མྱི་རྐྱང་སྨྱོན་པ།
དེ་རིང་ཡང་ང་ཚོ་ཇོ་ནང་བའི་མི་སེར་ཉམ་ཆུང་འགའ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གྲོས་ཚོགས་ར་བའི་མདུན་ན་ལྷན་འཛོམས་བྱས་ཏེ་ཡོད། འདི་ལ་སྐོར་ལོག་མང་བོ་ཞིག་གིས་ཡང་བསྐྱར་འགྲེལ་ལོག་བྱེད་ཀྱིན་ཡོད། ཡིན་ནའང་མང་བོ་མང་བོ་ཞིག་བཤད་ན་མི་འདོད་ལ་བཤད་དགོས་པའི་འོས་ཀྱང་མ་མཐོང་། འོན་ཏེ་སྐད་ཆ་རེ་གཉིས་ངེས་པར་དུ་མ་བཤད་ཐུ་མེད་རེད་བཞག དེའི་ཕྱིར་ཐོག་མར་དྲི་བ་འགའ་སྐོར་འཕེན་བྱ་རྒྱུ་ཡིན། ཁྱོད་ཚོས་ནམ་ནམ་ཞར་ཞར་འཆད་ཀྱིན་པའི་བདེན་པ་དང་གནས་ལུགས་ཞེས་བསྙད་པ་དེ་ག་འདྲ་ཞིག རྡོག་རྩ་གཅིག་སྒྲིལ་ཞེས་བཏགས་པ་དེ་གང་འདྲ་ཞིག ཆོས་རིག་འཛིན་སྐྱོང་ཞེས་གླེང་བ་དེ་ཇི་འདྲ་ཞིག འདི་དག་ལ་བསམ་གཞིག་ནན་ཏུར་གྱིས་གནང་ཟིན་མཚམས། གཞི་ནས་ང་ཚོ་ཇོ་ནང་བས་གཞུང་དམངས་བར་ལ་དཀྲུག་ཤིང་བྱེད་ཀྱིན་ཡོད་མེད་མཁྱེན་ངེས། ཆོལ་གསུམ་གྱི་མཐུན་སྒྲིལ་ལ་གཏོར་བརླག་གཏོང་གིན་ཡོད་མེད་ཤེས་ངེས། བོད་མིའི་རྩ་དོན་ལ་རྡོལ་རོལ་བྱེད་ཀྱིན་ཡོད་མེད་རྟོགས་ངེས། རྒྱུ་མཚན་ཤིན་ཏུ་སླ་བས་བཤད་དགོས་གལ་ཆེན་པོ་མ་མཐོང་ནའང་། དོན་དག་འདིའི་ཐོག་མཐའ་བར་གསུམ་ཅི་ཡང་མི་ཤེས་པ་དང་། ཤེས་བཞིན་དུ་དཀྱོགས་པ་སོགས་ལ་དོན་ཚན་གསུམ་གྱི་ཐོག་ནས་གསལ་བཤད་ཐུང་ངུ་ཞིག་བྱ་འདོད་སྐྱེས།
གཅིག དཔལ་རྒྱལ་བ་ཇོ་ནང་བའི་ཆོས་བརྒྱུད་འདི་ལ་ཆོས་བརྒྱུད་གཞན་དག་ལ་ཐོབ་ཐང་གང་ཡོད་པ་དེ་ཐོབ་འོས།
༡༽ ཇོ་ནང་ནི་ལོ་རྒྱུས་དང་ལྟ་གྲུབ་སོགས་ཀྱི་ཆ་ནས་ཆོས་བརྒྱུད་ཆེན་པོ་ཞིག་ཡིན་པར་བརྟེན། ༧གོང་ས་རྒྱལ་བའི་དབང་བོ་མཆོག་གིས་ནམ་རྒྱུན་ཐུགས་བརྩེ་གཟིགས་ཀྱིས་ཇོ་ནང་ཆོས་བརྒྱུད་འདི་ཉིད་གལ་ཆེན་དོན་གནད་ཅན་ཞིག་ཡིན་ཚུལ་གནང་བའི་བཀའ་སློབ་སྔ་ཕྱི་ཁག་དང་། ཉེ་ཆར་ཕྱི་ལོ་༢༠༡༥ ཟླ་༩ ཚེས་༣ ཉིན་ཕྱི་སྡོད་ཇོ་ནང་བའི་དམིགས་བསལ་ཚོགས་ཆེན་ཐེངས་བདུན་པར་བསྩལ་པའི་བཀའ་ཡིག་ཏུ་གསལ་འཁོད་གནང་དོན། “ཆོས་བརྒྱུད་ཆེན་པོ་འདིའི་ལུང་རྟོགས་ཀྱི་བསྟན་པ་ཡུན་གནས་ཆེད་”ཅེས་ཆོས་བརྒྱུད་ཆེན་པོ་ཞིག་ཡིན་པ་འདས་མ་ད་གསུམ་ལ་ཞལ་བཞེས་གཙང་མ་གནང་ཡོད་རྐྱེན་མངོན་སུམ་ལ་དངོས་སུ་བསྙོན་ན་མ་གཏོགས་ཚང་མས་མཁྱེན་རྟོགས་བྱུང་ཡོད་ངེས།
༢༽ ཕྱི་ལོ་༢༠༡༡ ལོར་ཆོས་ལུགས་ཚོགས་ཆེན་ཐེངས་བཅུ་གཅིག་པའི་སྟེང་དུ་༧གོང་ས་རྒྱལ་བའི་དབང་བོ་མཆོག་གི་བཀའ་སློབ་ལམ་སྟོན་འོག་ས་སྐྱ་གོང་མ་དང་དགའ་ལྡན་ཁྲི་ཆེན། སྨན་རིའི་ཁྲི་འཛིན་སོགས་ཆོས་ལུགས་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པས་བཀའ་མོལ་ལྷུག་བསྩལ་གནང་མཐར་གྲོས་ཆོད་བཞག་ཏེ་ཇོ་ནང་བ་ནི་ལྟ་གྲུབ་དང་ཆོས་བརྒྱུད་གང་ཅིའི་ཐོག་ནས་རང་རྐང་བ་ཞིག་ཡིན་པ་ཐག་གཅོད་ཡང་དག་བྱས་ཟིན་པ་གཟུ་བོར་གནས་པ་ཞིག་ཡིན་ན་སྔ་ས་ནས་གསལ་གསལ་ཐིང་ཐིང་བྱས་ཟིན་པར་བརྟེན་དཔལ་རྒྱལ་བ་ཇོ་ནང་བའི་ཆོས་བརྒྱུད་ཆེན་པོ་རང་རྐང་ཚུགས་པ་འདི་ལ་ཅིའི་ཕྱིར་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་སྤྲད་ན་མི་འོས་པ་རེད། འདི་ནི་ང་ཚོར་མཚོན་ན་ཤེས་འདོད་པའི་གསང་བ་ལྐོག་གྱུར་བ་ཞིག་རེད།
གཉིས། ཇོ་ནང་བས་ནམ་ཡང་རང་གཞུང་ལ་ངོ་ལོག་བྱས་མ་མྱོང་།
