པར་ཕྱིར་ཕེབས་ཤག རྗེས་མ་དེ་ཟླ་བཅུ་བའི་ནང་ལ་ཕེབས་རྒྱུ་རེད་ཤག ཨོ་ལིམ་ཕིག་མ་འཚོགས་སྔོན་འདི་འདྲའི་རྣམ་འགྱུར་བསྟན་པ་ཡིན་ན་འཚོགས་ཚར་བའི་རྗེས་དེ་ལས་ཀྱང་སྡུག་པ་ཆགས་ཀྱི་རེད་བསམ་ཤག ད་རེས་ཁོང་རྣམ་པ་ཚོ་སེམས་ཤུགས་ཞེ་དྲག་ཆགས་ཤག ད་ག་རེ་བྱ་དགོས་རེད། མུ་མཐུད་འགྲོ་དགོས་མ་རེད་པས། བདེན་པའི་ཨུ་ཚུགས་ཅུང་བརྒྱབ་དགོས་མ་རེད་པས། ངའི་སེམས་ཁྲལ་ནི་ད་རེས་ཁོང་ཚོ་སེམས་ཤུགས་ཆགས་སྟངས་དེར་བལྟས་ན་བདེན་མཐའ་གསལ་གསལ་བར་ཨུ་ཚུགས་རྒྱག་ཐུབ་ས་མ་རེད་གོ
ད་འགྲོ ཞི་བ་རང་བྱས་ནས་འགྲོ ཕྱག་འཚལ་ནས་འགྲོ རྒྱ་ནག་གི་གཞུང་ཚབ་ཁང་ཚང་མའི་མདུན་ཕྱིན་ནས་ཕྱག་འཚལ། སྐུ་ཚབ་ཚོགས་པས་ཀྱང་རྗེས་མ་པེ་ཅིང་ལ་ཕེབས་སྐབས གནམ་ཐང་ནས་ཕར་ཕྱག་འཚལ་ཏེ་ཕེབས དོན་ཆེན་སྒྲུབ་པ་ལ་ངང་རིང་དགོས་ཟེར་བ་མ་རེད་པས། ང་ཚོ་སྐབས་འཕྲལ་གྱི་དོན་དག་སྡུག་པ་རེ་བྱུང་ན་སེམས་ཤུགས་ཆགས་མི་ཉན་གི དེ་མ་རེད་པས། གྲོགས་པོ་ཚོ གྲོས་ཁ་གཅིག་པ་བྱེད། ཉུང་ནའང་ད་རུང་ལོ་ལྔ་བཅུ་ལ་ཨུ་ཚུགས་བྱེད། དེ་ནས་ཀྱང་མ་ཡོང་ན། ང་ཚོར་འཇིགས་བྱེད་ཀྱི་འཁྲུལ་འཁོར་ཟེར་བ་ཞིག་བསྐོར་རྒྱུ་ཡོད་པ་མ་རེད་དམ། ཡང་ན་སྤྱན་རས་གཟིགས་དྲག་ཏུ་ཁྲོས་པའི་སྐུར་བཞེངས་བར་ང་ཚོས་གསོལ་འདེབས་བྱེད། ཡང་ན་གཉན་གྱི་སོར་ནག་ཟེར་བའི་འདོན་པ་ཞིག་ཡོད་པ་ངས་གོ་མྱོང་། དེ་འདོན།