བསྟན་འཛིན།
སློབ་དཔོན་སམྦྷོ་ཊའམ་སམ་བྷོ་ཊའི་མཚན་གྱི་གོ་དོན་ལ་ཉེ་རབས་ཀྱི་མཁས་པ་ལ་ལས་མཁས་ཉམས་ངོམ་སྟེ་སྤྲོས་དཔྱད་མང་དུ་གནང་འདུག་མོད། སློབ་གཉེར་བ་གསར་བུ་རྣམས་དང་ལྷག་པར་ད་ལྟའི་སློབ་མ་རྣམས་ལ་མཚོན་ན་མགོ་ཉོག་སྤྱད་དུ་གྱུར་འདུག འདིར་རང་བློས་དཔོག་ཚོད་ཀྱིས་ཚིག་ཉུང་ངུའི་ལམ་ནས་དེང་རབས་ཀྱི་དཔྱད་སྟངས་ལྟར་གོ་བདེ་ཙམ་བརྗོད་ན། བྷོ་ཊ་ནི་རྒྱ་གར་སྐད་ཀྱིས་བོད་ཡུལ་ལ་འབོད་པའི་མིང་ཡིན་ལ། དཔེར་ན་བྷོ་ཊའི་ཡུལ་དང་བྷོ་ཊའི་ལྗོངས་ཞེས་པ་ལྟ་བུའོ།།
བྷོ་ཊ་ཞེས་པའི་མིང་གི་བྱུང་རིམ་ཡང་། རྟ་མཆོག་ཁ་འབབ་བམ་ཆུ་བོ་པཀྵུ་འབབ་པའི་ཕྱོགས་ལ་རིམ་བཞིན་པཀྵ་དང་བྷཀྵ། བྷོ་ཊ་ཞེས་མིང་ཟུར་ཆགས་པ་དང་། ཕྱིས་སུ་ཡོངས་ཁྱབ་ཀྱིས་བྷོ་ཊ་ཞེས་པའི་མིང་ཆགས་པར་གྱུར། དེ་ཡང་དཔེར་ན་བྷོ་ཊ་ཞེས་པ་ཟུར་ཆགས་ཏེ་དབྱིན་ཇིའི་སྐད་དུ་ཐིས་པེད་ཐི་(Tibet)ཞེས་འབོད་པ་བཞིན་ནོ།།
ཐུའམ་ཐོན་ནི་སློབ་དཔོན་རང་གི་རུས་རྒྱུད་ཀྱི་མིང་ཡིན་ཞིང་། སམ་ནི་རྒྱ་གར་སྐད་དེ་ཡང་དག་པའམ་ངོ་མའི་དོན་ནོ།།
ལམ་ཐག་ཧ་ཅང་རིང་བའི་བྷོ་ཊའི་ཡུལ་དངོས་ནས་ནས་འོངས་པ་ཡིན་ཞིང་། རུས་མིང་ཐུ་མི་རུ་གྲགས་པའི་མི་དེ་ལ་ཐུ་མི་སམ་བྷོ་ཊའམ་ཐོན་མི་སམ་བྷོ་ཊ་ཞེས་མིང་དུ་བཏགས་ཤིང་དེ་ལྟར་ཐོགས་པར་གྱུར་པ་ནི་སློབ་དཔོན་ཐོན་མིའོ།།
སུམ་ཅུ་པའི་རྩ་བའི་འཇུག་ཏུ།
བྱྰ་ཀ་ར་ཎའི་རྩ་བ་ཤློོ་ཀ་སུམ་ཅུ་ཞེས་བྱ་བ་སློབ་དཔོན་ཨ་ནུས་མཛད་པ་རྫོགས་སོ།། །།
རྟགས་འཇུག་རྩ་བའི་འཇུག་ཏུ།
བྱྰ་ཀ་ར་ཎའི་རྩ་བའི་བརྒྱད་པ་ལས་ཀུན་ཏུ་བཟད་པོའི་བྱ་ཀ་ར་ཎ་གཉིས་པའི་སྐབས་དེ་དྲུག་པའོ།། །།
ཞེས་པ་འདི་དང་སློབ་དཔོན་ཐུ་མི་སམ་བྷོ་ཊ་གཉིས་གཅིག་པ་ཡིན་ནམ་མིན། ལགས། སུས་ཁུངས་ཐུབ་ཅིག་གསུངས་ཐུབ་བམ།
བསྟན་འཛིན་ལགས།
དཔེར་ན་བྷོ་ཊའི་ཡུལ་དང་བྷོ་ཊའི་ལྗོངས་ཞེས་པ་ལྟ་བུའོ།།
ཟེར།
དཔེ་དང་དཔེ་ཅན་གཉིས་ཅི་ལྟར་སྦྱར་དགོས་པ་རེད་ལགས།
རང་རེའི་ཡུལ་དེ་ལ་སྔ་མོ་ཞིག་ནས། བོད་སྐད་དུ་བོད་ཀྱི་ཡུལ་ཞེས་གྲགས། རྒྱ་གར་བ་རྣམས་ཀྱིས་རང་རེ་ལ་བྷོ་ཊྲ་ཟེར་ནས་འབོད། དེ་ནི་གནའ་དུས་ཀྱི་ཀློགས་ལ་བོད་ཅེས་བརྗོད་ཚེ་མིང་གཞི་བོ་དང་རྗེས་ད་གཉིས་གསལ་བར་འཐོན་སྟངས་ལ་དཔགས་ནས་བཤད་ན། བོད། བྷོད། བྷོ་ཊྲ་ཞེས་རིམ་གྱིས་འགྱུར། དོན་ལ་བོད་བྱ་བའི་ཚིག་འདི་ཉིད་རྒྱ་སྐད་དུ་ཕར་ཟུར་ཆག་པ་ཡིན་གྱི། རྒྱ་གར་བས་ཚུར་བཏགས་པ་ཞིག་མ་ཡིན་པ་བདེན་སྙམ།