༡༽ མི་རིགས་ཁ་ལ་འཁྱེར་མཁན་རེ་ཟུང་གིས་བསམ་བཞིན་དུ་ཇོ་ནང་བར་ཞྭ་མོ་སྣ་ཚོགས་བཟོ་བཞིན་ཡོད། ཇོ་ནང་བས་བཙན་བྱོལ་རང་གཞུང་ལ་ངོ་ལོག་བྱས་རབས། ཆོལ་གསུམ་མཐུན་སྒྲིལ་ལ་གཏོར་བརླག་བཏང་རབས་སོགས་ཁ་ཕྱོགས་གཞན་ཞིག་ལ་དཀྱོག་ཐབས་ཀྱི་བྱ་ངན་འདྲ་མིན་སྤེལ་བཞིན་ཡོད། ཡིན་ནའང་། བློ་རྣལ་དུ་ཕབས་ནས་བསམ་གཞིག་བྱོས་དང་། ཇོ་ནང་བས་ཞི་འབོད་འདི་དག་གིས་གཞུང་ལ་ངོ་ལོག་བྱས་པ་རེད་དམ་བློ་དཀར་བྱས་པ་རེད། དམངས་གཙོ་ཚད་ལྡན་གྱི་གཞུང་ཞིག་ཡིན་པས་ང་ཚོས་ཀྱང་འདི་ལྟར་ཞི་འབོད་བྱེད་ཐུབ་སོང་བ་རེད། བརྡ་འདིས་གཞུང་ལ་བདེན་པའི་སྨྲ་ལྕེ་ཞིག་སྤྲད་པ་རེད། ང་ཚོ་ཇོ་ནང་བའི་ཚུལ་ལྡན་འབངས་མི་གཉོམ་ཆུང་དག་གིས་ཀྱང་ལག་ཟུང་ཐལ་མོ་སྦྱར་ཞིང་། ཁ་བཏགས་དཀར་བོ་ཕྱག་ཏུ་བསྣམས་ཏེ་འཐུས་མི་རེ་རེ་བཞིན་”དྲང་བདེན་ལ་རྒྱབ་སྐྱོར་གནང་རོགས། ཐུགས་རྗེས་གཟིགས།”ཞེས་མགོ་སྒུར་སྒུར་དང་། ངག་འདར་འདར་གྱིས་རེ་ཞུ་བྱས་པ་ཡིན། འདིས་ཆོལ་ཁ་དང་ཆོས་བརྒྱུད་བར་ཇི་ལྟར་དཀྲུག་ཤིང་དང་ངོ་ལོག་བྱས་སོང་བ་རེད།
༢༽ ཕྱི་ལོ་༢༠༡༥ ཟླ་༩ ཚེས་༡༠ ཉིན་གྱི་ཞོགས་པའི་དུས་ཚོད་ ༧:༣༠ སྟེང་ལ་༧གོང་ས་རྒྱལ་བའི་དབང་བོ་མཆོག་གིས་ཐུགས་བརྩེ་གཟིགས་ཀྱིས་དད་པ་དང་དམ་ཚིག་འགྱུར་བ་མེད་པའི་ཕྱི་སྡོད་ཇོ་ནང་བའི་དད་འབངས་རྣམ་པར་དམིགས་བསལ་གཟིམ་ཆུང་མཇལ་ཁ་གནང་སྐབས་སུ། “ཁྱེད་རང་ཚོར་ཐོབ་ཐང་ནི་ཡོད་རེད། བདེན་པ་ཡང་ཡོད་རེད། བཤད་དགོས་རེད། སྔོན་མ་ནས་བཤད་ཡིན་པ།”ཞེས་ལམ་སྟོན་བཀའ་སློབ་ཡང་དག་པ་བསྩལ་གནང་མཛད་ཡོད། ཇོ་ནང་བར་བདེན་པ་དང་ཐོབ་ཐང་མེད་པ་ཞིག་ཡིན་ན་༧གོང་ས་རྒྱལ་བའི་དབང་བོ་མཆོག་གིས་ཞལ་རྫུན་དང་སྤྲེལ་ལད་འཁྲབ་སོང་བ་རེད་དམ། ནམ་རྒྱུན་༧གོང་ས་མཆོག་ཁ་ལ་ཁྱེར་ནས་ལག་པ་འཕྱི་བར་དགའ་མཁན་དང་དད་པ་དག་སྣང་གིས་ཐལ་མོ་སྦྱོར་མཁན་དག་གིས་ཐུགས་བསམ་གནང་རོགས། བླ་མའི་བཀའ་གསུང་དང་བོད་མིའི་མངོན་འདོད་ལས་རིང་དུ་བརྒལ་སོང་ཚེ་རང་ཉིད་གཞུང་ལ་ངོ་ལོག་མཁན་ཞིག་ཡིན་པ་ཤེས་དགོས་སྙམ།
གསུམ། ཇོ་ནང་བ་དྲང་བོར་འགྲེང་ཡོད།
༡༽ ཇོ་ནང་བར་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་འདྲ་མཉམ་དུ་ཡོད་ནའང་སྤྱི་འཐུས་ཀྱི་རྐུབ་སྟེགས་ཙམ་ཞིག་རྩོད་ཀྱིན་ཡོད་ཅེས་འགྲེལ་ལོག་བྱེད་མཁན་མང་ཚོད་འདུག མ་གཞི་སྤྱི་འཐུས་ཀྱི་རྐུབ་སྟེགས་དེའང་ཡོད་ན་ཡོད་མཉམ་དང་། མེད་ན་མེད་མཉམ་ཞིག་ཅིས་ཀྱང་ཡིན་འོས་མོད། ང་ཚོས་བྱེ་བྲག་པའི་ཐོབ་ཐང་དེ་ཙམ་ཞིག་གཏན་ནས་སྔོན་ཆད་བརྩད་མྱོང་མེད་ལ་ད་ལྟ་རྩོད་ཀིའང་མེད། དེ་ནི་དགོས་མཁོ་མེད་པའི་ཐོབ་ཐང་ལྷག་མ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད།
ཡིན་ནའང་ང་ཚོ་ཇོ་ནང་བ་བོད་མིའི་བཅའ་ཁྲིམས་སུ་མི་ཐེ་བར་བྱས་ཡོད་ལ། ཆོས་རིག་གི་སྒྲིག་ཁོངས་སུའང་མི་འདུ་བ་རེད། རྒྱུ་དེ་ལ་བརྟེན་ནས་ཆོས་རིག་གིས་གོ་སྒྲིག་མཛད་པའི་ཆོས་ལུགས་དང་འབྲེལ་བའི་མཛད་སྒོ་ཁག་གང་ལའང་ཇོ་ནང་བ་མཉམ་ཞུགས་བྱེད་དབང་མེད་པ་རེད། ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན་དང་བཅས་ཞེས་རིས་གཅོད་ཀྱི་བཀའ་ཡིག་དང་སྦྱར་བྱང་། ཐ་ན་འཚོགས་འདུའི་སྒོ་བྱང་ཙམ་པོས་ཀྱང་ཇོ་ནང་བ་གཏན་ཕུད་བྱས་ཡོད་པས་ཐོབ་འོས་པ་དག་ཇོ་ནང་བར་རག་གི་མེད། དེའི་ཕྱིར་”ཁ་ཡག་ལ་བསྒྱུར། མགོ་ཡོག་ལ་བསྐོར་”མ་གནང་རོགས་ཞུ།
