ཨེ་མ་ཧོ།
བདེན་གཏམ་བཅོས་མིན་གཡོ་སྒྱུ་མཐོང་བ་འདི།།
ངེས་དོན་སྙིང་པོ་ཁོག་ནས་རུལ་བའི་བརྡ།།
ཆོས་ལོངས་སྤྲུལ་གསུམ་མེད་པར་མོས་པ་འདི།།
ཐེག་གསུམ་ཆོས་ལ་སྦྱང་མཐར་མ་ཕྱིན་དོན།།
ལུས་ངག་ཡིག་གསུམ་གཞན་དབང་གྱུར་པ་དེ།།
དོན་དམ་ཆོས་ཉིད་དགོངས་པར་མ་རྟོགས་རྟགས།།
ལྟ་བ་སྤྲོས་བྲལ་དབུ་མའི་དེ་ཉིད་མཐོང་།།
སྒོམ་པ་བདེ་ཆེན་ཕྱག་རྒྱའི་མྱོང་བར་རོལ།།
འབྲས་བུ་རང་བཞིན་རྫོགས་ཆེན་གནས་ལུགས་རྟོགས།།
བསྟན་འགྲོའི་དོན་ཀུན་ལྷུན་གྱིས་འགྲུབ་པར་འགྱུར།།
དེ་ལྟར་དགོངས་པར་མཛོད་ཅིག་སྙིང་གི་གྲོགས་པོ་རྣམས།།
དེ་ལྟར་གནང་མཛོད་སྐལ་ལྡན་ཆོས་མཛད་ཀུན།།
དེ་ལྟར་ལྟ་སྒོམ་སྤྱོད་འབྲས་མཐར་ཕྱིན་ཚེ།།
གུ་ཡངས་བློ་བདེའི་འཚོ་བར་རྟག་ཏུ་འཆར།།
ཞེས་པ་རབ་རྒྱན་ཤིང་རྟའི་ཡར་ཚེས་སྟོང་པ་དང་པོར་ཤྲིས་ཐོལ་བྱུང་དུ་གླུ་རུ་བླངས་པར་དགེའོ།།
ཁ་བརྡ་དྲ་བའི་ཐོག་རྩོམ་ཡིག་བསྐུར་དགོས་ཚེ། ག་འདྲ་བྱས་ནས་བསྐུར་དགོས། དྲ་གྲོགས་ཤིག་གིས་སློབ་སྟོན་ཞིག་གནང་རོགས།
ཤོག་ངོས།
ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
ཁ་བརྡའི་རྩ་དོན་གསུམ།
ཁ་བརྡའི་དམིགས་ཡུལ།
(ཁ་བརྡ་ལ་འཇུག་ཚུལ།)
ཁ་བརྡའི་མཆན་གྱི་རྩ་འཛིན།
ཁ་བརྡའི་རེ་སྐུལ།
ཁ་བརྡ་ལ་འབྲེལ་བ་བྱེད་པ།