གཅན་བཟོད་རྒྱམ
(ངས་གཤམ་གྱི་ཉོག་གི་སྐོར་འདི་འབྲི་སྐབས་ཁ་སྐད་གཙོར་བཟུང་གིས་བྲིས་ཡོད། ཡིག་ནོར་དང་ཁ་སྐད་འབྲི་སྟངས་མི་བདེ་བ་གང་ཡོད་ལ་ལམ་སྟོན་གནང་རོགས་ཞུ།)
ཉོག་འཁྱག་སྣུམ་ལ་བསྲེགས་ནས་ཟ་བ།
སྤྱིར་ཉོག་ལ་སྣ་ཁ་མང་ཞིང་ཉོག་གཡོ་སྟངས་ལའང་ལུང་པ་རེ་ལ་ལུགས་སྲོལ་རེ་དང་མི་རིགས་རེ་ལ་སྐད་རིགས་རེ་ཟེར་བའི་དཔེར་ལྟར་གཡོ་སྟངས་དང་ཉོག་གི་རྣམ་གྲངས། ད་དུང་ཉོག་ཟ་སྟངས་དང་ཉོག་ཆུ་རྒྱུང་སྟངས་སོགས་མང་ནི་རེད།
འོན་ཀྱང་དེ་རིང་ངས་ང་ཚོའི་ཕ་ཡུལ་གྱི་གཡོ་སྟངས་ལྟར་ཟར་ཉོག་གཡོ་གི་ཡིན་ད།
ཟར་ཉོག་གཡོ་བ་ལ་ཐོག་མར་ཟར་མ་དེ་གཙང་མ་བཟོ་དགོས་ནི་རེད། ཟར་མའི་ནང་དུ་རྡོ་རིག་ཆུང་ཆུང་དང་བྱེ་ཟེགས་ཡོད་སྲིད་པས་དེ་གཙང་མ་བཟོས། དེ་ནས་ཆུང་ལ་སྦངས་ནས་ཅུང་ཙམ་བཞག་རྗེས་ཆུང་བཤལ་ཡག་པོ་ཞིག་གཏོང་དགོས། དེ་ནས་ཇ་སྐོ་ཡོད་ན་དེའི་དུ་ཅུང་ཙམ་རྡུང་དགོས། དེང་སང་གི་ཤིང་ཏོག་ཁུ་བ་བཟོ་སྤྱད་འཕྲུལ་འཁོར་དེའི་ནང་དུ་འཐག་ནའང་ཆོག་གི དེ་ནས་ཟངས་ཀྱི་ནང་དུ་ཆུ་འདང་ཙམ་ཞིག་བླུགས་ནས་དེའི་ནང་དུ་ད་ཅི་འཐག་བཞག་ཡོད་པའི་ཟར་མ་དེ་བཏབ། ཡག་པོ་ཞིག་གདུས་བཅུག་ན་ཟར་ཆུ་སྣབས་ཆུ་འདྲ་ཞིག་ཏུ་འགྱུར་འགྲོ།
དེ་ནས་ཤིང་ཐུར་སྲབ་མོ་ཞིག་གིས་དཀྲིགས་བཞིན་ཉོག་ཕྱེ་ནང་དུ་འདེབས། དཀྲིགས་བཞིན་དང་ཉོག་ཕྱེ་འདེབས་བཞིན་ཉོ་གཡོ་བར་བྱེད། སྤྱིར་ཉོག་ནི་ཅུང་ཆུ་ཆུ་ཡིན་ན་ཉོག་ཞིམ་པོ་ཡིན་ཟེར་སྲོལ་ཡོད། ཉོག་ཆུ་ཆུ་གཡོ་བར་ཅུང་དཀའ་སེ་ཡོད་པ་འདྲ།
ཉོག་གཡོ་བའི་རྣམ་པ།