༢༽ ༧གོང་ས་རྒྱལ་བའི་དབང་བོ་མཆོག་གིས་”ཐོབ་ཐང་ནི་ཡོད་རེད། བདེན་པ་ཡང་ཡོད་རེད། བཤད་དགོས་རེད།”ཅེས་སྐྱོན་གྱིས་མ་གོས་པའི་བཀའ་གསུང་དེ་འདྲ་གནང་དགོས་པའི་རྒྱུ་མཚན་ཅི། ང་ཚོ་ཇོ་ནང་བས་ཐོབ་མི་འོས་པ་ཞིག་དང་། བདེན་པ་མ་ཡིན་པ་ཞིག་བཤད་ཀྱིན་ཡོད་ན་ཁོང་གིས་དེ་ལྟར་བཀའ་གནང་སྲིད་དམ། བཙན་དང་དབང་མེད་པ། རྒྱུ་དང་སྟོབས་མེད་པའི་ཚུལ་ལྡན་ཇོ་ནང་བར་འདི་ལྟར་ནམ་དང་དུས་སུ་བརྩེ་གཟིགས་གནང་དོན་ཅི། དེ་ནི་བདེན་པ་ཞེས་པའི་སྒུལ་ཤུགས་དེ་ཡོད་སོང་བས་རེད། གནས་ལུགས་ཞེས་པའི་སྲོག་ཤིང་དེ་ཡོད་སོང་བས་རེད། གནས་ལུགས་དང་བདེན་པ་རྩོད་ཀྱིན་པའི་འུ་ཅག་གིས། གཞན་ལ་ལྟ་བྱེད་ཀྱི་མིག་ཟུང་དེ། རང་ཉིད་འཆར་སའི་མེ་ལོང་ཞིག་ཏུ་བསྒྱུར་ཐུབ་དགོས།
མཇུག་བསྡུ་བ།
ཐོབ་འོས་པ་དེ་མ་སྤྲད་ན་བཙན་གྱིས་འཕྲོག་པ་རེད། མི་ཐོབ་པའི་རྒྱུ་མཚན་བཤད་དུ་མེད་དུས་ཐོབ་ཐང་དེ་ཡོད་པ་རེད། རྒྱུ་མཚན་རྡུལ་ཙམ་བཤད་མཁན་མེད་དུས་ང་ཚོའང་མི་ཡོང་ཐུ་མེད་དུ་གྱུར་བའོ།། བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག
ཕྱི་ལོ་༢༠༡༥/༩/༡༦ གཟའ་ལྷག་པའི་ཉིན་ཆར་ཞོད་ཁྲོད་གྲོས་ཚོགས་ར་བའི་མདུན་ཐང་ནས་མཇུག་རྫོགས་པར་བྲིས།
གོང་ས་ལྔ་པ་ཆེན་པོས་ཇོ་ནང་མེད་པ་བཟོས་པ་དང་གོང་ས་བཅུ་བཞི་པ་ཆེན་པོས་ཇོ་ནང་ལ་རྒྱབ་སྐྱོར་དེ་ལྟར་གནང་དོན་ག་རེ་ཡིན་ནམ། གོང་ས་བཅུ་བཞི་པ་ཆེན་པོས་རྒྱུན་དུ་གསུངས་བསྡད་པ་ནི་ཁོང་གིས་རྒྱལ་བ་ལྔ་པས་ཏན་འབེབས་དང་མཛད་པ་རྣམས་འཇུག་སྐྱོང་གནང་རྒྱུ་ནི་ཁོང་གིས་ལས་འགན་ཡིན་ཚུལ་གསུངས་བཞིན་ཡོད། ཇོ་ནང་སྐོར་རྒྱལ་བ་ལྔ་པ་དང་རྒྱལ་བ་བཅུ་བཞི་པ་གཉིས་ཀྱིས་གནང་སྟངས་མི་འདྲ་བཤད་ཚུལ་འདི་གཉིས་དབར་རྒྱལ་ལྗོངས་དང་དམིགས་ཡུལ་བཅས་ལ་དབྱེ་ཞིབ་ནན་ཏན་དགོས་ཀྱི་འདུག།
རྒྱལ་དབང་ལྔ་བ་ནི་མཁས་གྲུབ་གཉིས་འཛོམས་ཀྱི་བླ་མ་ཞིག་རེད། འོན་ཀྱང་ཁོང་གིས་ནོར་འཁྲུལ་ཡང་མི་ཉུང་བ་ཞིག་ཤོར་ཡོད་པ་རེད། ཇོ་ནང་གི་དགོན་པ་ཁ་ཤས་མེད་པ་བཟོས་པ་དེའི་ནང་གི་ནོར་འཁྲུལ་གཅིག་རེད། ནོར་འཁྲུལ་ཚབས་ཆེ་ཤོས་ཏེ་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པ་དེ་རེད། ༧གོང་ས་བཅུ་བཞི་བས་ལྔ་བའི་ནོར་འཁྲུལ་དག་ངོས་ལེན་གཙང་མ་གནང་སྟེ་ཆབ་སྲིད་མི་དམངས་ལ་རྩིས་སྤྲད་པ་དང་ཇོ་ནང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད་འདུག །
བསྟན་འཛིན་མིང་ཅན་གྱིས་རྒྱལ་དབང་ལྔ་བས་ཇོ་ནང་མེད་པ་བཟོས་ཚུལ་བཤད་པ་ནི་ཁུངས་ལུང་མེད་པའི་སྐད་ཆ་རང་རེད། རང་མུན་ནག་ནང་བསྡད་ནས་ད་དུང་མིག་ཤེལ་ནག་པོ་གྱོན་མཁན་གྱི་རིགས་ནི་བསྟན་འཛིན་མིང་ཅན་འདི་ཚོ་རེད། རྐྱང་རྐྱང་ང་འདྲོགས། རྐྱང་ཞར་མ་རང་ང་འདྲོགས་ཟེར་བའི་དཔེ་ལྟར་རེད།
ཇོ་ནང་ཆོས་བརྒྱུད་ལ་སྤྱི་འཐུས་གཅིག་གི་ས་མིག་སྤྲོད་བཞག་ན་སྐྱོན་གང་ཡང་ཡོད་པ་མ་རེད། ཡང་ན་ཆོས་བརྒྱུད་སྤྱི་འཐུས་མེད་པ་བཟོས་ན་དག་དག་རེད་བསམ། སྤྱིར་སྟངས་ཡིན་ན་ཆོས་བརྒྱུད་སྤྱི་འཐུས་དགོས་ཡ་མི་འདུག། ཞབས་འདྲེན་ཞུ་མཁན། གྲྭ་བའི་ཞབས་འདྲེན་ཞུ་མཁན་ཚང་མ་ཆོས་བརྒྱུད་ཆོས་འཐུས་དེ་ཚོ་རེད། ཁོང་ཚོ་མི་གཅིག་གཉིས་ཤིག་གིས་གྲྭ་ཚང་མ་ལ་ཁ་གཏོང་དགོས་ཡ་ཞིག་བཟོས་ཡོང་གི་འདུག
