འགྱུར་མེད་ཚེ་རིང་།
༼ཉེར་གཅིག་དུས་ཀྱི་བོད་པ་ཚང་།༽
བཤད་ཀྱང་མི་གོ་རང་རེ་བོད་ཀྱི་རྣ།།
བསྟན་ཀྱང་མི་མཐོང་རང་རེ་བོད་ཀྱི་མིག
བསླབས་ཀྱང་མི་ཤེས་རང་རེ་བོད་ཀྱི་ལག།
དེང་རབས་བོད་འདི་བསོད་ནམས་མར་འགྲོ་རེད།།
ནང་རུལ་ཕྱི་རུལ་ཅན་གྱི་གཞིས་ཆགས་དང་།།
ཁ་ཕོ་ཨུ་ཚུགས་ཆེ་བའི་གཞུང་ཞབས་མང་།།
ཕྱི་རྫིག་ནང་སྟོང་རྣམ་གཡེང་རོལ་རྩེད་ཀྱིས།།
ཚེ་སྲོག་རླུང་ལ་བསྐུར་བའི་སློབ་མ་མང་།།
དོན་ལ་བརྟག་ཞིབ་མེད་པར་རང་སྣང་གིས།།
གང་བྱུང་སྨྲ་བར་དགའ་བའི་སྲིད་དོན་མང་།།
རང་རྐང་འཛུགས་སའི་ས་ཙམ་མེད་ནའང་།།
ཆོལ་གསུམ་དབྱེན་དཀྲུག་བྱེད་མཁན་རྒན་གཞོན་མང་།།
སྐད་དང་ཡི་གེ་མི་རིགས་རིག་གཞུང་འདི།།
སོར་ཆུད་མི་ཉམས་དགོས་པ་མང་གིས་གླེང་།།
དོན་དངོས་ཁ་ཁོག་མཚུངས་པའི་མི་བུ་ཞིག།
ཞིབ་འདང་ཁྲོད་ན་རྙེད་པ་མང་མང་མེད།།
རྒྱུ་དང་འབྱོར་བ་ཕུན་སུམ་ཚོགས་ནའང་།།
རོགས་དངུལ་རོགས་ཚོགས་ཕྱོགས་ལ་ཡི་དྭགས་བཞིན།།
གཅིག་རྗེས་གཉིས་འབྲངས་བྱེད་མཁྱེན་མང་མང་རེད།།
རང་རྟོགས་སད་པའི་མི་གཞི་ཉུང་ཉུང་གདའ།།
ཁ་ཡིས་༧རྒྱལ་བའི་བཀའ་སློབ་ལུང་འདྲེན་བྱེད།།
ལྐོག་ནས་སྒེར་དོན་འབའ་ཞིག་ཡིད་ལ་བརྣག།
ཁ་ཁོག་གཉིས་ལ་སྤྱི་སེམས་དྭངས་མ་ཞིག།
མེད་པ་དེ་ནི་བྱ་སྤྱོད་ཁོ་ནས་བསྟན།།
དག་བཅོས་ཡིན། གཅིག་རྗེས་གཉིས་འབྲངས་བྱེད་མཁན་མང་མང་རེད།།
ཞིབ་འདང་ཁྲོད་ན་རྙེད་པ་མང་མང་མེད།།
ཅེས་པའི་ནང་གི་”འདང་”གི་དོན་དག་ཅི་ཡིན་ནམ། བཀའ་བསྟན་བྲིས་པའི་འདང་གི་དོན་ཡིན་ནམ་མ་ཡིན་དོགས་པ་མཆིས།
རང་སེམས་ཟོལ་མེད་དཔང་དུ་བཙུགས་ནས།
དྲང་པོའི་ལམ་ལ་རང་བཞིན་གནས་ན།
ཆོས་དངའཇིག་རྟེན་དེ་ལ་འདུ་སྟེ།
དེང་སང་འགྲོ་བ་དེ་ལ་མི་འགུ།
དྲང་པོོའི་གཏམ་ལ་རྩུབ་མོར་བརྩི་ཞིང།
