<<ཐོག་ཁང་དམར་བོའི་རྨི་ལམ>>ནི་ཚོ་ཞོས་ཆིན་གྱིས་སྐྱོ་གདུང་དང་དཀའ་སྡུག་གི་གཏམས་པའི་ཚེ་མཇུག་ལ་བརྩམས་གནང་བ་དང་།
སྔོན་མའི་མིང་ལ<<རྡོའི་ཟིན་ཐོ་>>ཟེར་ཞིང་ལེའུ་༨༠ཡོད། དེ་ལག་བྲིས་ཀྱིས་བརྒྱུད་སྤེལ་བྱས་ནས་འོངས། སྤྱི་ལོ་༡༧༩༡ལོར། ཁྲིན་ཝེ་ཡོན་(程伟元)དང་ཀོ་ཨེ་(高鹗)གཉིས་ཀྱིས་ཐོག་དང་བོར་ཡིག་འབྲུ་སྒྲིག་པའི་དཔར་དུ་བཏབ་ནས་འགྲེམས་སྤེལ་བྱས་ཤིང་། དེབ་ཡོངས་ལེའུ་༡༢༠་དང་དེབ་མིང་<<ཐོག་ཁང་དམར་བོའི་རྨི་ལམ>>་ཞེས་པར་བསྒྱུར།
བརྩམས་སྒྲུང་འདིའི་ནང་(贾宝玉)ཅཱ་པོ་ཡུས་དང་། (林黛玉)ལིན་ཏེ་ཡུས། (薛宝钗)ཞུའེ་པོ་ཁྲེ་བཅས་བར་གྱི་བརྩེ་དུང་དང་གཉེན་སྒྲིག་སྐོར་གྱི་སྐྱོ་གར་འབྲི་བཞེངས་བྱས་ཡོད་ཅིང་། དེར་(贾)ཅཱ་དང་(王)ཝང་། (史)ཧྲི། (薛)ཞུའེ་སོགས་ཁྱིམ་ཚང་ཆེན་པོ་བཞིའི་དར་རྒུད་མངོན་པར་མཚོན་ནས་བཀས་བཀོད་རྒྱུད་འཛིན་གྱི་ཉམས་ཆག་ཏུ་འགྲོ་བཞིན་པའི་ཆེས་མཐའ་མཇུག་གི་སྤྱི་ཚོགས་ཀྱི་ནང་སྙིང་ངོ་མ་དེ་ཕྱིར་བཏོན་ཡོད་ལ།
དུས་སྐབས་དེའི་རང་གཤིས་བཅིངས་འགྲོལ་དང་མིའི་ཐོབ་ཐང་འདྲ་མཉམ་སོགས་ལ་བཟུང་བའི་དགོས་འདུན་དང་དམངས་གཙོ་རིང་ལུགས་ཀྱི་སྙིང་སྟོབས་ལ་གོམ་ཁ་ཐོག་མར་ཕྱོགས་པའི་སྐོར་ཡང་ཚུར་སྣང་བྱས་ཡོད།
<<ཐོག་ཁང་དམར་བོའི་རྨི་ལམ>>་ལ་དངོས་ཡོད་རིང་ལུགས་ཀྱི་གསར་རྩོམ་གྱི་འབྲི་ཐབས་སྤྱད་ནས་ཇི་བཞིན་དང་མངོན་སུམ་གྱིས་ཀུན་འཛོམས་ཀྱི་དངོས་ཡོད་སྤྱི་ཚོགས་འཚོ་བ་རྒྱས་བཤད་དང་ཞིབ་འབྲི་བྱས་ཏེ་དཔེ་མཚོན་མི་སྣ་གང་མང་བཞེངས་སྐྲུན་བྱས་ཡོད་པ་དང་། རྩོམ་པ་པོ་ཉིན་རྒྱུན་འཚོ་བའི་འགལ་འདུ་ཁྲོད་ཀྱི་མི་སྣའི་མིང་ཐོབ་དང་གོ་ས་གཞི་བཟུང་ནས་མི་སྣའི་ཉམས་འགྱུར་མཚོན་པ་ལ་ལག་མི་ཐོགས་པ་དང་། སྒྱུ་རྩལ་གྱི་མཁའ་དབུགས་ཀྱིས་མི་སྣའི་ནང་སེམས་ཀྱི་ཚོར་འདུ་གཞོགས་སྤྲོས་བྱེད་པ་ལའང་བྱང་ཆུབ་འདུག་པ་ཤིན་ཏུ་གསལ།