བཞག་ན་ཇོ་ནང་ལ་ཡང་ས་མིག་སྤྲོད་དགོས་ངེས་རེད། དེ་མི་སྤྲོད་པ་ནི་ཆེད་དུ་བསམ་ནས་ང་ཚོའི་སྤྱི་ཚོགས་ནང་རྙོག་གྲ་ཡོང་ན་བསམ་པ་ལས་གཞན་ཅི་ཡང་མ་རེད།
ཐབས་ཤེས་ཤིག་འདུག ཁམས་ཀྱི་སྤྱི་འཐུས་ཚོའི་མདུན་ལ་སོང་སྟེ། ཇོ་ནང་པར་སྤྱི་འཐུས་གཉིས་ཀྱི་ས་མིག་སྤྲད་ན། ས་མིག་གཅིག་ཁམས་པའི་མི་ཞིག་ལ་སྤྲོད་ཆོག་ལབ་དང་། གཅིག་བྱས་ན། དེ་ནས་རྒྱབ་སྐྱོར་ཡོང་སྲིད།
གྲོས་ཚོགས་ནང་ཆོས་རྒྱུད་ཁག་གི་སྤྱི་འཐུས་དགོས་ཀྱི་མི་འདུག བཙན་བྱོལ་ནང་གི་དམངས་གཙོ་ཡར་རྒྱས་འགྲོ་བའི་འགག་རྡོ་ཆེན་པོ་ཞིག་རེད།
ཁ་བརྡ་ཚང་གི་ལས་བྱེད་པར་ཞུ་རྒྱུ། ངས་མཆན་མེད་པ་བཟོ་དགོས་པའི་རྒྱུ་མཚན་གང་ལགས། རྒྱལ་བ་སྐུ་འཕྲེང་དྲུག་པ། དགུ་བ། བཅུ་བ། བཅུ་གཅིག བཅུ་གཉིས་རྣམས་སྐུ་ཚེ་མཐར་མ་ཕྱིན་པའི་རྒྱུ་མཚན་ནི་རྒྱལ་དབང་ལྔ་བས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པ་ལ་བརྟེན་ནས་བྱུང་བ་རེད། ཧ་གོ་སོང་ངམ། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའང་དགུང་གྲངས་ཉི་ཤུའི་ནང་བགྲོང་རྩིས་བྱས་ཀྱང་སྟབས་ལེགས་པ་ཞིག་ལ་ལམ་ལྷོང་མ་བྱུང་བ་ཡོངས་གྲགས་རེད། རྒྱལ་དབང་སྐུ་ཕྲེང་ཚང་མའི་རྣམ་ཐར་ལ་བལྟས་མྱོང་ངམ། ལྟོས་དང་ཤེས་རྒྱུ་མང་བོ་ཡོད་རེད། དེ་ནི་ཆབ་སྲིད་ཀྱི་མཇུག་འབྲས་རེད། །
རྟེན་འབྱུང་མིང་ཅན་ལགས། ༡ ཁྱེད་རང་ནི་བོད་ཀྱི་ལོ་རྒྱུས་རག་པ་ཙམ་ལ་ཡང་མཐོང་བརྒྱ་དང་འཐོས་བརྒྱ་མེད་པའི་གསར་བུ་བ་ཞིག་ཡིན་པ་འདྲ། དེང་རབ་བོད་ཀྱི་ལོ་རྒྱུས་སྨྲ་བའི་རྩམས་པའི་རྒྱལ་བ་ལྔ་པའི་ལོ་རྒྱུས་སྐོར་གྱི་དཔྱད་གླེང་ཡོང་རྫོགས་ལ་གཟིགས། དགའ་ལྡན་ཕུན་ཚོགས་གླིང་གི་ལོ་རྒྱུས་ལ་གཟིགས། ༢ བཙན་བྱོལ་སྤྱི་འཐུན་ནང་ནས་ཆོས་རྒྱུད་ཀྱི་མཐུན་མི་ཚོས་འགན་ཁུར་མང་བ་གཞེས་ཀྱི་ཡོད་པ་དང་བཤད་དགོས་ས་ལ་ངོ་ལྐོག་རྒྱབ་མདུན་མེད་པའི་རང་ཚུབ་ལྡན་པ་རྐྱང་རེད། སྐབས་འཚོལ་བ་རྣམས་མིག་ལམ་དུ་མ་འགྲོ་ན་ཡང་མང་གཙོའི་ཁ་ཕྱོགས་ལམ་ཕྱོགས་དང་མ་འགལ་བའི་དག་དག་རེད། ༣ བློ་གྲོས་ལགས། དེང་སྐབས་ཇོ་ནང་གི་ཆོས་རྒྱུད་འཛིན་མཁན་ནི་མདོ་སྨད་པ་དང་། དེ་ཡང་རྨ་ཆེན་ཁུལ་གྱི་རྫོང་ཁག་ཁ་ཤས་ཙམ་ལས་བོད་སའིསྟོད་བར་གསུམ་ན་མེད། ཁམས་པའི་ཡུལ་ན་ཇོ་ནང་གི་ཆོས་ལུགས་མི་འདུག། དེས་ན་ཁམས་པའི་ཇོ་ནང་གི་འཐུན་མི་ཞིག་ཡོང་ས་མེད། དབུས་གཙང་ལ་ཡང་དེ་བཞིན་རེད།
བསྟན་འཛིན་ལགས། ཁྱེད་རང་གིས་དཔྱད་གླེང་ཡོངས་རྫོགས་ལ་ཅིག་གཟིགས་དང་ཟེར་བ་ཙམ་ལས་གཞན་བཤད་རྒྱུ་ཅུང་ཙམ་ཡང་མི་འདུག་ག། ཁྱེད་རང་ལ་ཁུངས་ལུང་ཞིག་ཡོད་པ་རེད་བསམ་བྱུང་། རང་གི་སྐད་ཆ་ག་རེ་བཤད་ན་དེར་ཁུངས་བསྐྱལ་མི་ཐུབ་མཁན་ཞིག་རེད་འདུག་ག
རྟེན་འབྱུང་ལགས། ངས་འགྲེལ་བཤད་ཞུ་ནས་ཁྱེད་ལ་གོ་བརྡ་འཕྲད་མཁན་གྱི་མི་ཞིག་མིན་པར་ངས་གསལ་པོ་ཤེས་ནས་ཁྱེད་ཀྱིས་དེ་དག་ལ་གཟིགས་ཞུས་པ་ཡིན། ད་ཧ་གོ་སོང་།
ཁྱེད་གོ་བརྡ་སྤྲད་ནས་མ་ཤེས་ན་དེ་བལྟ་ནས་ར་ཤེས་རྒྱུ་མ་རེད་པ། ད་ཁྱེད་ཀྱི་གཡོ་སྒྱུ་ལྷང་ལ་བུད་སོང་ང།
ཞབས་འདྲེན་མ་གཏོགཡོད་ནི་མ་རེད།དུ་མོ་དུ་གི་ག་བྱེད་གེ་ཚང་མ་ཞབས་འདྲེན་རེད་ཚང་དབྱངས་རྒྱ་མཚོ་འགོ་བཙུགས་ཨལ་ལལལལ།