དྲང་པོའི་སེམས་ལ་གླེན་པར་བརྩི་བའི།
དྲང་པོ་མེད་པའི་དེང་སང་འགྲོ་བས།
དྲང་པོའི་ལམ་ལ་སྨད་མཁན་མང་ངོ།
ཕྱི་ཚུལ་འཁྱུག་འཁྱུག་བཅོས་མའི་སྤྱོད་ལམ།
ནང་ཚུལ་འཁྱུག་འཁྱུག་གཡོ་སྒྱུའི་རྣམ་རྟོག་།
དེང་སང་སྐྱེ་བོ་ཤིང་རྩེའི་བྱི་ཆུང།
འཁྱུག་ཤིང་འཁྱུག་ཤིང་མདོ་མེད་བྱེད་དོ།
གྲྭ་ས་ཡིན་ཞེས་འགྲིག་འགྲིག་ཡིན་ཡིན།
གཡོ་སྒྱུའི་ལོ་མ་སྒྲིབ་བྱེད་བཟང་སྟེ།
རྒྱལ་བའི་ལམ་བཟང་བསླབ་པ་མེད་ན།
ཐར་ལམ་གྲྭ་ས་འཆོར་བར་འདུག་གོ།
བསོད་ནམས་ཅན་འགའ་ལ་ཕན་དུུ་རེ་ནས་དཔལ་སྤྲུལ་རིན་པོ་ཆེའི་ཞལ་གདམས་ལས་ཁོལ་དུ་ཕྱུངས་པའོ།
བོད་ཀྱི་སྤུས་དག་དཔེ་ཆ་རྣམས་སུ། འདང་བ། ཆུ་ལ་སོགས་པར་དྭངས་པར་བྱེད་པ་ལ་བྲིས། ཇི་སྐད་དུ། ས་པཎ་གྱིས། ལེགས་བཤད་ལས།
་
ཆུ་འདང་ནོར་བུས་དྭངས་པར་བྱེད། ༡། ༡༤
་
ཅེས་དང་། མདོ་ལས།
་
་དཔེར་ན་ནོར་བུ་ཆབ་འདང་བ།
ཤིན་ཏུ་རྣམ་དག་ཆུ་འདང་བགྱིད། ༤༠
་
ཅེས་བོད་ཀྱི་སྒྲ་སྒྱུར་པ། ཡེ་ཤེས་སྡེ་ལ་སོགས་པས་བཀོལ་ཏོ།
་
དེ་ལས་གཞན། ཁ་ན་འཐོན་པ་གཙོ་བོར་བྱས་ཏེ། ལྡང་བ། འབྲི་མ་ཐུབ་པར་འདང་བ་ཞེས་ནོར་ནས་འབྲི་བས། བོད་བྲིས་དག་པ་རྣམས་འདོར་བ་མང་དུ་མཐོང་།
ལྡང་བའི་ཞེ་ས་བཞེང་བ་ཡིན་པ་མཁྱེན་པར་མཛོད།
དཔལ་སྤྲུལ་རིན་པོ་ཆེའི་སྐོར་མང་དུ་ཐོས་ཀྱང་། ཁམས་ཡུལ་གང་དུ་བྱུང་། ནམ་བྱུང་ཏན་ཏན་རྒྱུས་མེད། བླ་མ་དེའི་སྐོར་རྡོག་ཙམ་གསུང་ཐུབ་ན། དེ་ལ་དགའ་བསུ་ཞུ་ངེས།
རང་སེམས་ཟོལ་མེད་དཔང་དུ་བཙུགས་ནས།
དྲང་པོའི་ལམ་ལ་རང་བཞིན་གནས་ན།
ཆོས་དངའཇིག་རྟེན་དེ་ལ་འདུ་སྟེ།
དེང་སང་འགྲོ་བ་དེ་ལ་མི་མགུ།
་
ས་པཎ གྱིས། གཙང་པས༏ འ་དང་མའི་སྔོན་འཇུག་ནོར། ཁྱེད་གཙང་པ་ཞིག ཨ་ཡིན་ནམ།
རྒན་ལ་དྭགས་བདེན་ནོ། མ་མགུ་དེ་འ་འགུ་ལ་བཅོས་རོགས།