རྒྱ་སྟོན་བུ་དར་རྒྱས།
༈ རྒྱལ་བ་རིན་པོ་ཆེ།
ལྔ་བཅུ་ང་དགུའི་ལོ་ནག་དེ་ཀོ།
ཆག་སྒོ་དང་ཕམ་ཁ་ཞིག་ཡིན་ཆོག
འབུམ་ཕྲག་དུ་མིའི་ཚེ་སྲོག་དང་ཡོད་ཚད་ཤོར།
དྲུག་བཅུ་རེ་གཅིག་གི་ལོ་ཡུན་དེ་ལ།
ངེད་ཅག་རྒྱལ་འབངས་ས་མཐར་བུད་མོད།
ལས་དབང་སྐྱ་མོ་དེས་སྐྱ་ཟད་སྔོ་ལ་བསྒྱུར།
སྒང་པ་བོད་དེ་ཧ་ལམ་རྒྱ་གྲོང་གྱུར་ལ།
མཐོ་སྒང་བོད་ཀྱི་སྣོད་བཅུད་ལ་ཡོངས་ནས་གཟན།
བདུན་བཅུ་དོན་གྲངས་རང་བཙན་བཞག་ཏེ།
གཉིས་སྨན་དབུ་ལམ་རྒྱུན་ནས་བསྲིངས།
བདེན་པའི་མཐའ་སེལ་ངང་གིས་སྒུག
རེ་བ་དགྲ་བོའི་སྟོབས་ཀྱིས་བཅོམས།
མི་ཞུམ་མི་རབས་གཅིག་འཕྲོས་གཅིག
བརྒྱད་བཅུ་གྱ་ལྔའི་མགོན་པོ་གང་ཉིད།
འཇིག་རྟེན་པ་ཀུན་གྱི་གྲོགས་དང་བླ་མ།
ཁ་བ་རི་བའི་མགོན་པོ་ཉག་གཅིག
མཁའ་ཡི་ནོར་བུ་མེ་ཟླུམ་ཇི་བཞིན།
མུན་པ་སེལ་བའི་འོད་ཟེར་ཏེ།
རྟག་ཏུ་འཕྲོ་ཞིང་རྟག་དུ་འཚེར།
དགུ་བཅུ་ནང་གི་གསར་འབྱོར་ངས།
རྨིས་པའི་བག་ཆག་འཁྲུལ་བའང་།
གང་ཉིད་ཕོ་བྲང་པོ་ཏ་ལར།
གཞིས་བྱས་ལྷན་འཛོམས་ཉི་མ་ཤར།
བུ་ཆུང་གཞིས་ཁྱིམ་ཕ་མའི་རྩིབ།
བདེ་སྐྱིད་ལྡན་ཞིང་རང་དབང་ཐོབ།
གཟིགས་དང་།་་་་་་་་་་་
བོད་གཞིས་བྱས་ཀྱི་སྤྱི་བོ་གནམ་སྟན།
ད་རེས་གཟིམས་ཆུང་ནས་རྒྱང་གཟིགས་ཀྱི།
སྐུ་པར་མཐོང་གྲོལ་དོན་ལྡན་ཁྱབ་དུས།
ཁྱབ་འབངས་དད་པས་བ་སྤུ་ལྡང་།
ལ་ལ་མིག་ཆུའི་ཕྲེང་བ་ཐོར།
རེ་འགའ་རེ་བའི་འོད་ཞགས་སྦྱིན།
གུས་ཀྱང་ཕ་ས་ཕུ་ནུ་དང་།
ཤི་གསོན་གཉིས་ཀྱི་དཀའ་སྡུག་བསམ།
ལྷག་ཏུ་འབར་བའི་རྣམ་ཤེས་དྲན།
ཨེ་མ། ༈གངས་ཅན་པ་ཡི་མགོན་པོ་གང་།
གངས་རིར་བཅེར་བའི་སྐུ་པར་མཇལ་ཚེ།
གངས་ཅན་པའི་མིག་ལ་མཛེས་ཀྱང་སེམས་ལ་ལྕི།
འོན་ཀྱང་། དུས་གསུམ་མཁྱེན་པའི་བདག་པོ།
བརྒྱ་དང་བཅུ་གསུམ་གྱི་དགུང་གྲངས་རིང་ལ།
གང་ནས་མྱུར་དུ་གཞིས་ལ་ཆས་པའི་སྔ་ལྟས་ཨེ་ལགས་སམ།
རྡ་ས་གངས་སྐྱིད། མཚན་གུང་མལ་ས་ལ། ་་་་ རྒྱ་སྟོནབུ་དར་རྒྱས་ནས།
དྷ་སའི་མགོན་མཆོག
་
ཁམས་གསུམ་ཆོས་རྒྱལ།
མི་ཡི་རྗེ་བོ།
བོད་རིགས་ཡོངས་ཀྱི།
བླ་མེད་སྐྱབས་མགོན།
མི་རིགས་ཡོངས་ཀྱི།
རེ་སའི་སྐྱབས་གནས།
སྐྱེ་འགྲོ་ཡོངས་ཀྱི།
སྐྱབས་མགོན་བླ་མ།
དྷ་ས་གནས་མཆོག
རྡོ་རྡིལ་རི་མཆོག
ཐེག་ཆེན་ཆོས་གླིང་།
ང་ཡི་གདན་ས།
ཧིབ་པི་འོངས་ས།
གནས་མཇལ་འགྲོ་ས།
བོད་ཧིན་ས་འཚམས།
ལོ་རྒྱུས་གསར་ཐོན།
ཨེ་ཤིའི་ནང་གི
སྐད་གྲགས་ཆེ་ཤོས།
ཧིམ་ཅལ་ཡུལ་གྱི།
བསྟི་གནས་དྷ་ས།
་
ཀརྡོས།
ད་ཆར་དུས་ཀྱིས་འགྱུར་བ་ཡིན་ནམ་ཡང་ན་མི་ཡིས་འགྱུར་བ་ཡིན། བོད་པ་ཚོས་༧གོང་ས་མཆོག་ཅེས་༧ གོང་ས་མཆོག་གི་སྐུ་པར་ལ་བལྟས་ནི་སྐུ་པར་ལ་དད་པ་ཡོད་མདོག་མདོག་བྱེད་པ་ཙམ་་མ་གཏོགས། ༧ གོང་ས་མཆོག་གིས་དགོངས་གཞི་ལྟར་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་ཟེར་བ་སོགས་ནི་ཁ་སྟོང་ནང་གི་ཚིག་སྟོང་ཙམ་རེད།