ཐོན་ཐང་ཟེར་ན་མི་ཤེས། སྤྱིར་ཆོས་རྒྱུད་ཁག་གཞན་ལ་གང་ཡོད་པ་དེ་ཇོ་ནང་ལའང་ཡོད་ན་འོས། བཙན་བྱོལ་བཅའ་ཁྲིམས་ནང་དུ་གང་གསལ་ཡོད་མེད་ཧ་གོ་མ་སོང་། ཡོད་པ་དང་། ཐོབ་པ་འོས་པ་གསུམ་གྱི་དབྱེ་བ་ཞིག་ཡོད་རྒྱུ་རེད་འདོད། བཙན་བྱོལ་བོད་གཞུང་གི་ཇོ་ནང་ལ་དགོས་པ་དེ་གང་ཡང་མ་གནང་ལུས་པས་རྒྱུ་མཚན་ཅི་རེད། དེར་བཅའ་ཁྲིམས་དང་འབྲེལ་བ་འདུག་གམ དེ་གནད་དོན་ཞིག་ཨེ་ཡིན་ན། དེ་ལས་ཀྱང་ང་ལ་མཚོན་ན་བཤད་འདོད་པ་དེ་ཅིའི་ཕྱིར་ཇོ་ནང་ཐོབ་ཐང་ཟེར་བ་དེ་དགོས་ཟེར་གྱིན་ཡོད་པ་རེད། ཐོབ་ཐང་དེ་མེད་པས་ཇོ་ནང་བའི་ཆོས་་ཆོས་སུ་མི་འགྲོ་པ་ཨེ་རེད། ཇོ་ནང་བའི་ལྷ་སྡེ་མོ་སྡེ་དེ་ཚོར་བོད་མགོ་ནག་རྩམ་ཟན་གྱི་གྲལ་དུ་མ་ཚུད་པ་རེད་དམ། ཇོ་ནང་བའི་གྲྭ་བ་ཚོ་དམར་མཛོ་མཛོ་ཞུ་བ་འཐེན་བཞིན་ཡོད་ཟེར་ནས་ངོ་རྒོལ་དེར་འདུས་འདུག་པ་མཐོང་སྐབས་ངའི་སེམས་ལ་ཁྱོད་ཚོས་ཆོས་ཀྱི་སྒྲོ་འདོགས་གཅོད་དམ་སྐུབ་བཀྱག་གི་སྒྲོ་འདོགས་གཅོད། དབུ་མ་གཞན་སྟོང་གི་ལྟ་གྲུབ་གྲགས་ཅན་ཏེ་ཐོས་བསམ་བྱེད་མཁན་གྱི་ཕྱི་རབས་པ་འདི་ཚོ་ད་ནི་སྐུབ་བཀྱག་ཙམ་རྩོད་པའི་ཐོག་ཏུ་བབ་འདུག་སྙམ་ན་དཔལ་རྒྱལ་བ་ཇོ་ནང་བ་ཞེས་པའི་བསྟན་པ་དེ་འཛིན་གྱི་སྐྱེས་ཆེན་རིམ་བྱུང་དེ་ཚོས་གཟིགས་ན་ཐུགས་བསམ་ག་འདྲ་བཞེས་བསམ། ངས་ནི་དངོས་གནས་དྲང་གནས་ཧ་གོ་མ་སོང་། ཁོ་ཚོས་ཅིའི་ཕྱིར་དགོས་ཟེར་བ་དང་། དེ་ལ་ཡ་ལན་ཅིའི་ཕྱིར་སྤྲད་ཀྱིན་མེད་པ་དེ་ཚོ། ད་དུང་ཇོ་ནང་བ་ཚོས་གནད་དོན་གང་བྲིས་དེའི་འོག་ཏུ་”བདེན་པ་ཉིད་རྒྱལ་གྱུར་ཅིག”ཟེར་ནས་མགོ་བདེ་བོའི་ཚིག་ཅིག་འདུག ངས་དེ་མཐོང་ཐེངས་རེར་སེམས་ལ་ཚོར་བ་སྐྱུར་མོ་ཞིག་བཞུར་ཡོང་། བོད་པ་ཡ་བོད་པ། ད་ནི་སད་རན་རེད།
ཇོ་ནང་པས་བཙན་བྱོལ་ནང་དུ་བྱེད་དགོས་པ་དེ་རང་ཚུགས་བརྟན་པོས་རིང་ལུགས་ཡིག་ཆ་གཞིར་བཞག་ནས་ཆོས་འཆད་ཉན་ཀྱི་ཚོགས་སྡེ་ཡག་པོ་རེ་ཨེ་ཚུགས་ལྟ་དགོས་རེད། ཇོ་ནང་པ་ཁ་ཤས་རེས་དགེ་ལུགས་པའི་དགོན་སྡེའི་ནང་ལ་དཔེ་ཆ་ལྟ་རུ་འགྲོ་གི་ཡོད་རེད་ཟེར་བ་གོ་སོང་། དེ་ཚོ་ཡག་པོ་མ་རེད་བསམ་གི། ཇོ་ནང་པ་ནང་པ་མ་རེད་ཟེར་ནས་བཤད་འདུག་མཁན་དེ་ཚོ་གཙོ་ཆེར་དགེ་ལུགས་པའི་ནང་ན་ཡོང་གི་ཡོད་རེད། རྡ་རམ་ས་ལ་ནས་ཆོས་བརྒྱུད་ཀྱི་ཐོབ་ཐང་སྤྲད་ནས་ཇོ་ནང་པ་ཡར་ལ་དར་ཡོང་རྒྱུ་དང་མ་སྤྲད་ནས་སེམས་ཕམ་དགོས་པ་གང་ཡང་ཡོད་ནི་མ་རེད། ཆབ་སྲིད་པ་མ་རབ་ཁ་ཤས་ཀྱི་ལག་ཆར་གྱུར་ནས་རྡ་རམ་ས་ལ་རུ་འུར་རྒྱག་ཏུ་བརྒྱུགས་བསྡད་ན་སུ་ལ་ཡང་ཕན་ཐོགས་ནི་མ་རེད། ལྷག་པར་ཡང་ཁལ་ཁ་རྗེ་བཙུན་ཟེར་བ་འདི་ཚོ་ལ་འབྲེལ་བ་མ་བྱས་ན་ཡག་ནི་རེད། ཁལ་ཁ་རྗེ་བཙུན་ཟེར་བ་དེ་ལོ་རྒྱུས་ཀྱི་ཐོག་ནས་བལྟས་ན་ཇོ་ནང་པ་མེད་པ་བཟོ་བྱེད་ཀྱི་ལག་ཆ་ལ་བཟོས་པ་ཞིག་རེད། དེས་ཇོ་ནང་པ་ལ་ཕན་ནི་མ་རེད། ཇོ་ནང་ཏཱ་ར་ན་ཐ་ཟེར་བ་དེ་རང་གི་བཤད་བཞག་པའི་ལྟ་གྲུབ་དེ་ལ་དགག་པ་རྒྱག་མཁན་ཞིག་ད་རང་གི་རྗེས་འཇུག་ཚོ་ནང་པ་མ་རེད་ཟེར་ནས་དགག་པ་རྒྱག་འདུག་མཁན་ཞིག་གི་སྐྱེ་བ་བླངས་ཡོང་རྒྱུ་མ་རེད། གསལ་པོ་ཞེ་དྲགས་རེད།། ང་ལ་དམིགས་བསལ་གྱིས་ཇོ་ནམ་པ་ལ་དགའ་མི་དགའ་གང་ཡང་མེད། ཡིན་ན་ཡང་། ཡག་པོ་རེ་ཡོང་ན་བསམ་ནས་སྐད་ཆ་འདི་བྲིས་པ་ཡིན། དྲ་ཐོག་འདི་ན་ཡང་ཇུས་གཏོགས་མེད་མཁན་ཚོས་ཇོ་ནང་པ་ལ་ཐོབ་ཐང་དགོས་མི་དགོས་ཀྱི་དཀྲོག་གཏམས་མང་པོ་མ་སྤེལ་ན་བཟང་ནི་རེད། ཇོ་ནང་པ་ལ་ཕན་ཐོགས་ནི་མ་རེད། བོད་མི་མང་ལ་ཕན་ཐོགས་ནི་མ་རེད། སངས་རྒྱས་ཀྱི་བསྟན་པ་ལ་ཕན་ཐོགས་ནི་མ་རེད།
