ཐོལ་བྱུང་གི་སྐད་སྐུར། Posted on 2013-02-152013-02-15 By ཁ་བརྡ་ 6 Comments on ཐོལ་བྱུང་གི་སྐད་སྐུར། གླིང་ཚ་ཚེ་བརྟན་རྡོ་རྗེ། སེམས་ཀྱི་ཁུགས་སོའི་བར་དུ་གནས་བཅས་པའི།། རིགས་ཀྱི་མདུན་པའི་སྲོག་རྩ་དམར་བོ་ཡིས།། བཞག་པའི་དམ་བཅའ་དང་ནི་བློས་གཏོང་གཉིས།། རང་དབང་མ་ཤར་བར་དུ་འབད་ངེས་ལགས།། རྩོམ་རིག
མིག་དང་མགོ་རྣ་ཡོད་པ་འདྲ་བ་ལ་། ། རྐང་ལག་འགུལ་སྐྱོད་ལྡན་པའང་གཅིག་ན་ཡང་། ། ནམ་ཡང་ཁྱོད་ལ་བསྡུར་ཐབས་མེད་པ་སྟེ། ། རྒྱ་སྟག་ཕྲ་མོའི་སྙིང་སྟོབས་མངའ་བས་སོ། །
དྲང་བདེན་དང་ཨ་མས་རྒྱབ་སྐྱོར་འོག་མུ་འཐུད་མདུན་དུ་སྐྱོད་ཨ་མའི་བུ། ཕྲག་དོག་དང་མི་ཁ། ངན་གཡོ་དང་གདུག་རྩུབ་སོགས་ཀྱིས་མདུན་གྱི་ལམ་བུ་ལ་ཅི་ལྟར་རྒོད་ཀྱང་། དཔའ་མ་ཞུམ། ཡིད་མ་སྐྱོ། ཁྱེད་ལ་དྲང་བདེན་དང་ཨ་མས་བསྩལ་བའི་སྤོབས་པའི་རྒྱགས་ཕྱེ་ཡོད། བརྩོན་པ་དང་སྤོབས་པའི་ཕག་ན་ལྕགས་དབྱུག་ཁབ་ཏུ་བཏང་བའི་ལོ་རྒྱུས་ཡོད། སྐྱབས་གསུམ་དང་ལས་འབྲས། དྲང་བདེན་དང་ཨ་མ་རྣམས་ནི་ནམ་ཡང་བསླུ་བ་མེད་པའི་ཁྱེད་ཀྱི་རྒྱབ་རི་སྨུག་པོ་ཡིན། ཁ་དྲོ་རྒྱུའོ། ། དོན་འགྲུབ་རྒྱུའོ། །
༄།གང་རིའི་གང་ཕྲུག་གླིང་ཚ་བ། དཔའ་ངར་གཡུ་རལ་རྒྱས་པ་ཡིས། རྒྱ་འདྲེའི་ཀླེད་པ་བཅོམ་པར་སེམས། གང་ཅན་གླིང་ཚ་ད་རྒྱལ་ལོ།
སྤྱི་བའི་ལས་ལ་འབད་འདོད་སྙིང་ཁམས་འདི།། སྐྱེ་ནས་འཁྲི་བའི་ལྡོག་མེད་འགན་འཁུར་འདི།། རིགས་ཀྱི་སྡེ་ལ་བཅིངས་པའི་ལྷད་མེད་གཤིས།། མི་འགྱུར་དམ་བཅའ་དྲོན་མོ་སྔར་ལས་བརྟན།།
འགྱུར་མེད་སེམས་ཀྱི་དམ་བཅའ་བྲག་ལས་སྲ།། ལྷག་བསམ་དུང་གི་ཟླ་བ་ལས་ཀྱང་དཀར།། རིགས་ཞེན་མཐའ་མེད་རྒྱ་མཚོ་ལས་ཀྱང་ཟབ།། གླིང་ཚ་བུ་ཁྱེད་ཡུན་དུ་དགེ་གྱུར་ཅིག།།