དེ་ལྟར་ཉོག་ཕྱེ་འདེབས་བཞིན་དཀྲུགས་དཀྲུགས་ཡག་པོ་ཞིག་གཏོང་དགོས། དེ་མིན་ཕྱི་ཐ་སེ་ཐོ་སེར་འགྱུར་འགྲོ ཉོག་གི་ནང་དུ་ཕྱེ་ཐོ་ཡོད་ན་ཉོག་གཡོ་མ་ཤེས་པའམ་ཉོག་གཡོས་པ་མི་བཟང་བར་རྩི། ཉོག་དཀྲུགས་དཀྲུགས་མགྲོགས་པོ་གཏོང་སྐབས་ཉོག་ཚང་མ་ཉོག་ཐུར་སྟེང་ཏུ་འབྱར་བསྡད་པའི་སྣང་བ་སྟེར། དེ་དུས་ཉོག་ཚོས་བསྡད་ཡོད་པའི་རྟགས་རེད། སྤྱིར་ཉོག་གཡོ་བ་ཅུང་དཀའ་སེ་བ་ཞིག་ཏུ་བརྩི་གི་རེད། དེ་བས་ང་ཚོའི་ཕ་ཡུལ་ནས་མནའ་མ་སོ་མར་ཉོག་གཡོ་གི་འཇུག་གི་རེད། ཉོག་ཆུ་ཆུ་མིན་ལ་ཧ་ཅང་འབག་འབག་ཡང་མིན་པ། ཉོག་ལ་ཕྱེ་ཐོ་མེད་པ་སོགས་ཀྱི་ཁྱད་ཆོས་ཡོད་ན། མནའ་མ་གཡུག་ཡོད་༼ལས་ཀར་འཇོན་པོ༽ཅིག་ཡིན་པར་འདོད། དེ་བས་༼མནའ་མ་གཡུག་ཅན་རེ་ཟུང་གུས་ཉོག་དཀྲུགས་ཤེད་ཆེ་བས་ཟངས་ཀྱི་ནང་ནས་ཉོག་ཐབ་རྩ་ལ་གཡུག་༽པའི་ལོ་རྒྱུས་ཀྱང་བཤད་སྲོལ་ཡོད།
ཉོག་གཡོས་ཚར་མཚམས་སུ་དཀར་ཡོལ་ཞིག་གི་ནང་དུ་ཆུ་གང་བླུགས། དེའི་ནང་དུ་ཉོག་སྐྱོགས་བཤལ་ཙམ་བྱེད་བཞིན་དཀར་ཡོལ་ནང་དུ་ཉོག་བཅུ་གི་རེད། ཉོག་སྐྱོགས་གང་རེ་དཀར་ཡོལ་དུ་བཅུས་རྗེས་སྐྱོགས་དེ་ཆུ་ལ་བཤལ་ཙམ་གྱིས་དཀར་ཡོལ་ནང་གི་ཉོག་སྟེང་དུ་སྐྱོགས་ལྟག་གིས་མནན་ཙམ་བྱས་ཏེ་དཀྱིལ་སྐོ་སྐོ་བཟོ་གི་རེད། དེ་ནི་ཉོག་ཆུ་སྟེ་ཉོག་གི་སྤོད་ཡ་སྒོག་པ་དང་སི་པན་བླུགས་ས་རེད། ཉོག་ཟོས་ན་རྒྱགས་ནོ་མི་ཤེས་ཟེར། སྤྱིར་ཐུགས་པ་དཀར་ཡོལ་གང་འཐུང་མཁན་ཞིག་གིས་ཉོག་དཀར་ཡོལ་དོ་ཟ་གི་རེད། ཐུགས་པ་དཀར་ཡོལ་དོ་འཐུང་མཁན་ཞིག་གིས་ཉོག་དཀར་ཡོལ་གསུམ་ཟ་ཐག་ཆོད་རེད། དེ་ནི་ཉོག་ཟ་དུས་རྒྱག་ནོ་མི་ཤེས་པས་རེད་ལ། དེ་ལྟར་ན་ཉོག་ཟོས་ནས་ཕོ་བར་སྐྱོན་བཟོས་པ་མང་སྟེ། ༼ཉོག་ཟོས་ནས་གད་ནི་མང་༽ཟེར་པའི་ཁ་དཔེ་ཞིག་ཀྱང་ཡོད།
ད་ནི་ཉོག་ཟ་བར་གྲ་སྒྲིག་བྱས་ཟིན་པ།