ད་སྦས་ནས་ཡོང་གི་མ་རེད། འདི་ནི་རྒྱལ་དབང་ལྔ་བ་ཆེན་མོས་ཤུལ་བཞག་གནད་དོན་གཉིས་(དོལ་རྒྱལ་དང་ཇོ་ནང)ཀྱི་ནང་གི་གཅིག་རེད། གཙོ་བོ་ཏཱ་ར་ན་ཐའི་གཞན་སྟོང་གི་ལྟ་བ་ནི་རྗེ་ཙོང་ཁ་བའི་རང་སྟོང་གི་ལྟ་བར་འགལ་ཡོད་པས། དགེ་ལུགས་པས་ཇོ་ནང་བ་ཕྱི་རོལ་བ་ཟེར་གྱི་ཡོད་པ་རེད། དེར་བརྟེན་ནས་ད་སྐབས་ཇོ་ནང་བར་ཐོབ་ཐང་སྤྲད་ཀྱི་ཡོག་མ་རེད། ས་སྐྱའི་སྤྱི་འཐུས་བེད་སྤྱོད་བཏང་བ་ཞིག་ཡིན་ཚོད་དང་། རྒྱབ་ལོགས་སུ་དགའ་ལྡན་ཕོ་བྲང་ཡོད་སྲིད་པས། བརྟག་དཔྱད་ནན་མོ་གནང་རོགས།
༢༽ ༧གོང་ས་རྒྱལ་བའི་དབང་བོ་མཆོག་གིས་”ཐོབ་ཐང་ནི་ཡོད་རེད། བདེན་པ་ཡང་ཡོད་རེད། བཤད་དགོས་རེད།” ཅེས་བཤད་འདུག སྐད་ཆ་འདི་རྫུན་མིན་ནམ་བསམས་ཀྱི་འདུག ༧གོང་ས་ཏྭ་ལའི་བླ་མས་དེ་འདྲ་གསུངས་ཀྱི་ཡོད་ན་༢༠༡༡ལོའི་བར་དུ་བོད་ཀྱི་ཆོས་སྲིད་ཀྱི་གཙོ་མཛད་བྱས་པ་རེད། དབང་ཆ་ཡོད་དུས་ག་རེ་བྱས་ནས་ཇོ་ནང་ལ་མ་སྤྲད་པ་རེད་དམ། ཧཧཧ དགོད་མོ་ཤོར་ཡ་ཡི་སྐད་ཆ་འདི་འདྲ་བཤད་འོང་གི་འདུག་ག ཇོ་ནང་ཚང་་དབྱངས་ཟེར་བ་དེ་རྩ་མ་ཚང་བའི་མི་ཞིག་ཡིན་ཡིན་པར་འདྲ།
སྤྱི་ལོ་༡༦༤༣་ལོར་ཇོ་ནང་ཏཱ་ར་ནཱ་ཐའི་དགོན་པ་རྟག་བརྟན་ཕུན་ཚོགས་གླིང་གི་གྲྭ་པ་ཕལ་ཆེར་བ་དམར་གསོད་བྱས། པར་ཤིང་རྣམས་མེ་ལ་བསྲེགས། དགོན་པའི་མིང་ལ་དགའ་ལྡན་ཕུན་ཚོགས་གླིང་ཞེས་བཅོས་ནས་གྲུབ་མཐའ་དགེ་ལུགས་པར་བསྒྱུར་མཁན་སུ་རེད་དམ།་་་་ཇོ་ནང་ཚང་།
ཇོ་ནང་ཚང་ལ་ཁ་ཁོག་ཡོད་ཚེ་རྒྱལ་བ་ལྔ་པས་དགའ་ལྡན་ཕོ་བྲང་གི་ཁྱབ་ཁོངས་སུ་ཇོ་ནང་ཆོས་རྒྱུད་དེ་མི་དམིགས་པ་གཤུལ་མེད་དུ་བཏང་བ་རེད། གླེང་ས་དེ་ནས་འགོ་འཛུག་དགོས་ཀྱི་རེད། དེ་ནས་ཇོ་ནང་ཚང་གི་གནས་སྟངས་དངོས་གནས་གང་ཡིན་པ་དེ་གསལ་ཡོང་གི་རེད།
མང་བོ་ཞིག་གིས་བསམ་ཚུལ་གླེང་འདུག ངོ་མ་བཟང་གི་ཟེར་བ་ལས་མེད། གསལ་བཤད་འདོད་པ་ཞིག་ལ། འགའ་རེས། དགའ་ལྡན་ཕོ་བྲང་དང་ཇོ་ནང་བར་ལ་དཀྲུག་ཤིང་སློང་འདོད་ཀྱི་མ་རུངས་ཁོག་བཅུག་གི་དགོངས་རེ་དང་། ཕྱོགས་ཡོངས་མ་མཐོང་བའི་གནས་ཚུལ་གང་མང་ཞིག་བྱུང་འདུག་སྙམ། ཇོ་ནང་བར་ཐོབ་དགོས་པའི་ཐོབ་ཐང་ནི། ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན་ལ་ཡོད་པའི་ཐོབ་ཐང་དེ་ག་རེད། བོད་མིའི་བཅའ་ཁྲིམས་སུ་ཇོ་ནང་ཞེས་འཁོད་དགོས་ལ། དེ་འབྲེལ་གྱི་ཆོས་རིག་གི་སྒྲིག་དག་ལའང་ཆོས་བརྒྱུད་ཆེན་པོ་ལྔ་གཡུང་དྲུང་བོན་ཞེས་འཁོད་དགོས་པ་རེད། དེ་དག་བསྐྱར་བཅོས་མ་བྱས་བར་དུ་ཇོ་ནང་བར་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་མེད་པ་རེད་ལ། ཡོད་ཐབས་ཀྱང་མེད་པ་རེད། སྒྲིག་ཁོངས་སུ་མེད་པ་ཞིག་ལ་ཐོབ་ཐང་སྤྲོད་ཀྱིན་ཡོད་ཟེར་ན་བསམ་བློ་རྣལ་དུ་གནས་པ་ཞིག་ཡིན་ན་གསལ་ངེས་རེད། ཆོས་དོན་གྱི་གོ་སྒྲིག་འོག་ཏུ་ཡོད་པའི་ཆོས་ལུགས་ཆོས་ཆེན། རིས་མེད་ཆོས་ལུགས་བགྲོ་གླེང་སོགས་སུ་ཇོ་ནང་བར་ཐོབ་ཐང་གཅིག་མཚུངས་ཤིག་གཏན་ནས་མེད། བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན་ཞེས་པས་ཇོ་ནང་གཏན་ཕུད་བྱས་ཟིན་པ་མཁྱེན་པར་མཛད་གནང་རོགས།