མི་རིགས་ལ་རྒྱ་ལྡན་པའི་གླིང་ཚ་ཁྱོད། ཕུགས་བསམ་ཆུ་ལས་རིང་བའི་གླིང་ཚ་ཁྱོད། འཚེ་མེད་ཞི་བའི་འཐབ་རྩོད་གླིང་ཚ་ཁྱོད། བསམ་དོན་ཡིད་བཞིན་སྒྲུབ་པའི་སྨོན་ལམ་ཡོད།
མིག་དང་མགོ་རྣ་ཡོད་པ་འདྲ་བ་ལ་། །
རྐང་ལག་འགུལ་སྐྱོད་ལྡན་པའང་གཅིག་ན་ཡང་། །
ནམ་ཡང་ཁྱོད་ལ་བསྡུར་ཐབས་མེད་པ་སྟེ། །
རྒྱ་སྟག་ཕྲ་མོའི་སྙིང་སྟོབས་མངའ་བས་སོ། །
དྲང་བདེན་དང་ཨ་མས་རྒྱབ་སྐྱོར་འོག་མུ་འཐུད་མདུན་དུ་སྐྱོད་ཨ་མའི་བུ། ཕྲག་དོག་དང་མི་ཁ། ངན་གཡོ་དང་གདུག་རྩུབ་སོགས་ཀྱིས་མདུན་གྱི་ལམ་བུ་ལ་ཅི་ལྟར་རྒོད་ཀྱང་། དཔའ་མ་ཞུམ། ཡིད་མ་སྐྱོ། ཁྱེད་ལ་དྲང་བདེན་དང་ཨ་མས་བསྩལ་བའི་སྤོབས་པའི་རྒྱགས་ཕྱེ་ཡོད། བརྩོན་པ་དང་སྤོབས་པའི་ཕག་ན་ལྕགས་དབྱུག་ཁབ་ཏུ་བཏང་བའི་ལོ་རྒྱུས་ཡོད། སྐྱབས་གསུམ་དང་ལས་འབྲས། དྲང་བདེན་དང་ཨ་མ་རྣམས་ནི་ནམ་ཡང་བསླུ་བ་མེད་པའི་ཁྱེད་ཀྱི་རྒྱབ་རི་སྨུག་པོ་ཡིན། ཁ་དྲོ་རྒྱུའོ། ། དོན་འགྲུབ་རྒྱུའོ། །
༄།གང་རིའི་གང་ཕྲུག་གླིང་ཚ་བ།
དཔའ་ངར་གཡུ་རལ་རྒྱས་པ་ཡིས།
རྒྱ་འདྲེའི་ཀླེད་པ་བཅོམ་པར་སེམས།
གང་ཅན་གླིང་ཚ་ད་རྒྱལ་ལོ།
སྤྱི་བའི་ལས་ལ་འབད་འདོད་སྙིང་ཁམས་འདི།།
སྐྱེ་ནས་འཁྲི་བའི་ལྡོག་མེད་འགན་འཁུར་འདི།།
རིགས་ཀྱི་སྡེ་ལ་བཅིངས་པའི་ལྷད་མེད་གཤིས།།
མི་འགྱུར་དམ་བཅའ་དྲོན་མོ་སྔར་ལས་བརྟན།།
འགྱུར་མེད་སེམས་ཀྱི་དམ་བཅའ་བྲག་ལས་སྲ།། ལྷག་བསམ་དུང་གི་ཟླ་བ་ལས་ཀྱང་དཀར།། རིགས་ཞེན་མཐའ་མེད་རྒྱ་མཚོ་ལས་ཀྱང་ཟབ།། གླིང་ཚ་བུ་ཁྱེད་ཡུན་དུ་དགེ་གྱུར་ཅིག།།
མི་རིགས་ལ་རྒྱ་ལྡན་པའི་གླིང་ཚ་ཁྱོད།
ཕུགས་བསམ་ཆུ་ལས་རིང་བའི་གླིང་ཚ་ཁྱོད།
འཚེ་མེད་ཞི་བའི་འཐབ་རྩོད་གླིང་ཚ་ཁྱོད།
བསམ་དོན་ཡིད་བཞིན་སྒྲུབ་པའི་སྨོན་ལམ་ཡོད།