ཉོག་ཟོས་མ་ཚར་པ་རྣམས་ཤིང་ལེབ་སྟེང་དུ་སྲབ་མོར་བརྡལ་བཞག་གི་རེད།་དེ་ནི་སང་ཞོགས་སྣུམ་ལ་བསྲེག་ནས་ཟ་གི་རེད། དེ་ཞིམ་པའི་ཚད་ནི་བཤད་མི་ནུས།
ཡ་ད་དེ་རིང་འདི་ནས་ཁྱོད་ཚོར་ཟར་ཉོག་གཡོ་སྟངས་ཀྱི་སྐོར་ནས་རང་གིས་གང་ནུས་ཤིག་བཤད་པ་རེད། ཉོག་ཆུ་སྟེ་ཉོག་གི་སྤོད་ཡ་སྒོག་པ་རྒྱུང་སྟངས་དང་སྲན་ཉོག་གཡོ་སྟངས་སོགས་རྗེས་སུ་ཞུ་རྒྱུ་ཡིན། གོང་དུ་བཀོད་པའི་ཟར་ཉོག་གཡོ་སྟངས་དང་ཟ་སྟངས་སོགས་ལ་རང་རང་སོ་སོས་ཕ་ཡུལ་གྱི་རྒྱུན་སྲོད་གང་ཡིན་སོགས་འདི་གར་བྲིས་ན། ང་ཚོས་ཕན་ཚུན་རྒྱས་མངའ་ཡོད་པར་ཕན་ཐོག་པ་དང་། བོད་ཀྱི་ཡུལ་གྲུ་སོ་སོའི་ཟས་རིགས་སྣ་ཚོགས་བཟོ་སྟངས་ཕན་ཚུན་ངོ་སྤྲོད་ཀྱང་བྱེད་ཐུབ་པའི་ཕན་ཐོག་ཆེ་བས་ན། རྣམ་པ་ཚོས་ཀྱང་ཟས་རིགས་བཟོ་སྟངས་དང་ཟ་སྟངས་ངོ་སྤྲོད་རེ་བྱོས་ན་ཅི་འདྲ་འདུག
ཟུར་མཆན།
(སྙིང་ཉེ་བའི་མཛའ་གླིང་ཡུལ་གྲུ་གང་སར་གནས་བའི་ཉོག་དགའ་ཚོར་ཞུ་རྒྱུར། དེ་རིང་ངས་རྔུ་ཆུ་བཞུར་ཞོར་ར་ཉོག་གཡོས་ཏེ་ཁྱེད་ཚོར་དཀར་ཡོལ་གང་རེ་བཅུས་ནས་སྟེང་དུ་སྒོག་པ་ཡང་བླུགས་ཡོད། ད་མིད་ལ་བསྲེག་གི་མ་འཇུག་པར་ག་ལེར་ཟོ་དང་། རྗེས་མ་ང་ཁོམ་དུས་ཞིག་ལ་ངས་ཁྱེད་ཚོར་སྲན་ཉོག་གཡོས་ནས་སྐད་གཏོང་། དེ་དུས་དཀར་ཡོལ་ཆེན་པོ་རེ་ཁྱེར་ཤོག་དང་། ཉོག་སྦྱིན་གཏོང་གི་ཡིན་དོ།)
ད་ནི་ཉོག་ཟ་བར་གྲ་སྒྲིག་བྱས་ཟིན་པ།
ཉོག་ཟོས་མ་ཚར་པ་རྣམས་ཤིང་ལེབ་སྟེང་དུ་སྲབ་མོར་བརྡལ་བཞག་གི་རེད།་དེ་ནི་སང་ཞོགས་སྣུམ་ལ་བསྲེག་ནས་ཟ་གི་རེད། དེ་ཞིམ་པའི་ཚད་ནི་བཤད་མི་ནུས།