གཞན་གོང་དུ་ཕྱི་ལོ་༢༠༡༥/༩/༡༠ ཞོགས་པར་གོང་ས་རྒྱལ་བའི་དབང་བོ་མཆོག་གིས་ཇོ་ནང་བར་དམིགས་བསལ་མཇལ་ཁ་གནང་སྐབས་གསུང་བའི་བཀའ་སློབ། “ཐོབ་ཐང་ནི་ཡོད་རེད། བདེན་པ་ཡང་ཡོད་པ་རེད། བཤད་དགོས་རེད།” ཅེས་པ་རྫུན་བཟོ་ཞིག་ལ་དོགས་པ་ཟ་མཁན་ཡང་བྱུང་འདུག ངེད་ཚོས་མཇལ་ཁ་གནང་རྗེས་ཀྱི་ཉིན་གསུམ་པར་བཀའ་གསུང་འདི་ག་ཡིག་ཐོག་ཏུ་བཀོད་ན་འཐུས་མིན་སྐུ་སྒེར་དྲུང་ཆེ་སྐུ་ངོ་བྲེ་སྲང་ལགས་ཀྱི་མདུན་དུ་ཆེད་བཅར་གྱིས་སྤྱན་འབུལ་ཞུས་ཏེ་དགོངས་ཁྲོལ་ཐོབ་པ་ཞིག་ཡིན་པ་ལས། མངོན་སུམ་ལ་བསྙོན་མི་བྱེད་པའི་གནས་ལུགས་དེ་ང་ཚོས་གསལ་བོ་ཤེས་ལ། གཞན་དག་བཞིན་དེ་ལྟར་བྱེད་པའི་དཔུང་དང་སྟོབས་ཀྱང་གང་ན་ཡོད།
མ་གཞི་ང་ཚོ་ཇོ་ནང་བས་རྩོད་ཀྱིན་པ་དེ་གནས་ལུགས་དང་མ་མཐུན་པ། ཆོས་བརྒྱུད་ཆེན་པོའི་ཐོབ་ཐང་ཐོབ་མི་འོས་པ་ཞིག་རེད་ཅེས་གནས་ལུགས་རྡུལ་ཙམ་གསུང་རྒྱུ་མེད་པར་དོལ་ཚོགས་དང་མཉམ་དུ་བཞག་ནས་ཞྭ་བཟོ་བ་སོགས་ལ་ཡེ་ནས་བདེན་པ་གླེང་ས་མེད་པ་གསལ་བོར་ཤེས་ཡོད།
མང་བོ་ཞིག་གིས་བསམ་ཚུལ་གླེང་འདུག ངོ་མ་བཟང་གི་ཟེར་བ་ལས་མེད། གསལ་བཤད་འདོད་པ་ཞིག་ལ། འགའ་རེས། དགའ་ལྡན་ཕོ་བྲང་དང་ཇོ་ནང་བར་ལ་དཀྲུག་ཤིང་སློང་འདོད་ཀྱི་མ་རུངས་ཁོག་བཅུག་གི་དགོངས་རེ་དང་། ཕྱོགས་ཡོངས་མ་མཐོང་བའི་གནས་ཚུལ་གང་མང་ཞིག་བྱུང་འདུག་སྙམ། ཇོ་ནང་བར་ཐོབ་དགོས་པའི་ཐོབ་ཐང་ནི། ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན་ལ་ཡོད་པའི་ཐོབ་ཐང་དེ་ག་རེད། བོད་མིའི་བཅའ་ཁྲིམས་སུ་ཇོ་ནང་ཞེས་འཁོད་དགོས་ལ། དེ་འབྲེལ་གྱི་ཆོས་རིག་གི་སྒྲིག་དག་ལའང་ཆོས་བརྒྱུད་ཆེན་པོ་ལྔ་གཡུང་དྲུང་བོན་ཞེས་འཁོད་དགོས་པ་རེད། དེ་དག་བསྐྱར་བཅོས་མ་བྱས་བར་དུ་ཇོ་ནང་བར་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་མེད་པ་རེད་ལ། ཡོད་ཐབས་ཀྱང་མེད་པ་རེད། སྒྲིག་ཁོངས་སུ་མེད་པ་ཞིག་ལ་ཐོབ་ཐང་སྤྲོད་ཀྱིན་ཡོད་ཟེར་ན་བསམ་བློ་རྣལ་དུ་གནས་པ་ཞིག་ཡིན་ན་གསལ་ངེས་རེད། ཆོས་དོན་གྱི་གོ་སྒྲིག་འོག་ཏུ་ཡོད་པའི་ཆོས་ལུགས་ཆོས་ཆེན། རིས་མེད་ཆོས་ལུགས་བགྲོ་གླེང་སོགས་སུ་ཇོ་ནང་བར་ཐོབ་ཐང་གཅིག་མཚུངས་ཤིག་གཏན་ནས་མེད། བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན་ཞེས་པས་ཇོ་ནང་གཏན་ཕུད་བྱས་ཟིན་པ་མཁྱེན་པར་མཛད་གནང་རོགས།
གཞན་གོང་དུ་ཕྱི་ལོ་༢༠༡༥/༩/༡༠ ཞོགས་པར་གོང་ས་རྒྱལ་བའི་དབང་བོ་མཆོག་གིས་ཇོ་ནང་བར་དམིགས་བསལ་མཇལ་ཁ་གནང་སྐབས་གསུང་བའི་བཀའ་སློབ། “ཐོབ་ཐང་ནི་ཡོད་རེད། བདེན་པ་ཡང་ཡོད་པ་རེད། བཤད་དགོས་རེད།” ཅེས་པ་རྫུན་བཟོ་ཞིག་ལ་དོགས་པ་ཟ་མཁན་ཡང་བྱུང་འདུག ངེད་ཚོས་མཇལ་ཁ་གནང་རྗེས་ཀྱི་ཉིན་གསུམ་པར་བཀའ་གསུང་འདི་ག་ཡིག་ཐོག་ཏུ་བཀོད་ན་འཐུས་མིན་སྐུ་སྒེར་དྲུང་ཆེ་སྐུ་ངོ་བྲེ་སྲང་ལགས་ཀྱི་མདུན་དུ་ཆེད་བཅར་གྱིས་སྤྱན་འབུལ་ཞུས་ཏེ་དགོངས་ཁྲོལ་ཐོབ་པ་ཞིག་ཡིན་པ་ལས། མངོན་སུམ་ལ་བསྙོན་མི་བྱེད་པའི་གནས་ལུགས་དེ་ང་ཚོས་གསལ་བོ་ཤེས་ལ། གཞན་དག་བཞིན་དེ་ལྟར་བྱེད་པའི་དཔུང་དང་སྟོབས་ཀྱང་གང་ན་ཡོད།