ཏི་བད་དམ་ Tibet རྒྱ་གར་གྱི་སྐད་ནས་ཕར་འགྱུར་བ་རྩ་ནས་མིན། ད་ལྟ་རྒྱ་ནག་མ་གཏོགས་པའི་ཡུལ་མང་ཆེ་བ་ཀུན་ལ་བོད་ཀྱི་མིང་ལ་ཏི་བད་མོལ་བཞིན་པ་ནི་མཁྱེན་གསལ་ཡིན། དེ་ནི་རྒྱ་ནག་པ་རྣམས་ཀྱིས་སྔོན་དང་ད་ལྟའི་བར་བོད་ཀྱི་མིང་དུ་ཏུའུ་ཕན་དུ་བོད་པ་དང་། དེ་བཞིན་སོག་པོའི་སྐད་དུ་བོད་ལ་ཐུ་བྷད་ཅེས་མོལ་ཚུལ་ལ་བརྟག་ན། ཐུ་བྷད་ཟུར་ཆག་སྟེ་ཏི་བད་དུ་འགྱུར་བ་སྒྲ་གདངས་ནས་གསལ་པོར་མངོན།
རང་རེའི་ཡུལ་དེ་ལ་སྔ་མོ་ཞིག་ནས། བོད་སྐད་དུ་བོད་ཀྱི་ཡུལ་ཞེས་གྲགས། རྒྱ་གར་བ་རྣམས་ཀྱིས་རང་རེ་ལ་བྷོ་ཊྲ་ཟེར་ནས་འབོད། དེ་ནི་གནའ་དུས་ཀྱི་ཀློགས་ལ་བོད་ཅེས་བརྗོད་ཚེ་མིང་གཞི་བོ་དང་རྗེས་འཇུག་ད་གཉིས་གསལ་བར་འཐོན་སྟངས་ལ་དཔགས་ནས་བཤད་ན། བོད། བྷོད། བྷོ་ཊྲ་ཞེས་རིམ་གྱིས་འགྱུར། དོན་ལ་བོད་བྱ་བའི་ཚིག་འདི་ཉིད་རྒྱ་སྐད་དུ་ཕར་ཟུར་ཆག་པ་ཡིན་གྱི། རྒྱ་གར་བས་ཚུར་བཏགས་པ་ཞིག་མ་ཡིན་པ་བདེན་སྙམ།
ཏི་བད་དམ་ Tibet ལ་བྷོ་ཊྲ་ཟུར་ཆག་ནས་ཏི་བད་འགྱུར་བ་ནི་བཞད་མོའི་གཏམ་ཞིག ད་ལྟ་རྒྱ་ནག་མ་གཏོགས་པའི་ཡུལ་མང་ཆེ་བ་ཀུན་ལ་བོད་ཀྱི་མིང་ལ་ཏི་བད་མོལ་བཞིན་པ་ནི་མཁྱེན་གསལ་ཡིན། དེ་ནི་རྒྱ་ནག་པ་རྣམས་ཀྱིས་སྔོན་དང་ད་ལྟའི་བར་བོད་ཀྱི་མིང་དུ་ཏུའུ་ཕན་དུ་བོད་པ་དང་། དེ་བཞིན་སོག་པོའི་སྐད་དུ་བོད་ལ་ཐུ་བྷད་ཅེས་མོལ་ཚུལ་ལ་བརྟག་ན། ཐུ་བྷད་ཟུར་ཆག་སྟེ་ཏི་བད་དུ་འགྱུར་བ་སྒྲ་གདངས་ནས་གསལ་པོར་མངོན།
བོད། བྷོད། བྷོ་ཊྲ་ཞེས་རིམ་གྱིས་འགྱུར། ་་་་་་་་་་་་་་རྒྱ་ནག་པ་རྣམས་ཀྱིས་སྔོན་དང་ད་ལྟའི་བར་བོད་ཀྱི་མིང་དུ་ཏུའུ་ཕན་དུ་བོད་པ་དང་། དེ་བཞིན་སོག་པོའི་སྐད་དུ་བོད་ལ་ཐུ་བྷད་ཅེས་མོལ་ཚུལ་ལ་བརྟག་ན། ཐུ་བྷད་ཟུར་ཆག་སྟེ་ཏི་བད་དུ་འགྱུར་བ་སྒྲ་གདངས་ནས་གསལ་པོར་མངོན། ་་་ཞེས་གསུངས་པ་འདི་ལེགས་བཤད་དུ་མཐོང་ལགས།
བོད་སྐད། བོད། དེ་ཟུར་ཆག་ནས་རྒྱ་གར་སྐད་དུ་བྷོཊ་དང་། རྒྱ་ནག་གིས་བོད་ལ་ཏུའུ་ཕན་དུ་འབོད་པ་དེ། སོག་པོའི་སྐད་དུ་བོད་ལ་ཐུ་བྷད་དུ་ཟུར་ཆག་པ་དང་། ཐུ་བྷད་དེ། ཟུར་ཆག་སྟེ་དེང་སང་ཡོངས་གྲགས་ཨིན་སྐད་དུ། ཊིབེཊ་(Tibet)དུ་གྱུར་པ་སྒྲ་གདངས་ནས་གསལ་པོར་མངོན་ཞེས་པ་འདི་བདེན་པ་འདུག དེས་ན། བོད་ནས་བྷོཊ། ཏུའུ་ཕན་ནས་ཐུ་བྷད། ཐུ་བྷད་ནས་ཊི་བེཊ་(Tibet)ཏུ་ཟུར་ཆག་པའོ།། །།