ཡ་ད་དེ་རིང་འདི་ནས་ཁྱོད་ཚོར་ཟར་ཉོག་གཡོ་སྟངས་ཀྱི་སྐོར་ནས་རང་གིས་གང་ནུས་ཤིག་བཤད་པ་རེད། ཉོག་ཆུ་སྟེ་ཉོག་གི་སྤོད་ཡ་སྒོག་པ་རྒྱུང་སྟངས་དང་སྲན་ཉོག་གཡོ་སྟངས་སོགས་རྗེས་སུ་ཞུ་རྒྱུ་ཡིན། གོང་དུ་བཀོད་པའི་ཟར་ཉོག་གཡོ་སྟངས་དང་ཟ་སྟངས་སོགས་ལ་རང་རང་སོ་སོས་ཕ་ཡུལ་གྱི་རྒྱུན་སྲོད་གང་ཡིན་སོགས་འདི་གར་བྲིས་ན། ང་ཚོས་ཕན་ཚུན་རྒྱས་མངའ་ཡོད་པར་ཕན་ཐོག་པ་དང་། བོད་ཀྱི་ཡུལ་གྲུ་སོ་སོའི་ཟས་རིགས་སྣ་ཚོགས་བཟོ་སྟངས་ཕན་ཚུན་ངོ་སྤྲོད་ཀྱང་བྱེད་ཐུབ་པའི་ཕན་ཐོག་ཆེ་བས་ན། རྣམ་པ་ཚོས་ཀྱང་ཟས་རིགས་བཟོ་སྟངས་དང་ཟ་སྟངས་ངོ་སྤྲོད་རེ་བྱོས་ན་ཅི་འདྲ་འདུག
ཟུར་མཆན།
སྙིང་ཉེ་བའི་མཛའ་གླིང་ཡུལ་གྲུ་གང་སར་གནས་བའི་ཉོག་དགའ་ཚོར་ཞུ་རྒྱུར། དེ་རིང་ངས་རྔུ་ཆུ་བཞུར་ཞོར་ར་ཉོག་གཡོས་ཏེ་ཁྱེད་ཚོར་དཀར་ཡོལ་གང་རེ་བཅུས་ནས་སྟེང་དུ་སྒོག་པ་ཡང་བླུགས་ཡོད། ད་མིད་ལ་བསྲེག་གི་མ་འཇུག་པར་ག་ལེར་ཟོ་དང་། རྗེས་མ་ང་ཁོམ་དུས་ཞིག་ལ་ངས་ཁྱེད་ཚོར་སྲན་ཉོག་གཡོས་ནས་སྐད་གཏོང་། དེ་དུས་དཀར་ཡོལ་ཆེན་པོ་རེ་ཁྱེར་ཤོག་དང་། ཉོག་སྦྱིན་གཏོང་གི་ཡིན་དོ།།
ཨ་ཤི་རེས་གོ་་་་ངའི་མཁྲིས་པ་འདི་མིན་རྒྱུ་ན་་་དོ་དགོང་ད་ཁྱེད་ཚང་ནས་ཞག་གི་འདུག་དགོས་ནོ་རེད་
ཁ་ནས་ཁ་ཆུ་དོན་ཐལ། །
མིད་པས་མཆིལ་མ་མིད་ཐལ། །
བྲོད་པས་སྐད་ངན་སྒྲོག་ཐལ། །
བཟོད་རྒྱམ་མི་བཞག་ཁོ་ཐག །
ཁ་ནས་ཁ་ཆུ་དོན་ཐལ། །
མིད་པས་མཆིལ་མ་མིད་ཐལ། །
བྲོད་པས་འབྲུག་སྐད་རྒྱག་ཐལ། །
གཟོད་རྒྱམ་མི་བཞག་ཁོ་ཐག །
ཉོད་གཉིས་ལ་ཉོག་ཞིམ་པོ་བྱུང་སོང་ངམ། ཉོག་དཀྱུག་ནོ་ཧྲ་ལ་ཙེ། སྒོག་པ་རྒྱུང་ནོ་འགྲིག་ཨསེ་ཡོད་ཀི དུག་སྦྲང་ཡིན་ན་འདིས་ཉོག་ཟོས་དང་ནས་ད་དུང་ཞགས་ཀིས་འདུག་རྒྱུ་ཡིན་ན་ཅིག་ཟེར། ང་ལ་ཉལ་ཁྲི་གཅིག་མ་གཏོགས་མེད་པས། དོ་དགོང་ཨ་ཡེ་ངེད་གཉིས་ཐང་ནས་ཉལ་དགོ་ས་རེད་ལ། ཉལ་ཁྲི་ཁེར་མོ་མགྲོན་པོར་མ་སྤྲད་ན་ཡང་མི་ཧྲ་ག