མ་གཞི་ང་ཚོ་ཇོ་ནང་བས་རྩོད་ཀྱིན་པ་དེ་གནས་ལུགས་དང་མ་མཐུན་པ། ཆོས་བརྒྱུད་ཆེན་པོའི་ཐོབ་ཐང་ཐོབ་མི་འོས་པ་ཞིག་རེད་ཅེས་གནས་ལུགས་རྡུལ་ཙམ་གསུང་རྒྱུ་མེད་པར་དོལ་ཚོགས་དང་མཉམ་དུ་བཞག་ནས་ཞྭ་བཟོ་བ་སོགས་ལ་ཡེ་ནས་བདེན་པ་གླེང་ས་མེད་པ་གསལ་བོར་ཤེས་ཡོད།
སྔགས་པའི་སྡེ་དང་ཇོ་མོའི་སྡེ་སོགས་ད་དུང་གངས་སྐྱིད་ལ་མ་ཐོན་ཐ། ཤ་ཉེ་ཚོ། ལན་རེ་སྐུར་རོགས་ཞུ། ཧ་ཧ་ཧ།
སྐད་ཆ་དྲང་པོ་ཡིན། གསན་པའི་བློ་ཁོག་ཡོད་མེད་ལྷན་རྒྱས་རེག་ལས་ཡོག་རེད། གལ་སྲིད་གོང་ས་མཆོག་གིས་དེ་ལྟར་གསུང་ཡོད་ན། དགའ་ལྡན་ཕོ་བྲང་ལ་སོང་ནས་་ཡིག་ཐོག་ནས་ཁུར་ཤོག དེ་ནས་སྤྱི་འཐུས་རེ་རེ་ཡི་ཕྱག་ཏུ་ངོ་བཤུས་སྤྲད་ནས་བགྲོ་གླེང་ལ་བསྐུལ་མ་གནང་རོགས། དེ་ལྟར་ཡིག་ཐོག་ནས་ལོན་ཐུབ་མ་སོང་ན། གུས་པས་གོང་དུ་ལབ་པ་དེ་དོན་དངོས་ཆགས་ཀྱི་ཡོད།
ངས་ངོས་ནས་ཇོ་ནང་ལ་རྒྱབ་སྐྱོར་བྱས་མྱངས་ཡོད། རྒྱབ་སྐྱོར་དགོས་དོན་ཡང་མི་ལོ་༤༠༠ལྷག་གི་རིང་དུ་གཉའ་གནོན་དང་དམར་གསོད། མཐོང་ཆུང་དང་ཁྱད་གསོད་དོལ་ཚོགས་ལས་ཀྱང་ཐབས་སྡུག་བ་མྱངས་དགོས་བྱུང་འདུག་བསམས་པས་ཡིན།
དེང་སང་མི་འདི་ཚོའི་སྐད་ཆ་ལ་བལྟས་ན་ཇོ་ནང་དོལ་ཚོགས་ནང་བཞིན་ཐབས་སྐྱོ་པོ་མིན་མདོག་མདོག་བཤད་འོང་གི་འདུག་ག སྙིང་རྗེ་ཨ། ཁྱོད་ཚོ་་་སོ་སོས་མི་ལོ་བཞི་བརྒྱའི་རིང་དུ་གཉའ་གནོན་མྱངས་ཀྱང་རང་ངོ་མ་ཤེས་པར་དོལ་ཚོགས་ལ་གཉའ་གནོན་གྱི་ཚིག་འདྲ་ཞིག་འཕེན་མདོག་མདོག་་་་ཧཧཧ
གོང་ས་མཆོག་གི་བཀའ་སློབ་ཁག་ཚང་མ་དགའ་ལྡན་ཕོ་བྲང་གི་ལས་ཤོག་སྟེང་ཁུར་ཤོག་ལབ་ན་བཙན་བཀའི་ཟོལ་ཞིག་མི་འདུག་གམ། དེ་མིན་ཡིག་ལ་ཕབ་རྗེས་གཟོད་དྲུང་ཆེ་སྐུ་ངོ་བྲེ་སྲང་ལགས་སུ་སྤྱན་འབུལ་ཞུས་པར་དེ་ག་རང་གསུངས་སོང་། དབང་ཚད་ཆ་ཚང་ཁྱེད་ཚོ་རང་ལ་ཡོད་པ་རེད་ཅེས་བཀའ་ལན་གནང་བ་ལྟར་ཡིན་པ་གོང་དུའང་ཞུས་ཡོད། དེ་ནས་དཔྱང་དར་དུ་བཟོས་ཏེ་ང་ཚོས་གྲོས་ཚོགས་སྒོ་ཁར་སྤྱི་འཐུས་ཚང་མས་སྤྱན་ལམ་དུ་བསྟར་ཡོད། ད་དུང་ཡིད་མི་ཆེས་ན་དྲུང་ཆེ་སྐུ་ངོ་བྲེ་སྲང་ལགས་སུ་བཀའ་འདྲི་ཞུ་རོགས། དེ་ཙམ་མ་ཡིན་པར་བསམ་བཞིན་དུ་སྣོག་རྒྱག་གིན་ཡོད་ན་དེ་རེད། གནས་ལུགས་བསྙད་དུ་མེད་ཚེ་སྣོག་རྒྱག་རྒྱུ་དེ་རེད། ལམ་དེ་ལས་མེད་པ་རེད།
ཅོ་རི་ལགས། གཉོམ་ཆུང་བས་རྒྱབ་སྐྱོར་བྱས་ན་དེ་ཙམ་རེད། བདེན་པ་དང་གནས་ལུགས་ཡོད་པར་འདོད་དེ་གཟུ་བོར་ལངས་པ་ཡིན་ན་དགའ་བསུ་ལས་གཞན་ཅི་ཡང་བསྙད་དུ་མེད།
རྙོག་དྲྭ་བསྣན་འདུག རང་ཡུལ་གཞན་དབང་། རང་དབང་བཙན་དབང་། ཡུལ་གྱར་ནང་ཕན་ཚུན་ཚར་རེ་མེད་པའི་རྙོག་དྲ། ཆོས་བརྒྱུད་སྤྱི་འཐུས་མི་དགོས་པའི་བསམ་ཚུལ་ཇེ་མང་འགྲོ་བཞིན་སྐབས་འདིར། ཆོས་བརྒྱུད་འཐུས་མི་རྩོད་པ་ནི་ངལ་བ་འབྲས་མེད་དུ་མཐོང་། གལ་ཏེ་ཆོས་དོན་གྱིས་ཆོས་བརྒྱུད་ཁག་ལ་གནང་བའི་ཐོབ་ཐང་སྤྱི་མཚུངས་མིན་ན། རྩོད་ལོས་དགོས། འདིར་མཁྱེན་དགོས་གལ་ལ། ༼ཐོབ་ཐང་༽ རྩོད་པའི་ཐོག་མ་༼ལས་འགན་༽ བསྒྲུབ་དགོས།
སྤྲོས་དགོས་པ་སྤྲས་ན་ཡག་པོ་ཡོང་ས་རེད་
དྲྭ་འབུ་ཁག་ཅིག་གིས་དགེ་ལུགས་པས་ཇོ་ནང་ནང་པ་མ་རེད་ཟེར་གྱིན་ཡོད་རེད། ཅེས་བཤད་འདུག དགེ་ལུགས་པ་སུས་གསུངས་འདུག ཁུངས་སྐྱལ་གནང་རོགས། ༧ གོང་ས་ལྔ་པས་རྗེའི་ལྟ་བ་དང་མི་མཐུན་པས་རྩ་མེད་བཏང་བ་ཡིན་ན་ཁུངས་ལུང་གསལ་པོ་བཤད་དགོས་རེད། ཁྱོད་ཚོའི་ཁ་ནང་ལ་ཅི་ཡོང་འདི་ཡོང་མེད་པ་ཅི་ཡིན་ན།