རྩོམ་པ་པོའི་སྨྱུག་འོག་གི་མི་སྣ་དཔེར་ན་བརྩེ་དུང་ཆེ་ཞིང་ངོ་ལོག་གི་སྙིང་སྟོབས་ཀྱིས་ཕྱུག་པའི་(贾宝玉)ཅཱ་པོ་ཡུས། རང་ཉིད་མཁས་པར་རློམ་ཞིང་། སེམས་སྦུག་དོག་པའི་(林黛玉)ལིན་ཏེ་ཡུས། ཚུལ་དང་ལྡན་ཞིང་། སེམས་པ་བཟང་བ། སྟུན་མཁས་པའི་(薛宝钗)ཞུའེ་པོ་ཁྲེ། བློ་སྤོབས་ཆེ་ཞིང་གདུག་རྩུབ་ཆེ་བའི་(王熙凤)ཝང་ཞི་ཧྥིན། རྐྱེན་ངན་སྡུག་ཁུར་བྱེད་པའི་ཡིའུ་ཨ་ཅེ་འབྲིང་བ། ཞུམ་པ་མེད་ཅིང་གཉོམ་མི་ཁུར་བའི་ཡིའུ་ཨ་ཅེ་གསུམ་པ་སོགས་གང་ཞིག་གསོན་ཉམས་ལྡན་པ་མི་འདུག་ཟེར་ཐུབ།
རྩོམ་པ་པོས་དོན་རྐྱེན་དང་མི་སྣ་འབྲི་ཐབས་ལ་ཞིབ་བསྡུར་གྱི་ཐབས་བཀོད་སྤྱད་དེ། མཛེས་པ་དང་གཙོག་པ། རྫུན་མ་དང་དངོས་མ། དབང་བསྒྱུར་དང་དབང་བསྒྱུར་བར་བྱས་པའི་ཞིབ་འབྲི་བརྒྱུད་ཕན་ཚུན་ཁ་གསབ་ཀྱིས་བརྗོད་དོན་ཟབ་མོ་འདུ་ཞིང་མཁྱེན་དཔྱོད་ཡངས་པའི་སྒྱུ་རྩལ་གྱི་འཇིག་རྟེན་ཞིག་གསར་སྐྲུན་གནང་བ་རེད།
<<ཐོག་ཁང་དམར་བོའི་རྨི་ལམ>>་གྱི་བརྡ་སྐད་ལ་ཚིག་ཉུང་དོན་གསལ་བ་དང་། གནད་ལ་ཁེལ་ཞིང་བསམ་པའི་སྣང་ངོར་ཇི་བཞིན་འཆར་བ། རྣམ་པ་སྣ་ཚོགས་ཀྱི་ཁྱད་ཆོས་མངའ་བས་རྩོམ་པ་པོ་དེ་ལ་སྦྱངས་གོམས་ཐོན་པའི་ས་མཚམས་ལ་སླེབས་འདུག་པ་རྟོགས་ཐུབ་ལ། བརྩམས་སྒྲུང་ཁྲོད་སྙན་ཚིག་དང་གླུ་དབྱངས། བཅད་ལྷུག་སྤེལ་མའི་བཀོད་སྤྱོད་ཀྱིས་མི་སྣ་གསར་བཞེངས་དང་བྱུང་རིམ་གསལ་སྟོན་ལ་ནུས་པ་ཁྱད་པར་བ་ཞིག་ཐོན་ཡོད།
དྲ་ཐོག་ནས་སྒྱུར་སྒྲིག་བྱས།
ཟླ་བ་གཞོན་ནུ་སོགས་དྲ་གྲོགས་རྣམ་པ་ལགས། ཐོག་ཁང་དམར་པོའི་རྨི་ལམ་ཟེར་བའི་དེབ་དམར་པོ་གཅིག་མཐོང་མྱོང་། བོད་ཡིག་རེད། འོན་ཀྱང་ཀློག་རྒྱུ་མ་བྱུང་། དེས་ན་ཐོག་ཁང་དམར་པོའི་རྨི་ལམ་ལ་དེབ་ག་ཚོད་ཡོད་དམ། ཆ་ཚང་བོད་ཡིག་ཏུ་བསྒྱུར་ཡོད་པ་ཨེ་རེད། ད་སྐབས་རག་དགོས་ན་གང་ནས་རག་གི་རེད། སུས་ཤེས་ན་ལན་ཞིག་གནང་རོགས།
ཐོག་ཁང་དམར་པོའི་རྨིས་ལམ་མམ། ཁང་ཆེན་དམར་པོའི་རྨིན་ལམ། གང་ལྟར་དེབ་དེ་ང་བོད་དུ་སྡོད་དུས་ཀློག་མྱོང་། སྙན་པོ་ཞིག་ཡོད།