མེ་ཏོག་དཀར་པོ་ཡིན་ན་འདིས་ཉོག་ཟོས་རྗེས་ཁ་ཡང་མ་འཕྱིས་པར་བུད་ཐལ་ར། ཁ་མ་འཕྱིས་ན་ཁ་ཟེ་རག་གིས་ལྡག་གི་རེད་ད། སང་ཉིན་ཁ་ཆུ་གུ་བརྒྱབས་ནས་མ་ཡོང་ཨ། ཧེ་ཧེ་ཧེ།
བཟོད་རྒྱམ་ཉོག་དཀྱུགས་ནོ་ཧྲ་གི ཞེ་གི་ལག་ཟས་ཧྲ་ཀི་ཡ། རྗེས་མ་རྡ་ས་ཡོང་དུས་ཟིག་ཀ་ད་ཉོག་ཟིག་ཟ་དགོས་ཀི ཉོག་ཟོས་ན་བཟོ་ཁ་སེ་རག་གི་མི་ལྡག་པ། ཤ་ཟོས་ན་ད་ཁ་སེ་རག་གི་ལྡག་ནི་རུ་མོ། ཁ་སེ་རག་གི་ལྡག་ན་ཁ་ཕྱིས་པ་གཅིག་གོ་གི་ཕན་ནི་མ་རེད། ཐལ་ཁུང་ནང་ལ་འཁོར་ནས་ཕུད་རྒྱག་དགོ་ནི་རེད། དེ་ནས་ཁ་སེ་རག་གི་ལྡག་ནི་མ་རེད། འདི་ན་སྙ་ཁ་ཞོ་ལྡག་དེ་ཚོའི་ཁ་ཡང་སེ་རག་གི་ལྡག་ཡོད་ནོ་ལ་ལྟོས་ན། སེ་རག་གི་ལྡག་ན་སྣུམ་ཟ་མི་དགོས་པ་ཡང་འདྲ་འདུག སྙ་མ་ཁ་ན་སྣུམ་ཡོད་ཀྱི་མ་རེད་པ།
ཟླ་མེད་ཁྱོད་ཡུན་རིང་ཞིག་ལ་ཏུག་མ་སོང་། ཨ་མྱེས་ཡུའུ་ལྷའི་རོགས་ལ་སོང་ནི་མིན་ནམ། ཁྱོས་རྒྱ་སྐད་མི་ཤེས་གི་མོ། ཁྱོད་གཉིས་ཀིས་གོ་བརྡ་འཕྲོད་ལ། ཁྲི་ཀའི་སྐད་ཀི་ནང་ནའང་རྒྱ་སྐད་མང་ནི་གིས་ཁྱོས་གོ་གི་ནེ།
ཡ་ད་ཁྱོད་གཞུག་མ་དྷ་སར་ཡོང་དུས་ངས་ཉོག་དཀྱུགས་དགོ སྒོག་པ་རྒྱུང་དགོ ད་དུང་ཉོག་འཕྲོ་མ་བུད་དང་ན་ཕྱིན་ཉིན་གཡུས་ཧྲེག་བྱས་ནས་སྟེར་དགོ
དུག་སྦྲང་ཡོང་ནས་ཉོག་ཟོས་ནས་མི་ཚད་ཞགས་གིས་འདུག་རྒྱུ་ཟེར་མོད། སྤྱིར་ངའི་ཁང་པ་ཆུང་ནའི་ལ་ག་ངའི་ཨ་ཡེ་ཡོང་ཡོད་པས་ཁོ་ཞགས་གིས་སྡོད་བཅུག་མེད། མེ་ཏོག་དཀར་པོ་ཉོག་གི་གཞུག་མ་ཆོད་ལ་སྤོ་ལངས་བསྡད་ཡོད་ས་རེད། ད་སྐྱོན་མེད། ཁྱོད་གཉིས་ཀ་གཞུག་ཐེངས་འབོད་ཁོ་ཐག་ཡིན།
hello hello
ཅི་རེད། ཉོག་མ་འདང་ན་ད་ཁྱོས་ང་ལ་དབྱིན་ཇི་བཤད་ཀྱི་རེད་ལ། ཧ་ལོ་མ་ལོ་མི་ཤེས་ར་ང་འདི་ན་ཡོད་ཡ།